CLOSE WINDOW

N1740: 'phags pa 'jam dpal gyi mtshan yang dag par brjod pa'i 'grel pa snying po mngan par rtogs pa zhes bya ba
Wyliee-texts based on the ACIP/ALL Input

སྒོན་མ་ཞེས་བྱ་བ་རྫོགས་སོ།། །།པྲཛཱ་གུ་རུས་མཛད་དོ། །འཕགས་པ་འཇམ་དཔལ་གྱི་མཚན་མང་དག་པར་བརྗོད་པའི་འཐེལ་པ་བསྙེད་ངོ་མངོན་པར་རྟོགས་པ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་བཞུགས། །རྒྱ་གར་སྐད་དུ། ཨཱ་རྱ་མཉྫུ་ཤྲཱི་ནཱ་ཨ་སི་ཀཱི་ཏཱི་ཌཱི་ཀཱི་སར་ནོ་པི་ཀ ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དག་ལ་གྱི་མཚན་ཡང་ངག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། །འཕགས་ལ་འཇམ་དཔལ་གཞན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཟུགས་སོགས་དབང་པོའི་ཡུལ་ལེས་འདས་པར་ཡི། ། ་རྣམ་དག་འདུས་མ་བྱས་པའི་ཆོས་ཀྱི་སྐུ། །དབང་པོའི་གཞུ་འདྲས་ས་ལམ་རབ་གྲོལ་ཞིང། །གཞོན་ནུའི་འོ་མས་བུ་ལྟར་གསོ་མཛད་ལྷ། །དམ་པའི་སྐྱེས་མཆོག་ངེས་སྟོན་མཛད་པ་ཡི། །ཞབས་ཀྱིས་མཚོ་སྐྱེས་གནས་དེར་སྤྱི་བ་ཏུང? ་ནས། །ཚིག་རྒྱས་པ་ཡི་ལས་རབ་བསྡུས་པའི་དོན། །དཔག་མེད་འབྱུང་གནས་ཐབས་མང་སྟོན་པའོ། །བློ་ནི་རྨོངས་འགྱུར་རིག་པའི་གནས་མེད་ཀྱང། །རྗེ་བཙུན་དྲིན་གྱིས་རྒྱུད་རྣམས་ཀུན་གྱི་བཅུང། །རྟོགས་ཤིང་གསུང་རབ་ལ་སོགས་གཞུང ་གཞན་ཡང། །མཐོང་བས་སྙིང་པོའི་མངོན་རྟོགས་བཤད་པར་བྱ། །རྒྱུད་གཞན་རིམ་པ་མ་ཡིན་པའི། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །ཐིག་ལེ་བཞིར་འགྱུར་དགུར་བཅས་པ། །མདའ་གཉིས་རབ་ཏུ་ཕྱེབ་ལ། །རིམ་གཉིས་རབ་བུ་སྦྱོར་བ་སྟེ། ། ་རྒྱུད་ཀྱི་རྒྱུད་ཉིད་བཤད་ཀྱི་ཉོན། །དེ་ལ་རྒྱུད་འདི་ནི་རིན་པོ་ཆེ་ལྟ་བུ་ཡིན་ཏེ། དཔང་པོ་བཞི་དང་ཤིན་ཏུ་སྤྱོར་བའི་ཕྱིར་རོ། །ལ་ལ་དག་ནི་བྱ་བ་དང་སྤྱོད་པ་དང། རྣལ་འབྱོར་དང། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐབས་དང། ཤེས་རབ་ཀྱི་རྒྱུད་ཁོ་ན་བཞིས?་ཟེར ་ཏེ། དེ་དག་ནི་སྙིང་པོ་ལ་སྤྱོད་པའི་གང་ཐག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ཀྱིས་དབེན་ཞིང་བརྟགས་པའི་རྟོག་པ་གང་གིས་ཀྱང་མ་གོས་པར་གཅིག་པས་དུ་མ་མི་གནས་ཀྱིས་ཀྱང་གདུལ་བྱའི་བློའི་ཁྱད་པར ་གྱིས་དུ་མར་སྣང་བཞི་རང་རང་གི་རྟོག་པ་ལས་བདེན་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིང་སངས་རྒྱས་རྣམས་ཀྱིས་འགའ་ཞིག་ཏུ། །ཡེ་ཤེས་གཅིག་ཀྱང་མ་གསུངས་པར། །ཆོས་ཀྱི་ཆར་གྱིས་ཚིམ་མཛད་པ། །སེམས་ཅན་གཞུག་པའི་ཆེད་དུ་གནས། །ཞེས ་གསུངས་བས་སོ། །དེ་བས་ན་ཁོ་བོ་ནི་འོག་ནས་འབྱུང་བའི་འབྲས་བུ་ནི་གཙོ་བོར་སྟོན་ཏོ། །གཞན་གྱི་རིག་པ་མ་ཡི་ནི་པ་ཡང། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོས་ཐེག་དབྱེ་མ་མཆིས་ཀྱང། །གང་གིས་ཐེག་པ་གསུམ་བསྟན་པ། ། ་ད་ནི་ཐབས་ལ་མཁས་པའི་དངོས། །ཞེས་གསུངས་པས་ན། །དམན་པ་དང་འབྲིང་དང་རབ་ཀྱི་ཁྱད་པར་གྱིས་ཉན་ཐོས་དང། རང་སངས་རྒྱས་དང། །ཐེག་པ་ཆེན་པོ་བསྟན་པ་ཡིན་ནོ། །རྒྱུད་དུ་སྟོན་པ་ཉིད་དུ་ཡང་རིགས་ཏེ། སྔོན་དུ་བྱུང་བས་ཡང་རྒྱད་གཅིག་གཉིས ་ལ་དུ་མར་བཞག་པ་ཉིད་དེ། །དེ་ལྟར་ཡང་སྒྱུད་གཅིག་ཉིད་ལ་དུ་མར་གོ་བའོ། །དེ་ཡང་འཁོར་འགྲོ་མ་རྡོ་རྗེ་དྲ་བའི་གུར་ལས། །སྐྱེས་བུ་བསྡུ་བར་བྱེད་བའི་ཕྱིར། །རྣལ་འབྱོར་པ་ཡི་རྒྱུད་བཤད་དོ། །བཙུན་མོ་བསྡུ་བར་བྱ་བའི་ཕྱིར། །རྣལ་འབྱོར་མ་ཡིན་རྐྱུད ་བཤད་དོ། །དམན་པ་ལས་ནི་ལས་ཀྱི་རྒྱུད། །ལས་ཀྱི་རྣལ་འབྱོར་དེ་ལྷག་པ། །སེམས་ཅན་མཆོག་ལ་ལྷག་རྣལ་འབྱོར། །བླ་མེད་རྣལ་འབྱོར་དེ་ལྟག་ལ། །ཞེས་གསུངས་པས་ན། །རྟེན་ལ་སོགས་པའི་ཁྱེད་པར་དུ་ཤེས་པར་བྱའོ། །གླང་གཞི་བསྟན ་པ་ཉིད་ཀྱིས་ཆོག་པ་མ་ཡིན་ཏེ། སྔར་བཞིན་ནོ། །དབང་པོ་རབ་དང་ཡང་རབ་ཏུ་གྱུར་པ་ལ། ཨེ་བི་མ་ཡ་ཤྲུ་ཏ་ས་མ་ཡ་ཨ་ཀ། ཞེས་གསུངས་པ་ཉིད་ཀྱིས་སྙིང་པོ་ལ་འགྲོ་བ་བརྩོན་པར་འགྱུར་རོ། །ཐམས་ཅད་ཀྱང་ལྡན་པ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད ་ཁྲི་དང། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །བཾ་ནི་ཕ་ཞེས་བྱ་བར་གྲངས། །ཐིག་ལེ་དེ་གཉིས་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་དུ་འབྱུང་ཞེས་གསུངས་པས ་སོ། །ཐམས་ཅད་དུ་མི་འགྱུར་བ་མ་ཡིན་ཏེ། ཐབས་དང་ཤེས་རབ་འདུས་བྱས་པའི་སྦྱོར་བ་ལས་ནམ་མཁའ་དང་མཉམ་པའི་སངས་རྒྱས་ཀྱི་ཆོས་གསུངས་པར་གྱུར་ཏོ། །དེ་བས་ན་སྐྱེས་པ་དང་བུད་མེད་གཉིས་སྦྱོར་བ་ནི་མ་ནིང་སྟེ། དེ་འཇུག་པའི ་ཁྱད་པར་གཅིག་པུ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བརྗོད་པ་ན་ངེས་པ་སྟེ། དེ་བས་ན། གཅིག་པུ་ཐམས་ཅད་མཁྱེན་པ་སྟོ། །ཀུན་ཏུ་འགྲོ་བ་ཤིན་ཏུ་ཕྲ། ཞེས་གསུངས་པ་དང། གཞུང་གཞན་གྱིས་ཀྱང་ཤེས་པར་བྱའོ། །དེ་ལྟར་དོན ་གྱི་རང་བཞིན་གཏན་ལ་ཕབ་ནས། ཚིག་གི་ཚོགས་བློ་ལ་རབ་ཏུ་སྦྱོར་བའི་དགོས་པས་དོན་བསྡུས་ནས་བསྟན་པར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང། ཞེས་པ་ནས། ཡང་དང་ཡང་དུ་གསོར་བྱེད་པ་ཞེས་བྱ་བའི་བར་གྱིས་ཐུན་མོང ་མ་ཡིན་པའི་འཁོར་བསྟན་ཏོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། ཞེས་པ་ནས། ལུས་བཏུང་རྣམས་དང་ལྷན་ཅིག་ཏུ། ཞེས་པའི་བར་གྱིས་ཐུན་མོང་གི་འཁོར་བསྟན་ཏོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་པ་ནས། སྤྲན་སྔར་འདུག ་སྟེ་འདི་སྐད་གསོལ་ཞེས་པའི་བར་གྱིས་མཆོད་པར་བརྗོད་པ་བསྟན་ཏོ། །ཁྱབ་བདག་བདག་ལ་སྨན་པ་དང་ཞེས་བསྟན་ནས་བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པའི་བར་གྱིས་བདག་གི་དོན་དུ་གསོལ་བ་བསྟན་ཏོ། །ཉོན་མོངས་པས་ནི་སེམས ་དཀྲུགས་ཤིང། ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་བར་གྱིས་གཞན་གྱི་དོན་དུ་གསོལ་བ་བསྟན་ཏོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། དབང་པོའི་བསམ་པ་མཁྱེན་མཆོག་གིས། ཞེས་པའི་བར་གྱིས་སྤངས་པ་དང་ཡེ ་ཤེས་ཕུན་སུམ་ཚོགས་པའི་གནས་སུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ཞེས་པ་ནས། གླུར་བླངས་གང་ལགས་བཤད་དུ་གསོལ། ཞེས་བྱ་བའི་བར་གྱིས་ཡང་དག་པའི་མཚན་གྱི་དོན་གསོལ་བར་བསྟན་ཏོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གི་། ་ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ་ཞེས་པའི་བར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དོན་གྱི་གསོལ་བའོ། །དེ་དག་ནི་གླེང་གཞིའི་དོན་གླེང་བསླེང་བ་དང་འབྲེལ་བར་བསྟན་པ་སྟེ་འཁོར་ཕུན་སུམ་ཚོགས་པའོ།། ། ་གསང་དབང་ལག་ན་རྡོ་རྗེ་ཡིས། ཞེས་པ་རྣམ་ལས་བཏུད་ནས་ནི་སྤྱན་སྡར་འདུག་།ཅེས་པ་རྒྱུད་ཉན་པ་ལ་གུས་པའི་སྦྱོར་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་པ་ནས། སྦྱོང་བར་བྱེད་བའི་འཛུམ་བསྟན་ནས། །ཞེས་པའི་བར་གྱིས་ལྗགས ་བྱིན་གྱིས་བརླབས་བདུད་མཐར་བྱེད་པའི་སྦྱོར་བ་བསྟན་ཏོ། །ཚངས་པའི་གསུང་ནི་སྙན་པ་ཡིས། ཞེས་པ་ནས། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང། ཞེས་པའི་བར་གྱིས་ཚངས་པའི་གསུང་གིས་འཁོར་ལ་ཆེད་དུ་བརྗོད་པ་བསྟན་ཏོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ ་ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་གྱིས་ཉན་པ་པོ་ཐོས་པ་དང་སྦྱར་བར་བསྟན་ཏོ། །རྐང་པ་ཡ་གཅིག་གིས་མཚམས་སྦྱར་བར་བསྟན་ཏེ། འདི་དག་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། ཅེས་པ་ནས། རིགས? ་ཆེན་གཙུག་ཏོར་ཆེར་གཟིགས་ནས། ཞེས་པའི་བར་གྱིས་རིགས་ལ་གཟིགས་པ་བསྟན་ཏོ། །ཚིག་གིས་བདག་པོས་ཚིགས་སུ་བཅད་ཅེས་པ་ནས། སྡེ་ཆེན་བཞི་པ་དང་ལྔ་པའི་མཛའ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་ཅིང་བཤད་དོ། །འདི་ལྟར་སངས ་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་པའི་བར་གྱིས་ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་ཏེ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཞེས་པ་ནས། ཆགས་པ་ཐམས་ཅད་སེལ་པར་བྱེད་ཅེས་པའི ་བར་གྱིས་ཉོན་མོངས་པ་དང་རིགས་རྣམ་པར་དག་པའི་མཆོད་པ་བསྟན་ཏོ། །འདོད་པ་ཆེན་པོ་བདེ་བ་ཆེ་ཞེས་པ་ནས། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཆེ། ཞེས་པའི་བར་གྱིས་ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་བདག་བསྟན་ཏོ། །སྦྱིན་བདག་ཆེན་པོ་གཙོ་བོ་ཆེ་ཞེས ་པ་ནས། བསམ་པའི་ཡེ་ཤེས་རྒྱུ་མཚོ་སྟེ། ཞེས་པའི་བར་གྱིས་རྣམ་ཤེས་ཚོགས་དང་ལྷ་མོའི་རྣམ་དག་བསྟན་ཏོ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད་ཅེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་གྱིས་ས་དང་སྐལ་བཟངས་བཅུ་དྲུག་གི ་རྣམ་དག་བསྟན་ཏེ། དེ་དག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་དག་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྟན་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས་གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ཞེས་པའི་བར་གྱིས་ཆེས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན ་ཏོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། ཞེས་པ་ནས་རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་བར་གྱིས་ལམ་གྱི་ཡོན་ཏན་རྫོགས་པ་བསྟོང་པ་བསྟན་ཏོ། །ཐོག་མ་མེད་པ་སྤྲོས་མེད་བདེག་ཅེས་པ་ནས། ཡང་དག་མཛའ་ལ་རྣམ་པར་གནས། ཞེས་པའི ་བར་གྱིས་ཐུགས་ཀྱི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །བདག་མེད་སེང་གའི་སྒྲ་དང་ལྡན། །ཞེས་པ་ནས། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ་ཞེས་པའི་བར་གྱིས་གསུང་གི་བྱིན་རླབས་ལ་བསྟོང་པ་བསྟན་ཏོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག་ཅེས་པ་ནས། ། ་ཚུལ་ཆེན་གཞན་གྱི་དྲིང་མི་འཇོག་ཅེས་པའི་བར་གྱིས་སྐུའི་བྱིན་རླབས་ལ་བསྟོད་པའོ། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། ཞེས་པ་ནས། བདེན་པ་བཞི་ནི་སྟོན་པ་པོ་ཞེས་པའི་བར་གྱིས་འགྲོ་བའི་འདྲེན་སྟོན་དུ་གྱུར་པ་བསྟན་ཏོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང། ། ་ཞེས་པ་ནས། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་།ཅེས་པའི་བར་གྱིས་ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་ཏེ། །བདག་གིར་མི་འཛིན་དང་མི་འཛིན་ཞེས་པ་ནས། འཇིག་རྟེན་སྣང་བར་བྱེད་པའི་མཆོག་།ཅེས་པའི་བར་གྱིས་འཇམ་དཔལ་ཡེ ་ཤེས་སེམས་དཔའ་ཨི་ཡེ་ཤེས་བསྟན་ཏོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། ཞེས་པ་ནས། བསམ་གཏན་བསམ་བྱ་བློ་ལྡན་བདག་ཅེས་བའི་བར་གྱིས་དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་ཏོ། །སོ་སོ་རང་རིག་མི་གཡོ་བ་ཞེས་པ་ནས། ་སངས་རྒྱས་སྲས་པོ་དམ་པའི་མཆོག་ཅེས་པའི་བར་གྱིས་རང་རིག་ཏུ་གཞི་གཅིག་པར་བསྟན་ཏོ། །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ་ནས། །གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པའི་བར་གྱིས་དེ་ཉིད་ལ་བརྙོག་པ་བཅུས་མ་གོས་པར་བསྟན ་ཏོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ་ཞེས་པ་ནས། དྲང་སྲོང་ཆེ་གུས་མཚད་ཅིང་བརྗོད། །ཅེས་པའི་བར་གྱིས་སྐུའི་འཁོར་ལོ་བསྟན་ཏོ། །རིགས་གསུམ་འཆང་བ་གསང་སྔགས་འཆང། ཞེས་པ་ནས་ཐེག་པ་མཆོག་གསུམ་སྟོན་པ་པོ་ཞེས ་པའི་བར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ་ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་བར་གྱིས་རིགས་ཀྱི་འཁོར་ལོ་བསྟན་ཏོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱིས་མཆོག ་ཅེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོང་པ་བསྟན་ཏོ། །ཡང་དག་བདག་མེད་ལ་སོགས་པའི་རྐང་པ་གཉིས་ཀྱིས་དོན་གྱིས་རྒྱུད་ལ་བསྟོད་པ་བསྟན་ཏོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། ཞེས་པ་ནས། ཆོས་ཀྱི་གཎྜི་སྒྲ་བོ་ཆེ། ཞེས་པའི་བར་གྱིས ་ཚིག་གི་རྒྱུད་བསྟན་ཏོ། །མི་གནས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་རབ་ཏུ་བྱེད་པའི་རྒྱུད་བསྟན་ཏོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ་ཞེས་པ་ནས། གཟུགས་རྣམས་མ་ལུས་འཆང་བ་པོ་ཞེས་པའི་བར་གྱིས་བདེ་བ་ཆེན་པོའི་རྒྱུད་བསྟན་ཏོ། །མཚུངས་པ ་མེད་ཅིང་ཆ་བར་གྲགས། །ཞེས་པ་ནས། དར་བ་ཆེན་པོ་ཆོས་ཀྱི་རྟོག་།ཅེས་པའི་བར་གྱིས་བསམ་གྱིས་མི་ཁྱབ་པའི་རྒྱུད་བསྟན་ཏོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་ཅེས་པ་ནས། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། ཞེས་པའི་བར་གྱིས་འབྲས་བུའི་རྒྱུད་བསྟན་ཏོ། ། ་འཇིག་རྟེན་ཤས་ལེགས་སློབ་དཔོན་ཏེ་ཞེས་པ་ནས། སྐྱབས་དང་སྐྱོབ་པ་བླ་ན་མེད་ཅེས་པའི་བར་གྱིས་ཐབས་ཀྱི་རྒྱུད་བསྟན་ཏོ། །ནམ་མཁའ་ཨི་མཐལ་ལ་ལོངས་སྤྱོད་པ་ཞེས་པ་ནས། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན་ཞེས་པའི་བར་གྱིས་ཐབས་ཡེ་ཤེས་སེམས ་དཔའ་ཨི?་རྒྱུད་བསྟན་ཏོ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ཞེས་པ་ནས། གསུམ་སེལ་མཛའ་ཡས་གྲོལ་གསུམ་ཐོབ་ཅེས་པའི་བར་གྱིས་དྲི་མ་རྣམ་པར་དག་པའི་རྒྱུད་བསྟན་ཏོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ཞེས་པ་ནས། ལུས་ཀུན་ལས་ནི་རྣམ་པར་གནས། ་ཞེས་པའི་བར་གྱིས་བྱ་བ་བྲལ་བའི་རྒྱུད་བསྟན་ཏོ། །ནམ་མཁའ་ཨི་མཛའ་ལ་རབ་གནས་པ་ཞེས་པ་ནས། སྟོན་ལྡན་ཞིང་ཡོན་ཏན་ཤེས། ཞེས་པའི་བར་གྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་ཞེས་པ་ནས། བཀུར་སྟི་རིམ ་གྲོ་ཕུན་སུམ་ཚོགས་ཞེས་བྱ་བའི་བར་གྱིས་རང་དོན་བཀྲ་ཤིས་རྒྱུད་ལ་སྐྱེ་བར་བསྟན་ཏོ། །མཆོག་ཏུ་དགའ་བ་གྲགས་བདག་དཔལ་ཞེས་པ་ནས། འཇིག་རྟེན་སྒྲ་སྟེ་རབ་ཀྱི་མཆོག་ཅེས་བྱ་བའི་བར་གྱིས་རང་བཞིན་བརྟགས་པས་དགེགས? ་བསྟན་ཏོ། །འཇིགས་པ་མ་ལུས་སེལ་བ་པོ་ཞེས་པ་ནས། གདོང་ལྔ་གཙུག་ཕུང་ལྔ་དང་ལྡན་ཞེས་པའི་བར་གྱིས་དགེ་བ་ཕྱག་རྒྱ་ཆེན་པོར་བསྟན་ཏོ། །ཟུར་ཕུང་ལྔ་པ་མེ་ཏོག་ཐོང་ཅེས་པ་ནས། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ་ཞེས་པའི་བར་གྱིས? ་བར་དུ་དག་བ་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ། །གཙང་གནས་དམ་པ་གོ་ཏམ་ཞེས་པ་ནས་གྲོལ་བ་ཐར་པ་རྣམ་གྲོལ་ལུས་ཞེས་པའི་བར་གྱིས་ཐ་མར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། །རྣམ་གྲོལ་ཞིབ་ཞི་བ་ཉིད་ཅེས་པ་ནས། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ་ཞེས་བྱ་བའི་བར་གྱིས་བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་ཏོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། ཞེས་པ་ནས། སྨྲ་བ་སེང་གེ་ཚུགས་པ་མེད། ཅེས་བྱེ་བའི་དང་གྱིས་ཚིག་ལ་མི་གནས་པའི་ཚིག་གི་གནས་སུ་བསྟན་ཏོ། ཀུན་ཏུ་དགའ་བ་མཆོག་ཏུ་དགའ་། ་ཞེས་པ་ནས། ལག་ན་འོད་འབར་སྣང་བ་པོ་ཞེས་པའི་བར་གྱིས་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་བསྟན་ཏོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། ཞེས་པ་ནས། ནད་དོ་ཅོག་གི་སྒྲ་ཆེ་བ། ཞེས་པའི་བར་གྱིས་འགྲོ་བ་ལ་སྨན་པར་སྣང་བ་བསྟན་ཏོ། །སྡུག ་གུ་འཇིག་རྟེན་གསུམ་གྱི་མཆོག་།ཅེས་པ་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཞེས་པའི་བར་གྱིས་ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་ཏོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། ཞེས་པ་ནས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག ་ཅེས་པའི་པར་ཀྱིས་རིམ་པ་གཉིས་སུ་བསྟན་ཏོ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ཞེས་པ་ནས། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། ཞེས་པའི་བར་གྱིས་རིགས་སུ་སྣང་བ་བསྟན་ཏོ། །རྡོ་རྗེའི་ཉི་མ་ནས་རྐང་པ་གཉིས་ཀྱིས་བཀླག་པའི་ཐབས་དང་མི་གནས་བར? ་བསྟན་ཏོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ་ཞེས་པ་ནས། ཡི་གེ་མཆོག་སྟེ་རྣམ་པར་དག་།ཅེས་པའི་བར་གྱིས་ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད་ཅེས་པ་ནས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་།ཅེས ་བའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །རྡོ་རྗེ་གདན་ནི་མ་ལུས་ལྡན་ཞེས་པ་ནས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་པའི་བར་གྱིས་བསམ་དོན་ལྷུན་གྱིས་གྲུབ་པ་བསྟན་ཏོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག་ཆས་པ་ནས། ཡེ ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །འདོད་པའི་དོན་གྲུབ་དམ་པ་སྟེ་ཞེས་པ་ནས། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ཅེས་པའི་བར་གྱིས་མཉམ་པ་ཉིད་ཀྱིས་ཡེ་ཤེས་མདོར་བསྟན་ཏོ། །ཉོན་མོངས ་གཡུལ་དུ་གཅིག་དཔའ་བ་ཞེས་པ་ནས། ཚངས་པའི་གཡུལ་ས་རྩེ་ནས་གནོན། །ཞེས་པའི་བར་གྱིས་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན་ཞེས་པ་ནས། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། ཞེས་པའི་བར་གྱིས་དཔེ་དོན ་གྱི་འབྲེལ་པ་བསྟན་ཏོ། །སེན་མོའི་འོད་ནི་ཤས་ཆེན་དམར། ཞེས་པ་ནས། སངས་རྒྱས་སྤྲུལ་པའི་རྒྱུད་དང་ལྡན། ཞེས་པའི་བར་གྱིས་མཚན་དཔེ་བསྟན་ཏོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ཞེས་པ་ནས། ངེས་པར་འབྱུང་བ་ཀུན་སྟོན་པ། ཞེས་པའི ་པར་གྱིས་ཐུན་མོང་གི་ལམ་རྫོགས་པར་བསྟན་ཏོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། ཞེས་པ་ནས། བྱ་བ་དཔག་མེད་འགྱེད་པ་པོ་ཞེས་པའི་བར་གྱིས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། ཞེས་པ ་ནས། ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་པའི་བར་གྱིས་སྐད་ཅིག་གི་ཡེ་ཤེས་བསྟན་ཏོ། །ཉོན་མོངས་ཁམས་རྣམས་དག་པའི་བདག་ཅེས་པ་ནས། སྦྱོར་བའི་དགོན་པ་ལས་བྱུང་བ། ཞེས་བྱ་བའི་བར་གྱིས་གསང་སྔགས་མཛའ་ཨི་དོན་དུ་བསྟན་ཏོ། ། ་ཉོན་མོངས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་འཁོར་བའི་ས་བོན་དང་བྲལ་བར་བསྟན་ཏོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་ཞེས་པ་ནས། ནོར་པ་ཐམས་ཅད་རྣམ་པར་སྤངས། ཞེས་པའི་བར་གྱིས་གཞན་དོན་མཛད་པ་བསྟན་ཏོ། ། ་དོན་གསུམ་ཐེ་ཙོམ་མེད་པའི་བློ་ཞེས་པ་ནས། སངས་རྒྱས་ཀུན་གྱི་རང་བཞིན་འཆང་ཞེས་པའི་བར་གྱིས་དེ་ཉིད་ཀྱི་འཐད་པ་བསྟན་ཏོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག་ཅེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱིས་ཡེ་ཤེས་ཀྱི་ལུས ་ཀྱི་མཛད་པ་བསྟན་ཏོ། །སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱི་བྱ་བ་ནན་ཏན་གྱི་ཡེ་ཤེས་མདོར་བསྟན་ཏོ། །གསང་སྔགས་ལས་བྱུང་ཡི་གེ་མེད། ཅེས་པ་ནས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། ཞེས་པའི་བར་གྱིས་ཡི་གེ་ཐམས་ཅད་ཆོགས་གཅིག ་པའི་སྟོང་པར་བསྟན་ཏོ། །རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་པ་ནས། བསམ་གཏན་བཞི་ཡི་རྩེ་མོ་ཅན། ཞེས་པའི་བར་གྱིས། ཨེ་བ་གྱིས་དབུགས་དབྱུང་བ་བསྟན་ཏོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ཞེས་པ་ནས། ཕྱོགས་བཅུར་སྤྲུལ ་པ་སྣ་ཚོགས་འགྱེད་ཅེས་པའི་བར་གྱིས་སྐུ་གསུམ་དུ་བསྟན་ཏོ། །དེ་བཞིན་འགྲོ་བའི་དོན་བྱེད་པ། ཞེས་པ་ནས། སྲིད་པའི་དགོན་པ་ལས་རྒལ་བ། ཞེས་པའི་བར་གྱིས་འགྲོ་བ་གསུམ་གྱི་གཙོ་བོར་སྣང་བ་བསྟན་ཏོ། །སྟོན་པ་གཅིག་པུ་འགྲོ་བའི་བླ ་ཞེས་པ་ནས། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། ཞེས་པའི་བར་གྱིས་བདུད་ཕམ་པར་བྱེད་པ་བསྟན་ཏོ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཅེས་པ་ནས། ཕྱག་བྱར་འོས་པ་བླ་མའི་རབ་ཅེས་པའི་བར་གྱིས་བསྙེན་བཀུར་གྱི་གནས་སུ་བསྟན་ཏོ། ། ་འཇིག་རྟེན་གསུམ་པོ་གོམ་ཅིག་བགྲོད་ཅེས་པ་ནས། ཤེས་དང་ཤེས་བྱའི་བདག་པོ་མཆོག་།ཅེས་པའི་བར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྲུལ་པ་མངའ་བར་བསྟན་ཏོ། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །། ་ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་གྱིས་མཇུག་བསྡུ་བསྟན་ཏོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་སྣང་བ་ཡེ་ཤེས་ལྔར་བསྟོད་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། ཅེས་པ་ནས། ཡི་གེ་རེ་རེ་ཞིས? ་ཀྱི་དབྱིངས་ལ་སོགས་པ་ལ་བསྟོད་པ་བསྟན་ཏོ། །རིགས་ཀྱི་བདག་པོ་ནས་གཟུང་སྟེ། ཨཾ་ཤཐ་ན་དང། ཨུ་ཤམ་ཥའི་གཉིས་པ་དང། བཞི་པའི་བར་གྱིས་ཡེ་ཤེས་སྔགས་ཀྱི་རང་བཞིན་དུ་བསྟན་ཏོ། །རིགས་ཀྱི་བདག་པོ་ནས་བཅུ་དྲུག་པའི་བར་གྱིས་དེ ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་སྔགས་ཀྱི་རང་བཞིན་དུ་བསྟན་ཏོ། །དེ་དག་ནི་དོན་གྱི་སྙིང་པོ་ཡོན་ཏན་བསྡུས་པའི་དོན་གྱི་བསྟོད་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། ཞེས་པའི་པར ་ཀྱིས་འཁོར་གྱི་མཆོད་པ་བརྗོད་པར་བསྟན་ཏོ། །དེ་ནི་མགོན་པོ་གསང་བའི་བདག་ཅེས་པ་ནས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། ཅེས་པའི་བར་གྱིས་ཆེད་དུ་བརྗོད་པའི་བསྟོད་པ་བསྟན་ཏོ། །དེ་དག་ནི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པའི། །མཚན ་ནས་བརྗོད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི་སྒོ་ལྔའི་ཁྱད་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པའི་དོན་ཡོངས་སུ་ཤེས་ཤིང། དོན་ལྷག་པར་རྙེད་པའི་གང་ཟག་གིས་རྒྱུད་ཀྱི་རབ་ཏུ་བྱེད་པའི་དོན་འདི་ཉིད་ཀྱང་བདེ་བླག་དུ་རྙེད་པར་འགྱུར་རོ།། །། ་ད་ནི་ཚིག་གི་དོན་གསལ་བར་དབྱེ་བར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོཌ་པས་མཆོག་དང་ཐུན་མོང་ནི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་མཚོན་པ་ལ་གང་གནས་ཤེ་ན། མན་ཏྲའི་རང་བཞིན་ཤེས་ཤིང་སྐྱོབ་པའོ། །དེས་སྦངས་པ་དང་ཡེ ་ཤེས་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་དཔལ་ལྡན་རྡོ་རྗེ་འཆང་ངོ། །གདུལ་དཀའ་བ་ནི་ཐེག་པ་གསུམ་སྟེ། སྤྲུལ་པ་དང། ལོངས་སྤྱོད་རྫོགས་པའི་འཁོར་ལོས་སྒྱུར་བ་དང། ལོངས་སྤྱོད་རྫོགས་པའི་འདུལ་བ་རྣམས་སོ། །ཀྱི་ཞེས་པ་ནི་དྲུག་པའི་དོན་གྱི་གཉིས་པའི། ། ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པ་ནི་ཐེག་པའི་ཡང་རྣམ་པར་དག་པ་སྟེ། བདེ་བ་དང། སྟོང་པ་དང། གཉིས་སུ་མེད་པས་ན་མཆོག་གོ་།དཔའ་བོ་ནི་འཇིགས་ཤིང་ཐུབ་པ་མེད་པ་སྟེ་སྐུ་དང། གསུང་དང་ཐུགས་ཀྱི་ཁྱད་བར་གྱིས ་ས་འོག་དངས་སྟེང་དང། ས་བླ་ལས་རྒྱལ་བའོ། །རྡོ་རྗེ་ནི་སྟོང་པ་ཉིད་བདེ་བ་ཆེན་པོའི་སྙིང་པོ་ཅན་ཏེ། གང་ལ་ཡོད་པ་ན་དབང་ཕྱུག་གོ་།དེ་ལྔའི་གསང་བ་ལས་ཐོབ་པ་ནི་རྒྱལ་པའོ། །པདྨ་དཀར་པོ་ནི་དཀར་བ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པ་སྟེ། འདིར་རྣམ་པར་རྟོག་པ ་ཞི་བ་ལ་སོགས་པ་དང་ལྡན་པའོ། །ཡེ་ཤེས་ལ་ཆེད་དུ་བརྗོད་པ་ནི་རང་ལས་ཏེ། འགྲོ་བ་འཛིན་པའི་དོན་གྱིས་ན་ཡང་ཞེས་སྦྱར་རོ། །ཁྲོ་གཉེར་དང་སྐུ་དང། ཨོག་སྤུ་སེར་ལ་བརྗེས་པ་དང། མིག་དམར་བ་དང། ལྕེ་འདྲིལ་ཞིང་ཡ་སོས་མ་མཆུ་མནན་པ་དང། ་ཐུད་ཞིང་གེལ་བ་དང། གསུས་པ་ཆེ་བ་དང། ཡན་ལག་རབ་ཏུ་བགྲད་པ་དང། ཉིད་ལག་རྡོ་རྗེ་རྩེ་མོ་ལྟ་བུ་དང། དུར་ཁྲོད་དང། གདུག་པའི་རྒྱན་གྱིས་བརྒྱན་པ་དང། མཚོན་ཆ་འབར་ཞིང་འཕྲོ་བ་དང། མགོ་བོའི་དོ་ཤལ་དང། མེ་འབར་བའི་གནས ་ནི་རིམ་པར་ལྡན་པ་ལ་སོགས་པ་སྟེ། ལག་ན་རྡོ་རྗེ་དང་མཚུངས་པར་མཛའ་ཡས་པ་ལ་ཡོད་པ་ནི་མ་རིག་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཟད་པའི་དོན་ཏོ། །དེ་སྙེད་ཀྱི་བ་སྤུའི་ཁུང་ནས་འཕྲོ་བ་ཡང་རྡོ་རྗེ་རྩེ་མོ་སྟེ་ཁྲོ་བོའི་གཟུགས་སོ། ། ་རང་གི་ལག་གིས་གསོར་བར་བྱེད་པ་ནི་སྔ་མ་བཞིན་ཏེ། དེའི་དོན་ཀྱང་སྙིང་རྗེ་ཆེན་པོ་དང་ཤེས་རབ་དང་ཞེས་པའོ། །ཐབས་ནི་སྔོན་རང་གི་དོན་དུ་གྱུར་པ་ཇི་ལྟར་དེ་ཉིད་ཀྱིས་གཞན་དོན་དུ་འགྱུར་བའོ། །དེ་ལྟར་སྤྲུལ་བ་དང་ཡང་སྤྲུལ་གྱི་གཟུགས་ཐམས་ཅད་བཅོམ ་ལྡན་འདས་རྡོ་རྗེ་འཆང་གི་རང་བཞིན་ལུས་ངག་ཡིད་གསུམ་གྱི་མཆོད་པའི་ཕྱིར། དགའ་དགུ་རངས་པའི་བསམ་པ་ཅན་ནོ། །ཁྲོ་བོ་འབའ་ཞིག་མི་རིགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་སེམས་ཀྱི་མགོན་དུ་གྱུར་པས་སོ། །དེ་དང་ལྷན་ཅིག ་པ་ནི་ཕྱག་ན་རྡོ་རྗེའོ། །ཐམས་ཅད་བསམ་པ་མཐུན་པར་ཞེས་པའོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་སྣང་བ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་ནས་འགྲོ་བའི་དོན་ལ་གཤེགས་པས་སོ། །ཤེས་རབ་ཀྱིས་བཅོམ་པ་ཉིད་ཀྱི་ཕྱིར་དང། དབང་ཕྱུག་ལ་སོགས་པའི ་ཡོན་ཏན་དང་ལྡན་པས་མི་གནས་པ་བརྙེས་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་གསུངས་ཤིང་བཤད་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཡོན་ཏན་ནི་དེ་བ་ཆེན་པོའི་ཐོབ་པ་འབའ་? ་ཞིག་ལའོ། །ཁྱབ་བདག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་གནས་པ་དང། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་དང། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེད་པ་པོ་ཉིད ་ཀྱིས་འགྲོ་བ་བཞིའི་དབང་པོ་ལ་ཁྱབ་པའི་བདག་ཉིད་དོ། །བདག་ནི་བདག་ཉིད་ཁོ་ནའོ། །སྨན་པ་ནི་ཚིག་དང། དོན་དང་སྤོབས་པའི་གཟུགས་ཀྱིས་སོ། །བདག་དོན་ནི་མཐར་ཐུག་པའི་དོན་ཏོ། །ཕྱིར་ནི་དགོས་པའོ། །ཐབས་ཁྱད་པར་ཅན་གྱི་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་ལྟ ་བུ་སྟེ། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བས་བདེ་བ་ཆེན་པོའི་དྲ་བས་ཀུན་ལ་ཡོག་པར་བྱ་བ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་རོ། །ཅི་ནས་ཞེས་པ་ནི། ནན་ཏན་དུ་བྱ་བའི་ཐ་ཚིག་གོ་།ཐེག་པ་ཆེན་པོར་འགྱུར་བ་ཉིད་ཡིན་ཏེ། དཔེར ་ན་ས་བོན་གྱི་མ་གཏོགས་པར་མྱུ་གུ་ལ་སོགས་པའི་ཡོན་ཏན་འབྱིན་པར་ག་ལ་ནུས། དེ་བས་ན་མ་རྫོགས་རྫོགས་པར་བྱེད་མདའ་ཡིན་ནོ་ཞེས་གསུངས་པས། རྒྱའི་གནས་སྐབས་ཐབས་ཀྱི་སྦྱོར་བ་ལ་ཡང་བཀག་ན། ཕུན་སུམ་ཚོགས་པའི་འབྲས་བུའི་ཕྱིར་ལྟ ་སྨོས་ཀྱང་ཅི་དགོས། དང་པོར་ནག་གི་བདག་ཉིད་ལ་བཞག་ཅིང་སྦྱར་བར་བྱ་བའི་ཕྱིར། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་པ་སྐྱང་ནི་མ་གསུངས་ན། །བདག་འདྲ་ངན་པ་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང། །ཞེས་གསུངས་པའི་དོན་ཀྱང ་དེའོ། །རྒྱུ་འབྲས་རྗེས་སུ་མི་མཐུན་པ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་སྨོས་པ་དང་འཇུག་པ་དང། ཤིན་ཏུ་འཇུག་པ་ལ་སོགས་པས་སེམས་ཀྱི་དོན་གྱི་ཕྱིར་ནང་དུ་བཞག་པའོ། །དེ་བས་རྣམ ་པར་རྟོག་པ་གང་གང་གིས། །གང་གང་བློ་ནི་བསྒོམས་པ་དང། །སྒོམ་པའི་སྟོབས་ནི་རྫོགས་པ་དང། །བདེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པས་ཀྱང་ཤེས་པར་བྱའོ། །ཉོན་མོངས་པ་ནི་ཐམས་ཅད་རང་བཞིན་དངོས་པོ་དང། དངོས་པོ ་མེད་པ་དང། བཏང་སྙོམས་ཀྱི་རྙོགས་པས་སེམས་དཀྲུགས་པའོ། །མི་ཤེས་པ་ནི་རྒྱུད་པའི་གཞུང་ལུགས་དང་བྲལ་བས་དོན་མ་ཕྲད་དེ་སྨིག་རྒྱུ་ལ་ཚུར་བཟུང་བས་ངལ་ཞིང་གདུངས་པ་བཞིན། འདིར་ཡང་བརྟགས་པའི་རྙོག་པའི་འདམ་དུ་བྱིང ་བར་གྱུར་པ་རྣམས་སོ། །སྨན་པ་ནི་གཞན་གྱིས་ཤེས་རབ་གསུམ་ལ་སྦྱར་རོ། །ནང་གི་བདག་ཉིད་ལ་འཇུག་པའི་དགོས་པས་ན་ཕྱིར་རོ། །བླ་ནི་འབྲས་བུ་སྟེར་བའི་དོན་གྱིས་སོ། །སྟོན་པ་ནི་ལོག་རྟོག་བཟློག་པའོ། །དམ་ཚིག་ནི་སྡོམ་པ་སྟེ། བདེ་བ ་དང་སྟོང་པའི་དྲ་བ་ཕྱེད་པ་དེ་ཉིད་ཇི་ལྟ་བ་མཁྱེན་ཅིང་ཐུགས་སུ་ཆུད་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་བཾ་ལས་ནི་རབ་ཏུ་ཞུགས། ཞེས་གསུངས་སོ། །དབང་པོ་གདུལ་བྱའི་རྒྱུད་མཁྱེན་པའོ། །བསམ་པ་ནི་གདུལ་བྱའི་འདོད ་པ་མཁྱེན་པའོ། །དེ་དག་ནི་གནས་སུ་གྱུར་པས་མཆོག་གོ་།གི་ནི་དྲུག་པའི་དོན་གྱི་གཉིས་པའོ། །ཡེ་ཤེས་སྐུ་ནི་ཡེ་ཤེས་ཕུང་པོ་ཅན་སྟེ་བདེ་བ་ཆེན་པོའི་རང་བཞིན་གྱིས་རྟག་པ་ཉིད་རྟག་ཏུ་འབྱུང་བའོ། །དེ་བས་ན། གང་གིས་ང་ལ་གཟུགས ་སུ་མཐོང། །གང་གིས་ང་ལ་སྐྲར་ཤེས་པ། །ལོག་པར་རྟོགས་པ་སྤོང་བ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ཀྱི་ཆོས་ཉིད་ནི། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པའི་ཕྱིར་རོ། ། ་གཙུག་ཏོར་ནི་བལྟར་མི་མངོན་པ་སྟེ། དེ་ཉིད་བྲིལ་གྱིས་མི་ནོན་པའི་རྟགས་ཡིན་པས་ན་གཙུག་ཏོར་ཆེན་པོའོ། །ཚིག་གིས་བརྗོད་པས་བྱེད་པ་སྟེ། མི་ཟད་པའི་གསུང་མངའ་བས་བདག་པོའོ། །ཡེ་ཤེས་ནི་མཛའ་དང་བྲལ་བ་སྟེ་མི་འགྱུར་བས་ན་སྐུའོ། །དེའི ་མཚན་ཉིད་ནི་རང་འབྱུང་བ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མཚན་གྱི་དོན་བརྗོད་པའོ། །འབྲེལ་པ་གཅིག་པས་མཆོག་གོ། དོན་ཟབ་པ་ནི་རྟོགས་པར་དཀའ་བའོ། །དོན་རྒྱ་ཆེ་བ་ནི་བློའི་ཡུལ་མ་ཡིན་པས་སོ། །དོན་ཆེན་པོ་ནི་རང་གཞན་གྲུབ་པས་སོ། ། ་མཚུངས་པ་མེད་པ་ནི་གཅིག་པུར་གྱུར་པས་སོ། །ཞི་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བས་སོ། །དགེ་བ་གསུམ་ནི་སྐྱེ་བ་དང། གནས་པ་དང། འགག་པ་དབེན་པའོ། །ཡང་ན་ལུས་དང་ངག་དང། ཡིད་གསུམ་ལས་འབྱུང་བ་གསུམ་མོ། །ཡང་ན་དུས་གསུམ ་དུ་གསུངས་པ་དང། གསུང་བར་འགྱུར་བ་དང་གསུང་པའོ། །དེ་ཉིད་ནི་ཡང་དག་པའི་ཤེས་པར་སྒྲུབ་པར་བྱེད་པར་ཡང་སྦྱར་བར་བྱའོ། །རྒྱུད་ནི་ཚིག་དང་དོན་ཏོ། །རྒྱུ་དང་ལམ་དང་འབྲས་བུ་ཆེན་པོ་སྟེ། དེ་རབ་ཏུ་རྒྱས་པར་གསལ་བར་བྱེད་པས་ཚིག་ལ་ཡང་ངོ། ། ་ཐབས་ཀྱི་རྒྱུད་སྒྱུ་འཕྲུལ་དྲ་བ་མཚོན་པས་བཏགས་པ་སྟེ། །ལྷ་སྦྱིན་ཞང་པོ་ཅན་ཞེས་བྱ་བ་ལྟ་བུའོ། །ལས་ནི་སྐལ་པའི་རྒྱུད་དེ་གོང་དུ་བསྟན་ཟིན་ཏོ། །རྡོ་རྗེ་འཆང་ཆེན་ནི་གྲགས་ཆེན་ལ། །གསང་སྔགས་འཆང་ནི་སྙིང་པོ་དོན་གྱི་སངས་རྒྱས་སོ། །ཇི་སྙེད་པ་ནི ་དཔག་མེད་རྣམས་ཀྱིས་སོ། །དགྱེས་བཞིན་དུ་གླུར་བླངས་པ་བཤད་དུ་གསོལ། ཞེས་པ་ནི་ངེས་པའི་དོན་ཏོ། །གསང་འཛིན་ནི་རྒྱུད་འདི་ཉིད་སྔར་བཤད་པའི་དོན་ཡང་ངོ། །ཕྱིར་ནི་གཙོ་བོར་གྱུར་པ་གཞན་མེད་པའོ། །ངེས་པ་ནི་མི་གནས་པའི་མྱ་ངན་ལས་འདས ་པ་སྟེ། དེར་མ་བྱུང་གི་བར་ལས་འབྱུང་གི་བར་ཞེས་བྱའོ། །གཟུང་བ་ནི་བདག་དོན་དུའོ། །གསལ་བ་སྤང་བ་ནི་གཞན་གྱི་དོན་གྱི་ཕྱིར་རོ། །བསམ་པའི་ཁྱད་པར་ནི་དབང་པོའི་བྱེ་བྲག་ལའོ། །བཤད་པར་འཚལ་བ་ནི་དེ་ཁོ་ན་ཉིད་བཅུ་དང། རིམ་པ་གཉིས ་དང་ཟུང་དུ་འཇུག་པའོ། །གསང་དབང་ནི་དུག་བཅོམ་པའི་དེ་ཉིད་ལ་དབང་བའི་ལག་ན་རྡོ་རྗེས་སོ། །དེ་སྐད་དུ། ཞེས་པ་ནི་ལྔའི་གསོལ་བ་གདབ་པོ། །སྤྱོད་ལམ་ནི་གུས་པའི་རྟགས་སོ། །དེ་ནས་དེ་མ་ཐག་ཏུའོ། །རིགས་དང་སྟོབས ་མཚོན་པས་ཤཱཀྱ་ཐུབ་པའོ། །རྐང་གཉིས་ནི་ལྷ་དང་མི་ཡི་སྟེ། དེའི་མཆོག་ཏུ་གྱུར་པའོ། །བཟང་བ་དང། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པའོ། །རིང་ཞིང་ཡངས་པ་ནི་ཆུ་དང་ཞེང་དོ། །བརྐྱད་བ་དང། འོད་ཕྱུང་བ་དང། འཛུམ་པ་བསྟན་པའི ་བདུད་བཏུལ་བ་དང། འཁོར་བག་དང་ལྡན་པ་ལ་དགོང་པ་དང། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་ཡིད་དང་མཐུན་པར་བསྟན་པའོ། །ཚངས་པའི་གསུང་དབྱངས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་སྟེ། འདིར་སྙན་པ་དང། ཆེ་བ་དང་གསལ ་བ་དང། དོན་གོ་བར་ནུས་པར་འདུས་པ་སྟོན་པའོ། །བཀང་བ་ནི་གྲགས་པའོ། །གསང་བ་ནི་གསང་བ་ཆེན་པོ་ལའོ། །སླར་གསུངས་པ་ནི་ཞུས་པའི་ལན་ནོ། །སྙིང་རྗེ་ཆེན་པོ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དག་པར་བྱེད་པ་ནི་ཉོན་མོངས ་པ་དག་པར་བྱེད་པ་སྟེ། བཀྲ་ཤིས་པར་རོ། །སྡིག་སེལ་བ་ནི་རྡུལ་དང་བྲལ་བའོ། །བརྩོན་པ་ནི་མ་ཡེངས་པར་རྩེ་གཅིག་པའོ། །རང་དོན་ཉིད་ཀྱིས་ལེགས་སོ་ཞེས་པའོ། །གཉིས་པས་གཞན་དོན་བཟུང་བའོ། །ལེགས་པར་བསྟན་པ་ནི ་འབྲས་བུ་དང་བཅས་པའི་ལམ་དུའོ། །ཉོན་ཞེས་པ་ནི། རྡོ་རྗེ་འཆང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ལྟ་བ་དང་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྲ་བརྟན་འབར་བ་ལྟ་བུར་བལྟ་བ་དང། ཐུན་མོང་གི་འཁོར་རིན་པོ་ཆེ་ལྟ ་བུའི་གང་ཟག་ཏུ་བལྟ་བ་དང། བཤད་བྱ་སེམས་ཀྱི་རང་བཞིན་ཤེས་རབ་དང་སྙིང་རྗེ་དབྱེར་མི་ཕྱེད་པར་བལྟ་བ་དང། གསུང་དྲི་མ་མེད་པའི་བདུད་རྩིས་དབང་པོ་ཆེ་ཞིང་ཁྱབ་པར་འགྱུར་བའི་ཕྱིར། གསང་སྔགས་ནི་འགྲོ་བ་འདུལ་བའི་དུམ་བུ་ལྷའི ་འཁོར་ལོ་སྟེ། སྙིང་པོ་དང། ཕྱག་རྒྱ་དང། རིག་སྔགས་རྣམས་ལ་ཐམས་ཅད་ཅེས་བྱའོ། །དེ་དག་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷའི་འཁོར་ལོ་གཟུང་ངོ། །དེ་ཉིད་ཀྱི་རིགས་ཤེས་པར་ཡང་བྱའོ། །རིགས་ཆེན་ནི་རྣམ་པར་སྣང་མཛད་ཆེན་པོའི ་རང་བཞིན་ལྔ་དང་དྲུག་པའོ། །ཁོ་བོ་ནི་རིགས་འཕོ་བར་འདོད་པ་སྟེ། དམ་པའི་ཞལ་ལས་འོངས་པ་ནི་རྒྱས་གདབ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་མདོར་བསྟན་པའོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། ཞེས་པ་ནི་གསང ་སྔགས་ལ་སོགས་པ་ནི་རིག་སྔགས་ཀྱི་ལས་བྱེད་ཅིང། དོན་བསྒྲུབས་པས་ན་འཆང་བ་སྟེ་ལས་ཀྱི་རིགས་སོ། །ཡང་ན་ཐམས་ཅད་ཤེས་རབ་ཀྱི་རྟགས་སུ་ཤེས་པར་བྱས་ལ། དེས་དེ་ལ་ནན་ཏན་དུ་བྱས་པས་དེ་འགྲུབ་ཅེས་པའོ། །སྐུ་དང་གསུང་དང ་ཐུགས་ནི་རིགས་གསུམ་སྟེ། ལ་ནི་དེ་ཉིད་གཞིར་བྱས་པའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་ཞེས་བྱ་བ་ལ་སྣང་བར་གཟིགས་པ་ནི་སྐུའོ། །འཇིག་རྟེན་ནི་ལོག་པའི་ཤེས་པས་བརྟགས་པའི་འཁོར་བ་སྟེ། དེ་ཉིད་རང་གི་ངོ་བོ ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་རང་བཞིན་ལ། འཁོར་བའི་སྐྱོན་གྱིས་མགོས་པས་ན་པདྨའི་རིགས་སོ། །དེ་བས་ན། དཔལ་དགྱེས་པའི་རྡོ་རྗེ་ལས་གཏི་མུག་ལ་སོགས་ཀྱིས་མི་འཆིང། རང་རང་ཉིད་ནི་རྫོགས་བྱང་ཆུབ་ཅེས་གསུངས་པའི ་ཕྱིར་རོ། །འཇིག་རྟེན་གཟུགས་ལ་སོགས་པ་སྟེ། སྣང་བའི་དབང་པོའི་ཡུལ་དུ་འགྱུར་བའོ། །དེའི་བྱེད་པ་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་པོ་ཆེ་རིགས་ལ་ཕྱོགས་མེད་པས་ན་ཆེན་པོའོ། །ཕྱོགས་རྒྱ་ནི་ཁྱབ་ཅིང་མི་འདའ་བའ་ཨི་དོན ་གྱིས་ཏེ། འབྲས་བུ་འབའ་ཞིག་པས་ཆེན་པོའོ། །རིགས་མཆོག་ཅེས་པ་ནི། རིགས་ལྔ་དབྱེར་མི་ཕྱེད་པས་རྩོད་འདས་ཀྱི་རིགས་སོ། །རྡོ་རྗེའི་རིགས་ནི་ཆེན་པོ་སྟེ། རིགས་བཞིའི་བདག་ཉིད་ཡིན་པའི་ཕྱིར་འཁོར་རྣམས་ལ་ཐིལ་གྱིས་མི་ནོན ་བའི་སྐྱེ་མཆེད་ཡོད་པ་དང། ཉིད་ཀྱིས་ཟིལ་གྱིས་མི་ནོན་པའི་མཆེད་ཀྱིས་འཁོར་རྣམས་རིས་དྲུག་གི་རྒྱད་དུ་མཁྱེན་པས་གཙུག་ཏོར་ཆེར་གཟིགས་ནས་ཞེས་བྱའོ། །གཙོ་བོ་རྡོ་རྗེ་དབང་ཕྱུག་ལ་དགོངས་པ་དང། འབྲས་བུ་ཁོ་ན་ལམ་དུ་བྱ ་བའི་ཕྱིར། རིགས་དྲུག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་བཤད་པར་བྱ་སྟེ། ཚིག་གི་ཞེས་པ་ན་ཚིག་གི་རྒྱུད་དོ། །བདག་པོ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ་རྡོ་རྗེ་འཆང་ངོ། །ཚིགས་སུ་བཅད་པ་ནི་རྐྱང་པ་བསྡུས་པའོ། །བཀའ་སྩལ ་པ་ཤུགས་ཀྱིས་ཤེས་པར་བྱ་སྟེ། ལོངས་སྤྱོད་རྫོགས་པ་ཆེན་པོ་དང། འཁོར་ལོས་སྒྱུར་བ་དང། བསྟན་པའི་བདག་པོས་སོ། །གསང་སྔགས་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་ཡི་གེ་ཨའོ། །རྒྱ་པོ་ནི་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ། །དྲུག་ནི་སྡེ་ཚན་ཤེས ་རབ་ཀྱི་ཡི་གེའོ། །ལྡན་པ་ནི་སྡེ་ཚན་བདུན་པའི་ཐབས་ཀྱི་ཡི་གེའོ། །དེ་མཆོན་བྱེད་དུ་གྱུར་ཅིང། ཐུན་མོང་དང་མཆོག་གི་ནུས་པ་འབྱུང་ཞིང་ཤེས་པར་བྱའོ། །གཉིས་སུ་མེད་པར་འབྱུང་བ་དང་ཞེས་བྱ་བ་ནི་མ་ནིང་གི་ཡི་གེའི་རང་བཞིན་མཚོན་པར་བྱའོ། །མི ་སྐྱེ་བ་ནི་ངོ་བོ་སྟེ་ཆོས་སོ། །ཆེས་ནི་རྐྱེན་ལས་སྐྱེས་པ་སྟེ་ཆོས་ཅན་ནོ། །ཅན་ནི་ཐ་མི་དད་པའི་རང་བཞིན་འདི་གསུངས་པའོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཡོངས་སུ་དག་ཅིང་དྲི་མ་མེད་པ་ཇི་ལྟར་གནས་ཤེ་ན། རིང་ཐུང་གི་བྱེ་བྲག་གིས་རིགས་དང་རིགས ་ཀྱང་ཡེ་ཤེས་སོ། །དེ་བཞིན་གཤེགས་པའི་ངགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚན་དང་དཔེ་བྱད་ཀྱི་འཁོར་ལོར་སྣང་བ་དང། སྣ་ཚོགས་དཀར་དམར་གྱི་རྣམ་བར་སྣང་བ་ནི་གདུལ་བྱའི་སྣང་བཱི་ཁྱད་པར་ཏེ། དེ་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པས་རང ་བཞིན་གྱིས་འོད་གསལ་བ་ནི་ཨི་ཨའི་ཞེས་བྱའོ། །རིན་པོ་ཆེའི་རིཌ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཐུན་མོང་མ་ཡིན་པའི་དབང་པོའི་ལོངས་སྤྱོད་དུ་གྱུར་པ་དང། ཐུན་མོང་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ནི་གདུལ་བྱའི་དབང་པོའི་ཁྱད་པར་ཏེ། རྣམ་པར་དག་པ ་དང་རྣམ་པར་དག་པས་མཛའ་བཞི་ལ་མི་གནས་པ་ནི་ཨོ་ཨཽ་ཞེས་བྱའོ། །པདྨའི་རིགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཁྲོ་བོ་དང་མཉམ་པ་དང་ཞི་བའི་ཁྱད་པར་གྱིས་རིགས་བསྡུས་རྒྱས་བྱ་བྲག་དུ་སྣང་བ་དང། རྣམ་ཤེས་སྐྱེ་བའི་སྒོ་ཐ་དད་པར་སྣང་བ་ནི་གདུལ ་བྱའི་དབང་པོའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྒྱུད་གཅིག་ཏུ་གནས་པ་ཨུ་ཨའུ་ཞེས་བྱའོ། །ལས་ཀྱི་རིགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། ཐོགས་པ་མེད་པའི་སྐུས་རིགས་སོ་སོའི་འཕྲིན ་ལས་རྟག་ཏུ་རྒྱན་མི་འཆད་པར་མཛད་པ་དང། དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་རང་རང་མཐུན་པའི་དོན་བྱེད་འདུལ་བྱའི་སྣང་བའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་འབད་པ་མེད་པར་རང་གི་དང་གིས་འབྱུང་བ་ནི་ཨོཾ་ཨ(རྒྱུད་འགྲེལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་གཅིག་ཏུ་གྱུར་པ་ཉིད་དང། སྒྲོ་སྐུར་དང་བྲལ་བ་ཉིད་ན་དེ་བཞིན་གཤེགས་པ་དང་གང་ཟག་གི་ཁྱད་པར་ཏེ། རང་གི་ངོ་བོས་ནི་གཅིག་ལ་རྟག་ཏུ་འབྱུང་བ་དང་རྗེས་འཇོག་ཏུ་གནས་པས་རྣམ་པར་དག་པ་དང། རྣམ ་པར་དག་པས་འདིའི་ཞེས་འགའ་ལ་ཡང་མི་གནས་པའི་ཨེ་ཨི་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་ཨི་རིགས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གཟུགས་ཅན་མ་ཡིན་པ་དང། སྐྱེ་འཇིག་མེད་པ་དང། ཡུལ་ལ་མི་གནས་པ་དང། འགྲོ་འོང་མེད་པ་དང། ཕྱི ་དང་ནང་གི་ཆོས་ཐམས་ཅད་དེའི་ངོ་བོར་གཅིག་པ་དང། ཟུག་རྡུ་གང་གི་ཀྱང་མ་གོས་པའི་ཡེ་ཤེས་སྣང་བ་མེད་པ་ལ་སོགས་པ་འབྲས་བུའི་ལུས་བརྒྱད་དང་ལྡན་པ་དང། མཚན་མ་ཐམས་ཅད་རང་གྲོལ་བས་དབང་པོ་རང་ཞི་ཞིང་མིང་གིས་དབེན?་པའི་ཟུང ་འཇུག་རྒྱུད་ལས་སྐྱེས་པ་ནི། རིགས་ཐམས་ཅད་ཡེ་ཤེས་ཐམས་ཅད་ཉིད་ཡིན་པས་རྩོད་འདས་ཞེས་བྱ་སྟེ། དབྱེ་བ་མེད་པ་ལ་ཨ་ཨཱ་ཞེས་བྱའོ། །དེ་རྟོགས་པར་བྱ་བ་ནི་རྣམ་པར་རྟོག་པའི་བློའི་ཁྱད་པར་ནང་རྟེན་ཅིང་འབྲེལ་ཏེ་འབྱུང་བས་འཇུག་སྟེ། སྠི་ཏོ་ཧྲི ་དི་ཞེས་བྱ་བ་ནི་རེ་ཤིག་པའི་གནས་མཚོན་པ་སྟེ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་སོགས་པའོ། །ཛྙཱ་ན་ཞེས་བྱ་བ་ན་དགའ་བ་དང་མཆོག་ཏུ་དགའ་བ་དང། དགའ་བྲལ་དང། ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་གནས ་དེ་དག་ཏུ་རྙེད་པར་འགྱུར་པའོ། །མུ་རྟི་ཞེས་བྱ་བ་ནི་སྤྱི་གཙུག་ལ་བྱ་སྟེ། ཕྲ་མོའི་རྣལ་འབྱོར་གྱི་སྦྱོར་བས་འཁྲུལ་འཁོར་གྱི་སྦྱོར་བས་ལམ་ངེས་པར་སྦྱངས་ནས་ཐིག་ལེའི་རྣལ་འབྱོར་གྱིས་ཤིགས་པ་མེད་པའི་ཡི་གེ་ཧཾ་ལས་བྱང་ཆུབ་ཀྱི་སེམས ་འཛག་པ་འདྲེན་ཅིང་རོལ་པ་བདེ་བ་རྙེད་པར་འགྱུར་བའོ། །ར་ནི་ར་སྟེ་ཆགས་པ་ཆེན་པོའི་སྦྱོར་བས་འོག་ནས་འབྱུང་བའི་བཅོམ་ལྡན་འདས་མའི་ཡེ་ཤེས་དེ་ཉིད་ཧཾ་མོ། །ཇི་ལྟར་རྣལ་འབྱོར་དུ་བྱ་བ་ནི་ར་སྟེ་རྡོ་རྗེ་དང་པདྨའོ། །དེ་ཡང་ཡེ་ཤེས་ཀྱི་བྱེད་པ་པོ་དང ་ཕྲད་པ་ལས་བྱང་ཆུབ་ཀྱི་སེམས་གཉིས་ནི་ཨ་དང་བུདྡྷིའོ། །དེ་ཉིད་ནང་གིས་འཇུག་པའི་རིམ་པས་རྟོགས་པར་གྱུར་པ་ནི་བུདྡྷཱ་ནཱཾ་ངོ། །དགའ་བ་གསུམ་ལྷན་ཅིག་སྐྱེས་པའི་ངོ་བོར་འབྱུང་བ་དང། ལྷན་ཅིག་སྐྱེས་པ་དུས་གསུམ་དུ་འབྱུང་བ་ནི་ཏྲཡེ་དྡྷཝ ་བརྟི་ནཱཾ་ངོ། །མན་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཇི་ལྟར་ཉམས་སུ་བླང་བ་ཡང་དབྱེར་མི་ཕྱེད་པའི་ཡེ་ཤེས་བློའི་ཡུལ་རིང་དུ་གྱུར་པ་ནི་བཛྲ་ཏཱིཀྵཏཱ་འོ། །དེ་ལྟར་ཡང་སྡུག་བསྔལ་གཅོད་པར་ནུས་པ་ཡང་མ་ཡིན་ཏེ། དམ་པའི་ཞབས ་ཀྱི་པདྨ?་ལ་བཏུད་པའི་དྲིན་གྱིས། སྐད་ཅིག་ལ་རྙེད་པར་གྱུར་པས་དུ(རྒྱུད་འགྲེལ་མུ་རྟེ་ནི་རྒྱུན་ཏེ་བཞི་པའོ། །ཡ་ནི་ཡ་ཏེ་གནས་པའི་དོན་ནོ། །དེ་ཉིད་གཉུག་མའི་ཡེ་ཤེས་རང་གི་མཚན་ཉིད་དུ་བྱས་པ་ནི་ཛྙཱ་ན་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཡིན་པར་ཀཱ་ཡ་བཱཀ་གོ། ཡང་ནི་བ་གཱི་ཤྭ་ར ་ནི་གསུང་གི་དབང་ཕྱུག་གི་རྒྱུད་པས་དེ་ཉིད་ཤེས་པས་བྱ་སྟེ། ལུང་དང་རང་གི་རིགས་པ་དང་བླ་མའི་གདམས་ངག་གིས་ཤེས་གཞན་དུ་བསྟན་ཏོ། ། ལ་སོགས་པའི་དོན་ནི་སྐྱེ་བ་མེད་པའི་བདེ་བ་ཆེན་པོའི་སྙིང་པོ་ཞེས་དང། མངོན་པར་ཞེན་པ་དང་གྲལ ་བའི་སྟོབས་ཀྱིས་དམ་ཚིག་གི་སྤྱོད་པ་དང། རིགས་པས་ཐམས་ཅད་ཀྱང་དེ་བཞིན་བསྡུ་བ་དང། དེ་ཁོ་ན་ཉིད་རེ་རེ་དང་བྲལ་བ་དང། ཞེས་བྱ་བའི་དོན་ལ་ཡང་མི་གནས་པའོ། །འདི་ལྟར་ནི་བཤད་ཟིན་པ་དང་སྦྱར་རོ། ། ལས་འབྱུང་བ་ནི་སངས་རྒྱས་ཀྱི ་རྒྱུད་དོན་ཨའོ། །དོན་ཆོས་ལ་སོགས་པ་ནི་དོན་ཆེ་བས་ཕན་ཡོན་ཆེ་བ་འབྱུང་བས་ན་སྐྱེ་བ་མེད་པའི་སྙིང་རྗེའི་སྙིང་པོ་ཅན་ནི་ཡི་གེ་དམ་པ་ཨ་ལས་འབྱུང་བ་ཡིན་ནོ་ཞེས་བྱའོ། །མཆོག་ནི་མཆོད་པ་དང་བརྗོད་བཞི་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་སྟེ། ཁོང ་ནས་འབྱུང་བས་ན་སྲོག་གོ་།དེའི་ཕྱིར་སྐྱེ་བ་མེད་པ་མཚོན་པར་ནུས་ཏེ། དཔེར་ན་སྲོག་གི་རླུང་འགགས་ན་ཐམས་ཅད་འགག་པར་འགྱུར་བ་བཞིན་ནོ། །བརྗོད་པ་དང་བྲལ་བས་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། བརྗོད་པ་ནི་མིང་ཡིན་ལ་དེ་ལས་བློ་སྐྱེ་བའི་ཕྱིར་རོ། ་ཐམས་ཅད་དུ་བརྗོད་པ་མ་བཀག་པ་ནི་མ་ཡིན་ཏེ། སྲོག་ཡིན་པས་རྒྱུར་འགྱུར་ལ། ཡན་ལག་གི་གསལ་བར་བྱེད་པའོ། །དེ་ལྟར་ཡི་གེ་གཙོ་བོ་ལས་མངོན་པར་འཕེན་པ་ནི་དཀྱིལ་འཁོར་གྱི་འཁོར་ཐམས་ཅད་ཀྱི་ས་བོན་དང། སྙིང་པོ་དང་སྔགས་སུ་གྱུར ་པའོ། །གསལ་ཡིག་མ་འཕེལ་བ་མ་ཡིན་ཏེ། སྲོག་ཏུ་བརྗོད་པའི་ཕྱིར་དང། བཅུ་གཅིག་པའི་ཐིག་ལེས་ཐབས་ཀྱི་རང་བཞིན་བཟུང་བའོ། །ཐབས་སུ་མི་འགྱུར་བ་མ་ཡིན་ཏེ། མཁའ་འགྲོ་མ་དྲ་བའི་གུར་ལས། བདེ་བ་ཆེན་པོ་འཁོར་བ་ཁྱབ། །བདེ་བ་སྤངས་ན ་དེ་མ་ཡིན། ཞེས་པས། ཐིག་ལེ་སྤངས་པ་ལ་རྙེད་པར་མ་གསུངས་སོ། །བདེ་བ་ཆེན་པོ་ནི་ཤེས་རབ་མ་ཡིན་ཏེ། དེ་ཉིད་ལས། བུད་མེད་བཟང་མོའི་རེག་བདེ་བ། །གླུ་ཐོས་པ་ཡི་ཞི་བ་བདེ། །རི་བསྣམས་པ་ཡི་བདེ་བ་ཆེ། །སྐྱེས་ནས་རེག་པའི་བདེ་བ་ཆེ། ། ་བཅུད་ལེན་རབ་ཏུ་སྦྱོར་བ་ཡིས། །བདེ་བ་སུ་ཞིག་འགོག་པར་བྱེད། །ཅེས་གསུངས་པས་ན། ཤེས་རབ་དང་ཐབས་ཐ་མི་དད་པ་ཉིད་ལས་དཀྱིལ་འཁོར་པ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར་མཆོད་པ་ཆེན་པོ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། འདོད་ཆགས་དང། འདུ་ཤེས་དང། མེའི་ཁམས་རྣམ་པར་དག་པ་ནི་མཆོད་པ་ཆེན་པོ་སྟེ་བདེ་བའོ། །དེས་རྒྱུ་དང་འབྲས་བུའི་སྐབས་སུ་སེམས་ཅན་ཐམས་ཅད་དགའ་བར་བྱེད་དོ། །ཞེ་སྡང་དང། རྣམ་པར་ཤེས་པ་དང། ཆུའི་ཁམས ་རྣམ་པར་དག་པ་ནི་ཞེ་སྡང་ཆེན་པོ་སྟེ་མཆོད་པའོ། །དེས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཅོད་པར་བྱེད་དོ། །གཏི་མུག་དང་གཟུགས་དང། སའི་ཁམས་རྣམ་པར་དག་པ་ནི་གཉིས་མེད་དེ། གཏི་མུག་ཆེན་པོའི་མཆོད་པའོ། །དེ་མི་ཤེས་ཤིང་??་?? ་པས་ན་གཏི་མུག་བློ་སྟེ་མ་རིག་པའི་རྩ་བ་ཅན་གྱི་གཏི་མུག་སེལ་ཏོ། །ཕྲག་དོག་དང། འདུ་བྱེད་དང། རླུང་གི་ཁམས་རྣམ་པར་དག་པ་ནི་འགྲོ་འོད་མེད་པའི་རང་གྲོལ་དུ་གྱུར་པ་སྟེ། ཕྲག་དོག་ཆེན་པོའི་མཆོད་པའོ། །དེ་ཡང་ཐ་མལ་པའི་ཕྲག་དོག་གཅོད་པར་བྱེད་པས་ན། ཆེ་བ་ཞེས་བྱའོ། །སེར་སྣ་དང། ཚོར་བ་རྣམ་པར་དག་པའི་ཁམས་ནི་བློ་ཡིས་མ་སྦགས་པ་སྟེ། ཆགས་པ་ཆེན་པོའི་མཆོད་པའོ། །དེས་མངོན་པར་ཞེན་པ་ཐམས་ཅད་སེལ་བར་བྱེད་དོ། །དེ་ལྟར་འཁོར་བའི་རྣམ་པར་དག་པ་རིགས་དང་དེ ་བཞིན་གཤེགས་པར་བསྟན་ལ། དེ་ཡང་ཡེ་ཤེས་ཀྱི་དག་པར་བྱས་ལ་རྩོད་འདས་སུ་ཤེས་པར་བྱའོ། །བསྟན་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། ཕལ་བའི་རྣམ་པར་སྤངས་པའི་ཕྱིར། །བསྒོམ་པའི་ཡང་དག་རབ་ཏུ་གྲགས། །བལ་བའི་རང་བཞིན ་སྤངས་ནས་ནི། །སྒོམ་པ་དེ་ནི་སྒོམ་པ་མིན། །ཞེས་གསུངས་པས་སོ། །འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལས་སེམས་བསྐྱེད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། དགའ་བ་དང་མཆོག་ཏུ་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བ་དང། དགའ་ ་བྲལ་གྱི་མཚན་ཉིད་ནི། འདོད་ཆགས་ཆེན་པོ་དང། བདེ་བ་ཆེན་པོ་དང། མགུ་བ་ཆེན་པོ་སྟེ། དེ་ཡང་སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག། བདེ་བའི་ཡེ་ཤེས་ཟ་བ་ཉིད། །རྣམ་པར་ཉེས་པ་སྤྱོད་པར་བརྗོད། ། ་བདག་གིས་བདེ་བ་སྤྱོད་དོ་ཞེས། །མཚན་ཉིད་བྲལ་ལ་གསུམ་ལས་གཞན། །ཆགས་དང་ཆགས་མེད་རྣམ་པར་སྤངས། ཞེས་གསུངས་པས་ཞེས་བྱའོ། །གཟུགས་ཆེན་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་རང་བཞིན་དུ་བཤད་པར་བྱ་བ། དེ་ཡོང་ཡེ་ཤེས ་ལ་དབང་བ་དང། ཉོན་མོངས་པ་ལ་དབང་བ་དང། རླུང་ལ་དབང་བ་དང། བདུད་ལ་དབང་བ་སྟེ། དེ་ཡང་གཟུགས་ལུས་ཆེ་བ་དང། ཁ་དོག་དབྱིངས་ཆེ་བ་དང། མིང་དང་རྒྱ་ཆེ་བ་དང། དཀྱིལ་འཁོར་ཆེ་ཞེང་ཡངས་པ་སྟེ། བརྔ་དང་ཉམས་སུ་མྱོང ་བརྟོགས་པ་དང། དོན་གཅིག་པ་ཉིད་ཀྱིས་གཟུགས་དང་དོན་ལུས་ནི་སྣང་བ་ཐམས་ཅད་དེ། ཆེན་པོ་ནི་བརྔར་གྱུར་པའི་དོན་བསམ་གྱིས་མི་ཁྱབ་པ་ཉིད་དུའོ། །ཁ་དོག་དང་ལུས་ནི་བྱེ་བྲག་འཛིན་པའི་ཤེས་པ་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ངོ། །ཆེ་བ་ནི་མཆོད ་པ་མཆོག་གི་དུས་སུའོ། །སྙིང་པོར་གྱུར་པ་ནི་དེ་བཞིན་ཉིད་རིག་པ་སྟེ། དེ་བས་ན། རང་རིག་པ་ཡི་བདག་ཉིད་དེ། །བདག་པ་གཞན་གྱིས་གྲོལ་མི་འགྱུར། ཞེས་གསུངས་པས་སོ། །མིང་དང་རྒྱ་ཆེ་བ་ནི་ཇི་སྲིད་དུ་མིང་དུ་བཏགས་པ་དེ་སྲིད་བརྟགས་པའི་རྟོགས ་པ་སྟེ། དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་ནི་རླུང་ལྔའི་བདག་ཉིད་བཅུའི་མིང་ཅན་རྣམ་ཤེས་ཀྱི་བཞོན་པ་སྟེ། དེ་ཡང་དག་པར་བྱེད་པ་ནི་བླ་མའི་ཞབས་ཀྱི་པདམོ་ལས་རྙེད་པའོ། །ཐམས་ཅད་ལྷན་ཅིག་སྐྱེས་པའི་འཇུག་པ་ཉིད་ཀྱིས་ཆེ་བ་སྟེ། དེ་ནི་ཡང་དག་པ་མ ་ཡིན་པའི་རྟོག་པའི་ཆོས་མཛའ་དག་གི་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅས་པའི་སྲིད་པའི་ཆུ་ཡི་རྐང་པ་སྟེ། སྲིད་པའི་ཤིང་སྤངས་ཤིང་གཏོར་བས་སྐྱེས་པ་ལས་ཤིན་ཏུ་རིང་དུ་སྐྱེས་ནས་འདོད་པའི་འབྲས་བུ་མིག་དགའ་བསྐྱེད་པ་དང། རྣ་བ་བདེ་བ་བྱེད་པ་དང ་དྲི་ཞིམ་པ་དང། རོ་ཞིམ་པ་མཁྲང་ཞིང་སྦོམ་ལ་སྣ་ཚོགས་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་ཅིང། རྒྱུ་གསར་དུ་བསྐྱེད་པའི་སྲེད་པ་ལས་ལྡོག་པར་འགྱུར། ཞེས་གསུངས་པས་སོ། །དཀྱིལ་འཁོར་ཆེན་པོ་ནི ་སྐུ་གཞི་དབྱེར་མེད་འཁོར་ལོ་སྟེ། བདེ་བ་ཆེན་པོར་གཅིག་པས་ཡངས་པའོ། །དེ་ཉིད་ལ་དངོས་གྲུབ་དང་བར་དུ་གཅད་པ་མི་གནས་པའི་དོན་ཏོ། །དམན་པ་རྣམས་ཀྱིས་ནི་ལུས་ངག་གི་བརྡས་སོ། །ཤེས་རབ་མཚོན་ཆེན་པོ་ལ་སོགས་པས་ནི་ཆོས ་བཤད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། །དོན་གཅིག་པ་དང། མ་རྨོངས་པ་དང། ཐབས་མང་བ་དང། དཀའ་བ་མེད་པའོ། །དེ་ཉིད་དགག་སྒྲུབ་དང་བྲལ་བ་དང་ཉམས་སུ་མྱོང་བ་དང། ཕྱག་རྒྱ་བཞི་པ་དང། འབྲས་བུ་ལམ་དུ་བྱེད་པོའོ། ། ་དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིགས་པས་དབུ་མར་ཤེས་པར་བྱ་སྟེ། དེ་ནི་མཚོན་ཆེན་པོ་ཡིན་པས། སྒྲོ་བཏགས་ཀུན་ལས་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག་།ཅེས་བཤད་པ་ཡང་མིང་དུ་བཏགས་པ ་དང། བློ་ཡིས་བཏགས་པ་ཐམས་ཅད་གྲོལ་བ་ཡེ་ཤེས་ཀྱི་རྒྱུད་ཉིད་དུ་འཆང་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། རླུང་གནས་སུ་ཞུགས་པའི་མན་ངག་ནི་ལྕགས་ཀྱུ་ཆེན་པོའོ། །དེ་ཡང་སྤྱིའི་རྣམ་པ་ལས་གྲོལ་བ་སྟེ། སྤྱིའི་རྣམ་པ ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འོན་ཀྱང་སྒྲ་ལས་སྐྱེས་པ་ཡི། རྣམ་རྟོག་གཟུགས་བརྙན་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །རང་གི་མཚན་ཉིད་ནི། ལྷན་ཅིག་སྐྱེས་པའི་ངོ་བོ་དང། །མཆོག་མཛའ་དགའ་བྲལ་དང་པོ་ཅན། །མུན་པ ་ལས་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་གསུངས་པའི་ཕྱིར་མཆོག་གོ་།གྲགས་ཆེན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྙན་པར་གྲགས་པ་ནི་ཐབས་ཆོ་བ་ལ་སོགས་པའོ། །སྣང་བ་ཆེན་པོ་ནི་བདག་དང་གཞན་གྱི ་དོན་ཕུན་སུམ་ཆོགས་པའི་འབྲས་བུ་སྟེ། དེ་ཉིད་རྒྱུའི་དུས་ཉིད་དུ་རང་གི་ངོ་བོར་གྱུར་པ་གསལ་བ་ཆེ་ཞེས་པའོ། །ཐ་དད་པ་མ་ཡིན་ཏེ། དེའི་རང་བཞིན་དེ་ཡིན་ཕྱིར། །དེ་ཡི་ནུས་པ་དེ་ལ་གནས། །དེ་ཕྱིར་དེ་ཡི་རང་བཞིན་ནོ། །ལམ་ཉིད་ནས་ནི་བསྒོམ་པར་བྱ་ཞེས ་གསུངས་པས་སོ། །མཁས་པ་ལ་སོགས་པ་ཕྲིན་ལས་ཀྱི་རང་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་རིགས་མཛའ་ཡས་པ་རིགས་གཅིག་ཏུ་བྱེད་པ་ཡང་རིགས་མཐུན་པ་གཉེན་པོར་བྱེད་པ་དང། རིགས་ཀྱི་མཚན་མ་དངོས་གྲུབ་བསྒྲུབ་པ་དང། ཆོས་ཐམས ་ཅད་ལྷན་ཅིག་སྐྱེས་པར་བྱེད་པའི་ལས་སོ། །དེ་ནས་རྣམ་འཕྲུལ་སྣ་ཚོགས་པ་གཅིག་པ་ཉིད་དང། ཐབས་ཁྱད་པར་ཅན་ཉིད་དང་རྗེས་སུ་མཐུན་པས་བྱིན་གྱིས་བརླབས་པ་ཉིད་དང། འཁྲུལ་པ་ཞིག་པའི་རང་བཞིན་ཏེ། དེ་ནི་དཔེར་ན་ཆུ་ཟླ་དང། དུག་གིས ་དུག་བསོ་བ་དང། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་དང། ཆུ་རྣམས་རྒྱ་མཚོ་ཆེན་པོར་ལན་ཚར་རོ་གཅིག་པ་བཞིན་ནོ། །དེ་ལྟ་བས་ན། མཁས་པ་ནི་བདེ་བ་ཆེན་པོ་སྟེ། བདེན་པ་གཉིས་ལས་ཡོངས་སུ་གྲུབ་པས་སོ། །སྒྱུ་འཕྲུལ་ཆེན་པོ་ནི་དེ ་ཉིད་ལས་རིགས་སྣང་བའོ། །འཆང་བ་ནི་མངའ་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། གང་གཱ་ཀླུང་བཅུའི་བྱེ་མ་དང་མཚུངས་པ། རིགས་གཅིག་པ་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལས་རིགས་ནི་དུམ་སྟེ། །རིགས་དེ་ལས་ནི་རིག་ནི་དུམ་བརྒྱ། །དེ ་ལས་ཡང་ནི་བཟའ་འབུཾ་ཆེན་པོ་སྟེ། །རིགས་ནི་ས་ཡ་ཕྲག་མང་པོ་ཡིན་པས། །མི་ཡི་རིགས་ནི་གྲངས་མེད་དེ། །དམ་པ་དགའ་བའི་རིགས་ལས་འབྱུང་བའོ་ཞེས་གསུངས་པའི་ཕྱིར་རོ། །སྒྱུ་འཕྲུལ་ཆེན་པོ་ནི་བསྐྱེད་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ། ་དེ་དག་གི་དགོས་པ་ནི་ཀུན་ཏུ་བརྟགས་པ་བྱེད་པར་བྱེད་པའི་དོན་ཏེ། དེ་ཡང་བསྐྱེད་པའི་རིམ་པའི་ཡི་གེ་ཕྱོགས། །གང་དང་གང་གིས་འཇིག་རྟེན་བཅིངས། །དེ་དང་དེ་ནི་བཅིངས་ལས་གྲོལ། །དེ་ཉིད་མི་ཤེས་འཇིག་རྟེན་འཆིང། །དེ་ཉིད་རྣམ་སྤངས་གྲུབ ་མི་ཐོབ། ཅེས་གསུངས་པས་སོ། །མཚན་མས་མཚན་མ་འཇིག་པ་མི་འཐད་པ་མ་ཡིན་ཏེ། དེ་ཡང། ཞལ་ཕྱག་ཁ་དོག་དབྱིབས་ལས་ནི། །འོན་ཀྱང་ཐ་མལ་བག་ཆགས་འཇིག་།དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམ ་ཅད་འཆི་བ་སྟེ། །དུག་གི་དེ་ཉིད་ཤེས་དེ་ཡིས། །དུག་གི་དུག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བསམ་མདོན་གྲུབ་པ་ཞེས་བྱའོ། །དགའ་བ་ནི་སྔར་བཞིན་ལ། དེ་བས་དགའ་བ་ནི་རིགས་ཀྱི་མཚན་མ་མཚན་པའོ། ། ་དེའི་དགོས་པ་ནི་དགོས་པས་གཞན་ལྡོག་པ་དང། དོན་གྲུབ་མྱུར་དུ་གྲུབ་པའི་ཕྱག་རྒྱའོ། །དེ་ཡང་དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་གྱུར་པར་བསམ་མོ། །ཞེས་གསུངས་པ་ནི་འཁོར་རྣམས་ཡེ་ཤེས་ལ་དམིགས་པ་ཡིན་པའི་ཕྱིར་ལུས ་སྦངས་སེམས་སྦངས་ཀྱིས། བསྒྲུབ་བྱ་ཟུང་འཇུག་བསྒྲུབ་པར་བྱ་བའི་རྒྱུ་ཉིད་དུ་གསུངས་སོ། །མ་ངེས་པ་མ་ཡིན་ཏེ། ཡེ་ཤེས་མངོན་དུ་གྱུར་པ་ཉིད་ཀྱིས། གཙོ་བོས་ནི་བདེ་བ་ཆེན་པོ་མཚོན་པའོ། །སྒྱུ་འཕྲུལ་ཆེན་པོ་ནི་ཆོས་ཐམས་ཅད་དེ། དེའི་མཚན ་ཉིད་ནི་མི་འཕྲུལ་ལྟ་བུའོ། །ཅན་ཞེས་བྱ་བ་ནི་སེམས་ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར་པ་ནི་སངས་རྒྱས་ཉིད་དེ། འཇིག་རྟེན་ཁམས་ནི་གང་ནས་ཀྱང། །གཞན་དུ་སངས་རྒྱས་མི་རྙེད་དེ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ ་བསྟན་དུ་མེད་ཅེས་གསུངས་པས་སོ། །སྦྱིན་བདག་ཆེན་པོ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་བཤད་པ་བྱ་སྟེ། སྦྱིན་བདག་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ཆེན་པོ་ལ་སོགས་པ་ཡང་ངོ། །གཙོ་བོ་ཆེན་པོ་ནི་འདེ་བ ་ཆེན་པོའི་ཉམས་མྱོང་གིས་སྒེག་པའོ། །འཆང་བ་ནི་བརྒྱུད་པའི་གཞུང་ལུགས་ཀྱི་ཕྲེང་བ་འཛིན་པ་སྟེ། དེ་ཉིད་ལས་མི་འངའ་བའ་ཨི་དོན་གྱིས་ན་མཆོག་གོ་།བསྟན་པ་ནི་རང་འབྱུང་གི་ཡེ་ཤེས་ཀྱི་རྒྱུད་ལ་གོམས་པའོ། །བརྟུལ་བ་ནི་སྣ་ཚོགས་པ ་ཐམས་ཅད་རྡོ་རྗེ་འཆང་གི་གར་དུ་གོམས་པ་སྟེ། དེ་ཡང་ཁམས་གསུམ་སྣ་ཚོགས་པ་འདི་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟར་ལ་ལར་ནི་སྙིང་རྗེ་དང་སྲིན་པོའི་བདག་ཉིད་དོ། །ལ་ལར་ནི་མི་སྣང་བ་དང། མུ་ཅོར་དུ་སྨྲ་བར་རོ། །ལ་ལར་ནི་སྲེད་པ ་དང་ནོར་བུ་བཞིན་ནོ། །ལ་ལར་གཉིད་ལོག་པ་དང་སད་ཅིང་བསྡམས་པར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་སོ། །ཏིང་འཛིན་གནས་ནི་བློ་ཡི་མ་བ་སླང་བའི་མེ་ཏོག་གོ་།ལུས་འཆད་པ་ནི་དབང་པོ་རང་སྣང་བའི་འདུག་པའོ། །སྟོབས་དང་ཐབས་ནི་ལྟོས ་པ་མེད་པར་རང་ཉིད་གསལ་བ་སྟེ། དེ་ཡང་ཆུ་བོ་ཀླུང་འབབ་རྒྱུན་དང་ནི། །མར་མེ་འབར་བའི་རྩེ་མོ་བཞིན། །སྔགས་ཀྱི་དེ་རིགས་རྣལ་འབྱོར་པས། །རྒྱུན་མི་འཆད་པའི་བསམ་གཏན་བསྒོམ། །ཞེས་པ་གསུངས་པས་སོ། །རྒྱན་ཚོ་ནི་བདག་གཞན་གྱིས་དབྱེ་བ ་སྤངས་པའི་ཡེ་ཤེས་ཀྱི་ཕྱུག་པ་ཆེན་པོའོ། །མ་ཆགས་པ་དང། མི་འདའ་བ་དང། མ་འཁྲུག་པ་དང། བར་ཆད་མེད་པ་དང། རྩེ་གཅིག་པ་དང། རྒྱ་ཆེ་བ་དང། མི་ཐུང་བ་དང། ཚོགས་ཆུང་བ་དང། དོན་འབྱུང་བ་དང། ཟུང་དུ་འཇུག་པར་ཡང་སྦྱར་རོ། །གཉིས ་ལྡན་པ་ནི་ཐམས་ཅད་ལ་ཁྱབ་པར་སྦྱང་བའི་ཐ་ཚིག་གོ་།བྱམས་ཆེན་ལ་སོགས་པ་ནི་མེ་ཡོང་ལྟ་བུའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། ཕྱོགས་མེད་པར་སྣང་བ་དང། ཉམས་སུ་མྱོང་བ་དང། མཚན་མའི་རློམ་སེམས་དང་བྲལ་བ་དང། འབར་བ་ལ་རག་མ་ལས ་བར་སྣང་བའོ། །དེ་ཡང་བྱམས་པའི་བྱམས་པ་ཆེན་པོ་སྟེ། དེའི་རང་བཞིན་དཔག་ཏུ་མེད་པ་སྟེ་ཚད་མ་བཤད་པའོ། །སྙིང་རྗེ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་ཉམས་མྱོང་སྟེ། བློ་ཐམས་ཅད་ལས་མཆོག་ཏུ་གྲུབ་པའོ། །ཤེས་རབ་ཆེན་པོ་ནི་དམིགས་པ་དང ་མི་གནས་པ་སྟེ། འབྲས་བུ་དང་ཤེས་རབ་དང་ལྡན་པའོ། །མཁས་པ་ཆེན་པོ་ནི་འཁྲུལ་པ་ཞིག་པ་སྟེ། རང་གི་ངང་གིས་འབྱུང་བས་ན་ཐབས་ཆེན་ཞེས་བྱའོ། །རྫུ་འཕྲུལ་ཆེན་པོ་མཉམ་སྙོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བཤད་པར་བྱ་སྟེ། སྣང་བརྟགས ་མཉམ་པ་ཉིད་དང། རྒྱུ་འབྲས་དང། དཔེ་དོན་དང། འཁོར་འདས་མཉམ་པ་ཉིད་དོ། །དེ་ཡང་རྫུ་འཕྲུལ་ཆེན་པོ་ནི་གཟུགས་ལ་སོགས་པ་སྟེ། རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་སྐྱེ་བ་མེད་པའི་སྟོབས་དང ་ལྡན་པའོ། །ཤུགས་ཆེན་ཞེས་བྱ་བ་ནི་ཐེ་ཙོམ་མེད་པ་སྟེ། གཉུག་མའི་ཤེས་པ་རྒྱུར་བཏགས་པ་ཉིད་ལ་འབྲས་བུ་ཡང་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། བསྐལ་པ་དུ་མ་ལ་རག་མ་ལས་པས་མགྱོགས་པ་ཆེན་པོ་ཐ་དད་པ་མ་ཡིན་ཏེ། ཉེ་བར་ཡིན ་པའི་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པར་དགོས་པ་ལས་འདིར་མི་ལྡན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུར་མ་གྲུབ་ཕྱིར། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། ཅེས་གསུངས་པས་སོ། །རྫུ་འཕྲུལ་ཆེན་པོ་འདྲ་བས་འདྲ་བ་མཚོན་པར་ནུས་པ་སྟེ། དེ ་ཡང་དངོས་མ་ཡིན་པ་ཉིད་དོ། །དེ་བས་ན་མེ་ལོང་གི་ནང་དུ་བྱང་ཀྱིས་གཟུགས་བརྙན་འགྱུར་བ་དེ་བྱང་དུ་མི་འགྱུར་བ་དང་འདྲའོ་ཞེས་གསུངས་སོ། །གཞན་དག་ལ་ཁྱད་པར་ནི་དཔེ་དོན་དེ་དག་ཡོད་པ་མ་ཡིན་ཏེ། ལས་ཀྱི་ཕྱག་རྒྱ་ལ་རྟེན་ནས། །ཆོས་ཀྱི ་ཕྱག་རྒྱ་རྣམ་པར་སྒོམ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །གང་ལས་དམ་ཚིག་འབྱུང་བའོ། །ཞེས་བཤད་པ་ཡང། །དེ་ལྟ་ན་ནི་རྣལ་འབྱོར་བའི། ཉམས་སུ་མྱོང་བ་སྐྱེ་མི་འགྱུར་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཚད་མར་དབྱེ་བ་ཡང་བརྒྱ་ལ་ཡུལ་བའི་སེམས ་ཀྱི་མཚོན་ཆ་མངོན་སུམ་དུ་བྱས་ན་ནི། ཚེ་འདི་ཉིད་ལ་སངས་རྒྱས་སམ་རྡོ་རྗེ་སེམས་དཔའ་ཉིད་ཀྱང་ཐོབ་ལ་སེམས་ཅན་གང་གིས་མཚོན་བྱ་ཇི་ལྟར་བསྟན་པ་བཞིན་མཚོན་ནམ་བསྟན་པ་ཙམ་གྱིས་བསམ་མི་ཁྱབ་པའི་གནས་མ་རྙེད་ཀྱི་བར་དུ་མཐོ་རིས ་དག་ཏུ་བདེ་བླག་ཏུ་འགྱུར་རོ་ཞེས་གསུངས་པས་ན་ཆེར་གྲགས་ཞེས་བྱའོ། །སྟོབས་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་སྟེ། རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱི་ཕ་རོལ་གནོན་པ་སྟེ། བདག་ཉིད་གཅིག་པུ་ཤེས་པར་བྱའོ། །སྲིད་པའི་རི་ལ ་སོགས་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་པ་དང། རྟོགས་ཤིང་མྱོང་ནས་རྒྱུད་ལ་གོམས་པར་བྱ་བ་དང། བག་ཆགས་གཅིག་གཅད་པས་གཅོད་པ་དང། གཉིས་སུ་ཞེན་པས་གཉིས་མེད་དུ་རྟོགས ་པའོ། །དེ་ཡང་སྲིད་པ་ནི་མ་རིག་པ་སྟེ། རི་བོ་ཆེན་པོ་ནི་ཁམས་གསུམ་པའོ། །འཇོམས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འདིར་རིག་པའོ། །མཁྲིགས་ཤིང་ཞེས་བྱ་བ་ནི། རྡོ་རྗེ་ཆེན་པོའི་མཚན་ཉིད་དེ། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན ་མི་ཤིགས་པ་ནི་མི་ཉམས་པས། །སྟོང་པ་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་པས་སོ། །འཆང་བ་ནི་བདེ་བ་དང་ཐ་མི་དད་པ་སྟེ། འབྲས་བུ་ཐམས་ཅད་པ་ཉིད་ཀྱི་བར་དུའོ། །དྲག་པོ་ཆེན་པོ་ནི་རྙེད་པར་གྱུར་པའོ། །དྲག་ཤུལ་ཆེ་ཞེས་པ་ནི་བག་ཆགས་ཐམས་ཅད ་ཀྱི་ཡེ་ཤེས་ངོ་བོར་མཁྱེན་ནས་གཉེན་པོ་མེད་པ་སྟེ། དེ་བས་ན་བསོད་ནམས་སྡིག་པ་དག་དང་འབྲེལ་མང་བ་ཞེས་གསུངས་སོ། །འཇིགས་པ་ཆེན་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་ཡང་འཇིགས་པར་བྱེད་པ་ནི་དུས་གསུམ་གྱི་ཆ་དང་བྲལ་བའི་ཡེ་ཤེས་སོ། །མགོན ་པོ་རིགས་མཆོག་ལ་སོགས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བཤད་པར་བྱ་སྟེ། རིགས་གཅིག་ཏུ་ནན་ཏན་བྱ་བ་དང། བླ་མས་བསྟན་པའི་དོན་དང། དེ་ཉིད་ལམ་དུ་བྱ་བ་དང་རང་དང་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པ་ལ་ནན་ཏན་དུ་བྱ་བའོ། །དེ་ཡང་མགོན ་པོ་ནི་སངས་རྒྱས་སོ། །རིགས་མཆོག་ནི་ལྔའོ། །ཆེན་པོ་སྟེ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རིགས་སོ། །བླ་མ་གསང་སྔགས་ནི་བླ་མས་བསྟན་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དེ། ཆོས་ཐམས་ཅད་ལ་རབ་ཏུ་མི་གནས་པའི་ཟུང་འཇུག་ནི་ཆེ་བའི་མཆོག་གོ་།དེ་ཉིད ་ལམ་དུ་བྱེད་པ་ནི་ཚུལ་ལ་གནས་པའོ། །དེས་ཇི་ལྟ་བུར་འགྱུར་ཞེ་ན། རང་དང་གཞན་གྱི་ཕུན་སུམ་ཚོགས་པ་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་བྱའོ། །དོན་མཆོག་མ་ཡིན་པར་བསྟན་པ་ཡང། གཞན་དོན་ཕུན་སུམ་ཚོགས་སངས་རྒྱས་ཀྱི། འབྲས་བུ་གཙོ ་བོར་བཤད་པ་སྟེ། །སངས་རྒྱས་ལ་སོགས་གོ་འཕང་གཞན། །དེས་ན་དོན་དེ་འབྲས་བུར་བརྗོད་ཅེས་གསུངས་སོ། །མ་ནིང་གི་ཡི་གེ་ནི། སྡུད་པར་བྱེད་པ་ཉི་ཀྱིས་ལྕགས་ཀྱུ་ལ་སོགས་པའི་རྣམ་པར་དག་པ་སྟེ། ཡེ་ཤེས་མཐར་ཐུག་པ་མཚོན ་པའི་ཕྱིར་རོ། །སངས་རྒྱས་ལ་སོགས་པ་རྒྱུད་ཉིད་དུ་བཤད་པར་བྱ་སྟེ་།སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས། །རྣམ་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་དང་འཁོར་ལོ་སྒྱུར་བའོ། །མཛད ་པ་ནི་སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུའོ། །དབྱེར་མི་ཕྱེད་པ་ནི་ཆེ་བ་སྟེ། རང་བཞིན་ཉིད་ཀྱིས་གནས་པའི་ངོ་བོ་ཉིད་ཀྱི་སྐུའོ། །ཐུབ་པ་ཆེན་པོ་ནི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན་པའོ། །གང་གིས་མཐུ་དང་ལྡན་ཞེ་ན། ཐུབ་ཆེན་ལྡན་ཞེས་བྱ་སྟེ། ་དུས་རྟག་ཏུ་མཉམ་པར་བཞག་པ་དང་ལྡན་པའོ། །འབྲས་བུ་དེ་དང་ཉེ་བར་གྱུར་པ་ནི་གསང་སྔགས་ཀྱི་ཚུལ་ཆེན་པོ་སྟེ། དེ་ཡང་ཕྱི་རོལ་ནང་དང་གནས་འདི་ཀུན། །ཡང་དག་ཏུ་ནི་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ནོ། །བྲལ་བའི་ཕྱིར་ནི་གཟུགས ་བརྙན་བཞིན། །ཞེས་གསུངས་པ་ནི། མངོན་པར་ཞེས་པ་དང་བྲལ་བའི་གཟུགས་བརྙན་ཙམ་མམ། འདི་ནི་གཟུགས་བརྙན་ནོ། །ཞེས་བཏགས་པ་ཙམ་ཡང་བྲལ་བ་ནི་མཛའ་བཞིས་དབེན་པའི་དབུ་མ་ཆེན་པོའོ། །དེ་ཉིད་ལ་ཡང་གསུངས་པ། སྣ་ཚོགས ་རྟག་པ་མ་ཡིན་ཞིང། །ཆད་པར་ཡང་ནི་ཁས་མི་ལེན། །རྟག་དང་ཆད་པ་གཉི་ག་མེད། །གཉི་ག་ཡིན་པ་མ་ཡིན་པ། །མཛའ་བཞི་ལས་ནི་རྣམ་གྲོལ་པ། །དེ་ནི་དབུ་མ་པ་ཡི་རིགས་ཅེས་གསུངས་པ་བཞིན་དུ་མིང་དུ་བཏགས་པ་དང་བློ་ཡིས་བཏགས་པ་སྣ་ཚོགས་དཔེར་ན་ཤིང་སྣ་ཚོགས་པ་ལ་མེ་བྱུང་བའི་དུས་ན་མེ་ལྕེ་གཅིག་ཏུ་གནས་སོ། །ཤིང་ཟད་པའི་དུས་ནི་མེད་དེ་ཉིད་གནས་པ་བཞིན་དུ་མིང་དུ་བཏགས་པ་དང་བློ་ཡིས་བཏགས་པ་སྣ་ཚོགས་པ་ལ་སྐྱེ་བ་མེད་པའི་མེ་ལྕེ་གཅིག་ཏུ ་གྱུར་ནས་གང་གཞན་གྱི་སྒྲོ་འདོགས་ཟད་པ་དེའི་ཚེ། སྐྱེ་བ་མེད་ཙམ་ལ་ཡང་མི་གནས་པ་སྟེ་ཀོ་བོ་ནི་འདོད་པས་སྟོང་པའི་ཕྱིར་རོ། །དེ་ཡང། སེམས་རང་གི་སྐལ་བར་བྱ་བའི་ཕྱིར། །སློབ་དཔོན་གསང་བ་ཤེས་རབ་དང། སྲིན་པོར??་ལྷར་ཡང་བཞི ་པ། །ཞེས་གསུངས་པ་ཉིད་ཀྱིས། །ཕྱིའི་ཚུལ་ལ་འཇུག་པའི་སྦྱོར་བ་ནི་མ་ཡིན་ཏེ། དབང་བསྐུར་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམས་ཞེས་བྱ། །ཞེས་གསུངས་པ་ཉིད་ཀྱིས་ནང་གི་བདག་ཉིད་ཅན་དུ་བྱ་བའི་ཐ་ཚིག་སྟེ། གཞན ་དུ་རྒྱས་པར་བསྟན་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །འོན་ཀྱང་ཅུང་ཟད་ཙམ་ཞིག་བསྟན་པར་བྱ་སྟེ། དང་པོར་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག་།དགའ་བྲལ་དགའ་བ་གསུམ་པ་སྟེ། །བཞི་བ་ལྷན་ཅིག་སྐྱེས་པ་བརྗོད། ་ཅེས་གསུངས་པས་མཚོན་པའི་བཞི་པ་བསྟན་པའོ། །མཚོན་པར་བྱེད་པ་དགའ་བྲལ་ནི་མ་ཡིན་ཏེ། དང་པོ་དགའ་བ་འགྲོ་བའི་ཚུལ། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བ་འགྲོ་བ་སྟེ། །གསུམ་པ་ལྷན་ཅིག་སྐྱེས་མེད་དོ ་ཞེས་གསུངས་པས་སོ། །དེ་དག་ཏུ་ཇི་ལྟར་རིག་པའི་ཚུལ་ནི། དེ་ལྟར་སློབ་མའི་སྤྱོད་ཡུལ་དུ། །རོ་གཅིག་པར་ཡང་བྱ་བ་ཉིད། །རང་རིག་ཡེ་ཤེས་གྱུར་ན་ནི། །རང་བཞན་རིག་པ་སྤངས་པ་ཡིན། །མཁས་མ་ཉམ་རྡུལ་བྲལ་སྟོང་པ་སྟེ། །དངོས་དང ་དངོས་མེད་བདག་ཉིད་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་བདེ་བ་རྙེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཡེ་ཤེས་བརྟན་པར་བྱེད་པ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གྱིས་།ཁྱོད་ཀྱིས་སྲོག་ཆག་པ་བསད་པར་བྱ ་མ་བྱིན་པར་ཡང་བླང་བར་བྱ། །མ་ཚངས་པར་ཡང་སྤྱད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་གསུངས་པ་ནི། ཤེས་པའི་གནས་སྐབས་ཀྱིས་ཤེས་པར་བྱའོ། །དེ་ལས་གཞན་པ་ཡང། །ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ ་གསུམ་མཆོག་བསྒྲུབ་པར་བྱ། །བཤད་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་ཡང་ཐོབ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག ་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བ་ལང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་དགུ་པ་མཆོག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྤྱད་པར་བྱའོ། །གལ་ཏེ་རྙེད ་པར་དཀའ་བ་དང། ལས་དང་པོ་པར་གྱུར་ན། ཤ་རྣམས་ཐམས་ཅད་མེད་ན་ཡང། །ཐམས་ཅད་བསམ་པ་རྣམ་པར་དག་ཅེས་བསམ་པའི་སྟོབས་སྦྱང་བར་བྱའོ། །གཞན་འགྲུབ་པའི་ཐབས་ནི་འགྱུར་ཕྱིར་དང། ནོར་ལ་སོགས་པ་བསྒྲུབ་ཕྱིར་དང། ་སེམས་ཅན་དོན་དུ་དེ་ཉིད་བཅས། །བརྟུལ་ཞུགས་ཞལ་གྱིས་བཞེས་པ་ཡིན། །ཞེས་པས་དྲོད་དང་འབྲེལ་བར་སྤྱད་པར་བྱའོ། །གཞན་ཡང། གང་གིས་ཤེས་ན་མིང་པོ་སྟེ། །སྲིང་མོ་ཡང་ནི་ཐ་ཙམ་མེད། ཅེས་པས་བརྔ་དང་མཚན་མས ་ཤེས་པར་བྱས་ལ། གནས་ལ་སོགས་པའི་ཕྱི་ནང་དུ་སྦྱར་བ་དང། སྐྱེ་བ་བདུན་པའི་བསྒྲུབ་པ་བརྩམ་པར་བྱའོ། །དེ་དག་ཐམས་ཅད་ཀྱི་བྱེ་དཔ་པོར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པས་མཉེས་པར་བྱའོ། །དེ་ལྟ་བུའི་རྒྱུད་སྦྱང་ཞེས་གྲོལ་བར་བྱ་བ ་ནི། རིམ་པ་གཉིས་ཀྱི་ཁྱད་པར་ཏེ། དེ་ཡང་བསྐྱེད་པའི་རིམ་པ་དང། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་ཆོས་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། ལས་དང་པོ་པ་རྣམས་ཀྱིས་བསྐྱེད་པའི ་རིམ་པའོ། །རྣལ་འབྱོར་པས་བསྒོམ་པར་བྱ་བ་སྟེ། དེ་ཡང་བསྐྱེད་པའི་རིམ་པའི་ངོ་བོ་ཉིད། །དང་པོར་རེ་ཤིག་ཤེས་བྱས་ལ་ཞེས་གསུངས་པ་ཉིད་ཀྱི་རེ་ཤིག་པའི་རྣལ་འབྱོར་ལ་གནས་པར་བྱའོ། །དེ་དག་གིས་སྦྱོར་བར་འགྱུར་བ་ཡང། ་གཟུགས་སོགས་ཡུལ་ནི་གཞན་དག་ཀྱང། །རྣལ་འབྱོར་པ་ལ་གང་སྣང་བ། །དེ་ཀུན་དག་པའི་རང་བཞིན་ཏེ། །འགྲོ་བ་སངས་རྒྱས་རང་བཞིན་ཉིད། ཅེས་གསུངས་པ་བསྒོམ་པར་བྱའོ། །གཞན་ཡང་རྫོགས་པའི་རིམ་པ་ནི་དབང་པོ་མཆོག་གི་རྣལ ་འབྱོར་གྱིས་བསྒོམ་པར་བྱ་སྟེ། དེ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །འབད་པ་ཐམས་ཅད་སྤང་བར་བྱ། །ཞེས་གསུངས་པས། འབད་པ་མེད་པའི་རྣལ་འབྱོར་བསམ་གཏན་དུ་བྱའོ། །གཞན་ལ་ནི་སེམས་གཞན་པར་བྱ ་བའི་ཕྱིར། རིན་ཆེན་ཆེན་པོའི་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ་།ཞེས་གསུངས་སོ། །དེ་ལ་།བརྟན་པ་ཅུང་ཞིག་ཐོབ་པ་ཡིས། །རང་བཞིན་གྱིས་ནི་འོད ་གསལ་བ། །ཐམས་ཅད་མ་སྐྱེས་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་ཅེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པའི་མཆོད་པའོ། །གཞན་ཡང། ཐམས་ཅད་རང་བཞིན་འོད་གསལ་བ། ། ་མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་བཞིན་ཞེས་གསུངས་པས། གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བྱ་བའོ། །དེ་ཡང་ནང་གི་སྤྱོད་པ་ལ་མཉམ་པར་མ་བཞག་ན། ཡེ ་ཤེས་ཆེན་པོ་ལས་སེམས་ཐོགས་པ་མེད་པར་མི་འགྱུར་བའི་ཕྱིར། ཡིད་ཕམ་པར་འགྱུར་བའི་གནས་གསུངས་པ་ནི། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །རྒྱལ་ཉིད་སྐྱེ་ཞིང་ཞི་བའི་གནས་རྣམས་ཀུན། །བཤང ་གཅི་ཁུ་བ་སོགས་པས་ཕྱུག་པའམ། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ཞེས་པས་ན། དང་པོ་པས་ཆེད་དུ་བརྗོད་པའི་གནས་པར་རབ་ཏུ་གཅོད་པ་དང་བྲལ་བ། འཚོ་བ་རྙེད་པར་བླ་བ་རྟག་ཏུ་མཆོད་པར་བྱ་བ་ནི། བུད་མེད་སེམས ་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོ་རྙེད་པ། །རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ། །བདག་གི་ཁུ་བམ་མཆོད་པར་བྱ་ཞེས་གསུངས་པའི་དོན་ནི། །དབང་པོ་གཉིས་ནི་མཉམ་བཞག་སྟེ། །མཁས་པས་རང་གི་ཁུ་བ་དག། ་རྣལ་འབྱོར་པས་ནི་རྟག་ཏུ་དབྱུང། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ་ཞེས་གསུངས་པས། དེ་ལ་དངོས་གྲུབ་དུ་འགྱུར་བ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་ཞེས་གསུངས་པ་དང། སྐྱེ་བ་མེད་པའི ་ཡིད་ངལ་སོས་པའི་བདེ་བས་ནི་ཐམས་ཅད་སྤྱད་པར་བྱ་བ་ཁོ་ན་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བརྟེན་ན་ནི། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་འདིས་ནི་རྟེན་གྱི་སྤྱི་འཇིག ་མེད་པའི་རྣལ་འབྱོར་དུ་འགྱུར་རོ། །གཞན་ཡང་རིམ་པ་གཉིས་ཀྱི་གནས་སྐབས་འགའ་ལ་ཡང་བདག་དང་གཞན་གྱི་དོན་དུ་དངོས་གྲུབ་བསྒྲུབ་པ་དང། ཞི་བ་ལ་སོགས་པའི་ལས་སྣ་ཚོགས་པ་ནི་རྫས་འབའ་ཞིག་གིས་འབྱུང་བ་དང། བསམ ་གཏན་ཙམ་གྱིས་འགྲུབ་པ་དང། སྔགས་དང་ལྡན་པས་འགྲུབ་པ་དང། དེ་ཡང་འཁྲུལ་འཁོར་དང་ལྡན་པས་འགྲུབ་པ་སྟེ། དེ་བས་ན་བྱང་ཆུབ་མེད་པར་དགེ་མི་འཇུག་ཅེས་གསུངས་པས། །འགྲོ་བའི་དོན་ཆེན་པོ་ལ་དམིགས་པར་བྱ་བ་སྟེ། ་དེ་ལས་འབྱུང་བ་ནི་འབྲས་བུའོ། །དེ་ལྟར་གསང་སྔགས་ཀྱི་ཚུལ་ཆེན་པོའི་བདག་ཉིད་ཅན་ནི་དམན་པའི་གང་ཟག་གིས་མི་འགྲུབ་སྟེ། དེ་ཡང། ཐོས་པ་ཆུང་ཞིང་ང་རྒྱལ་ལྡན། །སྦ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙན་དན ་ཞེས་བྱའི་གང་ཟག་གོ་།ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་ཏེ། དེ་ཡང་གང་ལ་བཤད་པར་བྱ་བ་ནི། རྫོགས་པའི་རིམ་པའི་སྐལ་ལྡན་ཞིང། །རྟག་ཏུ་སྟོད་པས་རྣམ་པ་རྒྱན་པ། །དེ་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། ། ་ཞེས་གསུངས་སོ། །དེ་ལྟ་བུའི་གང་ཟག་ནི་ཁྱུ་མཆོག་དང་མཚུངས་པ་སྟེ། མངོན་པར་རྙེད་པའི་དོན་དུ་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་རྫོགས་བར་བཤད་པར་བྱ་སྟེ། བཅུ་ནི་སྦྱིན་པ་ལ་སོགས་པ་ལ་བྱ་ལ། །དེ ་ཡང་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྟོབས་དང་སྨོན་ལམ་ཡེ་ཤེས་དང། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་གསུངས་པས། ཁོ་བོ་སངས་རྒྱས་ཀྱི་གསུང་གི་སྡོམས་ལས་མ་རྨོངས་པར་བྱ་བའི་ཕྱིར་རབ་ཏུ ་དབྱེ་བར་བྱ་སྟེ། ཟང་ཟིང་དང། སྐྱབས་དང། ཆོས་ཀྱི་སྦྱིན་པའོ། སྡོམ་པ་དང། དགེ་བ་ཆོས་སྡུད་པ་དང། སེམས་ཅན་གྱི་དོན་བྱེད་པ་ནི་ཚུལ་ཁྲིམས་སོ། །སྡུག་བསྔལ་དང་དུ་ལེན་པ་དང། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང། ཟབ་མོའི་ཆོས་ལ་བཟོད་པའི། །བོ་ཆ་དང། སྡོར ་བ་དང། མཐར་ཕྱིན་པ་ནི་བརྩོན་འགྲུས་སོ། །ཡོན་ཏན་མངོན་པར་གྲུབ་པ་དང། མི་གཡོ་བ་དང། སེམས་ཅན་གྱི་དོན་བྱེད་པ་ནི་བསམ་གཏན་ནོ། །ཐོས་པ་དང། བསམ་པ་དང། བསྒོམ་པ་ནི་ཤེས་རབ་བོ། །རང་གི་སྐྱོན་མི་སྡུད་པ་དང། ཉོན་མོངས་པ་ནི་སྡུད ་མྱུར་དུ་བྱང་ཆུབ་པ་ནི་ཐབས་སོ། །རང་གི་ཚོགས་རྒྱུན་དུ་སོགས་པ་དང། དེ་སེམས་ཅན་གྱི་དོན་དང་འབྲེལ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་པ་ནི་སྨོན་ལམ་མོ། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་འཇུག་པ་དང། ཉོན་མོངས་པ་ནི་སྡུད ་པ་དང། བདུད་དང་རྒོལ་བས་མི་ཚུགས་པ་ནི་སྟོབས། །རྟོག་པ་དང་མི་རྟོག་པ་མཉམ་པར་འབིབས་པ་དང། རོ་གཅིག་པ་དང། ཐམས་ཅད་ལས་མི་འདའ་བ་ན་ཡེ་ཤེས་སོ། །ཐོབ་པ་ནི་དེ་ཐམས་ཅད་ཤེས་རབ་ཀྱིས་ཟིན་པར་ཐུགས་སུ་ཆུད་པའོ། །སྟེ་ཞེས་པས ་གཞན་སྡུད་པའོ། །བཅུ་ལ་གནས་པ་ནི་ལེགས་པར་སྦྱངས་པ་དང། བཅུ་གནས་པ་ཞེས་བྱ་བར་ཡང་སྦྱར་ཏེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་གསུངས་པའི་དོན་ཡིན་ནོ། །བཅུ་པ་དག་ནི་འཁོར་གསུམ་ཡོངས་སུ ་དག་པའི་བསྔོ་བ་སྟེ། ལྡན་པ་ཡང་སྦྱར་བར་བྱའོ། །ཤེས་བཅུ་ནི་ཆོས་ཤེས་པ་དང། རྗེས་སུ་རྟོགས་པ་ཤེས་པ་དང། ཕ་རོལ་གྱི་སེམས་ཤེས་པ་དང། ཀུན་རྫོབ་ཤེས་པ་དང། སྡུག་བསྔལ་ཤེས་པ་དང། ཀུན་འབྱུང་ཤེས ་པ་དང། འགོག་པ་ཤེས་པ་དང། ལམ་ཤེས་པ་དང། ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པའོ། །རྣམ་པར་དག་པའི་བདག་ཉིད་ནི་ཤེས་པར་བྱས་ཤིང། དེ་ཉིད་དང་བྲལ་བས་དབུ་མར་འགྱུར་བའོ། །རྣམ་དག་འཆང་བ་པོ་ནི་སྤང་བྱ་དང་སྤོང་བྱེད ་གཉིས་གཉིས་མེད་དུ་གྱུར་པའི་བདེ་བ་ཆེན་པོ་བརྙེས་པའོ། །རྣམ་པ་བཅུ་པོ་ནི་འཇིག་རྟེན་པའི་ལྟ་བར་ཕལ་ཆེར་འགྱུར་བ་སྟེ། གཅིག་པུར་འཛིན་པ་དང། རྒྱུར་འཛིན་པ་དང། ཟ་བར་འཛིན་པ་དང། བྱེད་པ་པོར་འཛིན་པ་དང། རང་དབང་དུ་འཛིན་པ ་དང། རྟག་པར་འཛིན་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བར་འཛིན་པ་དང། རྣལ་འབྱོར་ཅན་དུ་འཛིན་པ་དང། མ་གྲོལ་བ་གྲོལ་བར་འཛིན་པའོ། །དོན་བཅུ་ཞེས་པ་ནི་འཛིན་པ་བཅུ་རྣམ་པར་དག་པས་དེ་ཁོ་ན་ཉིད་བཅུར་འགྱུར་ལ ་དེ་ཉིད་མིང་དང་བྲལ་བར་འགྱུར་བས་དོན་ཞེས་བྱ་བ་སྟེ། དེ་ཡང་རྩ་བའི་དེ་ཁོ་ན་ཉིད་དང། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང། འབྲས་བུའི་དེ་ཁོ་ན་ཉིད་དང། རྒྱུའི་དེ་ཁོ་ན་ཉིད་དང། རྣམ་པར་དག་པའི་སྦྱོར་ཡུལ་གྱི ་དེ་ཁོ་ན་ཉིད་དང། བསྡུ་བའི་དེ་ཁོ་ན་ཉིད་དང། དབྱེ་བའི་དེ་ཁོ་ན་ཉིད་དང། མཁས་པའི་དེ་ཁོ་ན་ཉིད་དང། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་དོ། །ཐུབ་པའི་དབང་པོའི་དོན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨོ། །སྟོབས་བཅུ་ནི་གནས་དང་གནས་ལམ ་ཡིན་པ་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང། བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་དང། རྣམ་པར་ཐར་པ་དང། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང ་བ་མཁྱེན་པའི་སྟོབས་དང། ལས་དང་ལས་ཀྱི་རྣམ་པར་སྨོན་པའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས ་ཀྱིས་འགྲོ་བའི་དོན་མཛད་པས་མ་ཁྱབ་པའི་བདག་ཅེས་བྱའོ། །དེ་དག་ལ་འཁོར་བའི་སྐྱོན་གྱིས་གོས་པ་མ་ཡིན་ཏེ། རྣམ་བཅུད་པར་ལྡན་ཞེས་བྱ་བ་ནི་དབང་རྣམ་པ་བཅུ་དང་ལྡན་པ་སྟེ། ཚེ་ལ་དབང་བ་དང། ལས་ལ་དབང་བ་དང། ཡོ་བྱད་ལ་དབང་བ་དང། མོས་ལ ་ལ་དབང་བ་དང། སྨོན་ལམ་ལ་དབང་བ་དང། རྫུ་འཕྲུལ་ལ་དབང་བ་དང། སྐྱེ་བ་ལ་དབང་བ་དང། ཆོས་ལ་དབང་བ་དང། སེམས་ལ་དབང་བ་དང། ཡེ་ཤེས་ལ་དབང་བའོ། །ཆེ་བ་པོ་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོ་དང། ཐེག་པ་ཆུང་དུ་དང། ཕྱི་རོལ་པ ་དང་སངས་རྒྱས་ཀྱི་ཆེ་བ་ཐམས་ཅད་དར་ལྡན་པར་བསྟོད་པའོ། །ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་བྱིན་རླབས་ཀྱི་རང་བཞིན་དུ་བཤད་པར་བྱ་སྟེ། རྒྱུས་སྟོང་པས་ན་ཐོགས་མ་མེད་པའོ། །རྐྱེན་དང་བྲལ་བས་ན་སྤྲོས་མེད་བདག་ཅེས་བྱའོ། །དེ་བཞིན་ཉིད་བདག་ནི ་མི་འགྱུར་བའི་ཡེ་ཤེས་སྣང་བ་མེད་པ་དེ་ཉིད་དོ། །དེ་ཡང། སྐུ་དང་གསུང་ཐུགས་རབ་ཏུ་དག་།ནམ་མཁའ་དང་ནི་མཉམ་པ་ཉིད། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །ཅེས་པ་གསུངས་པ་ཉིད་ཀྱིས་དག་པའི་བདག་ཉིད་དོ། ། ་འདེན་པར་སྨྲ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་དབང་པོ་མཆོག་ལས་གསུངས་པ་སྟེ། འདི་ལ་བསལ་བར་བྱ་བ་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་པ་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས ་གསུངས་པ་ལ་སོགས་པའོ། །ཞིང་ཞེས་པ་ནི་གང་དང་གང་འདུལ་བ་ལ་དེ་དང་དེའི་གཟུགས་ཀྱིས་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པར་སྟོན་པའོ། །ཚིགས་མི་འགྱུར་ཞེས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་མཇེད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང། སྨག་རྒྱུ་དང། ་ཆུ་ཟླ་དང། བྲག་ཆ་དང། མིག་ཡོར་དང། སྤྲུལ་པ་ལྟ་བུར་མཁྱེན་ཅིང་གཞན་ལ་ཡང་སྟོན་པར་མཛད་པས་གཉིས་མེད་གཉིས་སུ་མེད་པར་སྟོན་ཞེས་བྱའོ། །དེའི་རྒྱུས་ཡང་དག་པའི་མཛའ་ལ་རྣམ་པར་གནས་ཤིང་བྱིན་གྱིས་བརླབ་པ་མཁའ་ ་ཡང་དེ་ཉིད་ཀྱི་མཐུར་རིག་པར་བྱའོ། །བདག་མེད་ཅེས་བྱ་བ་ནི་དབུགས་དབྱུང་བ་གཉིས་ཀྱིས་ལྟ་བ་གཉིས་མི་གནས་པ་སྟེ། དཔེར་ན་སེང་གེའི་སྒྲས་རི་དགས་ལ་སོགས་པ་ཐམས་ཅད་འཇིགས་པར་བྱེད་པ་ལྟར། བདག་མེད་པའི་སྒྲས་མུ་སྟེགས་ཀྱི་རྟག ་ཆད་གཉིས་འཇིག་པར་བྱེད་དོ། །ཀུན་དུ་འགྲོ་བ་ནི་ཀུན་དུ་བཞུད་པའོ། །ཅི་མཛད་ཅེ་ན། དོན་ཡོད་པའི་སྟོབས་ཀྱིས་བཞུང་པའོ། །ཐམས་ཅད་དུ་མི་འབྱོན་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་བཞུང་པ་ནི། དཔེར་ན་སྔོན་དུ་བགྲོད་པའི་ཡུལ ་ཡིད་འཇུག་པ་ལྟར་མགྱོགས་པའོ། །ཐོག་མ་དང་བཅས་པ་མ་ཡིན་ཏེ། རྒྱལ་བ་ནི་འཁོར་བ་ལས་རྣམ་པར་རྒྱལ་བའོ། །བྱང་ཆུབ་སེམས་དཔའ་དང་མཚུངས་པ་མ་ཡིན་ཏེ། བདུད་བཞི་དང་ཉོན་མོངས་པའི་དགྲ་ལས་རྒྱལ་བའོ། །བྱང་ཆུབ ་སེམས་དཔར་མཛད་པ་མ་ཡིན་ཏེ། རིགས་ཀྱི་འཁོར་ལོས་སྒྱུར་བས་ཆོས་སྟོན་པའོ། །འགལ་བར་དགོངས་པོ་ཆེ་ཞེས་གསུངས་པ་སྟེ། སྤྲུལ་པ་དང་རང་རྒྱུད་ཀྱི་ཁྱད་པར་གྱིས་སོ། །དགོས་པ་རྣམ་པ་གཉིས་ལྟར་མ་ཡིན་ཏེ། གཅིག་གི་རང ་བཞིན་གྱི་ནུས་པས་སྤྲུལ་པ་ཡིན། །འདིར་རྟོགས་པ་དང་སྙིང་རྗེ་དང་སྨན་ལམ་མངོན་དུ་གྱུར་པས་སྣང་བ་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དེའི་སློབ་དཔོན་དུ་གྱུར་པ་ནི་སྤྲུལ་པའི་སྐུའོ། །གཉིས་པ་ནི་རང་སངས་རྒྱས་ཀྱི་དགེ ་འདུན་ཏེ། དེའི་བདག་པོ་ནི་འཁོར་ལོས་སྒྱུར་བའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཏེ། དེའི་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་ནི་དེ་བཞིན་གཤེགས་པ་སྟེ། དེའི་བདག་པོ་ནི་རྡོ་རྗེ་འཆང་ངོ། །དེ་དག་ཐམས་ཅད་ཀྱི་དབང་དང་ལྡན་པ ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨོ། །ཁྱད་པར་བསྟན་པའི་དགོས་པ་ནི་མཐུ་ཆེན་པོ་དང་ལྡན་པའི་རྡོ་རྗེ་འཆང་གིས་སྣོད་དང་ལྡན་པའི་སློབ་མ་ནི་གཅེས་པ་སྟེ། དེ་འཛིན་པར་མཛད་པ་སྟེ། འདིར་ནི་གཞུང་ལུགས་ལ་ཡང་སྦྱར་བར་བྱའོ། །རྣམ་རྟོག་མངན ་བ་མ་ཡིན་ཏེ། དཔེར་ན་དཔག་བསམ་ཤིང་ལ་རྣམ་པར་རྟོག་པ་མེད་ཀྱང་འདོད་ཡོན་མི་འདྲ་བར་འབྱུང་བའི་སོ་སོའི་བསམ་པའི་ཁྱད་པར་གྱིས་སོ། །དེ་བཞིན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་རྣམ་པར་རྟོག་པ་མི་མངའ་ཡང། སེམས་ཅན་གྱི ་བསམ་པའི་སྟོབས་ཀྱིས་སྐུ་སྣ་ཚོགས་སུ་སྣང་བར་འགྱུར་རོ། །སྐྱོན་མེད་པ་མ་ཡིན་ཏེ། བློ་ཆུང་བ་རྣམས་ཟབ་མོ་ལ་འཇིགས་པ་དང། ད་དངས་པ་དང། སྐྲག་པ་དང། སྐྱི་གཡའ་བ་དང། སྐུར་པ་འདེབས་པ་དང། མི་འཇུག་ཅིང་གཞན་དུ་མི་སྟེར་བར ་འགྱུར་བས་བསྟན་པར་མི་བྱའོ། །དེ་ཡང། ཆུང་དུ་རྣམས་ནི་བྲིད་པའི་ཕྱིར། །དེ་ཉིད་ཚོལ་བ་ཐོག་མ་ཡིན། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་མཚུངས་ཤིང་ཆགས་མེད་པ། །ཕྱིས་ནི་རྣམས་པར་བདེན་དོན་ཉིད། །ཅེས་གསུངས་སོ། །རློམ ་སེམས་དང་བཅས་པ་མ་ཡིན་ཏེ། ཚུལ་དང་ཚུལ་ཆེན་པོ་འཆང་ཀྱང་གཞན་གྱི་དྲིང་མི་འཇོག་གོ་།ཡང་ན་མཆོག་ཏུ་གྱུར་པ་གཞན་མི་གནས་པའོ། །ཚིག་ཅེས་པ་ནི། ཨེ་བཾ་སྟེ་རྗེ་བོ་ནི་བཅོམ་ལྡན་འདས་སོ། །གཉིས་པ་ནི་དབྱངས་དང་གསལ ་བྱེད་དེའི་བདག་པོ་ནི་སྐུ་གཉིས་པའོ། །སྨྲ་བ་ནི་མིང་གི་ཆོགས་ཏེ། གཞུང་ལུགས་འཛིན་པས་ན་མཁས་པའོ། །ཚིག་ནི་གླེགས་བམ་གྱི་ཚིག་སྟེ་ལ་ཞེས་པས་དེ་ཉིད་གཞིར་བྱས་ལ། དབང་ནི་ཐབས་སྣ་ཚོགས་པ་སྟོན་པའོ། །ཚིག་ནི་འགྲོ ་བ་མཛའ་ཡས་པའི་སྐད་ལ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་སྒྲོགས་པས་མཛའ་ཡས་སོ། །ཚིག་ནི་ཐེག་པ་ཆེན་པོར་གསུངས་ལ་བདེན་པར་སྨྲ་བ་ནི་བཤད་ཟིན་ཏོ། །སྟེ་ཞེས་པས་ཁྱབ་པར་སྟོན་པའོ། །དེ་ཡང་བརྟགས་པར ་སྡུག་བསྔལ་གྱི་བདེན་པ་དང། རླུང་བཅུ་ཀུན་འབྱུང་གི་བདེན་པ་དང། སྒྱུ་མ་འགོག་པའི་བདེན་པ་དང། སྟོང་པ་ལམ་གྱི་བདེན་པའོ། །ཡང་ན་ལོག་པའི་ཀུན་རྫོབ་དང། ཡང་དག་པའི་ཀུན་རྫོབ་དང། རྣམ་གྲངས ་པའི་དོན་དམ་པའི་བདེན་པ་དང། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་སྟོན་པའོ། །དེ་ལས་གཞན་པ་ནི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་བ་སྟོན་པའོ། །དེ་ལས་བྱུང ་བའི་འབྲས་བུ་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པ་ཕྱིར་མི་འོང། །ཞེས་པ་ནི་འབྲས་བུ་ཐོབ་པ་སྨོས་པས་རྒྱུ་ལ་ཞུགས་པ་ཤེས་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པའི་འབྲས་བུའོ། །རང་རྒྱལ་བསེ་རུའི་ཚུལ་ཞེས་བྱ་བ་ནི་ཚོགས་ན་གནས་པ ་ཡང་ཤེས་པར་བྱ་སྟེ། རང་སངས་རྒྱས་ཀྱི་འབྲས་བུའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །སྣ་ཚོགས་པ་ནི་སོ་སོའི་སྒོའི་ཁྱད་པར་རོ། །སྤོང་པ་བདུན་དང་བཅུའོ། །དེ་ལས ་འབྱུང་བ་ནི་དགེ་སློང་ལ་སོགས་པའི་ཡོན་ཏན་ནི་འབྱུང་བ་ས་ལ་སོགས་པའི་ཆེན་པོ་ནི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བའོ། །རྒྱུ་ནི་བྱེད་པ་པོ་སྟེ་གཅིག་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེའི་ཁྱད་པར་ནི་བདེ ་བ་ཆེན་པོ་མཛའ་གཉིས་ལ་འཇིགས་པ་མེད་པ་ཐོབ་པའོ། །མངོན་ཞེས་གྱི་གདུང་བ་དང་བྲལ་བས། སྟོང་པ་དང། གསལ་བ་དང། བདེ་བ་དང་གིས་འབྱུང་བས་དྲི་མས་མ་གོས་པ་ནི་བསིལ་བར་གྱུར་པས་རྙོག་པ་མེད་ཅེས་པ་སྟེ། ཐུན་མོང་མ ་ཡིན་པའི་ཐེག་པ་ཆེན་པོའོ། །རིག་པ་དང་ནི་ཞེས་པ་ནི་ལྟག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །རྐང་པ་ལྡན་ཞེས་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལས་བདེ་བར་གཤེགས་པ་ལ་སོགས་པའི་ཡོན ་ཏན་འབྱུང་བ་ནི་ཐུན་མོང་གི་ཐེག་པ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱི་སྟོན་པར་གྱུར་པའི་འདྲེན་པ་ཞེས་གསུངས་སོ། །བདག་གི་ལ་སོགས་པ་ནི་གཉིས་དང་བྲལ་བའོ། །བདེན་པ་ལ་སོགས་པ་ནི་གཉིས་སུ་མེད་པའོ། །འཁོར་བ་ལ་སོགས་པ་ནི་ཡོངས་སུ་དག་པའི་དི་མ་མེད ་པའི་ཆོས་ཕུན་སུམ་ཚོགས་པའོ། །བྱ་བ་དང་བྲལ་བ་ནི་འབད་པ་དང་བྲལ་བའོ། །དེས་ཉོན་མོངས་པའི་འདམ་མི་གནས་པ་ནི་སྐམ་སར་གནས་ཞེས་བྱའོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་ལྷན་ཅིག ་སྐྱེས་པ་སྟེ། དེས་གཟུགས་ལ་སོགས་པ་འཇོམས་པས་ཐམས་ཅད་དམ་པའི་ཆོས་སུ་འགྱུར་ཏེ། གཉུག་མ་འོད་གསལ་བའི་ཆོས་ཀྱི་རྒྱལ་པོ་དང་ལྡན་ནོ། །དེ་བས་འཇིག་རྟེན་པ་ཐམས་ཅད་ལ་སྣང་བར་བྱེད་པ་ནི་མཆོག་རྒྱ་ཆེན་པོ་ཉིད་དོ། །ཁོ་བོ་ནི ་མིག་ནས་པའི་ས་བོན་ལས་མི་གནས་པའི་འབྲས་བུར་འབྱུང་ཞེས་བརྟགས་པ་ལྟར་འདིར་ཡང་རྣལ་འབྱོར་གྱི་ཡེ་ཤེས་སུ་བྱ་བའི་ཕྱིར། ཆོས་ནི་སྣ་ཚོགས་ཆོས་ཀྱི་དབང་ཕྱུག་ནི་སེམས་སོ། །ཆོས་རྣམས་རིགས་བརྒྱད་ལ་མཆོག་གི། རྒྱལ་པོ་ནི་ལྷན ་ཅིག་སྐྱེས་པ་སྟེ། དེ་ལེགས་པར་སངས་རྒྱས་ཀྱི་ལམ་སྟོན་པའི་ཕྱིར། ཐེ་ཚོམ་ལས་ནི་གནས་སོ། །དོན་ནི་གཟུགས་ལ་སོགས་པ་སྟེ། གྲུབ་པ་ནི་རང་གི་ངོ་བོར་རོ། །བསམ་པ་ནི་མ་བཅོས་པ་སྟེ་གྲུབ་པ་ནི་བརྟགས་པ་མི་གནས་པའོ། །རྣམ་པར་མི་རྟོག ་པའི་དབྱིངས་ནི་བསྟན་པ་ཐོས་པ་དང་འཕེལ་བ་དང། འགྲིབ་པ་མེད་པས་མི་ཟད་པ་ཞེས་བྱའོ། །དེའི་ཕྱིར་ཟང་མི་ཤེས་པ་ཞེས་བྱའོ། །དེའི་ཕྱིར་ཟད་མི་ཤེས་ཞེས་གསུངས་ཏེ། རྒྱུན་ཆད་ལ་མིག་ནས་སོ། །བསོད་ནམས་ལྡན་པའི་རྡོ་རྗེ་སློབ་དཔོན་མཆོག་མ་ཡིན་ཏེ། བསོད་ནམས་ཀྱི་ཤུགས་ཀྱིས ་བསྐྱེད་པའི་ཕྱག་རྒྱ་སྟེ། མ་ཡོ་ཤེས་ནི་གཟུགས་བརྙན་གྱི་ལྷན་ཅིག་སྐྱེས་བ་བསྒོམས་པ་ལ་སོགས་པའོ། །ཡེ་ཤེས་ཁྱད་པར་ཆེ་ཞེས་པ་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་སྟེ། ངོ་བོ་ཉིད་ཀྱི་རྣལ་འབྱོར་པ་ནི་ཡེ་ཤེས་ལྡན་པའོ། །དེ་ནི་དོགས་པ་མེད་པའི ་བདེ་བ་དང། སྟོང་པ་ཉིད་ཆེན་པོ་གཉིས་ཟུང་འཇུག་ཏུ་ཐ་དད་པ་ཡོད་པ་མེད་ཅེས་བྱའོ། །དེ་ལ་བློ་དང་རང་གི་བྱེ་བྲག་གིས་ཐུན་མིང་དང་ཐུན་མོང་མ་ཡིན་པ་ལ་སྦྱར་བར་བྱ་སྟེ། སྤང་བྱ་དང་སྤོང་བྱེད་གཉིས་གཉིས་ལ་མི་གནས་ཞེས་བྱ་བ་དྲའི། ་སྤང་བྱ་གཉིས་མེད་དང་སྤོང་བྱེད་གཉིས་མེད་ནི་གཉིས་སུ་མེད་པ་སྟེ། དེ་ཡང་མི་གནས་པ་ནི་ཚོགས་གཉིས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྣལ་འབྱོར་ཅན་ཞེས་པ་ནི་བདེན་པ་ཡང་བྲལ་བའི་མི་གནས་པའོ། །བསམ་གཏན་ནི་རྩེ་གཅིག་པའོ། ། ་བསམ་བྱ་ནི་བློ་སྟེ། དེ་རང་གི་ངོ་བོར་ལྡན་པས་མ་ཆོག་ཅེས་བྱ་སྟེ། རང་བྱུང་བས་དུས་གསུམ་ལ་མི་གནས་སོ། །དེ་ཡང་རང་རིག་པའི་ངོ་བོར་བསྟན་པའི་ཕྱིར། སོ་སོ་རང་རིག་ཅེས་པ་ནི་རྐྱེན་གཞན་ལས་རག་མ་ལས་པའོ། །མི་གཡོ་བ་ནི་མི་བསྐྱོད ་པ་སྟེ། གཉིས་མེད་གཉིས་ལ་མི་བསྐྱོད་པ་དང། གཉིས་ཀྱིས་གཉིས་མེད་མི་བསྐྱོད་པ་སྟེ། འཁྲུལ་བ་དང་མ་འཁྲུལ་པའི་བྱེ་བྲག་གིས་སོ། །དེ་ཉིད་ནི་དཔལ་མཆོག་དང་པོའི་སྐྱེས་བུ་སྟེ། བཅོམ་ལྡན་འདས་སོ། །དང་པོ་ཞེས་པ་ནི་ཟླ་བ་ཚེས ་གཅིག་པ་ལྟ་བུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའོ། །སྐུ་གསུམ་ལ་སོགས་པ་ནི་དེ་ཉིད་ལ་ཐམས་ཅད་མངའ་བའོ། །ཅོད་པན་ཞེས་པ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །སྐྱེ་པ་པོ་ཞེས་པ་ནི་ཐམས་ཅད་ཀྱི་དབྱེ་བ་པོའོ། །སྤས? ་པོ་ཞེས་བྱ་བ་ནི་རྒྱལ་པོ་ཕྲུག་གུ་ལྟ་བུ་སྟེ། མངོན་སུམ་དུ་མ་གྱུར་པ་ལ་དགོངས་པའོ། །དམ་པའི་མཆོག་ཅེས་པ་ནི་སྲས་ལ་ཁྱད་པར་དུ་གྱུར་པའོ། །སྐྱེ་གནས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། ཤེས་པ་སྲིང་པ་གསུམ་དུ་འབྱུང་ལ། །སྲིད་གསུམ་སྐྱེ་བ་མེད་པའི ་སེམས་ཀྱི་རང་བཞིན་དུ་རིག་པས་སྐྱེ་གནས་མོང་པའོ། །དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། ཆོས་ཀྱི་གཟུགས་ལ་སོགས་པའོ། །དེ་ལས་འབྱུང་བ་ནི་སྲིད་པ་གསུམ་མོ། །དེ་རྟེན་འབྲེལ་ལས་སྐྱེས་པའི་སྦྱོར་བའི་རང་བཞིན་མེད་པ་ནི་སེལ་ཞེས་བྱའོ། །དུ ་མའི་རྙོག་པ་ཅན་མ་ཡིན་ཏེ། གཅིག་པུ་ཞེས་བྱ་བའི་དོན་བཤད་ཟིན་ཏེ། ལམ་གྱི་རྙོག་པ་ཅན་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་བྱ་བའི་དོན་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་བཞིན་དུ་ཆོས་ཐམས་ཅད་ཀྱི་བདག་པོར་གྱིས་པས་སོ། །རིས? ་པའི་རྙོག་པ་ཅན་མ་ཡིན་ཏེ། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི་རྒྱུ་ལས་མ་སྐྱེས་པ་སྟེ། རྐྱེན་ལ་རག་མ་ལས་པར་རང་འབྱུང་བའོ། །བཏང་སྙོམས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། དཔེར་ན་མེས་བསྲེགས་ཤིང་གསལ་བར་བྱེད་པ་ལྟར། འདིར་ཡང་མེ་བོ་ཆེ་ཞེས་ནི། ་མུན་པ་ལ་ནི་མར་མེ་བཞིན་ཞེས་བྱ་བ་སྟེ་བཤད་ཟིན་ཏོ། འོད་ཆེན་ལ་སོགས་པའོ་།མ་རིག་པའི་རྙོག་པ་ཅན་མ་ཡིན་ཏེ། ཡེ་ཤེས་སྐར་མ་ལམ་མི་བ་ཞེས་བྱ་བ་རྩོད་བཞི་ཐེ་ཚོམ་མེད་པར་བྱེད་པའོ། །ཕྱོགས་ཀྱི་རྙོག ་པ་ཅན་མ་ཡིན་ཏེ། འགྲོ་བའི་ལ་སོགས་པས་སོ། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔར་དབྱེར་མི་ཕྱེ་བ་སྟེ། རང་བཞིན་གྱིས་འོད་གསལ་བས་རྟག་པའི་རྙོག་པ་ཐམས་ཅད་དང་བྲལ་བའོ། །ད་ནི་དེ་ཉིད་མྱ་ངན་ལས་འདས་པའི་འཁོར་ལོར་སྣང ་བར་བཤད་པར་བྱ་སྟེ། སྔགས་མཆོག་ནི་ཡེ་ཤེས་ལ་གསུངས་ལ། མངའ་བདག་ནི་རིགས་ཐམས་ཅད་ཀྱིའོ། །རིག་སྔགས་ལ་སོགས་བ་ནི་བཤད་ཟིན་ཏེ། །དེས་ཅི་མཛད་ཅེ་ན། འགྲོ་བ་ཀུན་དགའ་བར་བྱེད་པའི་སྙིང་རྗེའི་དམིགས་པ་དང་ལྡན་པས ་སོ། །དྲང་སོང་ནི་རྒྱུན་དག་པ་སྟེ་ཆེ་དགུ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་སོ། །དེས་མཆོད་ཅིང་བརྗོད་པའི་གནས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨོ། །ཞེས་དགོངས་སོ། །དེ་ལ་རྣལ་འབྱོར་མཆོག་གི་མཆོད་བརྗོད་ཇི་ལྟར་བྱ་བའི་ཚུལ་བཤད་པར ་བྱ་སྟེ། རིགས་གསུམ་ནི་སྐུ་གསུང་ཐུགས་འཆང་པ་ནི་གསུང་བ་གསུམ་པཐ་མི་དད་པར་རོ། །གསང་སྔགས་ནི་ཐབས་དང་ཤེས་རབ་སྟེ། ནང་གི་བདག་ཉིད་དུ་ལྡན་པ་ལ་ཅན་ཞེས་བྱའོ། །དེ་ལ་ཡང། ལཱ་ལ་ཤེས་རབ་རབ་བཞིན་ཏེ། རཱ་ས་ཐབས་སུ་ཡང་དག ་གནས། ། བ་དྷཱུ་ཏཱི་དབུས་ནས་སུ། །གཟུང་དང་འཛིན་པ་སྦངས་བའི་ཞེས་གསུངས་བས་སོ། །དམ་ཚིག་ཆེན་པོ་ནི་ལྷན་ཅིག་སྟེ། གསང་སྔགས་འཛིན་པ་ཡང་ཨེ་བོཾ་གྱི་རྣམ་གྲངས་ཐམས་ཅད་ཐ་མི་དང་པའོ། །གཙོ་བོ་ནི ་འཇིག་རྟེན་གྱི་སྐྱབས་སུ་གྱུར་པའོ། །དཀོན་མཆོག་གསུམ་འཇིན་པ་ནི་ནང་གི་དཀོན་མཆོག་གསུམ་སྟེ། དེ་ལས་སྟོང་པ་སྙིང་རྗེ་ཐ་དད་མེད། །སེམས་ནི་གང་དུ་རབ་སྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ་ཞེས་གསུངས ་པའི་ཕྱིར་རོ། །ཐེག་པ་ཉན་ཐོས་ལ་སོགས་པ་སྟེ། དཀོན་མཆོག་གསུམ་ནི་རྣམ་དག་ཏུ་སྟོན་པའོ། །དོན་ཡོད་ཞགས་པ་ནི་རྣམ་པར་སྣང་མཛད་དོ། །རྣམ་པར་རྒྱལ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འཛིན་པ་ཆེན་པོ་ནི་མི་བསྐྱོད་པའོ། །རྡོ་རྗེ་ཞགས་པ་ནི་སྣད་བ ་མཛའ་ཡས་སོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཆེན་པོའི་ཞགས་བས་སེམས་ཅན་བསྐྱེད་པ་དང་དབང་བསྐུར་བའི་ཡེ་ཤེས་ཀྱིས་འཁོར་བ་ལས་རྒྱལ་བ་དང། དེ་ཁོ་ན་ཉིད་ཆེན་པོ་འཛིན་པ་དང། སྙིང་རྗེའི་ཞགས་པས་འཁིར?་འང ་འཇུག་ཀྱང་སྐྱོན་གྱིས་མ་གོས་པ་དང། དམ་ཚིག་གི་ལྕགས་ཀྱུས་འགྲོ་བའི་དོན་དུ་ཕྲིན་ལས་མཛད་པའི་རིགས་ཀྱི་འཁོར་ལོ་བརྗོད་པ་སྟེ། དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་ནས་བཤད་པའི་བར ་གྱིས་ཡོན་ཏན་གྱི་རྣམ་གྲངས་སུ་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ནི་རྟགས་སོ། །གཉིས་པ་ནི་ཞེ་སྡང་ལ་སོགས་པ་དག་པར་བྱེད་བས་དོན་དེ་ཉིད་ཀྱི་རྒྱུད་ལས་སོ། །ཁྲོ་བོའི་རྒྱལ་པོ་ནི་མ་རྟོགས་པ་དང་རྟོགས་པའི་ཁྱད་པར་གྱིས་བདེ་བ་དང་སྡུག ་བསྔལ་གཅོད་པ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །གདོང་དྲུག་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་པའི་རྒྱུད་ལས་གསུངས་སོ། །དེ་ཡང་སྐུ་དང་གསུང་དང་ཐུགས་དང། ཡེ་ཤེས་དང་དམ་ཚིག་དང། ཡོན་ཏན་གྱི་མཚན་ཉིད་ཀུན་རྫོབ ་ཀྱི་ཐིག་ལེ་དང། དབྱངས་ཡིག་བཅུ་གཉིས་དང། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང། བསམ་གྱིས་མི་ཁྱབ་པ་དང། དམིགས་པ་མེད་པའི་སྙིང་རྗེ་དང། དེ་དང་ཐ་མི་དད་པའི་དམ་ཚིག་ནི་བདེ་བ་དང། དུས་ཀྱི་རླུང་ཟིན་པ་དང། ཟུང་དུ་འཇུག་པ་དང། ཐམས་ཅད ་གཅིག་པ་དང། རེ་བ་མེད་པའི་སྨོན་ལམ་དང། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་བལྟས་ལ་ཟུག་རྡུ་མེད་པ་དང། རྒྱུན་མི་འཆད་པ་དང། སྒྲོ་མ་བཏགས་པ་དང། རང་ཉིད་འབྱུང་བ་དང། རེ་བ་མེད་པ་དང། སྒྲོ་འདོགས་ཆོད་པའི་ལག་ཏུ་ཐོགས ་བས་ཕྱག་རྒྱ་ཆེན་པོའི་སྟོབས་དང་ལྡན་པའོ། །རིག་པ་མཆོག་གི་རྒྱུད་ལས་སོ། །ཀེང་རུས་ནི་སྙིང་པོ་མཚོན་བ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་སྣང་པར་གྱུར་པ་སྟེ། རྡོ་རྗེ་སྲང་ལུས ་ཀྱི་རྒྱུད་ལས་སོ། །ཧ་ལ་ཧ་ལ་ནི་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པ་སྟེ། དོན་ཡོང་ཞགས་པའི་རྒྱུད་ལས་སོ། །གདོང་བརྒྱ་པ་ནི་གདུལ་བྱའི་རྣམ་རྟོག་དང་མཐུན་པར་འབྱུང་བས་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །གཤིན ་རྗེ་གཤེད་པོ་ནི་འཇིག་རྟེན་པ་དང། ཐེག་པ་དང། ཐེག་པ་ཆེན་པོ་ལ་གནས་པ་སྟེ། དེ་རྣམས་དང་ལམ་དང། རྣལ་འབྱོར་གྱི་འཇོམས་པ་ནི་གསང་བ་འདུས་པ་ལས་སོ། །བགེགས་ནི་ཉོན་མོངས་པ་དང། སྣང་བ་དང། རྣམ་པ་རྟོག་པ་དང། བདུད་དེ་དེ་དག་ལྷན་ཅིག ་སྐྱེས་པ་དང། སྐྱེ་བ་མེད་པ་དང། གཉུག་མ་དང། དོན་གཅིག་པ་ཉིད་ཀྱིས་རྒྱལ་བ་ནི་རྣམ་པར་སྣང་མཛད། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རྡོ་རྗེ་ཤུགས་ཆེན་ནི་རྒྱུ་འབྲས་དབྱེར་མེད་པ་སྟེ། དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །འཇིགས་པར་བྱེད་པ་ནི ་རིགས་པའི་མཐུས་གཏི་མུག་ཉིད་དེ་བཞིན་ཉིད་དུ་གྱུར་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ལས་སོ། །རྡོ་རྗེ་གྲགས་པ་ནི་ཡེ་ཤེས་ཉིད་སྣ་ཚོགས་སུ་གྲགས་པ་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །རྡོ་རྗེ་སྙིང་ཞེས་བྱ་བ་ནི་ཡེ་ཤེས་ཧྲ?་ཇི་བསྙེན? ་པར་གྱུར་པ་སྟེ། ཟླ་གསང་ནོར་བུ་ཐིག་ལེ་རྒྱན་ཀྱི་རྒྱུད་ལས་སོ། །སྒྱུ་འཕྲུལ་ཞེས་པ་ནི་ཐམས་ཅད་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་དང་འདྲ་བར་བསྟན་པ་སྟེ། ཁྲི་དྲུག་སྟོང་པ་འདི་ཉིད་ལས་སོ། །རྡོ་རྗེ་གསུས་པོ་ཆེ་ནི་ཐུང་འཇུག? ་གིས་ཡིང་རྒྱས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས་སོ། །རྡོ་རྗེ་ལས་སྐྱེས་ནི་སེམས་བདེ་བ་ཆེན་པོ་ལས་སྣ་ཚོགས་སྐྱེས་པ་སྟེ། འབྱུང་ཕྱོགས་བཞག་པའི་རྒྱུད་ལས་སོ། །རྡོ་རྗེ་བདག་ཅེས་པ་ནི་སྣ་ཚོགས་བདེ་བ་ཆེན་པོ་ཉིད་དུ་བསྟན་པ་སྟེ། རྡོ་རྗེ་ས་འོག་གི ་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོན་བར་འདྲ་བ་ཞེས་པ་ནི་སྐྱེས་པ་དང། ཐིམ་པ་གཉིས་ཀྱིས་གཅིག་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ནམ་མཁའ་འཛིན་གྱི་རྒྱུད་ལས་སོ། །མི་གཡོ་བ་ཞེས་བྱ་བ་ནི་སྔར་བཤད་དོ། །ཧེ་རུ་ཀ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རལ་པ ་གཅིག་གིས་བསྒྱིངས་ཞེས་པ་ནི། རང་གི་ངོ་བོར་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གིས་བསྐྱིངས་ཤིང། དབང་པོ་ཐམས་ཅད་ཉམས་མྱོང་གཅིག་གིས་བསྒྱིངས་པ་སྟེ། རྡོ་རྗེ་ཙོད་པན་གྱི་རྒྱུད་ལས་སོ། །གླང་ཆེན་ཀོ་རློན་གོས་སུ་གྱོན ་ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པ་དང། ཐབས་དང་ཤེས་རབ་རྒྱུད་ལ་གོམས་པར་བྱ་བ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །གྲག་ཆེན་ཧ་ཧ་ཞེས་སྒྲོགས་པ་ཞེས་པ་ནི། མཛའ་གཉིས་སེལ་བ་དང། ཐབས་དང་ཤེས་རབ་ཀྱི ་གསང་བ་གཞན་ལ་བསྒྲག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཧི་ཧི་ཞེས་སྒྲོགས་པ་ཞེས་པ་ནི། རང་རྒྱུད་ལ་སྦྱོར་བ་སྟེ། ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་ལས་སོ། །འཇིགས་བར་བྱེད་པ་ཞེས་པ་ནི། རྟག་ཆང་ཀྱི་མཛའ་དང་བྲལ ་བ་སྟེ། ཀུན་ལས་བཏུས་པའི་རྒྱུད་ལས་སོ། །གང་མོ་ཆེན་པོ་ནི་རང་འབྱུང་གསང་བ་མཐོབ་བ་སྟེ། སྐུ་ཁྲོས་པའི་རྒྱུ་དེ་ལས་སོ། །གང་རྒྱངས་ཅན་ནི་ཟིལ་གནོན་མེད་པའི་གསུང་སྟེ། རྡོ་རྗེ་ཐོང་བའི་རྒྱུད་ལས་སོ། །རྡོ་རྗེ་གང་མོ་ཆེར་སྒྲོགས་པ་ཞེས་པ་ནི ་རྡོ་རྗེ་ཙེཎྚ་ལིར་འབར་བ་སྟེ། རྡོ་རྗེ་བསམ་གཏན་གྱི་རྒྱུད་ལས་སོ། །རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས་སོ། །རྡོ་རྗེ་རྒྱལ་པ་བདེ་མཆེ། ། ་ཞེས་པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། པདྨ་དང་རྡོ་རྗེ་སྙོམས་བར་འཇུག་པའི་རྒྱུད་ལས་སོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ་ཞེས་པ་ནི་སྦྲུལ་བའི་སྐུ་སྟེ། རྟོག་པ་བཞི་པའི་རྒྱུད་ལས་སོ། །རྡོ་རྗེ་ཧཱུཾ་སྟེ་ཞེས་བྱ་བ་ནི་རྒྱུད་མེད་པ་དང། ཚིག་དང་བྲལ་བ་དང། མི་གནས་པ་རྒྱུད་ལ ་སྒྲངས་པ་སྟེ། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་སོ། །ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ཉིད་གཞན་ལ་སྟོན་པ་སྟེ། རྡོ་རྗེ་མཆོག་གི་རྒྱུད་ལས་སོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ་ཞེས་པ་ནི། ཚོགས་དྲུག་ཐུག་ཕྲང་ཡེ་ཤེས་རང་ཆས་སུ་སྟོན་པ་སྟེ། སྒྱུ་འཕྲུལ ་ཆེན་མོའི་རྒྱུད་ལས་སོ། །རྡོ་རྗེ་རལ་གྲི་མ་ལུས་གཅོང་ཅེས་པ་ནི། །ཏིང་ངེ་འཛིན་གྱི་གོམས་པའི་མཐུ་བསྟན་པ་སྟེ། དཔལ་མཆོག་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་འཆང། །ཞེས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་ཏོ། །དགོངས ་པ་འདུས་པའི་ལུང་བསྟན་གྱི་རྒྱུད་ལས་སོ། །རྡོ་རྗེ་གཅིག་བུ་ཞེས་པ་ནི་སྔར་བཤད་ཟིན་ཏེ། འཇམ་དཔལ་ལུང་བསྟན་པའི་རྒྱུད་ལས་སོ། །གཡུལ་སེལ་ནི་ཕུང་པོ་ལ་སོགས་པའི་ཚོགས་བཟློགས་པ་སྟེ། དམ་པ་དང་བོའི་རྒྱུད་ལས་སོ། །རྡོ་རྗེ་འབར་བ་ཞེས་པ་ནི། ་བདེ་བ་ཆེན་པོ་ཉིད་རིགས་པ་སྐུ་སྣ་ཚོགས་སུ་སྣང་བའི་སྙིང་རྗེའི་སྦྱན་ཏེ། དམ་ཚིག་བཀོང་པའི་རྒྱུད་ལས་སོ། །མིག་མི་བཟང་ཅེས་པ་ནི། སྐུ་སྣ་ཚོགས་ཉིད་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་ཏེ། བསམ་གཏན་རྩེ་མོའི་རྒྱུད་ལས་སོ། །སྐྲ ་ཡང་རྡོ་རྗེ་འབར་བ་སྟེ། ཞེས་པ་ནི་སྙིང་པོ་སྲིད་པ་གསུམ་ལ་ཁྱབ་པ་སྟེ། མངོན་པར་མཐོང་བའི་རྒྱུད་ལས་སོ། །རྡོ་རྗེ་འབེབས་པ་ནི་སྐུ་གསུང་ཐུགས་རིང་ཏུ་གནས་པས་ཕྱག་གི་འོས་སུ་གྱུར་པ་སྟེ། བདུད་རྩིའི་རྒྱུད་ལས་སོ། །འབེབས་པ་ཆེ་ཞེས་པ་ནི། དུན? ་པའི་དྲིན་གྱིས་བླ་མའི་བླ་མ་དང། རྡོ་རྗེ་འཆང་གིས་བྱིན་རླབས་ཞུགས་པ་སྟེ། ཐུགས་ཁྲོས་པ་རྡོ་རྗེའི་རྒྱུད་ལས་སོ། །མིག་བརྒྱ་པ་སྟེ། ཞེས་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུད་གཟིགས་པ་སྟེ། སྤྱན་རས་གཟིགས་སྙིང ་གུར་གཅིག་པའི་རྒྱུད་ལས་སོ། །རྡོ་རྗེ་མིག་ཅེས་བྱ་བ་ནི། སངས་རྒྱས་སྤྱན་དང་ལྡན་པ་སྟེ། །རྡོ་རྗེ་ཞི་བའི་བདེ་བའི་རྒྱུད་ལས་སོ། །ལུས་ནི་རྡོ་རྗེ་བ་སྤུ་ཅན་ཞེས་པ་ནི། རྡོ་རྗེ་ཡེ་ཤེས་ཀྱི་རྣལ་འབྱོར་རྒྱུད་ལས་སྐྱེས་པའི་བ་སྤུ་བུ་ག་རེ་རེ་ཞིག་ནས་སངས ་རྒྱས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་ཀྱི་ཁ་སྦྱར་བའི་སྡོམ་པ་བཞུགས་སོ། །ཀུན་ཏུ་སྦྱོར་གྱི་རྒྱུད་ལས་སོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ་ཞེས་པ་ནི། ས་བཅུའི་ཡེ་ཤེས་ཐུགས་སུ་ཆུད་པ་འམ། སྟོབས་བཅུ་དང་ལྡན་པ་སྟེ། གཤིན་རྗེ་གཤེད ་བཞི་བརྒྱ་ལྔ་བཅུའི་རྒྱུད་ལས་སོ། །རྡོ་རྗེའི་སྙིང་པོ་ཞེས་པ་ནི་འཁོར་བ་བདེ་ཆེན་གྱི་སྙིང་པོ་ཅན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས་སོ། །ལྤགས་པ་མཁྲེགས་ཞེས་པ་ནི། གོ་ཆ་གསུམ་དང་ལྡན་པ་སྟེ། སྒྱུ་བསྒྲགས་པའི་རྒྱུད་ལས་སོ། ། ་རྡོ་རྗེ་ཕྲེང་ཐོགས་ཞེས་པ་ནི། ཚོགས་གཅིག་པ་དང། རྒྱུད་གཅིག་པ་དང། མཚན་ཉིད་གཅིག་པ་སྟེ། ལྷ་མོ་བཞིའི་རྒྱུད་ལས་སོ། །དཔལ་དང་ལྡན་ཞེས་པ་ནི་མི་སློབ་པའི་སྐུ་སྟེ། རྡོ་རྗེ་ཕྲེང་པའི་རྒྱུད་ལས་སོ། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། ཞེས ་པ་ནི། ཕུང་པོ་ལ་སོགས་པ་ཐམས་ཅད་ཡེ་ཤེས་རང་ཆས་སུ་ལྡན་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་སོ། །གང་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་ནི། བྲིལ་གྱི་མི་གནོན་པའི་ཕུང་པོ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ ་མའི་རྒྱུད་ལས་སོ། །ཡི་གེ་དྲུག་པ་ཞེས་པ་ནི་འགྲོ་བ་དྲུག་དང། རིགས་དྲུག་གི་རྣམ་པར་དག་པ་ནི་ཨོཾ་བཱ་གཱི་ཤྭ་རི་མུཾ་ཞེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་སྟེ། སྙིང་རྗེ་ཆེན་པོའི་རང་བཞི་ཨོཾ་མོ། །བསམ་གྱིས་མི་ཁྱབ་པའི་རང ་བཞིན་གྱིས་ཨཾ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའོ། །བ་ཞེས་པ་ནི་བཅོམ་ལྡན་འདས་སོ། ། ཞེས་པ་ནི་མཚན་དང་དཔེ་བྱད་ཀྱི་བར་དུ་བརྒྱན་པ་སྟེ་གཟུགས་སོ། །ཀ་ཞེས་པ་ནི་བདེ་བའོ། །འི་ཞེས་པ་ནི་རྣམ་པར་རྟོག་པས་དབེན་པ་སྟེ་ཚོར་བའོ། །ཤཱ ་ཞེས་པ་ནི་མཚན་མའོ། །པ་ཞེས་པ་ནི་གསུང་སྟེ། ཨ་ཞེས་པ་ནི་མིང་དང་བྲལ་བ་སྟེ། འདུ་ཤེས་སོ། །མ་ཞེས་པ་ནི་ལམ་མོ། །ུ་ཞེས་པ་ནི་འགྲོ་བའོ། ། ཞེས་པ་ནི་གནས་ཏེ་འདུ་བྱེད་དོ། ། ཞེས་པ་ནི་མཉམ་པ་ཡེ་ཤེས་ཀྱི་ཕུང་པོ་ཅན་ནོ། །དེ ་དག་ནི་ཁྲོ་པོའི་རྒྱལ་པོ་གདོང་དྲུག་གི་རྒྱུད་ལས་སོ། །རྡོ་རྗེ་སྒྲ་ཞེས་པ་ནི་གཉིས་མེད་ཀྱི་གསུང་སྟེ། དེ་གང་ལས་བསྟོད་ཅེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །སྒྲ་ཆེ་བ་ནི་ཐམས་ཅད་ལ་གྲགས་པའོ། །འཇིག་རྟེན་གསུམ ་ན་སྒྲ་ཆེ་བ་ཞེས་པ་ནི། དེ་དག་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་རྣམ་གྲངས་ལ་ཆེད་དུ་བརྗོད་པའོ། །དེ་ལ་སོགས་པའི་ནམ་མཁའ་ཨི་མཛའ་ཀླས་པ་ནི། སྒྲ་སྒྲོགས་པ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ལ་ཆེད་དུ ་བརྗོད་པའོ། །གཞན་ཆེད་དུ་བརྗོད་པའི་གནས་སུ་མི་འགྱུར་བ་མ་ཡིན་ཏེ། འདི་ནི་མཆོག་གོ་།དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་ཡིན་པའི་ཁྱད་པར་ཏེ། འདོད་པའི་ཁམས་ལ་སོགས་པའི་ཐེག་པ་གསུམ་ཞེས་གྲགས་པ་ནི་ཡོང་ལ། དོན་ཇི་ལྟ་བ ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱོགས་ན་གནས་པས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཡིན་ནོ། །ཡོད་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་པ་སྟེ། ་ཆོས་ཐམས་ཅད་ཀྱང་ནམ་མཁའ་ཨི་ཁོངས་སུ་གཏོགས་པའོ། །ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ ་རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ། །ཞེས་གསུངས་པས་སོ། །དེ་བས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་གཟུགས་སྣ་ཚོགས་སུ་སྟོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡང་དག་བདག་མེད་ཅེད ་པ་ལ་སོགས་པ་ལ་རགས་པའི་རྣམ་པར་རྟོག་པ་ལོག་བཞིན་པས་ན་ཡང་དག་གོ་།ཡང་དག་བདག་མེད་ནི་གྲུབ་པའི་མཛའ་ཨི་དོན་ལ་དམིགས་པ་མེད་པ་སྟེ། དེ་བཞིན་ཉིད་དོ། །དོན་གྱིས་མིང་མཆོན་པ་ནི་ཡང་དག་མཛའ་སྟེ། དེ་དག་དང་བྲལ་བས་ན། ཡི་གེ་མེ? ་བྱ་བའི་ཆ་རང་བཞིན་མེད་པ་དང། འཛིན་པས་ཀྱང་སྟོང་བ་སྟེ། དེ་ལས་ཀྱང་མཆོག་ཏུ་གྱུར་པ་ན་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །སྟེ་ཞེས་པ་ནི་དེའི་ཡོན་ཏན་བསྡུ་བར་བྱ་བའི་དོན་ཏོ། །ཟབ་ཅིང་ཞེས་པ་ནི་བདེ་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་སྟོང་པའོ། །སྒྲ་སྒྲོགས་པ་ཞེས་བྱ་བ་ནི ་གཉིས་མེད་དུའོ། །དེ་ལ་སློབ་མ་ལ་བསྟན་པར་བྱ་བ་ཡིན་པས་ཆོད་ཀྱི་དུང་ཞེས་བྱའོ། །སྟེ་ཞེས་པས་མན་ངག་སྟོན་པ་སྟེ། དེ་ཉིད་ཀྱི་ཡུལ་སོ་སོར་དེས་པ་ལ་ཡིད་ཆེས་པར་བྱས་ན་སྤྲོས་པ་མི་གནས་པར་བྱ་བ་ནི། །སྒྲ་ཆེ་ལྡན་ཞེས་གསུངས་ཏེ་ཁྲ་མའི ་ཞལ་ལས་རིག་པར་བྱའོ། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ་ཞེས་པ་ནི། ཚོགས་འདུ་བའི་དོན་གྱིས་ན། ཐེག་པ་གསུམ་གྱི་ཚོགས་ལ་བཤད་པའོ། །མི་གནས་མྱ་ངན་འདས་པ་པོ་ཞེས་པ་ནི། བསློབ་མ་ལ་བཤད་པའི་སྙིང་པོ་སྟོན་པར་བྱེད་པ་སྟེ། དེ་ལས་བསྟན ་པའི་བདག་པི་ཉིད་ཀྱང་འབྱུང་བར་འགྱུར་ན། ཨེ་ནི་ཤེས་རབ་ཉིད་འགྱུར་ལ། །པཾ་ནི་རབ་དགའ་ཨི་བདག་པོ་སྟེ། །ཐིག་ལེ་མི་ཤིགས་དེ་ཉིད་ལས། །དེ་ལ་ཡི་གེ་ཉིད་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱའི་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། ། ་དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁྲོ་ལོ་བསྐོར་བྱེད་འགྱུར། །ཞེས་གསུངས་པའི་ཕྱིར། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ནི། ཚོགས་ལ་བཤད་པས་བསྟན་པའི་གཟུགས་བརྟན་པར་བྱེད་པའོ། །དེ་ཡང། རྟགས་ཅན་གཟུཊ ་ལ་གནས་གྱུར་ན། །འཇིག་རྟེན་སྤྱོད་ལས་འདས་འགྱུར་ཏེ། །གང་ཞིག་ཆོ་ག་འདིར་གནས་པ། །དེ་ནི་བསྟན་པ་འཇིག་བྱེད་གསུངས་ཞེས་གསུངས་པས། ཐུན་མོང་བསྟན་པ་གཟུང་ངོ། །དེ་ཡང་རང་གི་རང་བཞིན་དུ་བྱ་བའི་ཕྱིར། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པར ་བྱ་སྟེ། གཟུགས་མེད་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་པ་བཤད་པ་ཡིན། །ཞེས་གསུངས་པས་སོ། །གཟུགས་བཟང་ཞེས་པ་ནི་ལས་ཀྱི ་ཕྱག་རྒྱ་སྟེ། དེ་ཡང་ན་ཆུང་གཞོན་ནུ་མིག་ཡངས་ལ། །གཟུགས་བཟང་གཞོན་པས་བརྒྱད་པ་ཡིན། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟགས་ཅེས་གསུངས་པས་སོ། །དམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། དེ་ཡང། ཨེ་མ་ཀུན་ཏུ ་བཟང་པོ་ཡིས། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་དམ་པ་རབ་ཏུ་གྲགས་ཞེས་གསུངས་པས་སོ། །སྣ་ཚོགས་གཟུགས་ཅན་ནི་དམ་ཚིག་ཕྱག་རྒྱ་སྟེ། དེ་ཡང་ཡེ་ཤེས་ལ་གཞན་ཕྱོགས་པ་ཡང། །སངས་རྒྱས ་སྐུ་ནི་ཇི་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བར་རིགས་ཞེས་གསུངས་བས་སོ། །ཡིད་ལས་སྐྱེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡིད་ཀྱི་རང་བཞིན་དུ་བསྟན་བ་སྟེ། དེ་བས་ན་དེ་ཉིད་གཟུགས་རྣམས་ཐམས་ཅད་དུ་སྣང ་བའི་དཔལ་ཞེས་བྱའོ། །གཟུགས་རྣམས་མ་ལུས་འཆང་བ་པོ་ཞེས་པ་ནི། སྔར་གྱི་དོན་འདི་ཉིད་དེ་འབྲས་བུ་ཟུང་དུ་འཇུག་པ་འདི་ཉིད་དང། དོན་དང་དཔེ་དང། རྟགས་ཟུང་དུ་འཇུག་པའོ། །མཚུངས་པ་མེད་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ།? ་གཉིད?་སྒྱུ་ཡིན་པས་འགྲན་ཟླ་མེད་ཅིང་བདག་པོ་དང་བྲལ་བས་ཆེ་བར་གྲགས་པའོ། །ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་ནི་ཡུལ་མེད་པའི་ཏིང་ཤེས་པ་སྟེ། བསམ་དུ་མེད་པའོ། །དེ་ཡང། བསམ་པ་བཞིན་དུ་མི་སེམས་པ། དེ་ནི་བསམ་གྱིས་མི་ཁྱབ་བརྗོད་ཅེས ་གསུངས་པས་སོ། །འཕགས་པའི་ལམ་ནི་དྲང་པོའོ། །ཤིན་ཏུ་མཐོ་བ་ནི་རྡོ་རྗེ་འཛིན་པའི་སའོ། །དེ་ལ་གནས་པའི་རང་འབྱུང་སྟེ། །དེ་ཡང། རང་འབྱུང་རྟོགས་པས་བསམ་གཏན་མིན། །སངས་རྒྱས་སྤྲུལ་པ་རྒྱུན་མི་?་ཙཾས ་གསུངས་པས་སོ། །དང་བ་ཆེན་པོ་ནི་རྒྱས་པ་སྟེ་དེ་ལས་རང་གི་དོན་དུ་འགྱུར་བའོ། །ཆོས་ཀྱི་རྟོག་ནི་རྒྱལ་མཚན་ཏེ་གཞན་དུའོ། །འཇིག་རྟེན་ལ་སོགས་པ་ནི་འབྲས་བུར་བཤད་པ་སྟེ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་ཅེས་པ་ནི། བསྐྱེས? ་པ་མི་མངའ་བའི་ཕྱིར་ཆོས་ཀྱི་སྐུའོ། །གནས་བརྟན་ནི་ཐེག་པ་གསུམ་གྱི་ལུས་སུ་གྱུར་པས་སོ། །རྒན་པོ་ནི་ཐོག་མ་མེད་པས་སོ། སྐུ་གཉིས་ཀྱིས་སློབ་མའི་འཁོར་ལོ་བཞིན་བྱིན་ཨུར་པས་སོ། །སུམ་ཅུ་རྩ་གཉིས་ལ་སོགས་པའི་དོན་ནི་བཤད། ་དེ་གསལ་བའི་ཐབས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ལུང་དང་རིག་པས་སོ། །འཇིག་རྟེན་ལེགས་པར་ཤེས་པ་ནི་དེ་ཉིད་སེམས་ཀྱི་ཁྱད་པར་དུ་ཤེས་པ་སྟེ། རྡོ་རྗེ་སློབ ་དཔོན་ལས་སོ། །སྟེ་ཞེས་པ་སློབ་དཔོན་གྱི་བྱེ་བྲག་གཞན་དུ་བསྡུ་བའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད་ཅེས་པ་སྣང་བ་སློབ་དཔོན་དུ་གྱུར་པ་སྟེ། མངོན་ཞེན་དང་བྲལ་བས་འཇིགས་པ་མེད་པའོ། །མགོན་སྐྱབས་འཇིག་རྟེན་ཡིད་བཐུགས ་པ། །ཞེས་པ་ནི་རང་སེམས་བླ་མར་གྱུར་པས་མགོན་པོ་མྱ་ངན་འདས་པ་དང། འཇིག་རྟེན་འཁོར་བ་གཉིས་དང། ཡིང་ཕྱག་རྒྱ་ཆེན་པོ་ཐ་མི་དད་པར་བཅུགས་པའོ། །སྐྱབས་དང་ཞེས་བ་ནི། སྐྱབས་ནི་བླ་མ་སྟེ་དང་ཞེས་པས་དེའི་ཆེ་བ་དང་དྲིན་དྲན་པར་བྱའོ། །སྐྱོབ་པ་ཞེས་པ་ནི། ་སྣང་བས་ཡིད་སྐྱོབ་པས་དབང་པོ་རང་སྣང་དུ་རོལ་བར་བྱའོ། །བླ་ན་མེད་ཅེས་པ་ནི་སེམས་ཉིད་བླ་མ་བླ་ན་མེད་པ་སྟེ། སྐྱོ་བར་མི་བྱ་བའི་ཐ་ཚིག་གོ་།དེ་ཡང་ཇི་ལྟར་སྐྱོ་བར་མི་འགྱུར་བར། །ཐམས་ཅད་རིམ་གྱིས་བྱ། སྐྱོ་བར་གྱུར་ནས་སངས་རྒྱས་ཉིད། །ནམ ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་པས་སོ། །ནམ་མཁའ་ཨི་མཛའ་ལ་ལོངས་སྤྱོད་པ་ཞེས་པ་ནི་ཐམས་ཅད་ཡེ་ཤེས་སེམས་དཔར་ཤེས་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཛའ་ཞེས་པ་ནི། དེ་ལྟ་བུ་ཉིད་རང་ལ་གནས་པར་བསྟན་པའོ། །མ་རིག་སྒོ ་པའི་སྦུབས་འབྱེད་པ་ཞེས་པ་ནི། བསྟན་པ་དང་དགེ་བའི་བཤེས་གཉེན་ལ་དགོས་པ་མེད་པ་མ་ཡིན་ཏེ། དབུལ་པོའི་གཏེར་བཞིན་དུ་མཚོན་དགོས་པའི་ཕྱིར་རོ། །དེས་ཇི་ལྟར་འགྱུར་ཞེ་ན། སྲིད་པའི་དྲ་བ་འཇོམས་པ་པོ་ཞེས་བྱའོ། །དགོས་པ་བཟློག་པའི ་ཕྱིར། པདེར་ན་སཱ་ལུའི་ས་བོན་ལ་སྲིན་བུ་ག་སྔ་ཞུགས་བས་ལྗངས་བ་སྐཾས་པར་འགྱུར་བ་བཞིན། དྲ་བ་མ་རིག་པ་བཅོམ་པས་སྔར་བསྐྱེད་པའི་ཉོན་མོངས་པ་མ་ལུས་པར་ཡང་ཞི་བར་བྱེད་པའོ། །དེ་ལས་ཁྱད་པར་མེད་པ་མ་ཡིན་ཏེ། དཔེར་ན་དུག་ལ་སྔགས་ཀྱིས་བཏང་པ ་ཡིན། དུག་ཞི་བ་དང་སླན་དུ་གྱུར་པ་གཉིས་ཀ་འབྱུང་སྟེ། དེ་བཞིན་དུ་ཐབས་ཡེ་ཤེས་སེམས་པའི་དུས་ན་འཁྲོ་བཞི་པ་འམ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས་འཁོར་བའི་རྒྱུ་མཚོ་ཕ་རོལ་ཕྱིན་ཅེས་བྱའོ། །ཡེ་ཤེས་ལ་སོགས་པ་ནི་དྲི་མ་དང་བྲལ་བ་པ ་བཤད་པར་བྱ་སྟེ། ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་པའི་བུས་དབང་བསྐུར་བའི་རིགས་ལྔའི་ཅོད་པན་དུ་གྱུར་ཏེ། ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་དབང་བསྟན་པ་དེ་དང་པོའོ། །རྫོགས་པའི་སངས་རྒྱས་རྒྱན་དུ ་ཐོགས་ཞེས་པ་ནི། སྐུ་གཉིས་ཀྱིས་སློབ་མའི་འཁོར་ལོ་བཞིན་བྱིན་གྱིས་བརླབས་ཤིང་ཐིག་ལེ་རྒྱན་དང་ལྡན་པ་སྟེ། དེ་བས་ན། ནི་རང་སུ་ཡིས་ཡན་ལག་བརྒྱན་ཅེས་པ་དང། བླ་མ་ཅོད་པན་དུ་གཟུགས་བར་བྱ་བའི་ཐ་ཚིག་ཀྱང་ངོ། །སྡུག་བསྔལ་གྱི་སྡུག་བསྔལ ་ཞེས་པ་ནི། འདུ་བྱེད་དང། འགྱུར་བ་དང། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་འདུས་པའི་འགྲོ་བ་སྟེ། དེ་ལས་གྲོལ་ཞིང་བདེ་བ་ཆེན་པོ་རྙེད་པར་འགྱུར་བས་ན། །གསུམ་སེལ་མཛའ་ཡས་ཞེས་བྱའོ། །གྲོལ་གསུམ་ཐོབ་ཅེས་པ་ནི། ཐེ་ཚོམ་དུ་འཛིན་པ་དང། རུ ་མར་འཛིན་པ་དང། ཕྱོགས་ཆར་འཛིན་པ་ལ་སོགས་པ་ནི་བཞི་པའོ། །དེ་ལྟ་བུའི་རྣལ་འབྱོར་བ་བྱ་བ་དང་བྲལ་བསྟོན་ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པའོ། །དུས་མེད་རྟོགས་པས་རྒྱུན་མི་འཆད་པའོ། །ཡོན་ཏན་ནི་སྒྲིབ་པ་སྤངས ་བ་དང། ཡེ་ཤེས་ཐོབ་པ་སྟེ། དེ་ཅེད་པན་ནི་སངས་རྒྱས་སོ། །དེའི་ཡང་ཐེང་དུ་གྱུར་པ་ནི་བླ་མ་དང་རྡོ་རྗེ་འཛིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག། དཔལ་ལྡན ་འདུས་པའམ་གཞན་དུ་བསྟན་ཅེས་གསུངས་སོ། །དོགས་པ་བཟློག་པའི་ཕྱིར། ཁམས་གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་བ་ཡིས། །མཁས་པས་དངོས་གྲུབ་དུ་མཐོབ་ཅེས་གསུངས་པས་སོ། ། ་ལུས་ཀུན་ལས་ནི་རྣམ་གྲོལ་བ། །ཞེས་པ་ནི་འཁོར་འདས་ཀྱི་བྱེ་བྲག་གིས་དཀར་པོའི་ཆོས་དང། དམ་ཚིག་གི་ནོར་དང། ཡུལ་འདོད་པ་དང། སྡུག་བསྔལ་ལས་འཇིགས་པ་ལས་གྲོལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཞིག་བས་གཉེན་པོ་མི་གནས ་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ནི་གཞན་གྱི་གཙོ་བོར་གྱུར་པའོ། །བཟང་ངན་ཤེས་པ་ནི་སྣོད་ཀྱི་བྱེ་བྲག་མཁྱེན་པའོ། །དུས་ཤེས་པ་ནི་བསྟན་པའི་གོ་རིམས་མཁྱེན་པའོ། །དམ་ཤེས་པ་ན་འཁོར་བའི་སྐྱོན་གྱིས་མགོས་པའོ། །རྟག་ཏུ་དོན་མཛད་པ ་ནི་དམ་ཚིག་ལྡན་པའོ། །དབང་པོ་ཤེས་པ་ནི་དུས་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་ནི་དུག་གསུམ་ལས་རྣམ་པར་གྲོལ་བའི་ཐབས་གསུམ་ལ་མཁས་པའོ། །ཉིད་ཀྱི་ཐུགས་སུ་ཆུད་ཅིང་གཞན་ལ་སྟོན་པས་ཡོན་ཏན་ལྡན་ཞིང ་ཡོན་ཏན་ཤེས་གསུངས་པའོ། །སྭ་སྟི་རྒྱུད་ལས་སྐྱེས་པའི་རང་བཞིན་དུ་བཤད་པའི་ཕྱིར། ཤེས་པ་ལྔའི་ཁྱད་པར་ནི་ཟླ་མ་ལ་གུས་པར་འབྱུང་བ་དང། རྗེས་ཐོབ་མེད་པར་འབྱུང་བ་དང། འཁོར་བ་ལས་ནི་རིང་དུ་གྱུར་པར་འབྱུང་བ་དང། སེམས་ལ ་དབང་བར་འབྱུང་བ་དང། ཟུག་རྡུ་མེད་པར་འབྱུང་བ་སྟེ། དེ་ཡང་གཞི་བླ་མ་དང། དབང་དང། སྒོམ་པ་དང། རྟོགས་པ་དང། བརྡ་ལས་ཆོས་ཉིད་དེ་ཉིད་ཤེས་པ་དང། ཉམས་སུ་མྱོང་བ་དང། རྒྱུན་མ་ཆད་པ་དང། སྒྲོ་འདོགས་ཆོད་པ་དང། སྣ་ཚོགས་རོལ་མོ ་ལས་འབྱུང་བར་འགྱུར་རོ། །དེ་རང་དབང་དུ་གྱུར་པ་སྟེ། སྤྱོད་པའི་ཁྱད་པར་ནི་འདིས་འགྲོ་བར་འགྱུར་ཏེ། སྙན་གྲགས་དགེ་དང་ཞེས་པ་ནི། ཀུན་བཟང་དགེ་བའི་སྤྱོད་པ་སྟེ། །བླ་མ་ལ་བརྟེན་པར་བྱའོ། །དབུགས་འབྱིན་ཆེན་པོ་ཞེས་པ་ནི། སེམས་དགུགས་འབྱིན ་པའི་གསང་སྦྱོད་དོ། །དགའ་སྟོན་ཆེ་ཞེས་པ་ནི་དཀའ་བསྟོན་པའི་རིག་པའི་སྤྱོད་པའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ནི་དགའ་བ་ཆེན་པོའི་ཉམས་ཀྱིས་སྣང་བ་ལ་རོལ་མོ་ལྟ་བུར་སྤྱོད་པ་སྟེ། ཚོགས་ཀྱི་སྤྱོད་པའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་ཞེས ་པ་ནི། དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ལ་སྣ་ཚོགས་ཀྱི་སྦྱོད་པས་བསྙེན་བཀུར་བར་ཕུན་སུམ་ཚོགས་པས་རྙེད་པར་གྱུར་པ་སྟེ། སྨྱོན་སྤྱོད་དོ། །དེ་ཡང། རྟག་ཏུ་དུ་བའི་སྦྱོད་པ་བཞིན། །མི་གཡོ་བ་ཡི་སེམས་ཀྱིས་ནི། །དངོས་གྲུབ་སྟེར་བའི་བླ་མ་ལ། །འགྲོ ་བའི་མགོན་པོ་བསྙེན་བཀུར་བྱ། །ཞེས་པ་དང། བུད་མེད་རབ་ཏུ་མ་དངས་བཟངས་མ། །ལོ་གྲངས་བཅུ་གཉིས་ལོན་པ་ནི། །དྲི་དང་མེ་ཏོག་ཕྲེང་བརྒྱན་པའི། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། ཤེས་རབ་ཅན་གྱི་བྱིན་བརླབས་ལ། །དེ་ཡི་དབུས་སུ་མཉེས་པར ་བྱ། །ཞེས་གསུངས་པ་ལ་སོགས་པའི་རྒྱས་པར་བཤད་པ་སྟེ། རིགས་མའི་བྱེ་བྲག་ནི། །དབུགས་འབྱིན་མཆོག་དང་བར་མ་དང། །དྲི་ཡི་ཆུ་དང་བཅས་པས་ཀྱང། །རྟོག་ཏུ་དུས་ཀྱི་ཁྱེད་པར་གྱིས། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །དོགས་པ་བཟློག་པའི ་ཕྱིར་གསུངས་ལ། །རིགས་ཀྱི་སྨན་པའི་འདུ་ཤེས་དང། །འཇིགས་པའི་འདུ་ཤེས་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་།འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པའི་དེ་བཞིན་གཤེགས་པའི་སྦྱོད་པའོ། །ཞེས ་གསུངས་པའི་ཕྱིར་རོ། །གཞན་ཡང་རང་དང་ཕལ་ཆེར་གཞན་གྱི་དོན་དུ། དག་ཅིང་ཡོན་ཏན་གྱིས་ནི་གནས། །སྣ་ཚོགས་ཡོན་ཏན་ཕུན་སུམ་ཚོགས་ཞེས་པ་ལ་སོགས་པ་ནུས་པ་དགུག་པ་དང། གྲུབ་པའི་རྣལ་འབྱོར་ལ་ཡང ་རུང་ཞེས་པ་ནི་བརྡ་མཚོན་པ་དང། མི་ཡི་བུ་མོ་མཐུ་ཆེན་གྱིས་ཞེས་པ་ནི་ཡོན་ཏན་གྱིས་དགུག་པ་དང། ལྷ་རྫས་བཙུན་མོ་དགུག་པའོ། །ནུས་པ་གལ་ཏེ་མེད་འགྱུར་རམ། །འདོད་པས་གནོད་པ་ཉིད་འགྱུར་ན། །དེས་ནི་མི་ཡི་བུ་མོ་བསྟེན། །ཞེས་པ ་ལ་སོགས་པས་བྱེ་བྲག་ཤེས་པར་བྱས་ལ་བསྟེན་པར་བྱ་བའི་དགོས་པ་ནི། ནོར་ཞེས་པ་དང་འབྲེལ་ཏོ། །གཞན་ཡང། །ལུས་ཀྱི་སྦྱིན་པ་བྱས་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་ལྡན་སྐལ་མིན་སྤྱད་ནས་ནི། །དེ་ཡི་སྦྱིན་པ་བང་མི ་བྱ། ཞེས་པས། །ཅུང་ཟད་ནུས་པ་བསྐྱེད་ནས་ནི། །རོལ་ཅིང་གྲོང་དུ་འཇུག་པར་བྱ་ཞེས་པ་དང་འབྲེལ་ཏོ། །གཞན་ཡང་བཟའ་བཏུང་ཐོབ་དང། །བགྲོད་དང་བགྲོད་མིན་སྤང་བར་བྱ། །ཁྲུས་དང་གཙང་སྦྲ་མི་ཕྱ་སྟེ། །གྲོང་གི་ཆོས་ནི་སྤང་མི་བྱ། །བློ ་ལྡན་སྔགས་ནི་བཟླ་མི་བྱ། །བསམ་གཏན་དམིགས་པར་མི་བྱ་སྟེ། །གཉིས་ནི་སྤང་བར་མི་བྱའོ། །དབང་པོ་དགག་པར་མི་བྱ་སྟེ། །ཤ་རྣམས་ཐམས་ཅད་བཟའ་བའོ། །རིགས་ལྔ་ལ་ནི་མཉམ་པར་སྦྱོད་ཅེས་པ་ལ་སོགས་པ་ནི། གཉིས ་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །ཞེས་པས་འབྲེལ་ཏོ། །དེ་ལྟར་སྦྱོད་པ་བྱེ་བྲག་ནི་གང་ཟག་རིམ་པས་རིམ་དང་ཅིག་ཅར་དང་རང་བཞིན་པའོ། །མཆོག་ཏུ་དགའ་བ་ལ་སོགས་པ་ནི་བཞི་པའི་དོན ་དུ་བཤད་པར་བྱ་སྟེ། མཆོག་ཏུ་དགའ་བ་ནི་དམ་པར་དགའ་བ་སྟེ། རྣམ་གཅོད་ཡོངས་གཅོད་དང་བྲལ་བའོ། །དེ་སྟོན་པར་མཛད་པ་ནི། མཆོག་སྦྱིན་གཙོ་བོ་ཞེས་བྱ་སྟེ། སྙིང་པོ་དོན་གྱི་སངས་རྒྱས་སོ། །དེས་གང་ལ་བསྟན་པར་བྱ་བ་ཡང་གྲགས་བདག ་དཔལ་ནི་བྱང་ཆུབ་སེམས་དཔའ་ཨོ། །བཅོམ་ལྡན་ནི་དེ་བཞིན་གཤེགས་པའོ། །དེའི་ཡང་སྐྱབས་ཀྱི་དམ་པར་གྱུར་བ་ནི་བླ་མ་རྡོ་རྗེ་འཇིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་འབྱུང་བའི་གནས་གཞན་མེད་པའི་ཕྱིར་སྐྱབས་སུ་འོས་ཞེས་བྱའོ། །དེ་ཇི་ལྟར་འགྱུར་བ་ནི། འཇིག་རྟེན་སྒྲ ་སྟེ་ཞེས་པས་མ་རྟོགས་པ་ལོག་པར་རྟོགས་པ་དང། ཐེ་ཙོམ་མཐར་བྱེད་པའི་དོན་ཏོ། །དེ་ནས་གཉུག་མ་སྟོན་པའི་ཕྱིར་རབ་ཀྱི་མཆོག་ཅེས་བྱའོ།། །།ད་ནི་ཐ་མར་དགེ་བ་སྟོན་ཏེ། སེལ་བ་པོ་ནི་ཕྱག་ཆེན་པོས་སོ། །གཙུག་ཕུད་ལ་སོགས་པའི་བྱེ་བྲག་ནི་ཡེ་ཤེས ་ལྔ་དང་ལྡན་པའོ། །གདོང་ལྔ་ཞེས་པ་ནི་རིགས་ཀྱི་དེ་བཞིན་གཤེགས་པའོ། །གཙུག་ཕུད་ལྔ་དང་ལྡན་ཞེས་པ་ནི་དེ་ཉིད་གཞན་གྱི་དོན་དུ་བསྟན་བའོ། །དེ་བར་དུ་དགེ་བ་བསྟན་ཏེ། ཟུར་ཕུད་ལྔ་པ་ཞེས་པ་ནི་འདོད་ལྔ་པའོ། །མེ་ཏོག་ཅེས་པ་དབང་པོའོ། །ཁྲོད་ཅེས ་པ་ནི་རྒྱན་ཏེ་བདེ་བ་ཆེན་པོར་རོ། །མགོ་ཟླུམ་དང་བརྡུལ་གཟུགས་ཆེན་པོ་གཉིས་ནི་ཚངས་པར་སྤྱོད་པར་བརྟུལ་ཞུགས་མཆོག་གི་རྟགས་ཏེ། ཐེག་པ་ཐུན་མོང་པ་ཁྱད་པར་གྱི་བྱེ་བྲག་གིས་སོ། །འདིར་ནི་མཚན་མའི་རྟེན་ལ་ཕྱག་འཚལ་བ་ལ་སོགས་བས་ཏིང་ངེ་འཛིན ་རྒྱུན་མི་འཆང་བར་འབྱར་བའི་ཕྱིར། །དཀའ་ཐུབ་མཐར་ཕྱིན་པ་སྟེ་ཚངས་པར་སྦྱོད་པ་ཞེས་བྱའོ། །དེ་ཡང། ཚངས་པ་མྱ་ངན་འདས་སངས་རྒྱས། །འཇུག་པས་ཁྱབ་འཇུག་ཏུ་ནི་བརྗོད། །རྟག་པར་དགེ་བ་བཞི་པ་སྟེ། ཐམས་ཅད་བདག་ཉིད་གནས་པ་ཀུན། ། ་དམ་པའི་བདེ་བ་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྤོང་བ་ལ་སོགས་པ་ནི་དཀའ་ཐུབ་ཅེན་པོ་སྟེ། ཕྱག་རྒྱ་ཆེན་པོ་ཉིད་ནས་སྨྱོན་པའི་བརྟུལ་ཞུགས་མཆོག་གོ། །དང་པོར་དགེ་བ་བསྟན་པར་བྱ་སྟེ། །གཙན་གནས་ཞེས་པ་ནི་སྐུ ་གསུང་ཐུགས་རྡོ་རྗེའོ། །གནས་དམ་པ་ཞེས་པ་ནི་བཙུན་མོའི་བྷ་གའོ། །གོའུ་ཏ་མ་ཞེས་པ་ནི་བཅོམ་ལྡན་འདས་སོ། །ཉོན་མོངས་པ་མི་མངའ་བ་བྲམ་ཟེའོ། །ཚངས་པ་ནི་གཟུང་བས་སྟོང་པ་སྟེ་དགའ་བའོ། །གཉིས་པ་ནི་འཇིན་པ་སྟོང་པ་སྟེ་མཆོག་ཏུ་དགའ་ ་བའོ། །ཤས་ཞེས་པ་ནི་བདེ་བ་ཆེན་པོ་སྟེ་རྙེད་བའོ། །མྱ་ངན་འདས་ཞེས་པ་ནི་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་བའོ། །ཚངས་པ་ནི་བཏང་སྙོམས་དང་བྲལ་བ་སྟེ་སྙིང་པོ་ལེན་པས་ནི་ཐོབ་པའོ། །གྲོལ་བ་ནི་བཞི་པའོ། །ཐར་བ་ནི་བཞི། །བཞི་བའི ་མན་ངག་གོ། རྣམ་གྲོལ་ལུས་ནི་བཞི་པའི་དབང་ངོ། །མཚན་ཉིད་གསུམ་ནི་བཤད་ཟིན་ཏོ། །རང་བི་ངོ་བོ་འབའ་ཞིག་བསྟན་པར་བྱ་སྟེ། ཞི་བ་གཉིས་ནི་ནང་དང་ནང་དུ་ཡང་དག་པར་བཞག་པའོ། །མྱ་ངན་ལས་འདས་པ་གསུམ་ནི་གྲགས་ཆེན་དང་སྙིང་པོ་དོན་དང་རྡོ་རྗེ་འཆང་ངོ ་བདེ་སྡུག་སེལ་བ་ནི་འཁོར་བ་གཉིས་ཀྱི་སྐྱོན་དང་བྲལ་བའོ། །ཆགས་བྲལ་ལུས་ལས་འདས་པ་པོ་ཞེས་པ་ནི་ཉན་ཐོས་ཞི་བའི་ས་ལས་འདས་བའོ། །ཐུབ་པ་མེད་ནི་མི་འཇིགས་པ་བཞི་དང་ལྡན་པའོ། །དཔེ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བ་རྒྱད་དང་ལྡན་པའོ། ། ་མི་མངོན་པ་ནི་མི་འཇིགས་པའི་ཤེས་པས་སོ། །མི་སྣད་བ་ནི་བླའི་ཡུལ་ལ་མི་སྣང་བའོ། །གསལ་བྱེད་མིན་ནི་ལུས་ཀྱིས་གསལ་བར་མི་ནུས་པའོ། །ཕྲ་བ་ནི་རྟོགས་པར་དཀའ་བའོ། །བྲག་མེད་ནི་མངོན་རུ་དུ་རྒྱུ་དང་བྲལ་བའོ། །ས་བོན་ཞེས་པ་ནི་མ་རིག་བའི་བཞག་ཆགས ་དང་བྲལ་བའོ། །ཤིན་ཏུ་སང་པ་ནི་མ་རིག་པའི་གཉིད་སད་པའོ། །སད་པའི་བདག་ནི་རང་བཞིན་གྱིས་གྲོལ་བའོ། །ཀུན་ཤེས་ནི་ཆོས་ཐམས་ཅད་དོ། །ཀུན་རིག་ནི་དོན་ཐམས་ཅད་དོ། །རྣམ་པར་ཤེས་པ་ཆོས་ཉིད་འདས་ཞེས་པ་ནི་རྟོག་དཔྱོད་དང་བྲལ་བའོ། །ལས་བྱེད་པ ་ནི་གདུལ་བྱའི་བློ་ལ་སྣང་བའོ། །ཐོག་མ་ཐ་མ་མེད་པ་ནི་སྐྱེ་འཇིག་དང་བྲལ་བའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་པ་ནི། ལོག་རྟོག་ཅན་ཁ་ཅིག་དང་པོའི་འདྲེན་པར་གྱུར་པ་ཐབས་གང་ལ་བརྟེན་ནས་སངས་རྒྱས་ཤེས་ཟེར་པའི་ལོག་རྟོག་བཟློག་པར་བྱ་སྟེ། དཔེར ་ན་ནམ་མཁའ་ལ་སྤྲིན་དང། འཇའ་ཚོན་དང། ན་བུན་དང། ལུག་སྣ་དང། འབྱུང་བ་ཆེན་པོ་བཞི་བ་བྱུང་གི། ནམ་མཁའ་རྐྱུ་སྐྱེན་གང་ལས་སྐྱེ་རྟོགས་ཤིས། གལ་ཏེ་ནམ་མཁའ་ལས་བྱུན་ངོ་ཞེ་ན། །ད་ལྟའི་རི་རབ་གླང་དང་བཅས་པ་འདི་དག་གང་གིས་གོ་ཕ་སྙེ་གང་གིས་རྗེས་སུ ་སོང་ཞིད་བསྐྱེད། །གལ་ཏེ་བསྐྱེད་ན་ནམ་མཁའ་སྣང་བར་བསྟན་པ་ཡིན་ནོ། །གལ་ཏེ་མཚན་ཉིད་མི་མཐུན་ནི་ཆོས་འདི་དག་ཐམས་ཅད་ཀྱི་མཚན་ཉིད་གང་དུ་ཡིན། གལ་ཏེ་མཚན་ཉིད་གཅིག་ན་ཐ་དད་པར་མེད་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་དང་པོར་རང་བཞིན་གྱི་ཆོས་ལས་ནུས ་པ་སྣ་ཚོགས་སུ་འཆར་བར་འགྱུར་ཏེ། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པར་སྣང་མོད་ཀྱི། རང་བཞིན་གྱི་ཆོས་རྒྱུ་དང་རྐྱེན་གང་གིས་ལ་སྐྱེད་རྟོགས་ཤིག་།གལ་ཏེ་ཐ་དང་ན་བརྟགས་པ་དང་བརྟགས་པ་ཐམས་ཅད་ཀྱི་རང་བཞིན་གང་དག་ཡིན་མཚན་ཉིད་གཅིག་ན་འགལ་བ་གང་ལ ་ཡོད་དེ་མེད། །དེ་བས་ན་རང་བཞིན་ཉིད་ལ་ལྷན་གྱིས་གྲུབ་པ་དང་མངོན་དུ་གྱུར་པ་ནི་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ། །དེའི་ཕྱིར་དང་པོའི་སངས་རྒྱས་རྒྱུད་མེད་པ་ཞེས་པས་རྒྱུ་ལ་མི་གནས་པ་ཉིད་དུ་བསྟན་པ་ཡིན་ནོ། །བློ་དངོས་གཅིག་ཏུ་འབྲེལ་བར་བྱེད་པ་ནི། ཡེ་ཤེས ་ཀྱི་མིག་གཅིག་བ་སྟེ། དེ་ལ་དིམ་མེད་བའོ། །དོན་མི་འབྱུང་བ་མ་ཡིན་ཏེ། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཤེས་པ་ཡིན་ནོ། །མི་གནས་པ་ཉིད་དུ་བསྟན་པར་བྱ་སྟེ། ཚིག་གི་དབང་ཕྱུག་ནི་བཅོམ་ལྡན་འདས་སོ། །རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་དོན་གཉིས་སུ་སྟོན་བས ་ན་སྨ་བ་ཚེ་ཞེས་བྱའོ། །སྨྲ་བའི་སྐྱེས་མཆོག་གིས་པ་མི་མངའ་བའོ། །སྨུ་པའི་རྒྱལ་ནི་དབང་པོ་དང་སྦྱར་བ་སྟོན་བའོ། །སྨྲ་བའི་དམ་པ་ཞེས་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་གཅིག་བུར་སྟོན་པའོ། །མཆོག་གི་གནས་ནི་མཆོག་གི་དངོས་གྲུབ་གྲུབ་བའི་གསུང་འབྱུང་བའི། ་གནས་སོ། །སྐྱ་པའི་སཻང་གེ་ནི་ཉམ་མིད་བས་སོ། །ཚུགས་པ་མེད་པ་ཞེས་པ་ཕྱོགས་སུ་བལྟ་བའི་རིགས་ཀྱིས་སོ། །ད་ནི་སྣང་བའི་རང་བཞིན་དུ་བཤད་པར་བྱ་སྟེ། ཀུན་ཏུ་བལྟ་བ་ནི་ཡེ་ཤེས་བརྙས་པས་ཀུན་ཏུ་བལྟ་བའོ། །མཆོག་ཏུ་བལྟ་བ་ནི་དོན་དང་ཆོས་སོ་སོ་ཡང་དག་པར ་རིག་པའི་ཕྱིར་ག། །གཟི་བརྗད་ནི་ཡེ་ཤེས་སོ། །སྣང་པ་ནི་དུང་པོའོ། །བལྟན་སྡུག་པ་ནི་ཉམས་མྱོང་དུའོ། །འོད་བཟང་དུ་ནི་སྙིང་པོ་ལེན་པའི་དཀྱིལ་འཁོར་དུའེ། །འབར་བ་ནི་རང་གི་ཤེས་པ་ཉིད་དོ། །དཔལ་བེའུ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་སོ། །ལག ་ན་འོད་འབར་ནི་འཇིག་རྟེན་གྱི་བ?་ལག་པའི་འོད་སོགས་པ་རྣམས་སོ། །སྣང་བ་ཆེན་པོ་ནི་མེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྣང་བའོ། །སྨན་པ་ཆེ་མ་ཚོགས་ནི་མི་ཤེས་པས་ན་ནད་རབ་ཏུ་འཏོམས་པའོ། །གཙོ་བོ་སྟེ་ཞེས་པ་ནི་ཕྱིན་ཅི་མ ་ལོག་པའི་སྨན་གྱིས་གསོ་པར་མཛད་པའོ། །ཟུག་རྫུ་ནི་དུག་གསུམ་སྟེ་སེང་ལྡེང་གི་ཚེར་མ་ལྟ་བུའོ། །འབྱིན་པ་ནི་དབང་པོ་ལ་སོགས་པ་གསུམ་གྱིས་སོ། །བླ་ན་མེད་པ་ནི་ཕྱིས་མི་འབྱུང་བས་སོ། །སྨན་རྣམས་མ་ལུས་པ་ནི་ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི ་སྟོང་ངོ། ལྗོན་པའི་ཤིང་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨོ། །འདིར་ནི་རྗེ་བཙུན་བས་གཟུང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ནད་དོ་ཅོག་གི་སྒྲ་ཆེ་བ། །ཞེས་གསུངས་པ་ནི། ཉོན་མོངས་པ་དེ་སྙེད་ཀྱིའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ཞེས་པ་ནི། སེམས་ཡེ་ཤེས ་ཀྱི་དཀྱིལ་དུ་སྣང་བ་སྟེ་ཐབས་སོ། །རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་པ་ནི་དེ་ཉིད་རྣམ་པར་དག་པའི་ངོ་བོར་སྣང་བ་སྟེ་ཤེས་རབ་བོ། །དེ་གཉིས་ཐ་མི་དད་པ་ནི་བསྐྱེད་རྫོགས་གཉིས་ཟུང་དུ་འཇུག་པ་སྟེ། ཁོ་བོའི་བླ་མ་རི་ཁྲོད་དགོན་པའི་གཞུང་ལུགས་སོ། །དེ ་ཉིད་བཀླག་པའི་མན་ངག་ཏུ་བསྟན་པར་བྱ་སྟེ། བདག་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པའི་ཚོ། །རིགས་ཀྱི་ལྷ་དང་མཐུན་པའི་ཆེད་དུ་བརྗོད་པར་བྱ་བ་ནི། དབང་བསྐུར་བ་དང་དངོས་གྲུབ་སྒྲུབ་པའི་བྱེ་བྲག་གིས་རང་རང་གི་ང་རྒྱལ་དུ་ཞུགས་ལ་ཇི ་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པ་བྱས་ན་གཉིས་པ་འམ་སྒྲུབ་བྱེད་དུ་གནས་པའི་རྣལ་འབྱོར་པས་སོ་སོ་རིགས་ཀྱི་ཆེད་དུ་བརྗོད་པ་གདོན་པ་དང། རིགས་བསྡུས་པའི་ཆེད་བུ་བརྗོད་པ་བསྟན་པའོ། །ཡང་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཕྱག ་རྒྱ་བཀྲོལ་བའོ། །དེའི་མིན་ངག་ནི་རང་གི་སྦྱོར་བ་དང་ལྡན་པས་ཐབས་དང་ཤེས་རབ་ལ་གནས་ཏེ། དབྱངས་ཡིག་དང་པའི་རང་བཞིན་ལས་མཆོག་སྦྱིན་སྦྱོར་བར་བྱེད་པ་ཡིན། ཞེས་གསུངས་པ་ནི་མན་ངག་སྟེ། བསྐྱེད་པའི་རིམ་བའི་ཚུལ་ལོ། །སྡུག་གུ་འཇིག་རྟེན ་གསུམ་གྱི་མཆོག་ཅེས་པ་ནི། རྟགས་དང་དོན་གྱི་ཁྱད་པར་གྱིས་སྲིད་པ་གསུམ་དང་ལུས་ངག་ཡིད་གསུམ་གྱི་མཆོག་གོ། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ནི་མི་འཆར་བ་མེད་པ་དང། དེ་མ་ཡིན་པའི་སྲིད་པའོ། །གང་དུ་ཞེ་ན། ཕྱོགས་བཅུ་ཞེས་པ་ནི་གནས་སོ། ། ་ནམ་མཁའ་ནི་དུས་སོ། །མཐར་ཐུག་པ་ཞེས་པ་ནི་རྒྱ་དེ་སྲིད་དུ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག་པ་ནི་སྐལ་པ་དབང་པོའི་བྱེ་བྲག་གི་སྙིང་པོ་དག་རྗུན་པ་ལ་སོགས་པར་རོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ་ཞེས་པ་ནི། བླ་ན་མེད་པ་ཐོབ་པར་འདོད་པ་ཞིག ་དང་ལ་ཡོད་པའི་དེ་ཉིད་ཡོད་པར་ཤེས་པ་དང། ཇི་ལྟ་བ་བཞིན་རྟོགས་པའོ། །དེས་སྣང་བ་མེད་པ་དང་བརྟགས་པར་རང་གྲོལ་བར་གྱུར་པ་ནི་སྤངས་པ་སྟེ། དེའི་སྙིང་པོ་བྱམས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ནོ། །དེའི་རྣལ་འབྱོར་ནི་དཔལ་ལྡན་པདྨ་གར་གྱི་བདག་སྟེ། ་མ་རྟན་ཅིང་འབྲེལ་བར་འབྱུང་བའི་ཏིང་ངེ་འཛིན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ཐམས་ཅད་གར་གྱི་རྣམ་པ་ལྟ་བུར་མཐོང་བའོ། །དེ་གཉིས་ཀ་ལ་ཡང་ཁྱབ་བདག་ཆེན་པོ་རིན་པོ་ཆེ་ཁྱབ་པས་ནི་གདུགས་སོ། །སངས་རྒྱས་ཀུན་གྱི ་གཟི་བརྗིད་ཆེ། །ཞེས་པ་ནི་སྣང་གྲགས་ཐམས་ཅད་ལ་སྐྱེ་མེད་སྟོན་པར་ནུས་པའི་མཐུའི་རང་བཞིན་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་རྐུན་མོ་ཞིག་ཆད་གིས་རབ་ཏུ་མྱོས་ན། བདག་གིས་ཆེ་གེ་མོའི་ནོར་བརྐུས་སོ ་ཞེས་སྟོན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་རྒྱུར་ཆང་གིས་བཞི་པ་ཡིན་པའི་ཕྱིར། དེ་བས་ན་སངས་རྒྱས་ལ་སོགས་པའི་དོན་མཐོང་ནས་ཇི་ལྟར་བྱ་བའི་ཚུལ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་བསྒྲོམ་པར་བྱའོ། །སངས་རྒྱས་ལ་རང ་རྒྱུད་མི་གནས་པའི་ཕྱིར། དགོངས་པ་གཅིག་སྟེ། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཅེས་བྱའོ། །བསྒྲུབ་པར་མི་ནུས་པ་མ་ཡིན་ཏེ། ཐ་དད་པ་ནི་སེམས་ཅན་གྱི་རྒྱུ་ཡིན་ལ། དེ་ལ་མ་རིག་པ་དང། གློ་བུར་བ་དང། བློ་ཡས་བརྟགས་པ་དང། ཕྱགས་ན་གནས ་པ་དང། འདུས་བྱས་པའོ། །དེ་ལས་ལོག་པའི་སངས་རྒྱས་ཏེ། རང་བཞིན་གྱིས་འོད་གསལ་བ་དང། གདོད་མ་ནས་ལྷུན་གྱིས་གྲུབ་པ་དང། བློ་ཡིས་མ་བརྟགས་པ་དང། དུས་མཛའ་ལ་མི་གནས་པ་དང། འདུས་མ་བྱས་པའི ་གཅིག་པའོ། །འགལ་བར་གྱུར་པ་མ་ཡིན་ཏེ། །ལྗོག་ཆོས་ཐ་དང་ཀྱང། བདག་ཉིད་གཅིག་པའི་བུམ་པ་བཞིན་ནོ། །ད་ནི་དུ་མར་རིགས་པ་སྟོན་པ་སྟེ། རྡོ་རྗེ་རིན་པོ་ཆེན་ནི་རིན་ཆེན་འབྱུང་ལྡན་ནེ། །དབང་བསྐུར་དཔལ་ནི་རིན་ཆེན་སེམས་དཔའ་། ། ་རིན་ཆེན་ཀུན་བདག་ནི་མི་བསྐྱོད་པའོ། །དབང་ཕྱུག་སྟེ་ཞེས་པ་ནི་རྡོ་རྗེ་སེམས་མའོ། །འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཛའ་ཡས་སོ། །ཀུན་གྱི་བདག་ཅེས་པ་ནི་ཆོས་ཀྱི་སེམས་མའོ། །རྡོ་རྗེ་འཆང་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཀུན་གྱི་རྗེ་ཞེས་པ་ནི ་ལས་ཀྱི་སེམས་མའོ། །སངས་རྒྱས་ཀུན་གྱི་རྣམ་པར་སྣང་མཛད་དོ། །ཐུགས་ཆེ་བ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །འདྲེས་ཤིང་གཅིག་པ་ནི། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །མདོར་བསྡུས་པ་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ ་ཡིན། །ཕྱིས་ནི་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པས། །སྐུ་གསུང་ཐུགས་རྡོ་རྗེ་འདུས་པ་སྟེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁོ་ནར་བསྟོད་པའོ། །རྫོགས་པའི་རིམ་པའི་ཚུལ་གྱིས་ནི། །སྤྲོས་པ་མེད་པའི་རང་བཞིན་དུ། ། ་སྔགས་དང་ལྷར་ནི་ཡང་དག་གནས། །ཞེས་གསུངས་པས་ན། དོན་དང་དོན་གྱི་ཁྱད་པར་བརླག་པར་བྱའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་གཞུང་ལུགས་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ལམ་པ ་སྟེ། དེའི་ལོངས་པ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་སེམས་ཅན་རིག་པ་དང། བསམ་པ་དང་དབང་པོ་དང། མོས་པ་མཁྱེན་པས་ཁ་དོག་སྣ་ཚོགས་འབར་བའི་འོད་དུ་འཕྲོས་ནས་ཆོས་སྟོན་ཏོ། །གཉིས་ཀ་ཐེག་པ་ཆེན་པོར ་འཐད་དེ། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པས་གཅིག་ནི་བདེན་པ་རྣམ་པ་གཉིས་ལ། འདིར་ནི་པདྨའི་ནམ་མཁའ་ཟེའུ་འབྲུ་གང། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པའི་གནས་དག་ཏུ། སེམས་ཀྱི་ནོར་བུ་ནང་དུ་ཆུད་པ་ལ། ཡེ་ཤེས་གང་སྐྱེས་དེ་ནི་བརྗོད ་མེད་གཟུགས། ཞེས་གསུངས་པའི་མན་ངག་གིས་སངས་རྒྱས་པའོ། །དམན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་དང། མཐུན་པའི་ཚོད་འདོད་ཆགས་ལ་སོགས་པ་དེ་ཉིད་ཐབས་བྱད་པར་ཅན་གྱིས་བྱང་ཆུབ་ཀྱི་ཡན་ལག་ཏུ ་འགྱུར་བའི་སྒོ་ནས་སེམས་ཅན་འཛིན་པར་མཛད་པ་སྟེ། དེ་ཡང། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་གསུངས་སོ། །དྲང་བའི ་དོན་མ་ཡིན་ཏེ། དཔལ་ལྡན་པདྨ་སངས་རྒྱས་སྐྱེས་གསུངས་སོ། །དེ་བས་ན་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པར་མཛད་པའོ། །རྒྱལ་པོ་ནི་བདེ་བར་གཤེགས་པ་སྟེ། སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ནི། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་མན་ངག་གོ། ་ཆེ་བ་སངས་རྒྱས་རིག་སྔགས་རྒྱལ་ཞེས་པ་ནི། །ཆོས་ཆ་ཤས་དང་བཅས་པར་རིག་པ་དང། །དོན་མ་སྐྱེས་པར་རིག་པ་དང། སྔགས་ཆོས་ཉིད་ལམ་དུ་རིག་པ་དང། །བཟོད་པ་ཆོས་ཉིད་ལཾ་དུ་རིག་པ་དང། བཟོད་པ་ཆོས་ཉིད་དུ་རིག་པ་དུས་ཀྱི་ཆོ་ཆེ་བ་སྟེ། སངས་རྒྱས ་གྱི་རང་བཞིན་ནོ། །དེའི་ཕྲིན་ལས་ནི་རིག་སྔགས་ལ་སོགས་པའོ། །དེ་ཁོ་ན་མ་ཡིན་པ་ནི་རྡོ་རྗེ་རྣོན་པོ་ཞེས་པས་ཡིད་ལ་མི་བྱེད་པའོ། །རལ་གྲི་ཆེ་ཞེས་པས་དེ་དང་འདྲ་བའི་ཡེ་ཤེས་སོ། །ཡི་གེ་ནི་ལྔ་སྟེ་།སྐྱེ་མེད་བདེ་བའི་སྙིང་པོ་ཅན་ནི་མཆོག་གོ། སྟེ་ཞེས་པ་དེ་ཉིད་ཀྱང་བཅོས་པར ་སྟེན་པའོ། །རྣམ་པར་དག་པ་ནི་སྙིང་རྗེ་ཆན་པོའི་དམ་ཚིག་གོ། །དེ་ཡང། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་ནི་བཤད་པ་ཡིན་ཞེས་གསུངས་པས། །གང་ལ་ཟུང་དུ་འཇུག་པ་གནས་པ་ནི་ཐེག་པ་ཆེན་པོ་སྟེ། དེས་ཉེད་ལེན་གྱི་ཕུང་པོ་ལྔ་འཇོམས་པ་སྡུག་བསྔ ་གཅོད་ཅེས་བྱའོ། །མཚོན་ཆ་ཆེན་པོ་ནི་ལམ་གྱི་བདེན་པ་སྟེ། ལྡང་འཇུག་མེད་པའོ། །དེ་ཡང། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། མཆོད་པ་བྱེད་པས་མཆོད་པས་བྱ། ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ནི་ཆོས་སོ། རྡོ་རྗེ ་ཟབ་མོ་ནི་ཐུགས་སོ། །ཛི་ན་ཛི་ཀ་ནི་སྐུ་སྟེ། དེ་གསུམ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའོ། །བློ་གྲོས་ནི་ཤེས་རབ་སྟེ། དོན་བཞིན་རིག་པ་ནི་ཇི་བཞིན་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །བརྩོན་ཆེན་ཞེས་པ་ནི་བརྩོན་འགྲུས་ཆེན་པོ་སྒྱུ་འཕྲུལ་དྲ་བར་རྫོགས་པར ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་མ་ཡིན་ལ། དེའི་ཆེད་དུ་བརྗོད་པའི་མཆོག་འདིར་སྟོན་པའི་ཕྱིར་རོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནི་གསེར་དང་གསེར་བཞིན ་ནམ། རྒྱ་མཚོར་ཆུ་བོ་འབབ་པ་བཞིན་རིག་པ་བྱའོ། །ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་སྐུ་རྣམས་སོ། །ཀུན་ཏུ་བཟང་པོ་དང་བློ་གྲོས་བཟང་པོ་ནི་འཇམ་དཔལ་དང། སའི་སྙིང་པོ་དང་འགྲོ་བ་འཛིན་ནི་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས ་པ་སྟེ། དེའི་རྣམ་པར་དག་པ་ནི་ཐབས་དུ་མ་སྤྲུལ་པའོ། །མཚན་མ་མི་དམིགས་པ་དང། ཐམས་ཅད་ཡོད་པ་དང། སྙིང་རྗེའི་སྙིང་པོ་ཅན་ཉིད་ཀྱིས་གསང་བ་ཆེན་པོའོ། །ཡང་ན་ས་དང་འགྲོ་བའི་རྟེན་གཞལ་ཡས་ཁང་དང། བརྟེན་པ་ལྷའི་འཁོར་ལོ་མཚོན ་པའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི། རིགས་སོ་སོའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྙིང་པོ་ཆེ། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ལས་ཐམས་ཅད་དུ་སྣང་བས་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་སྟོན་ཏེ། འཇིག་རྟེན་དང་འཇིག ་རྟེན་ལས་འདས་པ་ཐམས་ཅད་ལྷའི་འཁོར་ལོར་སྣང་བའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག་ཅེས་པ་ནི། སྟོང་པའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ་ནི་སྣང་བའོ། །སྐྱེ་མེད་ཆོས་ཏེ་ཞེས་པ་དང། སྣ་ཚོགས་དོང་ཞེས་པ་ནི་རང་རང་གི་ངོ ་བོ་སྟོན་པའོ། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པས་མཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེར་མེད་བསྟན་པའོ། །ཤེས་རབ་ལ་སོགས་པ་ནི་དུས་ཀྱི་མཛའ་ཨི་སྐད་ཅིག་མའོ། །དེ་ཉིད་འདིར་རྣལ་འབྱོར་གྱི་ལམ་ཏུ་བྱ་བའི་ཕྱིར། མི་གཡོ་ཞེས་པ་ནི་ཏིང་ངེ་འཛིན? ་གྱི་སྐྱོན་དྲུག་དང་བྲལ་བའོ། །རབ་ཏུ་དང་པའི་བདག་ཅེས་པ་ནི། ལམ་གྱི་ལུས་ཀྱི་རྙོག་པ་བརྒྱད་པའོ། །མངོན་སུམ་པོ་ཞེས་པ་ནི་མངོན་སུམ་པ་འདིར་རིག་པའོ། །ཇི་ལྟར་ན་ཡེ་ཤེས་ལ་སོགས་པའོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པའོ།། །། ་འདོད་པ་ལ་སོགས་པ་ནི་མདོ་བཤད་པར་བྱ་སྟེ། འདོད་པ་ནི་མཐུན་པ་སྟེ་རབ་ཏུ་བསྟན་པའི་འདོད་པའོ། །དོན་ནི་བསྒྲུབ་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་ནོ། །གྲུབ་པ་ནི་མ་ཆགས་པའོ། །དམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེར་སྣ་དག་པར་བྱས་པའོ། ། ་ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་ཆགས་པའི་དམྱལ་བ་སྦྱོང་བར་བྱེད་དོ། །བྱིན་པས་ཡི་དགས་སྦྱོང་བར་བྱེད་དོ། །རེ་བ་མེད་པས་བྱོལ་སོང་སྦྱོང་བར་བྱེད་དོ། །ཡང་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་བས་ན། ་མགོན་པོ་སེམས་ཅན་ཀུན་གྱི་མཆོག་ཅེས་བྱ་སྟེ། གཞན་གྱི་དོན་ལ་དམིགས་པས་སོ། །ཇི་ལྟར་ན་སེམས་ཅན་ཐམས་ཅད་སྒྲོལ་བ་ཞེས་པ་ནི་མཛད་པ་སྟེ། རིགས་ལ་སྤྱོད་པ་དང། བག་ལ་ཉལ་བ་ལ་སྤྱོད་པ་དང། མོས་པ་ལ་སྤྱོད་པ་དང། ལས་དང་པོ་པ་རྣམས ་ལ་གསང་སྔགས་དང། ཕ་རོལ་ཏུ་ཕྱིན་པ་བཅུ་དང། བསླབ་པ་གཉིས་དང། བདེན་པ་བཞི་བསྟན་པའོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་རྒྱས་པར་བཤད་པ་སྟེ། དེ་ཡང་འདི་ནི་རང་འབྱུང་བཅོམ་ལྡན་འདས་གཅིག་པུ་ཁོ་ན་ལྷག་པའི་དབྱེ་ཞེས ་གསུངས་པའི་ཕྱིར་རོ། །མི་ཤེས་པ་ནི་གཏི་མུག་གོ་།དགྲའི་དྲེགས་པ་ནི་བདེན་པ་གཉིས་མེད་ལ་ཐེ་ཚོམ་ཟ་བའོ། །དེ་ཡང་རིག་པའི་ཡེ་ཤེས་ཀྱིས་འཇོམས་པའོ། །དཔལ་ལྡན་བློ་དང་སྟེག་པར་ལྡན་ཞེས་པ་ནི། དཔལ་ནི་གཞུང་ལུགས་ཀྱི་བྱིན་གྱིས་བརླབས་སོ། ། ་བློ་ནི་སངས་རྒྱས་ཀྱི་སྙིང་པོའི་ས་བོན་ནོ། །སྟེག་ནི་ལྷག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་རྣམས་རོ་གཅིག་ཏུ་སྐྱེས་པ་ནི་ལྡན་པ་སྟེ། དེ་ཡང་བླ་མའི་བརྒྱུད་ཐབས་བསྟེན་པ་དང། བསོད་ནམས་ལས་ནི་ཡང་དག་ཤེས། །ཞེས་གསུངས་པའི ་ཕྱིར་རོ། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པས་འཁོར་བ་སྡིགས་པའི་བརྡའོ། །ལག་པ་བརྒྱ་པ་ཀུན་བསྐྱོད་ཅིང། །ཞེས་པ་ནི། ཕྱི་ནང་གསང་བའི་བྱེ་བྲག་གིས། །བརྟགས་དང་ཐབས་ཀྱི་བྱེ་བྲག་དང། ། ་ཡུལ་སྣ་ཚོགས་པ་ཐམས་ཅད་བདེ་བར་བསྐྱོད་པའོ། །གོམ་པའི་སྟོབས་ཀྱིས་གར་བྱེད་པ་ཡང་དེ་བཞིན་ཏེ། རྟགས་ལ་འབྱུང་བ་བཞི་བདེ་བས་ནོན་པ་དང། དགའ་བ་བཞི་དོན་གྱིས་ལྷན་ཅིག་སྐྱེས་པས་གནོད་པ་སྟེ། བཅོམ་ལྡན་འདས་ཀྱི ་ཞབས་ཀྱི་མཐེ་བོ་གཅིག་གིས་གདན་ལ་རེག་པར་གཞེས་སོ་ཞེས་པའི་དོན་ཏོ། །དེ་ངེས་དོན་དུ་བསྒྲུབ་པའི་ཕྱིར་རྐང་མཐེབ་ལ་སོགས་པ་གསུངས་ཏེ། སྲིད་པ་དེ་ཉིད་དུ་བྱེད་པར་ཡང་སྦྱར་རོ། །དོན་གཅིག་ཅེས་པ་ལ་སོགས་པ་ནི་འབྲེལ་བ་སྟེ། དེ ་ཡང་དོན་གཅིག་གཉིས་མེད་ནི་གཉུག་མའོ། །ཆོས་ཀྱི་དོན་ནི་དཔེའོ། །དེས་ཅིར་འགྱུར་ཞེ་ན། དམ་པའི་དོན་དེ་ཞེས་པ་ནི་མ་བཅོས་པ་སྟེ། འཁོར་བས་འཇིགས་པ་མེད་པ་དེ་ནི་མཚོན་པའོ། །ཉམས་སུ་མྱོང་བ་ནི་རྣམ་པར་རིག་པ་ཉིད་ལས་སྣ ་ཚོགས་པར་སྣང་བ་གཟུགས་ལ་སོགས་པའི་དོན་དང། གཉིས་སུ་མེད་པ་མྱོང་བས་ན་ཅན་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་ནི་ཐམས་ཅད་ལྷན་ཅིག་སྐྱེས་པའི་རྗེས་སུ་འཇུག་པར་འགྱུར་ཏེ། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན་ཞེས་པས། ་ཐམས་ཅད་དོན་དམ་པར་བྱང་ཆུབ་ཀྱི་སེམས་སུ་ལྡན་ཞེས་བྱའོ། །དེ་བས་བླ་མ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ལྟ་བུའི་རླུང་དབང་པོ་རྣམས་ལ་བཀུག་སྟེ། རྒྱུན་ཏུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་རྣལ་མའི་ཡིད་ཉིད་དུ་འཇོག་པར ་བྱེད་དོ། །ཞེས་གསུངས་པས་སོ། །ཕྱིས་ཞེན་པར་མི་འགྱུར་བ་ནི། དངོས་དོན་མ་ལུས་རྣམས་ལ་དགའ་ཞེས་བྱ་སྟེ། ཉམས་སུ་མྱོང་བའི་ཕྱིར་ན་དེས་ན་སྔོན་ཡོངས་སུ་བཏང་བའི་དབང་པོ་དེ་ཡང་ཡིད་དང་བྲལ་བར་བྱེད་པ་མེད་པར་འགྱུར་ཏེ། མས་བོར་པའི་བེའུ་ཉིད་རྗེས་སུ་འཚོལ ་བ་བཞིན་དུ་འདིར་ཡང་དབང་པོ་རྣམས་ཡིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། །གང་གིས་ཕྱིར་དེ་མ་རྟོགས་པར་འདི་དག་རབ་ཏུ་སྦྱོར་བར་མེད་པ་མ་ཡིན་ཞེས་གསུངས་པས་སོ། །ཟུང་འཇུག་ཏུ་མི་འགྱུར་བ་མ་ཡིན་པ་ནི། ་སྟོང་པ་ཉིད་དགའ་འདོད་ཆགས་བློ་ཞེས་བྱའོ། །སྲིད་པར་གྱུར་པ་མ་ཡིན་པ་ནི་སྲིད་པའི་འདོད་ཆགས་སྤངས་པ་སྟེ་ཞེས་བྱའོ། །ལོག་པར་རྟོགས་པ་གསལ་བའི་ཕྱིར་སྲིད་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཏེ། རྒྱུད་ཐབས་བསྟེན་པ་ཉིད་ཀྱིས་འདྲ་བར་གྱུར ་པ་སྟེ། ཟངས་ལས་ར་གན་དུ་གྱུར་ཏེ། གསེར་མ་ཡིན་པ་བཞིན་ནོ། །སྤངས་པ་ནི་སྤངས་པ་སྟེ་གསེར་རྙེད་པའི་དུས་ན་སྔར་ཀྱི་དྲ་བ་ལ་དགོས་པ་མེད་པའོ། །བདེ་བ་དང་བྲལ་བ་མ་ཡིན་ཏེ། སྲིད་པ་གསུམ་གྱི་རང་བཞིན་དགའ་བ་ཡིན་ལ། དེ་ལ་ཡང་ཆེན་པོ་བ་ཞེས ་པས་དོགས་པ་མེད་པའི་ལྷན་ཅིག་སྐྱེས་པ་ཉིད་དེ། དཔེར་ན་ནམ་མཁའ་ལ་སྤྲིན་ནག་པོ་དང་སེར་པོ་ལ་སོགས་པ་གསལ་བའི་རྗེས་སྦྲིན་དཀར་ཡང་དག་པའི་དཀར་བ་བཞིན་དུ་དཀར་བའི་བདེ་བའི་སྟོང་པ་ཕྲ་མོ་ཙམ་མི་གནས་ཀྱང་བདེ་བར་འཐད་དེ། འོད་བཟངས་སྟོན་ཀའི ་ཟླ་བའི་འོད། །ཅེས་པས་ཟླ་བ་དང་འོད་བཞིན་དག་པ་དང་བདེ་བ་ལ་ཐ་མི་དད་པར་འཆར་རོ། །ཕྱིའི་སྒྲོ་འདོགས་ཆོད་པའི་དགའ་བའི་འཆར་བ་མ་ཡིན་ཏེ། ནང་རྟེན་འགྲེལ་གྱི་དུས་ན་ཉི་མ་འཆར་ཁ་དང་ཤར་བའི་དཀྱིལ་ལྟར་མཛེས་སོ། །དེས་ཐ་དད་གྱུར་པ་མ་ཡིན་ཏེ། ་མཚོན་པར་བྱེད་པར་གཅིག་གིས་མཚོན་པའི་ཕྱིར་རོ། །ཕྱིས་རང་རྒྱུད་དུ་འགྱུར་བ་མ་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ་ཆེན་པོ་ཉིད་ཡིན་པས། རྣམ་པར་རྟོག་པའི་ཚོགས་མཛའ་དག་ཡོངས་སུ་སྤངས་ནས་བླ་ན་མེད་པའི་ལོངས་སྤྱོད་དུ་ཉེ་བར ་འགྲོ་ཞིང། འགྲོ་བ་འདི་དག་ནི་བདེ་བ་ཆེན་པོའི་རྣམ་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བཞིན་དུ། འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་ངོ་ཞེས་གསུངས་བས་སོ། ། ་སེན་མོ་འོད་ལ་སོགས་པ་ལ་ཕྱི་ནང་སྦྱར་བར་བྱ་སྟེ། སྔར་བཤད་པ་དང་འཆད་པར་འགྱུར་བ་ཐམས་ཅད་གྲགས་པའི་མཚན་དཔེ་ལ་སྦྱར་བ་དང། དེ་ཉིད་རྣམ་པར་དག་པ་བདེ་བ་ལ་སྦྱར་བའོ། །དེ་ལྟར་ན་བདེ་བ་ཉམས་སུ་མྱོང་བའི་གནས་བསྟན་པའི་ཕྱིར། ནང་བུ་ཆེན ་པོ་འོད་ཆགས་དཔལ་ཞེས་གསུངས་ཏེ། ནོར་བུ་ནི་རིན་པོ་ཆེའོ། །ཆེན་པོ་ནི་པདྨའི་བྲེ་འབྲུའོ། །ཆགས་པ་ནི་ཐིག་ལེ་སྟེ་བདེ་བ་དང་ལྡན་པའོ། །དཔལ་ནི་དེས་གཞན་གྱི་དོན་དུ་འགྱུར་བའོ། །ཇི་ལྟར་འགྱུར་བ་བསྟན་པའི་ཕྱིར། སངས་རྒྱས་ནི་ཤིགས ་པ་མེད་པའི་ཧཾ་ངོ། །སྤྲུལ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱུད་ནི་དགའ་བ་བཞིའོ། །མཚན་ཉིད་མི་མཐུན་པས་མཚོན་པར་མི་ནུས་པ་མ་ཡིན་ཏེ། དང་ལྡན་ཞེས་པས་སྔ་མ་བཞིན་ནོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནི། ཕྱི་ནང་གི་བྱེ་བྲག་གིས ་སངས་རྒྱས་ཀྱི་རྫུ་འཕྲུལ་དང། ཡེ་ཤེས་མཐོང་བའི་དུས་ན་ས་གཡོས་ལ་སོགས་པའི་རྟགས་འབྱུང་བར་བཤད་པ་བཞིན་ནོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན་ཞེས་པ་ནི། སྔར་བཞིན་གྱིས་ཀུན་རྫོབ་ཀྱི་རྫུ་འཕྲུལ་བསྟན་པ་ལས། དོན་གྱི་སྟོབས་ཆེན ་པོ་ལྔ་དང་ལྡན་པ་ཐོབ་པར་འགྱུར་རོ། །དེ་ཉིད་དྲན་པ་ཆེན་པོ་འཆང་ཞེས་པ་ནི། སྔར་གྱི་བྱེ་བྲག་གིས་དབང་པོ་དམན་པས་མཚན་མའི་རྣལ་འབྱོར་བྱ་བ་དང། དེ་ལས་གཞན་པས་བདེ་བ་ཆེན་པོའི་དྲན་པ་འཆང་བ་པོ། དྲན་པ་བཞི་པོ་ཞེས་པ་ནི་སྔར་གྱི་བྱེ ་བྲག་གིས་ཚོར་བ་དྲན་པ་ཉེ་བར་བཞག་པ་དང། དུས་ཀྱི་ཡེ་ཤེས་དྲན་པ་དང། ཆོས་དྲན་པ་ཉེ་བར་བཞག་པ་དང། དུས་ཀྱི་ཡེ་ཤེས་སྣང་བར་དྲན་པའོ། །སེམས་དྲན་པ་ཉེ་བར་བཞག་པ་དང། དུས་ཀྱི་ཡེ་ཤེས་སྡུག་བསྔལ་དུ་དྲན་པའོ། །ལུས་དྲན་པ་ཉེ་བར ་གཞག་པ་དང། ལུས་ཀྱི་ཡེ་ཤེས་བདེན་པར་དྲན་པའོ། །ཏིང་ངེ་འཛིན་རྒྱལ་ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སེང་གེ་རྣམ་པར་རྩེ་བ་དང། ནམ་མཁའ་མཛོད་དང། དྲི་མ་མེད་པ་དང། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང། འབྲས་བུ་དང་རྗེས་སུ་མཐུན་པའི ་ཁ་སྦྱོར་བ་ལ་སོགས་པའི་ཡན་ལག་བརྒྱད་དོ། །བྱང་ཆུབ་ཡན་ལག་གི་སྔར་བཞིན་གྱི་བྱེ་བྲག་གིས་བདུན་དང་རྣམ་པར་ཤེས་པའི་བདུན་གྱིས་ལུས་རྒྱུན་གྱིས་རྟགས་པ་ཉིད་དོ། །མེ་ཏོག་སྤོས་ནི་དངོས་དང་མ་བཅོས་ཤིང་རང་སྣང་བའོ། །དེ་བཞིན་གཤེགས ་པའི་ཡོན་ཏན་མཚོ་ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས་འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཐམས་ཅད་དང། ཡོན་ཏན་མཆེ་རྙེད་ཀྱི་གནས་བྱང་ཆུབ་ཀྱི་སེམས་སོ། །ལམ་གྱི་ཡན་ལག་བརྒྱད་རིག་པ་ཞེས་པ་ནི། སྔར་གྱི་བྱེ་བྲག་གིས་དེ་ཉིད་དང ་འཇིག་རྟེན་ལས་འདས་པའི་ལྟ་བ་གང་གིས་བདག་དང་སེམས་ཅན་དང། སྲོག་དང། གསོབ་དང། སྐྱེས་བུ་དང། གང་ཟག་དང། ཤེད་པུ་དང། ཤེད་ལས་སྐྱེས་པ་དང། བྱེད་པ་པོ་དང་ཚོར་བ་པོ་དང། ཐོང་བ་པོའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་ཅིང། རྟག ་པ་དང། ཆད་པ་དང། སྐྱེ་བ་དང་འགག་པ་དང། དགེ་བ་དང། མི་དགེ་བ་ཀུན་ནས་བསླང་བ་དང། སྲིད་པ་དང་བྲལ་བའི་ཀུན་ནས་བསླང་བ་དང། སྲིད་པ་དང་བྲལ་བར་བསྟན་པས་ལྟ་བ་ཀུན་ནས་བསླང་པ་དང། འཁོར་བ་དང་མྱ་ངན་ལས་འདས་པའི་ལྟ ་བ་ཀུན་ནས་ལྡང་བར་མི་བྱེད་པ་ནི་ཡང་དག་པའི་ལྟ་བའོ། །ཀུན་ཏུ་རྟོག་པ་གང་གིས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ཀུན་ནས་ཉོན་མོངས་བ་སྐྱེ་བ་དང་མཐུན་པར་གང་དུ་མི་རྟོག་ཅིང་ཚུལ་ཁྲིམས་དང། ཏིང་འཛིན་དང་ཤེས་རབ་དང། ་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྐྱེ་བ་དང་མཐུན་པར་ཀུན་ཏུ་རྟོག་པ་འདི་ནི་ཡང་དག་པར་རྟོག་པའོ། །དག་གང་གིས་བདག་དང་གཞན་གདུང་བར་མི་འགྱུར་བ་དང། ཉོན་མོངས་པར་མི་འགྱུར་བ་དང། བསྣུན་པར ་མི་འགྱུར་པ་དང། བཞད་གང་དུ་མི་འགྱུར་ཞིང། རིགས་དང་བྲལ་བས་ཡང་དག་པའི་དག་ལ་འཇུད་པར་བྱེད་པ་འདི་ནི་ཡང་དག་པའི་དག་གོ་།ལས་གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའི་མངོན་པར་འདུ་མི ་བྱེད་པ་དང། ལས་གང་ལས་ཀྱང་དཀར་བ་རྣམ་པར་སྨིན་པ་ཡང་དཀར་བ་དེ་མངོན་པར་འདུ་བྱེད་པ་དང། ལས་གང་ལ་དཀར་བ་ཡང་རྣམ་པར་སྨིན་པ་གནག་པ་དེ་མངོན་པར་འདུ་མི་བྱེད་ཅིང། ལས་གང་ལ་གནག་ཀྱང་རྣམ་པར་སྨིན་པར་དཀར་ན་ནག ་པོ་ཟད་དེ། དཀར་པོའི་ཕྱོགས་འཕེལ་བར་བྱེད་ཅིང། མངོན་པར་འདུ་བྱེད་ཅིང་དམ་པའི་ལས་ཀྱི་རྗེས་སུ་འབྲང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཛའ་ཨོ། །གང་ལ་ཡང་འཕགས་པའི་རིག་པ་ཅན་གྱི་སྦྱངས་པའི་ཡོན་ཏན་ཅུང་ཟད་ལ་གནས་ཤིང། ཚུལ ་འཆོས་དང་ཁ་བསགས་ལ་སོགས་པས་འཚོ་བ་སྤངས་ཏེ། རང་གི་སྤྱོད་པའི་དང་ཚུལ་རིགས་པ་དང་ལྡན་པས་སྐྱེ་བོ་གཞན་ལས་རྙེད་ཀྱང་རུང་སྟེ། ཅུང་ཟད་ཙམ་གྱིས་མ་གུས་ཤིང། ཁ་ན་མ་ཐོ་བ་མེད་པ་དང། འཕགས་པས་རྗེས་སུ་གནང་བའི་འཚོ་བ་འདི ་ནི་ཡང་དག་པའི་འཚོ་བའོ། །རྩལ་བ་གང་གིས་བསགས་པ་རྗེས་སུ་གནང་བའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སོགས་པ་བསྟེན་པར་མི་བྱེད་ཅིང། ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་ཞུགས་ཏེ། མྱ་ངན་ལས ་འདས་པའི་འདོད་པ་བསྟེན་ཅིང་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བའོ། །གང་དུ་ཉེ་བར་གནས་ན་སྐུ་མི་གཡོ་ཞིང་འཁྱོགས་པ་མ་ཡིན་པར་འགྱུར་བ་སྟེ། འཁོར་བའི་སྐྱོན་རྣམས་དང་མྱ་ངན་ལས་འདས་པ་དང། ལམ་གྱི་ཡོན་ཏན་རྗེས་སུ་དྲན ་ཞིང་ལམ་གྱི་མཐར་ཐུག་པ་ལ་ཡང་དག་པའི་སྦྱོར་བ་འདི་ནི་ཡང་དག་པའི་དྲན་པའོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པ་མཛད་ཅིང། མྱ་ངན་འདས་པར་བརྟན་པོར་གནོན་པ་འདི་ནི་ཡང་དག་པའི་ཏིང་ངེ ་འཛིན་ཏེ་ཞེས་དགོངས་སོ། །དེ་ཉིད་གཅིག་ཏུ་བྱས་པའི་ཡེ་ཤེས་ནི། ཡང་དག་སངས་རྒྱས་ལམ་རིག་པ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་ཆོས་ཀྱི་དབྱིངས་ཀྱི་ལམ་མོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སྦྱིན་བ་དང། །? ་སྙན་པར་སྨྲ་བ་དང། དོན་མཐུན་པ་དང། དོན་བྱེད་པའོ། །གཉིས་པ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་དང། དེ་སྐྱེ་བར་བྱེད་པའི་དབང་ལ་སོགས་པ་གསུམ་སྟོན་པའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད་ཅེས་པ་ནི། དམིགས་པ་མེད་པའི་སྙིང་རྗེ་དང། སེམས་ཅན་གྱི ་ཡུལ་མ་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག་ཅེས་པ་ནི། ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྟན་ཅིང། དེ་གསལ་བར་མཛད་པ་པོར་ཡང་འགྱུར་བའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་འགྱོགས། །ཞེས་པ་ནི། སྔར་བཤད་པ་དང་བྱང་ཆུབ་ལ་མྱུར་བའོ། ། ་དེའི་རྒྱུ་མཚན་ནི་སེམས་ཅན་ཀུན་གྱི་དབང་དོན་ཤེས་ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར། །དོན་མཛད་པ་དང། མྱུར་བ་དང། སྣང་བ་དང། སེམས་ལྷན་ཅིག་སྐྱེས་པ་ཤེས་པར་མྱོང་བའོ། །ལོག་རྟེགས་བཟློག་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད ་འདྲེག་པ། །ཞེས་གསུངས་པ་ནི། གདུལ་བྱའི་དབང་པོ་ལ་མི་བཟད་པའི་གཟུགས་སུ་གྱུར་པ་དང། ཡིད་རྣམ་པར་དག་ནས་ལྷན་ཅིག་སྐྱེས་པར་གྱུར་པ་ལ་འཕྲོག་ཅེས་བྱ་སྟེ། གསེར་འགྱུར་གྱི་རྩི་བཞིན་ནོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས་ཞེས་པ་ནི། ཇི་ལྟར་སྟོན་པ་བསྟན་པ ་སྟེ། །རིགས་ལྔ་དང་ཟག་པ་མེད་པའི་ཕུང་པོ་ལྔར་ཤེས་པ་དང། དེ་ཁོ་ན་ཉིད་དུ་དབྱེར་མེད་པའོ། དེའི་ཕྱིར། རྣམ་དག་ཕུང་པོ་ལྔ་འཆང་བ་ཞེས་པ་ནི་གཉི་ག་ལའོ། །ངེས་འབྱུང་ཀུན་ནི་ཐེག་པ་གསུམ་སྟེ། མཛའ་ལ་གནས་པ་ནི་ས་གཉིས་སོ། །གཞན་སྤངས་ཐ་མ ་ཡིན་ཏེ། དེས་པར་འགྱུར་བ་ཀུན་ལ་མཁས་ཞེས་པས་སོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས་ཞེས་པ། ཐེག་པ་གསུམ་གྱི་ལམ་ལ་རིམ་གྱིས་སྦྱངས་པ་དང། གནས་ཤེས་པས་ལྡན་པ་སྟེ་སྐྱེ་བའི་རིམ་པ་བཞིན་ནོ། །ངེས་པར་འབྱུང་བ་ཀུན་སྟོན་པ་ཞེས་པ་དེ་ནི་བཤད ་ཟིན་ཏོ། །ཡན་ལག་ལ་སོགས་པ་ཕུན་སུམ་ཚོགས་བཤད་པར་བྱ་སྟེ། ཡན་ལག་བཅུ་གཉིས་ནི་མ་རིག་པ་ལ་སོགས་པའོ། །སྲིད་རྩ་བཏོན་པ་ནི་དུས་ཀྱི་གསུམ་པས་བྱིན་རླབས་ཐེབ་པ་དང། ལམ་གྱི་གསུམ་པ་རྟེན་མེད་པ་ལས ་ཐོས་པས་ས་བོན་གྱི་བག་ཆགས་དང། མངོན་དུ་རྒྱུ་རྩ་བ་ནས་བཏོན་པའོ། །ཕྱིས་དེ་ལྟར་མི་འགྱུར་བ་ནི། དག་པ་རྣམ་པ་བཅུ་གཉིས་འཆང་ཞེས་པས། སྐྱེ་མཆེད་བཅུ་གཉིས་རང་གི་ངོ་བོ་དག་པ་སྟེ། དེ་ཡང་མིག་ཅེས་བྱ་བ་སྟེང་བ་སྟེ། དབུས་ན་རྣམ་ཤེས་ཇི། ་ལྟར་མཆིས་ཞེས་པ་ལ་སོགས་པ་ལ། དེ་ལྟར་ན་གཟུགས་མ་མཆིས་པས་ལྟ་བ་མ་མཆིས་སོ་ཞེས་པས་སོ། །སྲིད་པ་རྒྱུར་འགྱུར་བ་མ་ཡིན་ཏེ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཞེས་པ། སྡུག་བསྔལ་གྱི་རྒྱུ་ཡེ་ཤེས་སུ་ཤེས་པ་དང། ཀུན་འབྱུང་བདེ ་བར་སང་བ་དང། འགོག་པ་རང་འབྱུང་བ་དང། ལམ་འབྲས་བུ་རང་ཆས་སུ་ལྡན་པའོ། །ཉན་ཐོས་དང་མཚུངས་པ་མ་ཡིན་ཏེ། ཤེས་པ་བརྒྱད་པོ་རྟོགས་པ་འཆང་ཞེས་པས་བརྒྱད་ལ་ཟད་པ་ཤེས་པ་དང། མི་སྐྱེ་བ་ཤེས་པས་ཁྱབ་པའི་ཕྱིར། དེ་ཉིད་དུ ་བྱས་པའོ། །མན་ངག་གི་དྲིན་ཡིན་པས་བསྟན་པའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་སྟེ། བདེན་པ་བཞིའི་ཚུལ་གསུམ་དགའ་བ་བཞིར་རབ་ཏུ་ལྡན་པས་སོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་ནི། འདི་དང་ལྡན་པའི་ཕྱག ་རྒྱ་ལས་རིག་པར་འགྱུར་བ་འམ། དགའ་བ་ཉིད་བྱེ་དྲག་གིས་དོན་གྱིས་བཅུ་དྲུག་ཏུ་འགྱུར་བ་འམ། དགའ་བ་ཉིད་བཅུ་དྲུག་འགྱུར་དུ་བཤད་དེ། དེ་ཡང། ཡེ་ཤེས་སེམས་དཔའ་འཛིན་པའི་བདག་།བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས ་གསུངས་པའི་དོན་གྱིས་སོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པ་ན། སྔར་བཞིན་བྱེ་བྲག་གིས་ཇི་ལྟར་ས་གསེར་ཟླ་བ་མེ་ལ་སོགས་པ་དང། དེ་ཉིད་རྣམ་པར་དག་པའི་རིགས་ལྔ་དང། སངས་རྒྱས་ལྔ་དང། སྐུ་ལྔ་དང། ཡེ་ཤེས་ལྔ་དང་དབྱེར་མི ་ཕྱེད་པར་གྱུར་པས། ཕུང་པོ་ལྔ་དང། འབྱུང་བ་ལྔ་དང། འདོད་ཡོན་ལྔ་དང། དུག་ལྔ་རང་བཞིན་གྱིས་ཞི་བར་གྱུར་པ་ལ་བྱ་སྟེ། དེ་ཡང་ས་དང་བཅས་པ་དང། ས་ཕྱོགས་པར་ཤེས་པར་བྱའོ། །དེའི་ཕྱིར་རྣམ་པར་དག་པས་སངས་རྒྱས་ཀུན་གྱི་ཡེ་ཤེས་རིག་བསྟེ། ་མཆོག་ཅེས་གསུངས་པ་ནི་རང་གི་དོན་ཏེ། སངས་རྒྱས་དང་ཆོས་ལ་སོགས་པ་ནི་གཞན་གྱི་དོན་ཏོ། །ད་ནི་སྐད་ལ་སོགས་པ་གཞན་གྱི་དོན་བསྟན་པར་བྱ་སྟེ། སྐད་ཅིག་ནི་མཚན་ཉིད་དང་བྲལ་བའོ། །ཐམས་ཅད་ནི་ཐམས་ཅད་ཀྱི་རང་བཞིན་ནོ། །མངོན་པར་རྟགས ་པ་ནི་ཐེ་ཚོམ་མེད་པའོ། །དེ་ཡང་ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་སེམས་ཀྱི་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། རང་གི་རང་བཞིན་དུ་བསྟན་པ་ནི་ཀྱི་ཞེས་བྱ། དེ་སྐད་ཅིག་གི་དུས་དམིགས་པ་དང། དགའ་བ་སྣ་ཚོགས་ཉིད་དུ་བརྗོད། །མཆོག་དགའ་རྣམ་པར་སྨིན་པ ་ཉིད། །དགའ་བྲལ་རྣམ་པ་མེད་པ་སྟེ། །ལྷན་ཅིག་དགའ་བ་མཚན་ཉིད་བྲལ་ཞེས་གསུངས་པས་སོ། །དོན་ཀུན་རིག་ཅེས་པ་ནི། གཞན་མི་དམིགས་པར་བསྟན་པའོ། །འགྲོ་བ་ལ་གདོད་མ་ནས་བསྟར་པར་རིགས་པ་མ་ཡིན་ཏེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། ། ་འགྲོ་བ་འདོན་པར་མཛད་པ་ཡིན་གྱིས། །དོན་ལ་རྟོག་པ་བསྐྱེད་པའི་ཕྱིར་ཏེ་བཤད་ཟིན་ཏོ། །གོང་མ་ལ་འཇུག་པར་མི་འགྱུར་བ་སྟེ། སྨོན་ལམ་གྱིས་དགེ་བའི་བཤེས་གཉེན་དང་ཕྲད་ལ། དེས་གོ་རིམ་སྟོན་པའི་ཕྱིར་ཐེག་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ་ཐེག་པ་བཞི་པོ་ཡོད་པར་ནི་མ་ཡིན་ཏེ། གཅིག་ཉིད་ཁྱད་པར་དུ་བྱས་པའོ། །ཉོན་མོངས་པ་ལ་སོགས་པ་བག་ཆགས་ཀྱི་ས་བོན་མི་གནས་པར་སྟོན་ཏེ། ཉོན་མོངས་པ་ནི་ལྔའོ། །ཁམས་རྣམས་ཤེས་པ་ནི་བཅོ་བརྒྱད་དོ། །དག་པའི་བདག་ཅེས་པ ་ནི་རང་བཞིན་གྱིས་ལུས་སུ་གྱུར་པའོ། །ལས་ཀྱི་ཁམས་རྣམས་ཞེས་པ་ནི་གསུམ་སྟེ་ཟད་པར་བྱེད་པའོ། །ཆུའི་རྒྱ་མཚོ་ནི་འདོད་པ་དང། སྲིད་པ་དང། ལྟ་བ་དང། མ་རིག་པའོ། །བརྒལ་བ་ནི་ཐར་པའོ། །དེ་ཡང་སྦྱོར་བ་ནི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོ ་བའི། སེམས་དབེན་པ་ཐོབ་པའི་དགོན་པ་ལས་འབྲས་བུ་འབྱུང་བས་ན། ཐེག་པའི་བྱེ་བྲག་བླ་ན་མེད་པ་ལ་དགོས་པ་ཡོད་དོ། །བག་ཆགས་དང་རྗེས་སུ་མཐུན་པར་ས་བོན་བྲལ་བ་ནི་མ་རིག་པ་དང། སྲེད་པ་?? ་ལེན་པ་ལ་ཉོན་མོངས་པ་ཞེས་བྱའོ། །སྲིད་པ་དང། འདུ་བྱེད་ལ་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཆོར་པ་དང། སྐྱེ་བ་དང། རྒ་ཤི་ནི་ཀུན་ནས་ཉོན་མོངས་བཞེས ་བྱ་སྟེ། གཏན་སྤངས་པ་ནི་དུག་སྔགས་ཀྱིས་བཏུལ་བ་འགྱུར་བ་བཞིན་ནོ། །བདེ་བ་ཆེན་པོའི་ཐབས་ཁོ་ནར་གྱུར་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་ཞེས་པས་ཟུང་དུ་འཇུག་པའོ། །དེས་ཇི་ལྟར་འགྱུར་བ་ནི་དོན་ཆེན་འགྲོ་བའི་དོན་བྱེད་པ་ཞེས་སོ། ་དེ་ཡང་འགོག་པའི་སྙོམས་པར་འཇུག་པའི་དོན་དང། འདུ་ཤེས་མེད་པ་སྙོམས་པར་འཇུག་པའི་དོན་དང། གཟུགས་ཀྱི་ཁམས་ཀྱི་དོན་དང། གཟུགས་མེད་པའི་ཁམས་ཀྱི་དོན་སྤོང་པས་ན་འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་ཞེས་པ་ནི་བཅོམ་ལྡན ་འདས་སོ། །རྣམ་ཤེས་ནི་རྣམ་ཤེས་མཛའ་ཡས་ལ་སོགས་པ་སྟེ། གཟུགས་མེད་པའི་སྐྱེ་གནས་ཀྱི་དོན་ནི་འགོག་པར་བྱེད་པའོ། །གང་གིས་དོན་བྱེད་པ་བསྟན་པའི་ཕྱིར་སེམས་ཅན་ཀུན་གྱི་ཡུལ་དང་ལྡན་ཞེས་གསུངས་ཏེ། ཡིད་དང་མཐུན་པར་རོ། ། ་དེས་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་ཐུགས་སེམས་ཅན་གྱི་རིག་པར་ནུས་སོ། །དཔེ་ཉེ་བར་གྲུབ་པ་མ་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ལ་གདོད་མ་ནས་སངས་རྒྱས་ཀྱི་ཐུགས་གནས་པས་སེམས་ཅན་དེ་དག་གི་སེམས་དག་དང། སངས་རྒྱས ་ཀུན་གྱི་ཐུགས་ཀྱི་རང་བཞིན་གཙིག་པས་མཐུན་པར་འཇུག་པའོ། །གཞན་གྱི་དོན་གྱིས་འགྱུར་བ་མ་ཡིན་ཏེ། སེམས་ཅན་གྱི་ཡིད་ཚིམ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་སེམས་ཅན་ཀུན་གྱི་ཡིད་ཚིམ་པར་བྱེད་པ་སྟེ། རྣམ་རྟག་ཟད་པར་བྱེད་པའོ། ། ་དེ་ཙམ་དུ་མ་ཟད་ཀྱི་སེམས་ཅན་ཀུན་གྱི་ཡིད་དགའ་བ་ཞེས་པས་ལྷན་ཅིག་སྐྱེས་པ་ཐོབ་པའོ། །གཏན་ལ་ཕབ་པའི་ཡིད་མེད་པས་གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད་པའོ། །ནོར་པ་ཐམས་ཅད་རྣམ་པར་སྤངས་ཞེས་པས། དོན་ཇི་ལྟ་བ་ལ་བློ་ཇི་ལྟ་བ་བཞིན་ཞུ ་པའོ། །དོན་གསུམ་ནི་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བ་གསུམ་དུའོ། །ཐེ་ཙོམ་མེད་པའི་བློ་ཞེས་པ་ནི་རྒྱུན་གཅིག་པར་རོ། །ཀུན་དོན་ནི་གཡོ་བ་དང་མི་གཡོ་བ་ཀུན་གྱིས་དོན་མཛད་པའོ། །དེའི་ཐད་པ་ནི། ཡོན་ཏན་གསུམ་གྱི་བདག་ཅས་བྱ་སྟེ ་རྡུལ་མུན་པ་སྙིང་སྟོབས་གསུམ་ཡང་འགྲོ་བའི་དོན་དུ་བསྟན་པའོ། །ཉན་ཐོས་ལ་ཕུང་པོ་དང་དོན་གསུམ་དུ་བདག་མེད་པར་སྟོན་པའོ། །ཐེག་པ་ཆེན་པོ་ལ་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ཅེས་པ་སྟེ། རྒྱུའི་དུས་སུ་དགེ་བའི་ཆོས་ཚོལ་བ་དང་ཐོས་པ་དང ་བསམ་པ་དང་བསྒོམ་པ་ཐམས་ཅད་ཤེས་རབ་ཀྱིས་སོ་སོར་རིག་པས་སོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པ་འབྲས་བུའི་དུས་ན་ཟང་པའི་ཡེ་ཤེས་དང། མི་སྐྱེ་བའི་ཡེ་ཤེས་ཐོབ་པར་སྟོན་ཏོ། །རྒྱུ་འབྲས་རྗེས་སུ་མཐུན་ཏེ། ལྷན་ཅིག་སྐྱེས ་པའི་རྐྱེན་ནི་དུ་མ་ཡིན་ལ། ཉེ་བར་ལེན་པའི་རྒྱུ་ནི་གཅིག་ཁོ་ནས། སངས་རྒྱས་ཀུན་གྱི་རང་བཞིན་འཆད། ཞེས་པས་རྒྱུ་འབྲས་རྗེས་སུ་མཐུན་པས་ཐམས་ཅད་གཅིག་པ་ཉིད་དོ། །ལུས་མི་འབྱུང་བ་མ་ཡིན་ཏེ། ལུས་མེད་ཅེས་པས་རྣམ་པར་སྨིན་པའི་ལུས་མེད་ཅེས་པ་ནི ་ཆོས་ཀྱི་སྐུ་ཅན་ནོ། །ལུས་ཀྱི་མཆོག་ཅེས་པས་ཡེ་ཤེས་ཀྱི་ཕུང་པོ་ཅན་དུ་སྣང་བའོ། །དུ་མ་དང་སྣ་ཚོགས་འབྱུང་བ་ནི་ལུས་མཛའ་རྟོག་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པའོ། །ཇི་ལྟར་འགྱུར་བ་ན་ནོར་བུ་རིན་ཆེན་ལྟར་རོ། །དགའ་བ་མ་ཡིན་ཏེ། རིན་ཆེན ་ཏོག་ཅེས་པས་ཁམས་གསུམ་གྱི་རྒྱལ་མཚན་ནི། དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པའོ།། །།ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་བསྡུས་ཏེ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱིས་རྟགས་པ་དང་མཁྱེན་པ་དང། མངོན་དུ་མཛད་པ་ནི ་སངས་རྒྱས་ཀྱི་བྱང་ཆུབ་གསུམ་དང། བླ་ན་མེད་པའི་བདེ་བ་ཆེན་པོ་སྟེ། བྱ་བ་ནན་ཏན་དེ་བཞིན་དུ་འདིར་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་རྟགས་པར་བྱ་བ་དང། ཐམས་ཅད་སེམས་ཀྱི་ཁྱད་པར་དུ་ཤེས་པར་བྱ་བ་དང། འབད་པ་མེད་པ་རང ་གི་ངག་གིས་འབྱུང་བ་ལ་མངོན་དུ་བྱུང་བ་ནི་བླ་ན་མེད་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། གསང་སྔགས་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཡེ་ཤེས་ཉིད་དང། དེའི་རྣམ་འཕྲུལ་དང། མ་རིག་པའི་རླུང་དང། ་རླུང་བཅུ་དང། དག་དང། ཡི་གེ་དང། མིང་དང། ཚོགས་རྣམས་ནི་བསམ་གྱིས་མི་ཁྱབ་པའི་གསང་སྔགས་འབྱུང་བས་སྐྱེ་གནས་སོ། །ཡི་གེ་མེད་ཅེས་པ་ནི་དེ་ཉིད་གདོད་མའི་གནས་སུ་ཐིམ་པས་སྤྲོས་པ་ལས་འདས་པའོ། །དེ་ཉིད་མཚོན་པར་བྱེད་པ་ནི་ཡི་གེ་སྟེ། ཨོཾ ་ཨཱ(རྒྱུད་འགྲེལ་དེ་ཡང་ཐབས་དང་ཤེས་རབ་ཀྱི་རིགས་གཉིས་སུ་བསྡུ་བའི་ཕྱིར། ཐིག་ལེ་ཆེན་པོ་ཞེས་བྱ་སྟེ། ཨེ་བཾ་དེ་ཡང་བདེ་བ་ཆེན་པོའི་རིགས་གཅིག་ཏུ་བྱ་བའི་ཡི་གེ་མེད་ཅེས་བྱའོ། །དེ་ཉིད་ཡི་གེ་སྣ་ཚོགས་སུ་སྣང་བས་སྟོབས་པོ་ཆེ་ཞེས་བྱའོ། །དབྱངས་ཡིག་བཅུ ་གཉིས་སོ། །ཡི་གེ་ལྔ་སྟེ། ཨོཾ་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་ཡོན་ཏན་ཡང་དེ་སྙེད་དུ་འགྱུར་བ་སྟེ། དོན་སྔར་བཤད་པའི་ཡི་གེ་དྲུག་གི་རང་བཞིན་དུ་བསྡུ་བར་བྱའོ། །རྣམ་པ་ཀུན་ལྡན་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པ་མེད་པ་དེ་ཉིད་གཟུགས་བརྙན་གྱི་རྣམ་པར་རོ། །བཅུ་དྲུག་གི་དབྱངས་ཡིག་གོ། ཕྱེད་ནི་གྲོང ་ཁྱེད་དཀྲུག་པའོ། །གཉིས་པ་ནི་གླེང་གཞིའོ། །ཐིག་ལེ་ནི་རྡོ་རྗེ་དང་མི་བསྐྱོད་པའོ། །འཆང་བ་ནི་དབུགས་དབྱུང་བའོ། །ཡན་ལག་མེད་པ་ནི་ཕྱི་རོལ་གྱི་རྫོབ་དགག་པའོ། །རྩིས་ནི་བཏགས་པའོ། །དེ་ལས་འདས་པ་ནི་བདེ་བ་ཆེན་པོའོ། །བསམ་གཏན་བཞི་ནི་དགའ་ ་བ་དང། བདེ་བ་དང། སེམས་རྩེ་གཅིག་པ་དང། དྲན་པ་སྟེ་དགའ་ལ་སོགས་པ་ཉིད་ད། །རྩེ་མོ་ཅན་ནི་རོ་གཅིག་པ་ཉིད་དོ། །འཇིག་རྟེན་བར་འགྱུར་བ་ཡིན་ཏེ། བསམ་གཏན་ཡན་ལག་ཀུན་ཤེས་ཤིང། །ཞེས་པས་རྟོག་པ་དང། །དཔྱོད་པ་དང། དགའ་བ་དང ་བདེ་བ་ནི་དང་བའོ། །རྟག་པ་དང་བཅས་དཔྱོད་པ་མེད་པའི་དགའ་བ་དང། བདེ་བ་ནི་གཉིས་པའོ། །དགའ་བ་མེད་པའི་བཏང་སྙོམས་དང། དྲན་པ་ཡང་དག་པར་བརྗོད་པ་ནི་གསུམ་པའོ། །སྡུག་བསྔལ་དང། བདེ་བ་མེད་པ་བཏང་སྙོམས་ཀྱི་དྲན་པ་ཡོངས་སུ་དག་པ་ནི ་བཞི་པའོ། །མཁྱེན་པས་དོན་ཡོད་པ་ནི་ཏིང་ངེ་འཛིན་གྱི་རིགས་དུ་མ་དང། གང་ཟག་གི་རྒྱུད་དུ་མ་རིགས་རྩེ་གཅིག་བསྒོམ་པའི་རིགས་ཀྱི་དབྱེ་བས་ཉན་ཐོས་ལ་སོགས་པའི་བཟུང་བའི་མཆོག་ལ་དབུགས་དབྱུང་གཉིས་ལྷག་པར་སྟོན་ཏེ། ཏིང་འཛིན་ལུས་ཅན་ནི ་གང་ཟག་གོ་།ལུས་ཀྱི་མཆོག་ནི་ཆོས་སྐུའོ། །དེ་ཉིད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ལོངས་སྤྱོད་རྫོགས་པ་ལ་སོགས་པར་སྣང་ངོ། །ཐུན་མོང་འཕྲུལ་བ་ནི་དེ་བཞིན་འགྲོ་བའི་དོན་བྱེད་པ་ཞེས་པ་སྟེ། ལྷའི་དབང་པོ་ནི་ཁྱབ་འཇུག་གོ། ལྷའི་ལྷ་ནི ་ཚངས་པའོ། །ལྷའི་བདག་པོ་ནི་བརྒྱ་བྱིན་ནོ། །ལྷ་མིན་བདག་ནི་རཱ་ཧུ་ལའོ། །འཆི་མེད་དབང་པོ་ནི་ཉེ་དབང་ངོ། །ལྷའི་བླ་མ་ནི་ཕུར་བུའོ། །འཇོམས་བྱེད་ནི་ཐག་བཟངས་རིས་སོ། །གཉིས་པ་ནི་སྲིན་པོའི་བདག་པོའོ། །དབང་ཕྱུག་ནི་མཧཱ་དེ་བ་སྟེ། བཅོམ་ལྡན ་འདས་ལ་སོགས་པའི་རང་རང་གི་རྒྱལ་པོར་བསྟོད་པའོ། །དེ་བས་སེམས་ཅན་ཐམས་ཅད་སྲེད་པའི་དགོན་པ་ལས་རྒལ་བར་མཛད་པ་ནི་སྟོན་པ་གཅིག་པུ་སྟེ། དེ་བས་ན་འགྲོ་བའི་བླ་མར་གྱུར་པའོ། །དེ་ལྟར་གྱུར་པར་བསྟན་པའི་ཕྱིར་འཇིག་རྟེན་ལ་སོགས་པའོ། ། ་དགོས་པ་ཇི་ལྟ་བུ་མངའ་བ་བསྟན་པའི་ཕྱིར་བྱམས་པའི་གོ་ཆ་ཆས་པ་སྟེ་ཞེས་པ་ནི་ཕྱོགས་མེད་པའོ། །སྙིང་རྗེ་ཡི་ནི་ཡ་ལང་བགོས་ཞེས་པ་ནི་སྡུག་བསྔལ་དང་བྲལ་བར་བྱེད་པ་སྟེ་བསྲུང་བའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས ་ཞེས་པ་ནི་རྟགས་དང་དོན་ཏེ་ཤེས་རབ་དང་རིགས་པས་ནང་དང་ཕྱིའི་སྒྲོ་འདོགས་མི་མངའ་བ་དང་ཁ་སྦྱོར་སྙོམས་འཇུག་པའོ། མི་ཤེས་པ་ནི་གཏི་མུག་གོ། གཡུལ་དོ་ནི་སེམས་དང་པོ་བསྐྱེད་པའི་དུས་སོ། །སེལ་བ་ནི་དགེ་བར་མཛད་པའོ། །དཔའ་བོ ་ནི་བཅོམ་ལྡན་འདས་སོ། །བདུད་ནི་བཞིའོ། །དགྲ་ནི་ལོག་པར་འདྲེན་པའོ། །བདུད་འདུལ་བ་ནི་བཏུལ་བ་སྟེ་རྡོ་རྗེ་གདན་ལའོ། །དེའི་མཐུ་ནི་བདུད་བཞི་ལ་སོགས་པའོ། །མཆོད་པའི་འོས་སུ་བསྟན་པའི་ཕྱིར། དེ་བས་ན་རྫོགས་པའི་སངས་རྒྱས་འཇིག་རྟེན ་འདྲེན་ཞེས་བྱ་སྟེ། ཁྱོད་ཉིད་ཐམས་ཅད་དུ་འཁྲུལ་ཞིང་རིམ་གྱིས་དབང་པོའི་བྱེ་བྲག་དང་མཐུན་པར་བསྟན་པ་ཁྱོད་ཉིད། ཉིད་དུ་མ་གྱུར་པ་དང། མི་འགྱུར་པ་མེད་ཅེས་བྱ་བའི་དོན་ཏོན་ཏོ། །དེ་བས་ན་འདི་དག་ལ་གཉིས་སྦྱར་ཏེ། རྟགས་ནི་གཞུང་ལྟར་རོ ་གཞན་པ་ཡང་མཆོད་འོས་ནི་ཐོས་པ་དང་དྲན་པ་མཐར་ཕྱིན་པའོ། །བསྟོད་འོས་ནི་རང་བཞིན་གཅིག་ཏུ་རྟོགས་པའོ། །ཕྱག་གི་གནས་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་གྱུར་པས་སོ། །རྟག་ཏུ་རི་མོར་བྱ་བའི་འོས་ནི་ཐེག་པ་གསུམ་གྱི་རང་རང་གི་ལམ་རྒྱུད་ལ ་སྦྱངས་པའོ། །བཀུར་འོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ལམ་དངོས་བསྟན་པའོ། །བརྗོད་པར་བྱ་བའི་མཆོག་ནི་ཐེག་པ་ཆེན་པོ་པ་རྣམས་ཀྱི་སྟེ་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་སྣང་བས་སོ། །ཕྱག་བྱ་བའི་འོས་ནི་སྔགས་སྦྱོད་པ ་རྣམས་ཀྱི་སྟེ། རང་རིག་སྟོན་པས་སོ། །བླ་མའི་རབ་ནི་དབང་ཐོབ་པ་རྣམས་ཀྱི་སྟེ། དེ་ཁོ་ན་ཉིད་མཐོང་བ་དང། ཆོས་ཐམས་ཅད་བྱིན་གྱིས་བརླབས་པས་སོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཐུགས་སུ་ཆུད་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་ལ་སོགས་པའོ། ། ་གསུམ་རིག་ནི་དུས་མཁྱེན་པ་དང། མཆོད་པ་མཁྱེན་པ་དང་མཉམ་པའི་མཚན་ཉིད་མཁྱེན་པ་ཡིན་ལ། གཙང་མ་དག་པ་སྟེ། ཞེས་བྱ་བ་ནི་མི་སླུ་ཞིང་རིག་པ་ལ་ཐེ་ཙོམ་མི་མངའ་བའོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་མིག་ལ་སོགས་པའོ། །རྗེས་དྲན་དྲུག་ནི་སངས་རྒྱས? ་དང་ཆོས་དང་དགེ་འདུན་དང་ཡི་དམ་དང་དམ་ཚིག་དྲན་པ་མངའ་བའོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་གཞན་གྱི་ཡབ་ཏུ་འགྱུར་པའོ། །སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཡང་ཡབ་ཏུ་འགྱུར་པའོ། །རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །འཇིག ་རྟེན་འདས་པ་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །མཇུག་བསྡུ་བར་བྱ་བའི་ཕྱིར། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ་ཞེས་བྱ་བའི་དོན་ནི་འདེར་ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་བྱ་བའི་དོན་ཏེ། རིགས་ཕྱག་རྒྱ་བཞི་ནི་བསྐྱེད་པའི་རིམ་པའོ། །རྟགས་ཕྱག་རྒྱ་བཞི ་ནི་བྱིན་གྱིས་བརླབས་པའི་དུས་སུའོ། །དོན་ཕྱག་རྒྱ་བཞི་ནི་ལམ་གྱི་དུས་སུའོ། །ཉེས་མཆིས་གྱུར་པ་ལ་སོགས་བཟོད་པ་མཇོད། །ཤེས་རབ་ཡུལ་ནི་མཛའ་དང་བྲལ། །ཟབ་མོའི་དོན་ནི་གཞལ་དཀའ་བས། །གཞལ་བྱ་བརྔལ་བྱེད་ཀྱིས་སྟོང་པའི། །འགྲོ་ཀུན་སྙིང་པོ་ལེན ་པར་ཤོག་།སྔགས་པ་རྣལ་འབྱོར་ལ་མི་མཁས། །ཕལ་ཆེར་བག་མེད་ལམ་འགྲོ་ལ། །སྙིང་པོ་མངོན་རྟོགས་འདི་བརྗོད་པས། །ཐམས་ཅད་རྣལ་འབྱོར་ལ་འཇུག་ཅིང། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །དོན་ནི་ངོ་བོར་འགྱུར་བར་ཤོག། འཕགས་པའི་འཇམ་དཔལ ་གྱི་མཚན་ཡང་དག་པར་རྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱིཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་བྱས་པའོ།། །།རྒྱ་གར་སྐད་དུ། ་