| Wylie | e-texts based on the ACIP/ALL Input |
ཟས་ལ་སོགས་པ་རྣམས་སྟེར་བར་འགྱུར་རོ། །དཔལ་རྒྱལ་བའི་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་མ་ལ་སུནད་རི་ས་དྷ་ནཾ། བོད་སྐད་དུ། དྲི་མེད་མཛེས་པའི་སྒྲུབ་ཐབས། ཨོཾ་བི་མ་ལ་སུན ་ད་རི་ཨ་ཞེས་སོ། །དཔལ་རྡོ་རྗེ་འཆང་གི་ལྷ་ཁང་དུ་ཀ་ར་བི་རའི་མེ་ཏོག་དང། གུ་གུལ་གྱི་སྤོས་ཕུལ་ནས། སྔགས་སྟོང་ཕྲག་བརྒྱད་བཟླས་པར་ངེས་པར་འོང་བར་འགྱུར་རོ། །བྱུང་བ་དང་མེ་ཏོག་གི་གདན་དབུལ་ཁམས་བདེ་འམ་ཞེས་བརྗོད་ལ། བདག་གི་ཆུང ་མ་གྱིས་ཤིག་ཅེས་བརྗོད་དོ། །དེས་དངུལ་ཆུ་དང་བཅུད་ལེན་དང་གྲུབ་པའི་རྫས་རྣམས་སྟེར་བ་དང། དགྲ་ཐམས་ཅད་གསོད་པ་དང། རྒྱབ་ཏུ་ཁུར་ནས་ལྷའི་ཡུལ་སྟོན་པ་དང། ཚེ་ལོ་ཁྲི་ཕྲག་ཅིག་ཐུབ་པར་འགྱུར་རོ། །ལག་པ་གཡོན་པ་ཁུ་ཚུར་བཅངས ་ནས་མཐེ་ཆུང་ཕྱིར་བཀྱེད་པ་ནི་འབྱུང་མོ་རྣམས་ཀྱི་ཕྱག་རྒྱའོ། །དྲི་མེད་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་ཤ་ཙ་བི་ལུ་པ་ལ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་པི་ལུ་བ་ལི་སྒྲུབ་ཐབས། ན་མོ་བྷ་ག་ཝ་ཏེ ་པི་ལུ་པ་ལ་ཡ་བི་ཤཱ་ཙེ་ས་ཁ་བྷུད་ག་ཏེ་ས་མེ་ཀམ་ན་པྲ་ཡཙྪ་ཏུ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། བི་ཤ་ཙ་བར་པ་ར། བ་ར་ད་བར་ད། ཙུ་ལུ་ཅུ་ལུ། ཙུ་ཊུ་ཙུ་ཊུ། ན་མ(རྒྱུད་འགྲེལ་སྣོད་སར་བའི་ནང་དུ་གཞག་ལ་པིར་གྱི་བྲི་བར་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་སྐྲ་གྱེན་དུ་ལངས་པ། གཅེར་བུ། མདོག་ལྗང་གུ་།མི་སྡུག་པ། མིག་དམར་པོ། ལག་པ་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་པ། གཡོན་པས་བྱང་ཆུབ་ཀྱི་ཤིང ་ལ་འཇུས་པ། དེའི་མིག་གཉིས་རང་གིས་ཁྲག་གིས་ཕྱེ་ལ། དེའི་མདུན་རྩཝ་ཀུ་ཤའི་མདུན་དུ་བསྡོད་པ་འམ། ཡང་ན་གཞན་ཡང་རུང་སྟེ། གཅེར་བུར་བྱས་ལ། འབུམ་ཕྲག་གཅིག་བསྙེན་པ་བསྐྱལ་ཏེ། དེ་ནས་ཡུངས་ཀར་སྟོང་ཕྲག་བརྒྱད་ལ། རྡོག་བོ་རེ་ལ ་སྔགས་ལན་རེ་བཟླས་སྙིང་གར་བརྒྱབ་པས་སྟོང་ཚེ་བརྒྱད་རྫོགས་པའི་རྗེས་ལ་ཚེས་བཅུ་བཞི་ལ་གཏོར་མ་ཆེན་པོ་དབུལ་ཞིང་མཆོད་པ་ཆེན་པོ་བྱའོ། །དེ་ནས་མི་སྡུག་པའི་གཟུགས་ཅན་ནམ། ཡང་ན་དྲི་ཞིམ་པོས་བྱུག་ནས་འོང་བར་འགྱུར་རོ། །དེ་ལ་འཇིགས་པར་མ་བྱའི། ་པི་ལུ་བ་ལ་ཞེས་བྱ་བའི་གྲོགས་པོ་ཁམས་བདེ་འམ་ཞེས་དྲིས་ཏེ། མེ་ཏོག་དཀར་པོ་དང། ཙན་དན་དཀར་པོ་སྲེས་པས་མཆོད་ཡོན་དབུལ་ལོ། །དེ་ནས་ཁོ་ན་རེ་བདག་གིས་ཅི་བགྱི་ཞེས་ཟེར་ན། ད་ཅི་ཟེར་བགྱིས་ཤིག་ཅེས་སྨྲའོ། །དེ་བཞིན་དུ་བགྱིའོ། །ཞེས་ཟེར ་ནས་མི་སྣང་བར་འགྱུར་རོ། །དེ་ནས་གང་བསྒོ་བ་བྱེད་པ་དང། མཆན་མོ་དཔག་ཚད་བརྒྱ་ནས་ཀྱང་བུད་མེད་འགུགས་པ་དང། ཕར་སྐྱེལ་བ་དང། གྲུབ་པའི་དངུལ་ཆུ་དང་བཅུད་ལེན་དང། འདོད་པའི་རྫས་དང་རྒྱགས་ཀྱང་སྟེར་རོ། །སྡུག་པའི་དུས་སུ་དྲན་པར་བྱས་ན ་ཕྲག་བ་ལ་ཁུར་ནས་གར་འདོད་པ་དེར་སྐྱེལ་ལོ། །ཕན་པ་དང་གནོད་པ་ཡང་བཤད་དོ། །བྱང་པར་དུ་ལན་གཉིས་ལན་གསུམ་བསྒྲུབས་ན། བྲམ་ཟེ་གསང་ཀྱང་ངེས་པར་འགྲུབ་པོ། །པི་ལུ་བ་ལ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད ་དུ། བི་ཤཱ་ཙ་དྷ་ར་མ་ཎི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ནོར་བུ་འཛིན་པའི་སྒྲུབ་ཐབས། ན་མོ་བྷ་ག་ཝ་ཏི། བི་ཤཱ་ཙ་ཡ་ཨཾ་ཀ་ཀཎ་ཀ་ན་པི་ཤཱ་ཙ་དྷ་ར་མ་ཎི་སྭཱཧཱ། ཞེས་སོ། །བུད་མེད་དང། སྐྱེས་པ་དང། ཁྱེའུ་དང། བུ་མོ་དག་ཉལ་བའི་ལག་པ་ལས་གོང་ཀ་མེད ་པ་སྦར་གང་ཁྱར་ཏེ་ཐལ་བའི་ཕུང་པོའི་ཁེར་སྔགས་བཟླས་ཤིང་ཆུ་གཙགས་ཏེ་ཆུ་གཙགས་ཟིན་པ་དང། ཀ་མེད་པར་གང་པོ་དེ་ཐལ་བའི་འོག་ཏུ་ཕོ་ལ་བཏང། དེ་ནས་ཏཱ་ལ་ཙམ་དུ་རིང་བའི་སྐྱེས་བ་གཅིར་པུ་བ་ཅིག་མཐོང་བར་འགྱུར་རོ། །དེ་ལ་འཇིགས ་པར་མི་བྱའོ། །འདི་སྐད་བརྗོད་དོ། །ཁྱིའུ་ཡི་གཟུགས་ཀྱིས་ལྷ་མིན་བུག་པར་འགྲོ་བའི་སྒྲོགས་པོ་དང། དངོས་གྲུབ་ཐམས་ཅད་འགྲུབ་པར་གྱིས་ཤིག་ཅེས་བརྗོད་དོ། །དེ་བཞིན་དུ་གྲོགས་པོར་གྱུར་པས་མདུན་དུ་མར་མེ་ཁྱེར་ནས་འགྲོ་བ་དང། བར་ཆད་ཤད་པ་དང། ་