CLOSE WINDOW

N1717: lhag par rgyal ba mi pham ma'i sgrub thabs
Wyliee-texts based on the ACIP/ALL Input

བྱས་ལ། ཟན་དཀར་མོ་དང་ཞོ་དང་བུ་རམ་དང། འོ་མ་འདྲེས་པའི་འབྲས་ཐུག་གི་གཏོར་མ་བྱས་ལ། གུ་གུལ་གྱི་སྤོས་དབུལ་ཞིང། མཚན་ཡལ་གྱིས་བཟླས་པས་ཐོ་རངས་འོད་བར་འགྱུར་རོ། །མ་འོངས་ན་ཁོ་ནར་འཆི་བར་འགྱུར་རོ། །བྱུང་ནས ་ཅི་བྱ་ཞེས་ཟེར་ན་བདག་གིས་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་ཁོལ་པོའི་ལས་ཐམས་ཅད་བྱེད་པ་དང། རིག་འཛིན་གྱི་རྒྱལ་པོར་བྱེད་པ་དང། དགྲ་ཐམས་ཅད་གསོད་པར་བྱེད་པ་དང། ཟླ་བའི་ལྷ་མོ་ཡང་བཀུག་ནས་སྟེར་བ་དང། ཁུར་ནས་ལྷའི་ཡུལ ་སྟེན་པ་དང། ལྷའི་དབང་པོར་བྱེད་པ་དང། ཚེ་བསྐལ་པ་བདུན་དུ་གནས་པར་བྱེད་པར་འགྱུར་རོ། །འབྱུང་པོ་ཨ་པ་རཱ་ཛི་ཏའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཨ་དྷ་ཛ་ཡ་སཱ་དྷ་ན། བོད་སྐད་དུ། ལྷག་པར་རྒྱལ་བ་མི་ཕམ ་པའི་སྒྲུབ་ཐབས། ཨོཾ་ཧཱུཾ་ཛ(རྒྱུད་འགྲེལ་བཟླས་སོ། །དེ་ནས་ངེས་པར་འོངས་ཏེ་བདག་གི་ཅི་བགྱི་ཞེས་ཟེར་ན། སྒྲུབ་པ་པོས་ངའི་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ། །རྒྱབ་ཏུ་ཁུར་ནས་གླིང་བཞི་སྟེན་པ་དང་རྒྱལ་ས་སྟེང་བ་དང་ཚེ་ལོ་སྟོང་ཐུབ་པར་བྱེད་དོ། །མི་ཕམ་པའི་སྒྲུབ་ཐབས་རྫོགས་སོ།། །། ་རྒྱ་གར་སྐད་དུ། པུརྞ་བྷ་དྲ་སཱ་དྷ་ནཾ། བོད་སྐད་དུ། གང་བ་བཟང་པོའི་སྒྲུབ་ཐབས། །ོཾ་ཧྲི་ཛ(རྒྱུད་འགྲེལ་པའི་ཆོ་ག་བྱས་ལ། ནམ་ཕྱེད་ན་འོང་བར་འགྱུར་རོ། །བྱུང་ནས་མེ་ཏོག་མཆོད་ཡོན་དབུལ་ལོ། །དགྱེས་ནས་ཁོལ་པོར་གྱུར་ནས་རྒྱལ་ས་སྟེར་བ་དང། འདོད་པ་ཐམས་ཅད་འགྲུབ་པ་དང། ཚེ་ལོ་སྟོང་དུ་འཚོ་བ་དང། སྒྲུབ་པ་པོའི་འདོད་པས་གཞན་གསོད་པ ་དང། འཚོ་བར་བྱེད་པར་འགྱུར་རོ། །གང་བ་བཟང་པོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།དེ་ལྟ་བུས་འབྱུང་པོ་གཞན་ཡང་རབ་ཏུ་སྒྲུབ་པར་བྱའོ། །ལག་པ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྲེལ་ནས་གུང་མོ་གཉིས་རྩེ་སྤྲད་པར ་བྱས་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་རྩེ་སྤྲད་ལ་ཕྱིར་བཀྱེད་ནས་མཛུབ་མོ་གཉིས་བསྐུམ་པ་ནི་མི་ཕམ་པའི་ཕྱག་རྒྱའོ། །དེ་ཉིད་རང་ལ་མཛུབ་མོ་འཁྱིལ་པར་བྱས་ལ། མཐེ་ཆུང་གཉིས་ཕྱིར་བཀྱེད་ལ། ཐ་དད་དུ་བཞག་པ་ནི་གང ་བའི་ཕྱག་རྒྱའོ། །ཞེས་སོ། །ས་མ་པཱ་ཐ།། །།རྒྱ་གར་སྐད་དུ། བྷྲུ་ཏི་སུནད་ར་སཱ་དྷ་ནཾ། བོད་སྐད་དུ། འབྱུང་མོ་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་མ་ཧཱ་བྷུ་ཏ་ཀུ་ལ་སུནད་རི་ཧཱུཾ་ཞེས་སོ། །ཆུ་གཉིས་ཕྲད་པ་ལ་ཙན་དན་གྱི་མཎྜལ་བྱས་ཏེ། མེ་ཏོག ་གཏོར་ནས། གུ་གུལ་གྱི་དུད་པས་བདུགས་ནས་སྟོང་ཕྲག་བརྒྱད་བཟླས། ཡང་མཚན་མོ་སྟོང་ཕྲག་གཅིག་བཟླས་པས་ངེས་པར་འོང་བར་འགྱུར་རོ། །ནུབ་མོ་འདོད་ཡོན་བྱིན་པས་ཆུང་མར་འགྱུར་བས། ཐོ་རངས་གསེར་སྲང་བརྒྱ་བྱིན་ནས་འགྲོ་བར་འགྱུར་རོ།། ་དེ་བཞིན་དུ་ཉི་མ་རེ་རེ་བྱས་པས་ཟླ་བ་གཅིག་རྫོགས་པའི་རྫས་ལ་ཆོ་ག་ཇི་ལྟར་བཟླས་པས་རྟག་ཏུ་གནས་པར་འགྱུར་རོ། །འབྱུང་མོ་ཆེན་མོ་དཔལ་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཛ་ཡ་སུནད ་རི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྒྱལ་བའི་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་ཛ་ཡ་སུནད་རི་ཧཱུཾ་ཞེས་སོ། །ཆུ་ཀླུང་གཉིས་ཕྲད་པའི་སར་ཙན་དན་གྱི་མཎྜལ་བྱས་ཏེ། མཆོད་པ་དང་གཏོར་མ་དང་ཟན་དང་ཞོ་ཕུལ་ནས། ཞག་བདུན་དུ་ཉི་མེད་ལ་སྟོང་ཕྲག ་བརྒྱད་བརྒྱད་བཟླས་པས། ཞག་བདུན་གྱི་ནུབ་མོ་བརྒྱན་དང་ངེས་པར་འོད་དོ། །བྱུང་བ་དང་ཆུས་མཆོད་ཡོན་དབུལ་ལོ། །དེ་དགྱེས་ནས་བུ་བདག་གིས་ཅི་བགྱི་ཞེས་ཟེར་ན་བདག་ཉིད་རྒྱལ་པོར་གྱིས་ཤིག་ཅེས་བརྗོད་དོ། །དེས་རྒྱལ་པོ་དང་གོས་དང། རྒྱན་དང ་