CLOSE WINDOW

N1726: sha za mo ha na ma'i sgrub thabs
Wyliee-texts based on the ACIP/ALL Input

འཁྲུལ་འཁོར་བཤིག་པར་འགྱུར་རོ། ཟླ་བ་ཕྱེད་ལ་བདག་ཉིད་སྟོན་པར་འགྱུར་རོ། །དོན་གཞན་ཡང་བྱེད་པར་འགྱུར་རོ། །དྲུགས་པའི་འདྲེའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཀྲིཥྞ་བི་ཤཱ་ཙི་སཱ་དྷ་ནཾ། བོད་སྐད་དུ། ་ཤ་ཟ་ནག་པོའི་སྒྲུབ་ཐབས། ནམ(རྒྱུད་འགྲེལ་ཉི་མ་རེ་རེ་དི་ན་ར་?སྟེར་བར་འགྱུར་རོ། །དེ་དག་ཐམས་ཅད་ཟད་པར་བྱའོ། །གཏོར་མ་དང། ཆོ་ག་ལ་སོགས་པས་མཉེས་པར་བྱས་ན་ལས་གཞན་ཡང་བྱེད་དོ་ཞེས་སོ།། །།འདྲེ་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཀྲིཥྞ་པི་ཤཱ་ཙི་ས་ང་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནག་པོའི་སྙིང་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ན་མ་ཀྲིཥྞ་པི་ཤཱ་ཙ་ཡ་ས་ར་ས་ར་ཧི་རི་ཧི་རི་ཨཱ་གཙྪ་ཨཱ་གཙྪ་གྲིཧྞ་པ་ཎི་ཌཾ་བི་ཤཱ་ཙ་སྭཱཧཱ། ཉལ་པའི་དུས ་སུ་སྒོའི་སྟེང་དུ་ཁྲི་སྟན་ལ་ཟན་ལྷག་རྡོག་པོ་གཅིག་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་པ་དབུལ་ལ། །ཟླ་བ་གཅིག་རྫོགས་ནས་མཐོང་བར་འགྱུར་རོ། །གྲུབ་ནས་ཉི་མ་རེ་རེ་པ་དིན་ཉི་ཤུ་རྩ་ལྔ་སྟེར་ར། །གྲུབ་ཟིན་ནས་ཚེས་བརྒྱད་དང་བཅུ་བཞི་འམ་ཉི་ཤུ ་དབུ་ལ་ཟན་ལྷག་སྡོག་པོ་གཅིག་ལ་སྔགས་བཟླས་ལ་དབུལ་ལོ་ཞེས་སོ། །འདྲེ་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། པི་ཤཱ་ཙ་ཧ་ན་མ་ས་དྷ་ནཾ། བོད་སྐད་དུ། ཤ་ཟ་མོ་ཧ་ནའི་སྒྲུབ་ཐབས་བྲི་བར་བྱ་སྟེ། ཨོཾ་ཧ་ན་ན་?བིན ་ནེ་ཧི་ལི་ཧི་ལི་སྭཱཧཱ། ཞེས་སོ། །བསྟན་པའི་རྒྱུན་མ་ཞེས་བྱ་བའི་སྒྲུབ་པ་ནི། བ་རུ་རའི་ཤིང་གི་འོག་ཏུ་ཐུན་གསུམ་དུ་བརྒྱ་རྩ་བརྒྱད་བརྒྱ་རྩ་བརྒྱད་བཟླས་པས་ལྷ་མོའི་གཟུགས་ཅན་མའི་འདྲི་མོ་འོང་བར་འགྱུར་རོ། །དེས་འཇིག་རྟེན་གསུམ་ན ་ཅི་ཡོད་པ་རྣམ་པར་ཤད་པར་བྱེད་ཅིང། །ད་ནེ་ར་སྟོང་ཕྲག་སྟེར་རོ། །ཏ་ན་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་ལུ་ཀ་ནཱ་མས་དྷ་ནཾ། བོད་སྐད་དུ། ཨ་ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨ་ལུ་ཀེ་བེ་ལུ་ཀེ་གྲིཧྞ་བ་ཎཱ ་བི་ཤཱ་ཙ་ནི་སྭཱཧཱ། བསྙན་པ་འབུམ་ཕྲག་གཅིག་བཟླས་ལ། དེ་ནས་སྒྲུབ་པ་བརྩམ་པར་བྱས་ཏེ། རང་ཟན་ཟ་བའི་ཕུད་ལ་སྔགས་ལན་བདུན་བཟླས་ཏེ། རྒྱབ་ཏུ་པོར་བས། ཞག་བདུན་ན་རང་གི་རྣ་བར་གཏམ་བཤད་དུ་འོང་ངོ། །གལ་ཏེ་སྒྲུབ་པ་དང་པ་ལ་མ་བྱུང ་ན་ཡི་ཆད་པར་མི་བྱ་སྟེ། སྒྲུབ་པ་གཉིས་པ་ལ་བྲམ་ཟེ་གསང་ཀྱང་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །ད་མ་ཡིན་ན་དཔལ་རྡོ་རྗེ་འཆང་གི་བཀའ་བཅག་པས་མགོ་གས་ནས་འཆི་བར་འགྱུར་རོ། ། ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཨ་ལ་གུཔཏ་ནཱ་མ་སཱ་དྷ་ནི། བོད་སྐད་དུ། ཨ་ལ་སྦས་པ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨ་ལུ་གུཔཏ་གྲིཧྣ་པིནཌི་པི་ཤཱ་ཅི་ནི་སྭཱ་ཧཱ། ཞེས་སོ། །ཟླ་བ་གཅིག་ཟན་ལྷག་གི་ཆད་བུ་ལ་སྔགས་བཟླས་ནས་གོང་བཞིན་དུ་བསྒྲུབ་པ་བྱས་ན། དི་ནར་རེ་རེ་སྟེར་པོ། ཨ ་ལ་གུཔཏ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །རྒྱ་གར་སྐད་དུ། ཁ་ར་མུ་ཁི་སཱ་དྷ་ནཾ། བོད་སྐད་དུ། བོང་བུའི་གདོང་ཅན་མའི་སྒྲུབ་ཐབས། ཨོཾ་ཁ་ར་མུ་ཁི་བི་ཤཱ་ཙི་ནི་ཧི་ཏི་ད་ད་པ་ཡ་སྭཱཧཱ། ཞེས་སོ། ཟླ་བ་གཅིག་ཏུ་ཟན་ལྷག་གི་ཆང་བུ་ལ་སྔགས ་ཉེར་གཅིག་བཟླས་ཏེ་བསྒྲུབ་པ་བྱས་ན་པ་ན་ཉི་ཤུ་སྟེར་རོ། །བུང་བུའི་གདོང་ཅན་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་ལུམྦི་ན་པི་ཤཱ་ཙི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ཨ་ལུམྦི་ནའི་སྒྲུབ་ཐབས། ཨོཾ་ཡུ་བི་ནི་པི་ལུ་བི་ནི་སྟྲཾ ་ཤ་པི་ཤཱ་ཙི་ནི་སྭཱཧཱ། ཞེས་སོ། །ཁྱིམ་སྟོང་པར་ནག་པོ་ཕྱོགས་ཀྱི་ཆོས་གཅིག་ནས་འགལ་པའི་མེ་བྱས་ཏེ། ལས་ཐམས་ཅད་པའི་ཐབས་ཁུང་དུ་རང་གི་ཁྲག་དང། རང་འབྱུང་གི་ཁྲག་དང། སྒོག་སྐྱ་དང། བྱི་ལའི་བྲུན་དང། ཆང་དང། ཐོད་པ་དུམ་བུ་ལྔ་པ ་