| Wylie | e-texts based on the ACIP/ALL Input |
གྱི་མཚན་ཡང་དག་པར་རྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱིཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་བྱས་པའོ།། །།རྒྱ་གར་སྐད་དུ། ་ཨཱརྱ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ནོ་པི། ཀཱ?་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །ཀུ་གསུང་ཐུགས་ཀྱི ་རྡོ་རྗེ་ཅན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཏེ། །འཁོར་ལོ་སྒྱུར་བཅས་པ་ཐམས་ཅད་ཀྱིས། །རང་གི་རིགས་ལ་བསྟོད་བྱས་ཏེ། །བསྐྱེད་པའི་རིམ་ལས་རྫོགས་འབྱུང་བའི། །བརྗོད་དང་ངེས་བརྗོད་བཤད ་པར་བྱ། །ཐོག་མར་བསམ་གཏན་པས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ཅུང་ཞིག་བློ་བདེ་བར་གནས་ཏེ་སེམས་བསྐྱོད་པར་བྱའོ། །དེ་ནས་རང་གི་སྙིང་གར་ས་བོན་གྱི་ཡི་གེ་གཟི་བརྗིད་དང་ལྡན་པས་འགྲོ་བ་མ་ལུས་པ་སྦྱངས་ཤིང་དག་པར་ཡིད་ཀྱིས་བལྟས ་ཏེ། དབྱངས་ཀྱི་ཡི་གེའི་སྟོད་ལ་རྗེས་སུ་བྱ་བ་ཉིད་ཀྱིས་གཞུག་ཅིང་རྣམ་པར་བསྒོམ་པར་བྱའོ། །དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འགྲོ་བའི་བླ་མ་དང་ལྡན་པ་སྤྱན་དྲངས་ཏེ། འདུད་ཉི་ཤུས་བསྟོད་པར་བྱའོ། །དེ་ནས་སྔགས་ཀྱི་ཕྲེང་བ་ལན་བདུན་དུ་གྲངས ་ཏེ། མེ་ཏོག་གི་མཆོད་པས་སངས་རྒྱས་ཀྱི་དབང་བསྐུར་བ་མི་བཟད་པ་གནང་བས་བྱིན་གྱིས་བརླབས་པའི་སེམས་མི་གཡོ་བར་བྱའོ། །དེ་ནས་ཡང་ཨཱ་ལིས་སྦྱངས་ཏེ། འོད་ཟེར་རྣོན་པོ་ཅན་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྱའོ། །དེའི་དཀྱིལ་དུ་སྣ ་ཚོགས་པའི་པདྨ་ཤེས་རབ་དང་ཐབས་ཡང་དག་པར་འདུས་པའི་བློ་གྲོས་ཆེན་པོ་ཡེ་ཤེས་ཀྱི་མཚན་པའི་ས་བོན་ལས་སྔར་གྱི་བདེ་བར་གཤེགས་པ་བླ་མ་དང་ལྡན་པའི་ཚོགས་ཇི་སྙེད་པ་བཅུག་སྟེ། དེ་དག་ལས་སྐྱེས་པའི་འཇམ་དཔལ་ཡེ་ཤེས་སེམས ་དཔའ་ནི་ཞལ་གསུམ་པ་ཕྱག་དྲུག་པ། རྡོ་རྗེ་སྐྱིལ་མོ་ཀྲུང་ལས་ཅུང་ཞིག་འགྱིང་པ། དཀར་བ་དང་སྔོ་ཞིང་དམར་བ་དང། དམར་ཞིང་དཀར་བའི་མདོག་ཅན་ཉི་མ་དང། ཟླ་བ་དང། ཨུཏཔལ་བློ་གྲོས་ཆེན་པོས་མཚན་པ་དང། ཟླ་བ་དང། གཞུ་དང། ཨུཏཔལ་རྩ་བ་དང ་ལྡན་པ་ཡེ་ཤེས་ཆེན་པོས་མཚན་པའི་ཕྱག་རྒྱ་ཅན། ཁྲོ་བ་དང་ཞི་བ་མཉམ་པའི་ཉམས་མངའ་བ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ། ཟླ་བ་རྒྱས་པ་ལྟ་བུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱིས་འཇམ་དཔལ་ཡེ་ཤེས ་སེམས་དཔའ་འམ། དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་སྤྱན་དྲངས་ཏེ། ཡང་བསྟོད་ནས་རབ་ཏུ་གནས་པ་དང། དབང་བསྐུར་བ་དང། བྱིན་གྱིས་བརླབ་པ་ནི་དེ་ཉིད་ལས་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་ཐོབ་ནས། མཚན་ཡང་དག་པར་བརྗོད་པའི ་བསྟོད་པ་བྱའོ། །དེ་དག་ནི་བརྗོད་པའོ། །ཡང་སྐད་ཅིག་གིས་འཇམ་དཔལ་ཡེ་ཤེས་སེམས་དཔར་དམིགས་ཏེ། རང་གི་ས་བོན་ལས་སྤྱན་དྲངས་ནས། ཨ་དང་རེ་བ་ལས་གྱུར་པའི་ཤེས་རབ་དང་ཐབས་འདུས་བྱས་པའི་དབུས་སུ་ཡི་གེ་མུ་དམར་སེར་གྱིས་འགྲོ་བ་སྤུངས་ནས། གཅིག་ཏུ ་གྱུར་བའི་བཅོམ་ལྡན་འདས་ནམ་མཁའ་ཨི་ཁམས་སུ་བཞུགས་སུ་གསོལ་ཏེ། སྟེགས་བུ་དྲི་ཞིམ་པ་རིན་པོ་ཆེ་འམ། མེ་ཏོག་བཅལ་བཀྲམ་པའི་སྟེང་དུ་གླེགས་བམ་གཞག་ལ། སརྫ་རརྫ་ལ་སོགས་པ་བཏུལ་ཏེ། ལྐོག་མ་སྦྱང་བ་བྱས་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ། ། ་དེ་ནས་ཡན་ལག་བདུན་པ་བྱས་ལ། ཡང་སྔར་བཞིན་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེ་ཐོབ་ནས། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་གནས་པར་བྱའོ། །འདི་དག་གི་རྣལ་འབྱོར་ནི་ཞལ་གསུམ་དཀར་ཞིང་ཞི་བ་དང། ཕྱག་བཞི་པ་ཉི་མ་དང་ཟླ་བ་ཡངས་པའོ། ། ་ཡིད་ལ་མི་བྱེད་པའི་རྣལ་འབྱོར་གླེགས་བམ་གྱི་གོ་འཕང་དང་ལྡན་པ་རྣམས་ནི་བྲག་ཆ་ལྟ་བུའི་ཁ་ཏོན་བྱ་སྟེ། ངེས་པར་བརྗོད་པའོ། །བདག་གིས་མངོན་པར་རྟོགས་པ་འདིས། །བླུན་པོ་རྣམས་ནི་བློ་འཕེལ་ཞིང། །བློ་གྲོས་ཅན་རྣམས་བད་རྙེད་ནས། །ཡེ་ཤེས་སེམས་དཔའ་ཨི་གནས ་འགྱུར་ཤོག་།རིན་ཆེན་རྒྱུད་རྒྱལ་འདི་ནི་ས་ཕྱོགས་གང་ན་གནས་པ་དང། །འདོན་ཅིང་གློག་པར་བྱེད་པའི་སྐྱེས་བུ་དེ་ཉིད་ནི། །ཡིད་བཞིན་ནོར་བུ་བརྒྱ་བྱིན་གཙུག་ན་གནས་པ་བཞིན། །བདུད་རྣམས་ཟིལ་གནོན་འཇིགས་པ་ཐམས་ཅད་བདེ་བར་འགྱུར། །འཕགས་པ ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། ཛྙཱ་སཏྭ་མཉྫུ་ཤྲཱི་ན་བི་མ་བ ་