| Wylie | e-texts based on the ACIP/ALL Input |
པར་བསྒྱུར།། །།ཉེ་བར་བསྡུས་བའི་རྣམ་པར་རྟོག་གེ་དང་སྦྱར་བའི་བསྡུས་དོན་མཚན་གྱི་སྒྲོན་མ་བཞུགས། །བུ?་རིགས་མཆོག་ཏུ་སངས་རྒྱས་ཀྱང། །ཀུན་ཏུ་གཟིགས་པས་འདོང་བྱོན་པ། །སངས་རྒྱས་ཀུན་བསྐྱེད་ཡབ་འགྱུར་ཞེས། །མཚན་གསོལ་འཇམ་དབྱངས་དང་བདུད ་ནས། །རྙེད་ལ་གདུད་སོགས་ང་མིན་གྱི། །མ་འདྲེས་མཚན་ལ་དད་སེམས་ཀྱིས། །བདག་དྲན་ཕྱིར་བྱས་འགལ་བ་མེད། །གཞན་དུ་གྱུར་ནའང་དེ་མི་འགལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་བདག་གི་།མཚན་རྣམས་ཡང་དག་བརྗོད་པ་ལ། །སྤྱི་དོན ་བཅུ་བཞི་དེང་བསྡུས་བཞི། །དེ་ལ་སྤྱི་དོན་བཅུ་བཞི་ཡི། །རྣམ་བར་དབྱེ་བ་བྱ་བ་ནི། །ཞུས་ནས་སླར་གསུངས་རིགས་དྲུག་གཟིགས། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་དང། །རྡོ་རྗེ་འཆང་ཆེན་དཀྱིལ་འཁོར་དང། །རྣམ་པར་སྣང་མཛད་མི་བསྐྱོད་དང། །ཚེ་དཔག་མེད་དང་རིན་ཆེན ་འབྱུང། །དོན་ཡོང་འཁོར་ལོ་དག་བསྟོད་པ། །ཕན་ཡོན་དང་ནི་སྔགས་རིངས་དང། །བསྡུས་པའི་ཚིགས་སུ་བཅད་པའོ། །ཞུས་ལ་ཚིགས་བཅད་བཅུ་དྲུག་སྟེ། །དེ་ལ་ནང་བསེས་རྣམ་པ་བདུན། །གང་གིས་ཞུས་ལ་ཚིགས་བཅད་ལྔ། །གང་ལྟར་ཞུས་ལ་ཚིགས་བཅད ་གཅིག་།གང་ཕྱིར་ཞུས་ལ་གཉིས་སུ་གནས། །གང་ལ་ཞུས་ལ་གཅིག་ཡིན་ནོ། །གང་ཞུས་པ་ལ་ཚིགས་བཅད་བཞི། །ཇི་སྐད་ཞུས་པའི་དོན་བཞིན་དུ། །སྒྲུབ་པར་ཁས་བླངས་བ་ལ་གཉིས། །དེ་ཕྱིར་གུག་ཏན་ཚིགས་བཅད་གཅིག་།སླར་གསུངས་པ་ལ་ཚིགས ་བཅད་དྲུག་།ནང་གི་དབྱེ་བ་རྣམ་པ་བདུན། །གང་གིས་གསུངས་ལ་ཚིགས་རྐང་གཉིས། །གང་ལྟར་གསུངས་ལ་ཤུ་ལོག་གཉིས། །གང་ལ་གསུངས་ལ་ཤུ་ལོག་ཕྱེད། །གང་ཕྱིར་གསུངས་ལ་ཚིགས་རྐང་གཉིས། །གང་གསུམ་པ་ལ་རྐང་པ་གསུམ། །?? ་གཏོད་ཉོན་ཅིག་འདོམས་པ་ལ། །ཚིགས་བཅད་ཕྱེད་དང་གཉིས་སུ་གཞེས། །གནང་ནས་གཏང་རག་ཕུལ་རྐང་གཅིག་།རིས་དྲུག་གཟིགས་ལ་ཚིགས་བཅད་གཉིས། །འདིས་གཟིགས་དང་པོ་ཚིག་རྐང་གཅིག་།དེ་འོག་ཚིག་གཅིག་སྤྱིར་གཟིགས། །ལྷ་དྲུག་དོན་ཡོད ་རྣམ་སྣང་མཛད། །མི་བསྐྱོད་མཛའ་ཡས་རིན་ཆེན་འབྱུང། །རྡོ་རྗེ་སེམས་དང་དྲུག་རིམས་བཞིན། །ཞུས་ལུགས་གཞན་ལ་གཞན་དུ་སྣང། །དེ་ལ་གཟིགས་ནས་འདི་མཇད་བརྗོད། །དཀྱིལ་འཁོར་དྲུག་གི་བསྟོད་པ་དང། །ཕན་ཡོན་སྔགས་རིགས་བསྡུས་སོགས ་ཀྱི་།གཞུང་ཚད་མཚན་དོན་གོ་རིམས་བཞིན། །རང་རང་སྐབས་སུ་འོག་ནས་འཆད། །བསྡུས་པའི་དོན་བཞིར་བཞག་པ་ཡིན། །རྣམ་པར་དབྱེ་བར་བྱ་བ་ནི། །ཞུས་དང་སླང་གསུངས་རིས་དྲུག་གཟིགས། །དམིགས་པའི་ཡུལ་དུ་བཞག་པར་བྱ། །མངོན་རྟོགས་དཀྱིལ ་འཁོར་དྲུག་དང་བསྟོད། །སྔགས་རིངས་དང་དགུས་ཉམས་བླངས་ཐབས། །ཕན་ཡོན་གྱིས་ནི་བསྐྱེད་པ་དང། །ཐོབ་བྱའི་འབྲས་བུ་བསྟན་པ་ཡིན། །བསྡུས་པའི་ཚིགས་སུ་བཅད་པ་ལྔས། །དམིགས་ཐབས་འབྲས་བུ་གསུམ་བསྡུས་བསྟན། །འདིས་ཞུས་འདིས་གསུངས ་འདིས་གསུངས་གསུམ། །འཁོར་དང་སྟོན་པ་རྣམ་པ་གསུམ། །མཆོག་གསུམ་རྒྱུ་འབྲས་ཐབས་དང་གསུམ། །ཐོབ་བྱའི་ཡུལ་དུ་བཞག་པ་ཡིན། །གཞན་ཡང་ཞུས་ལན་གཟིགས་པ་གསུམ། །ཐབས་དང་དེ་བཞིན་ཤེས་རབ་དང། །གཉིས་སུ་མེད་དང་རྣམ་གསུམ ་དུ། །རང་གི་ཆོན་བཞག་པ་ཡིན། །ཉམས་བྲང་བའི་ཐབས་དག་ནི། །རྣལ་འབྱོར་གཞུང་གི་འཁོར་ལོ་སྟེ། །དེ་ཡང་ཕྱི་ནང་དབྱེ་བ་ཡིས། །རྣམ་པ་གཉིས་སུ་བསྟན་པ་ཡིན། །ཕྱི་རོལ་ལ་ཡང་རྣམ་གསུམ་སྟེ། །སྙིང་ཁ་ཤེས་རབ་འཁོར་ལོ་དང། །ཕོ་བྲང་ལྷ་ཡི ་འཁོར་ལོ་དང། །འཁྲུལ་འཁོར་ལས་ཀྱི་འཁོར་ལོའོ། །ནང་གི་འཁོར་ལོ་གཅིག་ཉིད་དེ། །ལུས་གནས་རྩ་ཡི་འཁོར་ལོའོ། །འཁོར་ལོ་བཞི་པོ་དེ་དག་ལ། །རེ་རེ་ལ་ཡང་བདུན་བདུན་ནོ། །དེ་ལ་ཤེས་རབ་འཁོར་ལོ་ནི། །ཇི་ལྟར་ནམ་པར་བསམ་ཞེ་ན། །དང་པོར་རང་འདོད་པའི་ལྷ། ། ་ས་བོན་མདོག་དང་སོ་སོའི་རྒྱ། །དེ་ཐུགས་དང་པོའི་སངས་རྒྱས་ནི། །ཞལ་ལྔ་ཕྱག་བརྒྱད་ཀུན་ཐུན་མོང། །དེ་ཡི་ཐུགས་ཀར་འཁོར་ལོ་ནི། །རིས་དྲུག་དབྱེ་བས་རྣམ་པ་དྲུག་།བསྡུས་པ་དང་ནི་བདུན་གྱུར་ཏེ། །ལྟེ་བ་རྩིབས་དང་རྩིབས་རྟེན་ཅན། །ལྟ་བ་མུ་ཁྱད་གཉིས་ཀྱིས་བསྐོར། ། ་རྩབས་རྟེན་མུ་ཁྱུད་གཉིས་ཡོད་པ། །ལྟེ་བའི་མུ་ཁྱུད་ནང་མ་ལ། །སྔགས་རིངས་གཉིས་ཕྱེད་རྩ་བ་དགོད། །ཕྱི་ལ་ཨཱ་ལི་རྣམས་དགོད་དོ། །རྩིབས་རྟེན་མུ་ཁྱུད་ནང་མ་ལ། །སྔགས་རིངས་གཉིས་ཕྱེ་ཕྲེང་སྔགས་དགོད། །ཕྱི་ལ་ཀཱ་ལི་ལེགས་པར་དགོད། །མུ་ཁྱུད་སྔགས ་དང་མདོག་དཀར་མཚུངས། །རྩིབས་གྲངས་སོ་སོའི་དང་པོ་ལ། །དྲུག་སྟེ་སྔགས་དྲུག་མཆེན་རེ་དགོད། །མདོག་དྲུག་ལྡན་པར་བསྒོམ་པར་བྱ། །དབུས་སུ་ཨ་ནི་དཀར་པོར་བཀོད། །སོ་སོར་རྟོག་པའི་རྩིབས་བརྒྱད་ལ། །བཛྲ་ཧིཀྵྞཱ་ལ་སོགས་དགོད། །ཡིག་འབྲུ་རེ་རེ་ཁ་དོག་དམར ་དབུས་སུ་ཧྲཱི(རྒྱུད་འགྲེལ་དབུས་ཀྱི་ཨ་དང་དེཊ་ན་དཀར། །བྱ་གྲུབ་ཡེ་ཤེས་འཁོར་ལོ་ནི། །རྩིབས་བརྒྱད་ཛྙཱ་ན་ཀཱ་ལ་སོགས། །རྩིབས་རེ་འབྲུ་རེ་ལྟེ་བར་ཨ། །ཤིན་ཏུ་མཛེས་པའི་ལྗང་ཁུའོ། །མཉམ་ཉིད་འཁོར་ལོ་རྩིབས་བརྒྱད་པ། །དེ་ལ་བཱ་གི་ཤྭ་ར་སོགས། །འབྲུ་རེ་དགོད་ཅིང་ཁ་དོག་སེར། ། ་དྲུག་པའི་འཁོར་ལོ་རྩིབས་དགུ་པ། ། ར་པ་ཙ་ལ་སོགས་པ། །ཡིག་དགུ་གཅིག་ལ་གཉིས་དགོང་བྱ། །དབུས་སུ་ཨ་ནི་རབ་ཏུ་དཀར། །ཤེས་རབ་འཁོར་ལོའི་ལྟེ་བ་རུ། །དང་པོ་ལ་ནི་ཡེ་ཤེས་སེམས། །ཐུན་མོང་མཚན་དང་ལྡན་པར་བསམ། །གཞན་ལ་མཚན་ཡང་སོ ་སོ་སྟེ། །སོ་སོར་རྟོག་ལ་རྡོ་རྗེ་རྣོ། མེ་ལོང་རལ་གྲི་སྡུག་བསྔལ་གཅོད། །ཆོས་དབྱིངས་ཤེས་རབ་ཡེ་ཤེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་སྐུ། །མཉམ་པ་ཉིད་ལ་ངག་དབང་བྱུག་།རྡོ་རྗེ་སེམས་ལ་མཚན་མཆོག་ནི། ། ར་པ་ཙ་ན་ཞེས་པ། །མདོག ་དང་ཕྱག་མཚན་སོ་སོར་བསམ། །མངོན་རྟོག་ལ་ནི་ཚིགས་བཅད་གསུམ། །ཚིགས་བཅད་དངོས་གཅིག་སྔགས་ལ་གཉིས། །དེ་ལྟར་ཤེས་རབ་འཁོར་ལོ་ནི། །གཞུང་ཚང་བཅད་པ་ལེགས་བསྟན་ནས། །ད་ནི་ཕོ་བྲང་ལྷ་འཁོར་ལོ། །དེ་ཡི་དབྱེ་བ་བསྟན་པར་བྱ། ། ་རྣམ་པར་སྣང་མཛད་ཅེ་ཞེས་པ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། །ལྔ་ཡི་རང་བཞིན་དྲུག་པ་སྟེ། །རྩ་བའི་དཀྱིལ་འཁོར་ལྷ་དང་མཚན། །གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །མཚན་རྣམས་རྣམ་པ་གཉིས་སུ་བཞེད། ་དེ་ཡི་ཐུགས་ཀའི་ཟླ་དཀྱིལ་ན། །མཚན་ནི་རྣམ་པ་གཉིས་ཡིན་ཏེ། །རྫོགས་སངས་རྒྱས་དང་ཨ་ལས་བྱུང། །དེ་སྟེང་ཨ་ལ་རྣམ་གསུམ་སྟེ། ། ནི་ཡིག་འབྲུ་ཀུན་མཆོག་དང། །དོན་ཆེན་ཞེས་ནི་འབྱུང་བ་དང། །ཡི་གེ་དམ་པ་ཞེས་པ་གསུམ། །དེ་ལྟར་དེ་དག ་གསུམ་པོ་ནི། །མཚན་མཆོག་རྣམ་པ་འདུན་དུ་བཞེད། །གསང་བའི་ཡུམ་བཞིའི་རྣམས་ལ་ནི། །ཁོང་ནས་བྱུང་དང་སྐྱེ་མེད་གཉིས། །སཏྭ་བཛྲི་མ་ཡི་མཚན། །ཚིག་དུ་བརྗོད་པ་སྤངས་གཅིག་པུ། །རཏན་བཛྲི་མ་ཡི་མཚན། །བརྗོད་པ་ཀུན་གྱི་རྒྱུ་མཆོག་ཉིད ་དྷརྨ་བཛྲི་མ་ཡི་མཚན། །ཚིག་ཀུན་ཤེས་ནི་འབྱུང་བ་དང། །རབ་ཏུ་གསལ་བྱེད་མ་དང་གཉིས། །ཀརྨ་བཛྲི་མ་ཡི་མཚན། །དེ་དག་ལ་ནི་མཚན་དྲུག་སྟེ། །དང་པོ་ཐ་མ་གཉིས་གཉིས་སོ། །རྒྱལ་བ་ལྔ་ལ་མཚན་གསུམ་གསུམ། །ཚིག་རྐད་དང ་??་གཉིས་གཉིས་སོ། །འོག་མ་འོག་མ་རེ་རེ་ལ། །མཆོད་པ་ཆེན་པོ་ཆགས་ཆེན?་ནས། །ཁྲོ་བ་ཆེན་པོ་དགྲ་ཆེའི་མཐར། །རྒྱལ་རྣམས་བཅོ་ལྔ་ཡུམ་བཞི་དྲུག་།ཉི་ཤུ་རྩ་གཅིག་ངག་ཏུ་བཤད། །འདོད་པ་ཆེ་དང་བདེ་བ་ཆེ། །རྡོ་རྗེས་སེམས་དང་རྒྱལ་པོ ་གཉིས། །དགའ་བ་ཆེ་དང་མགུ་ཆེ་གཉིས། །ཆགས་པ་དང་ནི་ལེགས་པའི་མཚན། །ཚིག་རྐང་གཉིས་ལ་བཞིར་བཞེད་དེ། །བྱང་ཆུབ་སེམས་ཀྱི་མཚན་རྣམས་སོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་ནས། །དཀྱིལ་འཁོར་ཆེན་པོ་ཡང་པ་ཡིན། །ཚིག་སུ་བཅད་པ་གཅིག་ལ་ནི། ། ་སེམས་དཔའ་བཞི་སྟེ་མཚན་རྣམས་ལྔ། །དེ་དག་དབང་བསྐུར་སེམས་དཔའ་བཞི། །ཤེས་རབ་མཚོན་ཆེན་འཆང་བ་ནས། །སྣང་བ་ཆེན་པོ་གསལ་ཆེའི་མཐར། །ཚིགས་སུ་བཅད་པ་གཅིག་ལ་ནི། །སེམས་དཔའ་བཞི་སྟེ་མཚན་མཆོག་བདུན། །རྐང་པ་དང་པོ་རྡོ་རྗེ་ཆོས། །མཚན ་མཆོག་གཅིག་ཏུ་ཤེས་པར་བྱ། །རྣོན་པོ་ལ་ནི་གཉིས་ཡིན་ཏེ། །ཉོན་མོངས་ལྕགས་ཀྱུ་ཆེ་དང་མཆོག་།རྒྱུ་ལ་གྲགས་ཆེན་སྙན་གྲགས་གཉིས། །སྨྲ་ལ་སྣང་ཆེ་གསལ་ཆེ་གཉིས། །ཡེ་ཤེས་སེམས་དཔར་གྲགས་པ་ཡིན། །མཁས་པ་བསྒྱུ་འཕྲུལ་ཆེ་འཆང་ནས། །སྐྱུ་འཕྲུལ ་ཆེན་པོ་མིག་འཕྲུལ་མཐར། །ཚིགས་བཅད་གཅིག་ལ་སེམས་དཔའ་བཞི། །མཚན་རྣམས་དྲུག་དུ་བཞེད་པ་ཡིན། །མཁས་པ་སྒྱུ་འཕྲུལ་ཆེ་འཆད་གཉིས། །རྡོ་རྗེ་ལས་སུ་ཤེས་པར་བྱ། །སྒྱུ་འཕྲུལ་ཆེ་དང་དོན་གྲུབ་པ། །རྡོ་རྗེ་བསྲུང་བའི་མཚན་ཡིན་ནོ། །ལྷག་མ་གཉིས་ལ ་རེ་རེའོ། །སེམས་དཔའ་དེ་དག་བཞི་པོ་ནི། །ལས་ཀྱི་སེམས་དཔའ་རྣམས་ཡིན་ནོ། །སེམས་དཔའ་བཅུ་དྲུག་རྣམས་ལ་ནི། །ཚིགས་སུ་བཅད་པ་ཕྱེད་དང་བཞི། །མཚན་རྣམས་ཉི་ཤུ་རྩ་གཉིས་ཏེ། །སེམས་དཔའ་ཨི་བསྡུས་དོན་དེ་ཡིན་ནོ། །སྦྱིན་བདག་ཆེན་པོ་ཞེས་པ་ནས། ། ་སྨོན་ལམ་ཡེ་ཤེས་རྒྱ་མཚོ་འབར། །ཕ་རོལ་ཕྱིན་བཅུའི་ཚིགས་བཅད་གཉིས། །ལྷ་མོ་བརྒྱད་དང་སྒོ་བར་བཞེད། །སྦྱིན་བདག་ཆེ་དང་གཙོ་བོ་གཉིས། །སྒེག་མོ་ཡི་ནི་མཚན་ཡིན་ནོ། །ཚུལ་ཁྲིམས་ཆེན་དང་འཆད་མཆོག་ནི། །ཕྲད་པ་མ་ལ་གཉིས་སུ་བཞེད། །བཟོད ་ཆེན་འཆད་དར་བརྟན་པ་གཉིས། །གླུ་མ་ཡི་ནི་མཚན་ཡིན་ནོ། །བརྩོན་འགྲུས་ཆེ་དང་བཏུལ་བ་གཉིས། །གར་མཁན་མ་ཡི་མཚན་ཡིན་ནོ། །མེ་ཏོག་མ་ལ་མཚན་ཅིག་སྟེ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེ་དང་ལུས་འཆང་གཉིས། །འདུག ་པ་མ་ཡི་མཚན་ཡིན་ནོ། །བསམ་གཏན་ཞེས་པ་མར་མེ་མ། །ཐབས་ཆེན་ཞེས་པ་དྲི་ཆབ་མ། །ཡན་ལག་བདུན་དང་འཕགས་ལམ་བརྒྱད། །སྟོབས་དང་ཡེ་ཤེས་སྒོ་བར་བཞེད། གསང་མཆོད་ལ་བརྒྱད་ཕྱི་ལ་ལྔ། །སྒོ་བ་ལ་གཉིས་སྦྱིར་བཅོ་ལྔ། ་བྱམས་ཆེན་རང་བཞིན་ཞེས་པ་ནས། །མཁས་པ་ཆེན་པོ་ཐབས་ཆེའི་བར། །ཚིག་རྐང་བཞི་ལ་རིམས་བཞིན་དུ། །ཤར་ཕྱོགས་གནས་པའི་སྐལ་བཟངས་བཞི། །ཚིག་རྐང་དང་པོ་བྱམས་པ་ཡིན། །སྙིང་རྗེ་དང་ནི་བློ་མཆོག་གཉིས། །འཇམ་དཔལ་གྱི་ནི་མཚན་ཡིན། ། ་སྦོས་གླང་ཤེས་རབ་བློ་ཆེན་གཉིས། །མཁས་པ་ཆེ་དང་ཐབས་ཆེ་གཉིས། །ཡེ་ཤེས་ཏོག་གི་མཚན་ཡིན་ནོ། །ལྷོ་ཡི་སེམས་དཔའ་རྣམ་བཞི་ནི། །རྫུ་འཕྲུལ་སྟོབས་ལྡན་བཟང་སྐྱོང་གི། ཤུགས་ཆེན་མགྱོགས་པ་ཆེན་པོ་ནི། །བློ་གྲོས་རྒྱ་མཚོའི་མཚན ་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །བློ་གྲོས་མི་བཟད་པ་ཡི་མཚན། །སྤོབས་པ་རྩེགས་པ་ཞེས་བྱ་བ། །སྟོབས་ཆེན་ཕ་རོལ་གནོན་ཅིག་བུ། །ནུབ་ཀྱི་ཕྱོགས་ཀྱི་སེམས་དཔའ་བཞི། །སྲིད་པའི་རི་བོ་ཆེ་འཇོམས་ནས། །འཇིགས་ཆེན་འཇིགས་པར ་བྱེད་པའི་མཐར། །མཐུ་ཆེན་ཐོབ་དད་ངན་སོང་འདྲེན། །མྱ་ངན་འཇོམས་དང་དྲ་བཅན། །གོ་རིམས་བཞིན་དུ་ཚིག་རོལ། །མཚན་ཡང་རེ་རེ་དག་ཏུ་འདོད། །བྱང་ཕྱོགས་ཀྱི་ཡང་སེམས་དཔའ་བཞི། །མགོན་པོ་རིགས་མཆོག་ཆེན་པོ་ནས། །ཐེག་པ་ཆེན ་པ་ཚུལ་མཆོག་མཐར། གོ་རིམས་བཞིན་དུ་ལེགས་སྦྱར་ཏེ། །མགོན་པོ་རིགས་དད་མཆོག་ཆེན་གཉིས། །ཟླ་འོད་གཞོན་ནུའི་མཚན་ཡིན་ནོ། །འོད་དཔག་མེད་དང་ནམ་མཁའ་མཛོད། །སྒྲིབ་པ་རྣམ་པར་སེལ་དང་གསུམ། །ཚིག་གསུམ་མཚན་གསུམ་གོ ་རིམས་བཞིན། །ཚིགས་བཅད་དག་ནི་བཅུ་བཞི་སྟེ། །མཚན་དོན་བརྐྱང་ཅུ་རྩ་དྲུག་བཞེད། །རིགས་བསྡུས་ཆོན་དབུས་དཀྱིལ་འཁོར། །བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་ནི། །སེང་གེ་དང་ནི་རབ་གསལ་བྱེད། །ཐུབ་པ་དང་ནི་མེ་ཏོག་དང། །མེ ་ཏོག་མཛེས་དང་སྤྱན་བཟད་དོ། །ཀུན་དེད་དཔོན་དང་ཕྱག་རྒྱ་ཆེ། །སྟོབས་པོ་ཆེ་དང་རྒྱུ་སྐར་རྒྱལ། །སྨན་པ་དང་ནི་གྲགས་པ་དང། །རྒྱལ་མཚན་དང་ནི་འོད་ཟེར་ཆེ། །གྲོལ་ཕུང་དང་ནི་རྣམ་སྣང་མཛད། །ཉི་བཟང་པོ་དང་ཟླ་བ་བཟང། །འོད་ཟེར་ཅན་དང་འོད ་འཕྲོ་བཟང། །མྱ་ངན་མེད་དང་དེ་བཞིན་སྐགས། །འོད་འཕྲོ་འཛིན་དང་ཡོན་ཏན་འོད། །དོན་སྟོན་པ་དང་མར་མེ་ལྡན། །རབ་བཟང་དང་ནི་སྨན་བཟང་པོ། །དཔའ་བོ་དང་ནི་མཇད་སྤུ་དང། །བརྟན་པོ་དང་ནི་དཔལ་གྱི་ལྷ། །མཐོང་བར་དཀའ་དང་ཡོན ་ཏན་འོད། །སྒྲ་ཅན་དང་ནི་གྲངས་ཅན་དང། །ཚངས་པའི་དབྱངས་དང་བརྟན་པའི་མཚམས། །རིག་པ་ལྡན་དང་འོད་མཛད་པ། །རི་བོ་ཆེ་དང་རྡོ་རྗེ་ཆེ། །རྒྱལ་མིན་དང་ནི་འཇིགས་མེད་པ། །རིན་པོ་ཆེ་དང་པདྨ་དང། །སྟོབས་སྡེ་ཅན་དང་མེ་ཏོག་འོད། །ཡེ་ཤེས ་འོད་དང་ལྷ་ཆེན་པོ། །ཚིག་གི་བདག་དང་སྣང་མཛའ་ཡས། །ཀླུས་སྦྱིན་དང་ནི་བརྟན་པའི་རིམ། །ངོན་ཡོད་མཐོད་དང་དབང་པོ་སྦྱིན། །མི་ལྟུང་བ་དང་སེང་རྒྱལ་མཚན། །རྒྱལ་བ་དང་ནི་ཚོགས་པ་པོ། །དགའ་བའི་རྒྱལ་དང་ངོན་འདོད་པ། །དགའ་བར་མཛད་དང་ཆུ་ཡི ་ལྷ། །ཡོན་ཏན་ལག་དང་སྤོས་གླང་པོ། །དོན་ཡོད་དབྱངས་དང་ཐུགས་བཟང་པོ། །ཟླ་བ་དང་ནི་རི་བོང་ཅན། །གྲགས་ཆེན་པ་དང་གཙུག་ནོར་བུ། །དྲུག་པོ་དང་ནི་སེང་གེ་འགྲོས། །དང་པ་དང་ནི་རྣམ་རྒྱལ་དོན། །ཤེས་རབ་བརྩེགས་དང་ལེགས་གནས་བ། །བློ་གྲོས ་དང་ནི་ཡན་ལག་སྐྱེས། །བདུད་རྩི་བུ་དང་གཟུགས་བཟང་པོ། །ཡེ་ཤེས་ཅན་དང་འོད་ཟེར་ཅན། །དཀའ་ཐུབ་བརྟན་དང་བཀྲ་ཤིས་ལྡན། །བདེ་བའི་ཏོག་དང་པདྨ་དང། །མི་ཡི་ཐེག་དང་བདེ་བཱི་ཕྱག། ཡེ་ཤེས་མཛད་བློ་དང་འོད་བྲལ། །ཚངས་པས་བྱིན་དང་རིན ་ཆེན་མཛོད། །མེ་ཏོག་ལྷ་དང་ལེགས་པའི་དོན། །ཆོས་དབང་ཕྱུག་དང་བློ་གྲོས་གྲགས། །རྡོ་རྗེ་ཏོག་དང་པདྨ་སྒྲུབ། །རྣམ་པར་རོལ་དང་དུ་མའི་ལྟ། །རི་ཡི་ཏོག་དང་འོད་ཀྱི་ཚོགས། །མི་ཟད་པ་དང་རིན་ཆེན་སྙིང། །བཟོད་ཆེན་པ་དང་ཆོས་ཀྱི་བློ། །ཡིད་ཀྱི ་ཡུལ་དང་ཡོན་ཏན་གྲགས། །ཟླ་བའི་འོད་དང་གསལ་བའི་རོ། །སེང་གེ་རྟོག་དང་ལུས་ལས་བཟློག། སྙིང་པོ་དཔལ་དང་ངེས་པའི་ཏོག། །གློག་གི་འོད་དང་གསེར་སྦྱིན་ཆ། །གཞན་གྱིས་མི་ཐུབ་ཏོག་གི་རྒྱལ། །རབ་ཏུ ་གྲགས་དང་བརྩོན་འགྲུས་བརྟན། །དཔེ་བྲལ་གྲགས་དང་གཤིན་འཇིགས་འགྱུར། །དགྲ་བཅོམ་ལྟ་དང་མར་མེ་ཆེ། །འཇིག་རྟེན་འོད་དང་དྲི་དང་པོ། །ཡོན་ཏན་འཇིག་དང་མུན་བྲལ་འགྱུར། །སེང་གེ་སྤྲོ་དང་རིན་ཆེན་གྲགས། །སྐྱེ་རང་བཞིན་དང་ཡིད་སྐྱེས་ཟླ ་ལེགས་པར་སྟོན་དང་གཟུགས་བརྙན་བརྒྱན། །ནོར་བུ་བཟང་ངད་རིན་ཆེན་ཏོག། །ཆོས་འབྱུང་གནས་དང་རྣམ་ངེས་ངོན། །ཆེ་སྟེར་བ་དང་རིན་ཆེན་གནས། །རྒྱལ་དབང་པོ་དང་རིན་ཆེན་མནན། །གནས་པའི་བློ་དང་བསྐལ་བྲལ་གདུགས། །རྣམ་སྣང་དཔལ ་དང་སེང་གེ་སྒྲ། །རྣམ་པར་རོལ་དང་ཀླུ་ཡི་འོད། །མེ་ཏོག་རོ་དང་ཀླུ་དབང་ཅན། །རི་དབང་ཕྱུག་དང་ཤིན་ཏུ་བསམ། །སྟོབས་ཀྱི་ལྷ་དང་ཡོན་ཏན་ཕྲེང། །ཀླུ་ཡི་ཕྱག་དང་གཟུགས་བརྙན་བརྒྱན། །རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ། །བདུད་རྩི་སྒྲ་དང་བདེན ་པར་སྨྲ། །རབ་ཞི་བློ་དང་མཛའ་ཡས་གཟུགས། །རྣམ་སྣང་མཛད་དང་རིན་ཆེན་ཏོག། འདོད་པ་བྲལ་དང་ལེགས་གཞིབས་པ། །དོན་ཡོད་སངས་རྒྱས་རྟོགས་པ་འཆང། །མེ་ཏོག་དང་ནི་རྡོར་དབང་རྒྱལ། །གཟི་བརྗིད་ཅན་དང་དོན་སྟོན་པ། །ཚེ་དཔག ་མེད་དང་ཁྲོ་དབང་ཕྱུག། དོན་གནས་ཅན་དང་མི་ཤིགས་གྲགས། །མྱ་ངན་མེད་དང་དྲི་མ་བྲལ། །ཆེ་བའི་ལྷ་ཞེས་བྱ་བའོ། །འདི་ཡི་གཞུང་གི་ཚད་དག་ཀྱང། །ཚིགས་བཅད་ཉི་ཤུ་རྩ་ལྔར་ནི། །ཚིག་རྐང་གཅིག་གིས་མ་ཚང་བ། །རྒྱལ་བ་ལྔ་ལ ་རིམ་བཞིན་དུ། །སུམ་ཅུ་རྩ་དྲུག་རྩ་དྲུག་མཚན། །སྔོམས་པས་བརྒྱ་དང་བརྒྱད་ཅུ་གཅིག། མི་བསྐྱོད་དཀྱིལ་འཁོར་ལྟ་རྣམས་ནི། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས། །ཁྲོ་བོ་རྣམ་རྒྱལ་སྒྱུ་འཕྲུལ་དྲ། །ཕྱག་རྡོར་དབང་བསྐུར་རྒྱུད་ལས་གཉིས། །རྡོ་རྗེ་བརྒྱན ་དང་རིག་པ་མཆོག་།བདེ་མཆོག་རྒྱན་དང་རྡོ་རྗེ་འདུས། །དོན་ཡོད་ཞགས་དང་རྡོ་རྗེ་ཐོད། །གསང་བ་འདུས་དད་རྣམ་སྣང་འདྲ། །དམ་ཚིག་ཆེ་དང་ཟླ་གསང་ཐིག་།གཉིས་མེད་མཉམ་དང་ཟླ་གསང་ཐིག། རྒྱུ་དེ་རྣམས་ལས་མཚན་རེ་རེ། །སྒྱུ་འཕྲུལ་དྲུག་སྟོང་པ་ལས ་གཉིས། །འབྱུང་པོ་ཕྱོགས་དང་རྡོར་ས་འོག། རྡོར་སྙིང་རྒྱན་དང་ས་འོག་རྒྱུད། །སྒྱུ་འཕྲུལ་དྲ་དང་བདེ་མཆོག་རྒྱུད། །ཁྲོ་བོ་བདེ་མཆོག་སང་དང་ནི། །རྒྱུད་དེ་རྣམས་ལ་མཚན་རེ་འབྱུང། །ཁྲོ་བོ་རྣམ་རྒྱལ་རྒྱུད་གཉིས་ལས། །ཁྲོ་ཟླ་དང་ནི་རྟ་མཆོག་རྒྱུད། །མཚན ་ནི་རེ་རེར་ཤེས་པར་བྱ། །མི་མཉམ་མཉམ་ངང་གསང་རྒྱུད་དེ། །རྒྱུད་དེ་ལས་ནི་བཞི་འབྱུང་ངོ། །དཔལ་མཆོག་དང་པོ་གསང་བ་འདུས། །གསང་བ་མཛོད་དང་གསང་བ་འདུས། །རྡོ་རྗེ་གསང་རྒྱན་ནོར་བུ་གསལ། །དེ་ཉིད་??་པའི་རྒྱུད་དང་ནི། །རྒྱུད་དེ་རྣམས ་ལས་མཚན་རེ་རེ། །དམ་ཚིག་ཆེན་པོའི་རྒྱུད་ལས་གཉིས། །རྣམ་སྣད་མངོན་བྱང་ཆུབ་ལས་གཉིས། །གཉིས་མེད་མཉམ་དང་ཁམས་གསུམ་རྒྱལ། །རྒྱུད་དེ་ལས་ནི་རེ་རེའོ། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི། །རྒྱུད་ལས ་ཁྲོ་བོ་བཞི་འབྱུང་ངོ། །རྡོ་རྗེ་སྙིང་པོའི་རྒྱུད་ལས་གཉིས། །རྡོ་རྗེ་ཐོད་འཕྲེང་རྒྱུད་ལས་གཉིས། །ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་གཉིས། །དབུང་བཟངས་རྒྱུད་དང་ལེགས་པར་གྲུབ། །ཡི་གེ་དྲུག་དང་འབུམ་པ་དང། །འཇམ་དཔལ་རྒྱུད་དང་མདོན་དམ་རྒྱན། ། ག་དེ་བཞིན་ཁམས་གསུམ་རྣམ་རྒྱལ་དང། །རྒྱུད་དེ་རྣམས་ལས་རེ་རེའོ། །འཇམ་དཔལ་རྒྱུད་ལས་གཉིས་འབྱུང་ངོ། །འདེ་ཡིག་གཞུག་ཚང་བསྟན་པ་ནི། །ཚིག་བཅད་བཅུ་དང་རྐང་པ་གཅིག། མཚན་རྣམས་བདུན་ཅུ་རྩ་གཅིག་སྟེ། །རྒྱལ་བ་ལྔ་ལ་བཅུ་བཞི་རེ། ། ་རྒྱུད་སྡེ་སོ་སོར་ལྷ་དབྱེ་བྱས། །པདྨ་གར་དབང་དཀྱིལ་འཁོར་གྱི། །ལྷ་རྣམས་ངེས་པའི་བརྗོད་པ་ནི། །ཡེ་ཤེས་གྲགས་དང་དེ་བཞིན་རྒྱལ། །ཡོན་ཏན་འོད་དང་ཁྱད་པར་ཆེ། །ཟླ་བ་རྒྱལ་དང་པདྨའི་འོད། །དཀའ་ཐུབ་རྒྱལ་དང་མར་མེ་བཟད། །གློག་གི་ཏོག་དཔའ་ཨོ་ ་གྱི་རྒྱལ། །གསལ་བ་པ་དང་དཔེ་བྲལ་གྲགས། །པདྨ་གྲགས་དང་མེ་ཏོག་མཚན། །སྤྱན་བཟང་མཆོག་དང་གྲངས་མེད་དོན། །དྲག་པོ་སྡེ་དང་བསོད་ནམས་འོད། །ཁྱད་པར་ཅན་དང་ཚོགས་མེད་བློ། །རུ་དུ་ལ་དང་ཡེ་ཤེས་འོང། །གྲགས་དཔོང? ་དང་ནི་ཡེ་ཤེས་དབང། །སྐར་མའི་ཏོག་དང་རཱ་ཧུ་ལ། །སྣན་པ་ཆེ་དང་སྨན་པའི་རྒྱལ། །བསོད་ནམས་དབང་དང་རྒྱུ་བ་པ། །སྐར་མའི་རྒྱལ་དང་རྒྱལ་བ་བ། །ཉི་འོད་འཆར་དང་ཆོས་ཀྱི་མཛད། །བློ་གྲོས་ལེགས་དང་རྒྱལ་དབང་བོ། །རྡོ་རྗེ་སྡེ་དང་རྡོ་རྗེ་བརྩེགས། །ལེགས ་པར་གནས་དང་རྒྱལ་བའི་བློ། །ཚངས་པའི་དབྱངས་དང་ཀྲུ་དབང་པོ། །ཡོན་གསལ་དབང་དང་མངོན་ཤེས་ཏོག་།འོད་ཀྱི་ཏོག་དང་དགའ་ཚངས་པ། །སྒྲ་མི་སྙན་དང་རོལ་བའི་གར། །མཁས་དང་གཞན་གྱིས་མི་ཐུབ་དབྱངས། །རིན་ཆེན་འོད་དང་གསུང་དབྱངས ་སྦྱིན། །སེང་གེ་དང་ནི་ཉི་སྣ་ཚོགས། །ཡེ་ཤེས་དཔལ་དང་བདེ་ཕུང་པོ། །མེ་ཏོག་དང་ནི་རྣམ་མནན་འགྲོ། །གསལ་བ་དང་ནི་ཟླ་མར་མེ། །མི་བཟད་པ་དང་བློ་བཟངས་སྦྱན། །ཡན་ལག་བཙུགས་དང་ཤེས་རབ་ཡུལ། །མཆོག་ཏུ་གྱུར་དང་རབ་འཇོམས་ཟེར། ། ་ཤེས་རབ་སྦྱིན་དང་འཇམ་པའི་དབྱངས། །ཚིགས་མེད་སྦྱོད་དང་ཐུ་བོ་སྦྱིན། །དག་པ་དང་ནི་ཡེ་ཤེས་གནམ། །བདེ་གཤེགས་འང་དང་དབང་པོའོ། །ཐུབ་པ་འཆང་དང་ལྷ་ཞེས་པ། །འོད་ཟེར་བཟང་དང་གཟུགས་བཟང་པོ། །རྒྱལ་པོ་དང་ནི་དོན་གྲུབ་མཛད། །སེང་གེ ་དང་ནི་དྲི་ལྡན་དང། །གྲགས་པ་ཞེས་དང་རྒྱལ་པའོ། །མཆོག་སྙིང་དང་ནི་བསད་ནམས་ཟེར། །མདོག་བཟངས་དང་ནི་ཉན་འདོད་པ། །མར་མེ་དང་ནི་རིན་ཆེན་བརྩེགས། །ཚིགས་མེད་ལྔ་དང་དང་བའི་བདག། །གྲོལ་བར་འགྲོ་དང་གསེར་གཙུག་ཕུང། །སྒྲ་གཅན ་བཟང་དང་མ་ཐུབ་པ། །རང་བཞིན་ཐུབ་དང་ཟླ་བའི་འོད། །གསེར་མདོག་བཟང་པོ་དད་དགེ་བ། །ཡོན་དབང་ལྷ་དང་ཆོས་ཀྱི་གདུགས། །ཡོན་ཏན་ལེགས་དང་གྲོལ་ཞེས་པ། །ཡེ་ཤེས་རྫོགས་དང་ཞིབ་མོའི་བློ། །འོང་རབ་འབར་དང་སྐྱབས་ཀྱི་སྨན། །རྣམ ་གྲོལ་ཏོག་དང་ཤེས་རབ་མཆོག་།ཡེ་ཤེས་རྒྱལ་དང་འཇིགས་པའི་གཟུགས། །གློ་བུར་འཇོམས་དང་ཐོགས་མེད་གྲགས། །བདེན་པར་གསུང་དང་ངག་སྙན་པ། །རི་དབང་གྲགས་དང་ཆོས་བརྩེགས་ལ། །འགྲོ་བའི་འོད་དང་ལེགས་པར་བརྒྱན། །རང་གི་ལུས་དང ་ཡེ་ཤེས་དག་།སེང་མཆེ་རྣོ་དང་སེལ་བ་པོ། །འགྲོ་བ་མཆོད་དང་སེང་གེ་གྲགས། །ཆོས་ཀྱི་མཚན་དང་སྐལ་པ་བཟང། །མི་བསྐྱོད་མདོག་དང་འབར་བའི་རྒྱལ། །རྟོགས་པ་དང་ནི་སྤྱན་བཟང་པོ། །ངོན་རིག་བློ་དང་འཇིགས་མེད་གསེར། །དྲི་ཡི་འོང་དག་དགའ་ ་བའོ། །དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག་།མཆོག་གི་གཟུགས་དང་ཉན་པ་པོ། །གཙོ་བོ་གྲགས་དང་དྲག་པོ་སྦྱིན། །ཉི་མའི་ལྷ་དང་གཤིན་འཇོམས་ལྷག་།ཤིང་རྟའི་འགྲོས་དང་བློ་གྲོས་བཟང། །གསེར་བཅོ་མ་དང་སྐལ་ལྡན་བཙུག་།དབང་ཕྱུག་དང་ནི ་དགའ་བ་བསྟན། །མོས་པ་འཇོམས་དང་ཡེ་ཤེས་མཛོད། །ཚངས་པའི་འགྲོ་དང་ཙན་དན་དང། །མྱ་ངན་མེད་དང་སེང་གེའོ་།ཏོག་གི་ཡུལ་དང་པདྨའི་སྙིང། །འོད་མཛའ་ཡས་དང་ལྷ་ཡི་ཡུལ། །བསོད་ནམས་མེ་ཏོག་ཡིག་པའི་ལྟ། ། ་ཡེ་ཤེས་དབང་དང་ཚངས་པ་གསལ། །རིན་ཆེན་ཕྱག་དང་དབང་པོ་ལྡན། །དཔེ་བྲལ་འགྲོས་དང་ཐེ་བཅོམ་ལྡན། །མཆོད་པ་དང་ནི་འབར་བ་དང། །སངས་རྒྱས་གདགས་དང་འདམ་གྱི་མཆོག་།ཡིད་འོང་ལྡན་དང་བྱ་གྲུབ་པ། །རྨ་བྱ་དང ་ནི་ཆོས་ལྡན་དང། །ཕན་ལྡན་གཟུགས་དང་ཡེ་ཤེས་དང། །གྲགས་པ་དང་ནི་འོད་ཟེར་འབར། །མ་ལུས་ཕན་དང་དེ་དུའི་སྙིང། །རྒྱུ་སྐར་དང་ནི་ལྷ་ཉིད་ལྷན། །རི་བོང་ཅན་དང་དྲ་བའི་འོད། །དགེ་བའི་འོད་དང་ཡོན་ཏན་ཟེར། །ཡིད་ལེགས་པ་དང་རིགས ་ཀྱི་འོད། །སྤྱོད་པ་ལོ་དང་རིགས་ཀྱི་མཚོ། །ཆོས་དབང་ཕྱུག་དང་སྐུ་ཡི་ལྷ། །ཡོན་ཏན་སྟོབས་དང་འཁོར་ལོ་དབང། །ལེགས་པའི་དབྱངས་དང་ལེགས་པར་རེག་།དོན་གྲུབ་པ་དང་གཟི་བརྗིད་དཔལ། །ཀུན་མཉམ་ཉིད་དང་བདུད་རྩི་དབྱངས། །བདེ་བར་སྣང ་དང་ལེགས་པའི་བློ། །རྣམ་གྲོལ་དོན་དང་ཁྱད་དབང་ཕྱུག་།རོལ་པའི་མཆོག་ངང་ལྷག་མཐོང་གནས། །ཉེས་པ་སྤངས་དང་ཉི་མའི་འོང། །བཀྲ་རྒྱལ་བློ་དང་པདྨའི་མཆོག་།ཉི་མའི་འོད་དང་སོ་སོར་གསུངས། །ལེགས་པ་དང་ནི་ཚོགས་པ་ང? ་པོ། །འཇིགས་པ་བྲལ་དང་ཡེ་ཤེས་སིང། །སྤོབས་པའི་མཆེན་ཉིད་དང་བློ་མཆོག་།རི་བོང་ཅན་དང་རིན་ཆེན་ཟླ། །མི་འཇིགས་པ་དང་མེ་ལོང་ཆེ། །ཚངས་པའི་དབྱངས་དང་སྙན་པའི་གསུང། །ཤེས་རབ་འོང་དང་ཀུན་མཉམ་བློ། །རྡོ་རྗེ་བློ་དང་བློ་དང་ལྡན། ་ནམ་མཁའ་ཨི་དབང་དང་དག་དབང་ཕྱུག་།ཡོན་ཏན་དཔལ་དང་གནས་ཀྱི་དཔལ། །འཕགས་པའི་འོད་དང་གསལ་བའི་ཤུགས། །གསལ་བའི་རོ་དང་དྲི་དབང་ཕྱུག་།འདོད་ཅན་གདོང་དང་ཡེ་ཤེས་གསུང། །རབ་ཏུ་འདུག་དང་ཆོས་རྒྱལ་མཚན། །དྲི་མ་བྲལ ་དང་ཆོས་དབང་ཕྱུག་།སྐལ་བྲལ་སྒྲ་དང་གཟི་བརྗིད་འོད། །དྲང་སྲོང་དབང་དང་བློ་གྲོས་ཕན། །སྦོབས་པའི་འཁོར་ལོ་དང་ཟླ་ཞལ། །ཉི་ཟླའི་འོད་དང་ཡོན་ཏན་མཚོ། །ཡོན་ཏན་གསུངས་པར་བློ་མེ་ཏོག་།བསོད་ནམས་ཏོག་དང་སྤོབས་པའི་ཡུལ། །རིགས ་བ་བསྐྱེད་དང་རྒྱལ་རིགས་དང། །རྣམ་གྲོལ་བསམ་དང་དབང་ཕྱུག་དང། །མཆོག་ཅེས་པ་དང་ཡེ་ཤེས་དབྱངས། །ནམ་མཁའ་ཨི་མཁའ་དང་མཆོད་པ་དང། དཔུང་ཚོགས་དཔལ་དང་ཡོན་ཏན་ཟླ། །རཱ་ཧུ་ལ་དང་བདུད་རྩི་འོད། །རིན་ཆེན་འོད་དང་ཟླ་བའི་འོད། ་ཡེ་ཤེས་སྟོབས་དང་ཡེ་ཤེས་སྐུ། །འདི་ཡི་གཞུང་ཚད་བསྟན་པ་ནི། །ཚིགས་བཅད་བཞི་བཅུ་རྩ་གཉིས་སོ། །མཚན་ནི་ཉིས་བརྒྱ་བདུན་བཅུ་ལྔ། །ཡེ་ཤེས་ལྔ་པོ་རེ་རེ་ལ། །ལྔ་བཅུ་རྩ་ནི་ལྔ་ལྔའོ། །རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་གྱི། །ལྷ་རྣམས་མ་ལུས་བསྟན་པ་ནི། །དོན་གྲུབ་དཔལ་དང་ཡེས་ཉི་མ། །དོན་ཡོད་གྲུབ་དང་རི་དབང་བརྩེགས། །དགྲས་སྦྱིན་དང་ནི་པདྨ་དང། །དགྲ་བཅོམ་གྲགས་དང་ཡེ་ཤེས་ཏོག་།ཉོན་མོངས་འཇོམས་དང་མེ་ཞེས་པ། །བདེ་བ་དྲི་དང་དཔེ་བྲལ་འོང། །རི་བོ་གྲགས ་དང་སྲིད་མཛའ་སྟོན། །ཟླ་བ་དང་ནི་རིན་ཆེན་ཟླ། །སེང་གེ་རྒྱལ་ངང་བསམ་གཏན་འདོང། །དཔོ་དང་བྲལ་དང་རྣམ་པར་རོལ། །ཡོན་ཏན་རིན་ཆེན་དང་དོན་གྲུབ། །དགྲ་བཅོམ་གྲགས་པ་རིན་ཆེན་འོང། །སྲིད་པ་བཅིངས་དང་སྤྱོད་རྣམ་འཕྲུལ། །མཛོད་སྤུ་དང ་ནི་སྲོབས་པ་གྲགས། །རྡོང་ནོར་བུ་དང་ཚེ་དཔག་མེད། །ནོར་བུ་འོང་དང་རི་བོ་གྲགས། །འོད་ཟེར་བཅུ་དང་གཉིས་དང་བྲལ། །ཀླུ་ཡི་སྟོབས་དང་ཡིད་དུ་འོང། །རིན་ཆེན་ཟླ་དང་ཤུགས་ཅན་དང། །གསལ་བ་དང་ནི་དགའ་དབང་ཕྱུག་།བཙུན་ཕུང་འོང ་དང་འཇིགས་བྲལ་དང། །ཡོན་སྙིང་པོ་དང་དྲི་མེད་གྲགས། །གཟི་བརྗིད་ཞི་དང་གདང་ཐ་གྲགས། །ལྟ་མང་པོ་དང་ལེགས་པར་གྲགས། །སངས་རྒྱས་ལྔ་འདོང་རིན་ཆེན་གཟུགས། །སངས་རྒྱས་སྟོབས་དང་སེང་གེ་གཤོག་། ་གྲོང་ཆེ་མཐོ་དང་བློ་གྲོས་ལེགས། །འཇིག་རྟེན་འོང་དང་རིན་ཆེན་ལྷ། །སྐལ་ལྡན་ཤིང་རྟ་ཡང་དག་སྐྱལ། །དགའ་བ་བཀོང་དང་འོང་ཀྱི་མུ། །དགའ་ཐུབ་ཆེ་དང་ཟླ་བ་དང། །ཆོས་བསྟན་པ་རང་མི་ཐུབ་ཟླ། །རི་བོ་འོད་དང་འཆང་བའི་དབྱངས། །བདེན་པའི ་ལྷ་དང་ཡོན་ཏན་བརྩེགས། །སེང་གེ་ལྷ་དང་ནོར་གོ་ཆ། །ཟླ་བ་དང་ནི་སྐྲ་དང་མཚུངས། །གྲགས་ཆེན་དང་ནི་གཟི་བརྗིད་ཤུགས། །ཆོས་ཀྱི་གྲགས་དང་དགའ་བ་ལྡན། །དྲི་བཟང་པོ་དང་རི་རྒྱལ་མཚན། །དགའ་བའི་འོད་དང་མཆོད་ཡོན་ཅན། །སྲིད་མཛའ་ཨི་ནོར ་བུ་དང་བདེན་གསུང། །རྣམ་སྣང་མཛད་དང་རྣམ་པར་ངེས། །གྲགས་པའི་མཛའ་དང་ཀླག་འཆང་བ། །སེང་གེ་འོད་ཟེར་སྲོག་དང་ལྡན། །འགྲོ་བའི་ཐེག་དང་ཐུན་ཚོང་དང། །གྲགས་པ་མཆོག་དང་བློ་བཟང་ཆུབ། །ནོར་ཟླ་འོད་བསྤུབ་ཐུབ་མི་བཟད། །སྐར ་རྒྱལ་དོན་བྱེད་དང་ནོར་འཁོར། །སེང་གེ་གླང་ངེས་ཡོན་ཏན་བརྒྱན། །རིན་ཆེན་འོད་ས་བྱ་བ་སྟེ། །མཉམ་ཉིད་ཡེ་ཤེས་འཁོར་ལོ་ལ། །གཞུང་ནི་ཚིགས་བཅད་ཉི་ཤུ་བཞི། །མཚན་ནི་བརྒྱ་དང་རྩ་བཞིའོ། །རིགས་རེ་ཉི་ཤུ་ཉི་ཤུ་སྟེ། །ཉི་ཤུ་རྩ་བཞི ་གཙོ་བོ་ལ། །གོ་རིམས་བཞིན་དུ་བརྟག་པར་བྱ། །དེ་ཕྱིར་བརྒྱ་དང་རྩ་བཞིར་ངེས། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལྷ། །ངེས་པར་སྦྱར་བར་བྱ་བ་ནི། །དབང་བྱེད་རྒྱལ་དང་བདུད་རབ་བཞི། །སངས་རྒྱས་མཉམ་དང་རྟོག་བྲལ་དང། །དྲི་རབ་ཞི ་དང་རྨོངས་ལ་སྟོན། །རོལ་པ་དང་ནི་དགེ་བཟང་པོ། །ཡེ་ཤེས་ཐུགས་དང་སྨྲ་བའི་དབང། །ལྷ་ཆེན་པོ་དང་བློ་གྲོས་བཟང། །ཚེ་དཔག་མེད་དང་ཆོས་ཀྱི་སྟོབས། །འཇིག་རྟེན་མཆོག་དང་སྒྲ་གཅན་ཉི། །རྒྱལ་མཚན་གྲོལ་དང་སྨན་པ་མཆོག་།མེ་ཏོག་དང་ནི་དགེ ་གཙུག་པུད། །བདུད་རྩི་འོད་དང་བྱང་སེམས་རྡོར། །རྒྱ་མཚོ་བརྟན་དང་རིན་ཆེན་དཔུང། །རོལ་པའི་སྟོབས་དང་ཉི་མའི་དཔུང། །དགའ་བའི་འོད་དང་རིན་ཚུག་དང། །རྗེས་མཐུན་དཔལ་དང་སེང་གེ་འགྲོས། །གསུངས་པ་པོ་དང་མེ་ཏོག་སྦྱིན། །གྲོལ་པའི་འོང ་དང་པདྨ་དང། །ཡེ་ཤེས་འོད་དང་རོལ་པའི་བཀོད། །དོན་ཡོད་གནས་དང་བསྟན་པའི་འོད། །རྒྱལ་མཚན་ཏོག་དང་བདེ་བའི་བསམ། །རྣམ་གྲོལ་རྒྱལ་དང་སེམས་ཚུལ་ཤེས། །རྒྱ་མཚོ་དགའ་དང་རིན་ཆེན་འཛིན། །མི་ཐུབ་པ་དང་འགྲ་བ་མཉེས། །སྒྲ་ཆེན ་པོ་རང་དུལ་པ་དང། །དཀྱིལ་འཁོར་ལྔར་གསུངས་ཀུན་ལྷ་དང། །སྲིད་དྲི་སྤོད་དང་མཆོག་གི་མུ། །ལྷ་མར་སྒྲ་དང་རིན་ཆེན་སྟོབས། །པདྨའི་ཕྱག་དང་དགའ་ལས་རྒྱལ། །རྟོགས་གྲུབ་པ་དང་ནི་ཡུལ་བཟང་པོ། །མེ་ཏོག་འོང་དང་སེང་གེ་སྒྲ། །ཟླ་བ་སྨྲ་དང་རྡུལ ་སྤངས་པ། །མི་གཡོ་བ་དང་བློ་གྲོས་དང། །བསོང་ནམས་མར་མེ་དང་རྟོགས་སྒྲ། །གཟི་བརྗིད་སྟོབས་དང་བློ་གནས་གཟུགས། །ཟླ་བ་གསང་དང་བྱ་བ་ཡོན་ཏན། །སྟོན་པ་དང་ནི་གཟི་བརྗིད་བཟང། །ཡེ་ཤེས་གཟི་སྟོབས་དང་དགེ་འོ། །བརྟེན་པའི་སྟོབས་དང ་ལྷ་ཡི་བུ། །རང་ཞི་བ་དང་ནི་མའི་ཞལ། །གྲོལ་པའི་འོང་དང་ཚུལ་ཁྲིམས་འོད། །དཀའ་ཐུབ་དང་ནི་རྡུལ་མེད་དང། །རྒྱ་མཚོའི་གསུང་དད་མིག་སྨན་དང། ཀུན་ལས་རྒྱལ་དང་སེམས་ཅན་འོག་།དྲི་མེད་འོད་དང་དྲན་པ་པོ། །ཞལ་རས་སྡུག་དང་རྒྱལ་མཛའ་ཡས། ། ་བློ་ཡི་མཆོག་དང་དཔུང་རབ་ཞི། །རིན་ཆེན་འོད་དང་ཆེས་དབང་ཕྱུག་།སྣ་ཚོགས་ལྷ་ཞེས་བྱ་བའོ། །བྱ་གྲུབ་ཡེ་ཤེས་འཁོར་ལོ་ལ། །ཚིགས་བཅད་བཅོ་ལྔ་གཞུང་ཚད་ཡིན། །མཚན་ནི་དགུ་བཅུ་རྩ་ལྔ་སྟེ། །རིགས་རེ་རེ་ལ་བཅུ་དགུ་དགུའོ། །སྒྱུ་འཕྲུལ་མངོན་པར ་བྱང་ཆུབ་པ། །ཚིག་གི་བདག་པོས་ཚིགས་བཅད་ནས། །ཡ་ཏེ་ན་མའི་མཛའ་ཚིག་གསུམ། །མ་ལུས་པ་དང་དེ་བཞིན་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི། །འདི་ལྟར་སངས་རྒྱས་བཅོམ་ལྡན་ནས། །ཚིག་ཀུན་གསལ་བར་བྱེད་པའི་མཐར། །གཉིས་ཏེ་ལྔ ་ཡིས་སྤྱི་གཙུག་འཁོར། །བྱམས་ཆེན་རང་བཞིན་ཞེས་པ་ནས། །ཐེག་པ་ཆེན་པོའི་ཚུལ་མཆོག་མཐར། །ཚིགས་བཅད་བཞི་དང་བདེ་གཤེགས་ཀྱི། །ཉི་ཤུ་རྩ་ལྔ་འཆང་བ་དང། །མེ་ལོང་རྡོ་རྗེ་འཇིགས་བྱེད་ནས། །གླང་ཆེན་ཀོ་རློན་ཞེས་པའི་མཐར། །ཚིགས་བཅད ་གསུམ་དང་རྐང་གཅིག་སྟེ། །སུམ་ཅུ་རྩ་གཉིས་དཔྲལ་འཁོར་ལོ། །རྡོ་རྗེ་དབྱིངས་ཀྱི་དུམ་བུ་ཡི། །མཆོད་པ་ཆེན་པོ་ཆགས་ཆེ་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་མཐར། །ཚིགས་བཅད་བརྒྱད་ཀྱིས་སྙིང་འཁོར་ལོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དྲག་ཆེན་ཧ་ཧ ་ཞེས་སྒྲགས་ནས། །སྒྲ་དང་ལྡན་མཐར་ཚིགས་བཅད་བདུན། །ལྟེ་བའི་འཁོར་ལོའི་ཚིག་དུ་འགྱུར། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །བཞི་བཅུ་རྩ་གཉིས་འཆད་པ་དང། །མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་གྱི། །འདོད་པའི་དོན་གྲུབ་དམ་པ་ནས། །རྣམ་པ་ཀུན ་རིག་སངས་རྒྱས་པར། །ཚིགས་སུ་བཅད་པ་བཅོ་ལྔ་སྟེ། །སྤྱི་སྡོམ་དྲུག་ཅུ་རྩ་བཞི་ཡིས། །ལྟེ་བའི་འཁོར་ལོ་རབ་ཏུ་གྲགས། །མཉམ་ཉིད་ཡེ་ཤེས་དགུ་ལས་བའི། །སངས་རྒྱས་ཀུན་གྱི་སྤྲུལ་སྐུ་ནས། །སངས་རྒྱས་ཀུན་གྱི་རང་བཞིན་མཐར། །བརྒྱད་ནི ་མགྲིན་པའི་འཁོར་ལོར་བཞེད། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །ཚིགས་བཅད་བཅོ་ལྔ་ཆེད་བ་ལ། །མཉམ་ཉིད་ཐ་མའི་ཚིག་བསྣན་པས། །བཅུ་དྲུག་གསུང་བའི་འཁོར་ལོའོ། །སྒྱུ་འཕྲུལ་མངོན་པར་བྱང་ཆུ་བ་དང། །རྡོ་རྗེ་དབྱི་དྲངས་དེ་བཞིན་གཤེགས ་རྡོ་རྗེའི་རིགས་དང་པདྨའི་རིགས། །རིན་པོ་ཆེ་དང་ལས་རིགས་བདུན། །ཚིགས་བཅད་བརྒྱ་དང་སུམ་ཅུ་གསུམ། །ནང་གི་འཁོར་ལོ་དྲུག་པའོ། །འདམ་གྲངས་ཚིགས་བཅད་གྲངས་ཀྱང་མཉམ། །གནས་ལུགས་གོང་དུ་བསྟན་པ་ཡིན། ། ་ལས་ཀྱི་འཁྲུལ་འཁོར་སྐབས་འདིར་བྱ། །བསྟོད་པའི་རིམ་པར་ཕྱེ་བ་ལ། ཚིགས་རྐང་ཉི་ཤུ་ཚིགས་བཅད་ལྔ། །མེ་ལོང་ཆོས་དབྱིངས་སོ་སོར་རྟོག་།མཉམ་ཉིད་བྱ་གྲུབ་གོ་རིམས་བཞིན། །བྱང་སེམས་རྡོ་རྗེའི་འཁོར་ལོ་ལ། །ཚིགས་བཅད་ལྔ་པོ་ཀུན ་གྱིས་བསྟོད། །ལྷག་མ་འཁོར་ལོ་ལྔ་ལ་ནི། །བདུད་རྩི་ཚིགས་བཅད་རེ་རེ་དང། །སྦྱར་ཞིང་སོ་སོར་བསྟོད་པར་བྱ། །རིགས་ཀུན་བསྡུས་པའི་འཁོར་ལོ་ལ། །དང་པོའི་སྒོ་ལ་ཀུན་གྱིས་བསྟོད། །ལྷག་མ་སྒོ་རྣམས་སོ་སོ་ལ། །ཚིགས་བཅད་ཡེ་ཤེས་བསྟུན ་ཞིང་བསྟོད། །གསང་བ་ལུས་ཀྱི་འཁོར་ལོ་ལ། །བསྟོད་པ་དག་དང་ཡེ་ཤེས་སུ། །སྦྱར་ཏེ་དང་པོ་འདུད་བཞིའོ། །མཆོག་གི་དགའ་བཞི་མེ་ལོང་ངོ། །ལྷག་མ་བཞི་ཚིག་བཅུ་དྲུག་གོ་།དགའ་བ་བཅུ་དྲུག་རིམ་པ་བཞིན། །ཆོས་དབྱིངས་ཀུན་རྟོག ་མཉམ་ཉིད་དང། །བྱ་གྲུབ་རིམས་བཞིན་འདུད་བཞི་བཞི། །ནང་གི་རྒྱས་བཤད་འདིར་མ་བྱས། །གསང་བའི་ཕྱིར་དང་མདོར་བསྡུས་ཕྱིར། །ཕན་ཡོན་བརྗོད་པའི་གཞུང་ཚང་ནི། །བརྒྱ་དང་ལྔ་བཅུར་ཤེས་པར་བྱ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང། །ཞེས ་པ་པོས་ནས་གསུངས་བདུན་ལ། །དང་པོ་གཉིས་ཀྱི་འཁོར་ལོ་ནི། །དང་པོ་ཡི་ནི་ཕན་ཡོན་བསྟན། །ལྷག་མ་བཞི་ནི་འཁོར་ལོ་བཞིའི། །རིམ་པ་བཞིན་དུ་ཕན་ཡོན་ཡིན། །ཞེས་པ་རང་ལ་བསྡུས་ཕན་ཡོན། །ཡང་ན་ཀློག་སེམས་ལ་སོགས་སོ། །གསང ་སྔགས་རིམ་པར་དཔྱ་ལ་ཡིས། །གཞུང་ཚང་ཚིགས་བཅད་ཕྱེད་དང་བཞི། །དེ་ལ་དབྱེ་བ་རྣམ་གཉིས་ཏེ། །ོཾ་ཞེས་པ་ནས་ཨོཾ་ཨ(རྒྱུད་འགྲེལ་ལ་སོགས་སྔགས་ཀུན་ལ། །ཐུན་མོང་མིང་ནི་རྣམ་བཞི་སྟེ། །མགོན་མེད་མཛའ་མེད་བསྡུས་པ་སྤྲུལ། །འདི་ནི་མཛའ་མེད་ཅེས་བྱ་ཡིན། །སྐུ་ཀུན་བསྐྱེད་པའི་སྔོན་དུ་ནི། །བཟླས་དང་རྒྱུད་དུ་བཟླས་པ་དང། །འཁོར་ལོ་དགོང་པར་བྱ་བ་དང། བྱ་བ་ཐམས་ཅད ་འདིས་བྱེད་དེ། །སངས་རྒྱས་མཛད་པ་ཀུན་བྱེད་ཕྱིར། །བསྡུས་པའི་ཚིགས་སུ་བཅད་པ་ལ། །ཚིགས་རྐང་ཉི་ཤུ་ཚིགས་བཅད་ལྔ། །བདེ་གཤེགས་རྣམས་ཀྱི་དྲི་མེད་ཤེས་རབ་སྐུ། །འཇམ་དབྱངས་མཚན་གསོལ་ཟབ་ཅིང་རྒྱ་ཆེ་བ། །དེས་ལུང་མི་འགལ་བླ་མས ་མན་ངག་རྒྱུད། །དེ་ལ་བརྟེན་ནས་བདག་དོན་ཙམ་བརྩམས་ཏེ། །བཤད་མཛད་དགོངས་འགྲེལ་བདག་གིས་འགའ་བ་མེད། །ཉེས་པ་ཅི་མཐོང་བདག་བློ་དབྱ་པའི་རིགས། །བདག་པས་དམན་ལ་ཕན་པ་འགའ་སྲིད་ན། །དགེ་ངེས་འགྲོ་ཀུན་མཚན་མཆོག ་རྟོགས་གྱུར་ཅིག། །།འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་ཏིང་ངེ་འཛིན་དྲ་བའི་ལེའུ་ལས། འཕགས་པ་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པའི་བཤད་པ། ནོར་བུའི་གླིང་དུ་འཁྲུངས་པ་དཔལ་ལྡན་བྱང་ཆུབ་མཆོག ་གི་སྐལ་པ་ཅན། དཔལ་སྣ་ཚོགས་གཟུགས་ཀྱིས་མཇོད་པའི་འགྲེལ་པ། སྔགས་དོན་རྣམ་པར་གཟིགས་པ་དང། དེའི་རྗེས་སུ་འབྲེང་བ་སློང་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པ། ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་དང་སྦྱར་བའི་བསྡས་དོན་མཚན་གྱི ་སྒོན་མ་ཞེས་བྱ་བ་རྫོགས་སོ།། །།པྲཛཱ་གུ་རུས་མཛད་དོ། །འཕགས་པ་འཇམ་དཔལ་གྱི་མཚན་མང་དག་པར་བརྗོད་པའི་འཐེལ་པ་བསྙེད་ངོ་མངོན་པར་རྟོགས་པ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་བཞུགས། །རྒྱ་གར་སྐད་དུ། ཨཱ་རྱ་མཉྫུ་ཤྲཱི་ནཱ་ཨ་སི་ཀཱི་ཏཱི་ཌཱི་ཀཱི་སར་ནོ་པི་ཀ ་