| Wylie | e-texts based on the ACIP/ALL Input |
བོད་སྐད་དུ། ཀླུ་མོ་ཨ་ཕུ་ཞེས་བྱ་བའི་མན་ངག། ཕུ(རྒྱུད་འགྲེལ་ཟེར་བ་དང། བདག་གི་མ་མཛོད་ཅིག་ཅེས་བརྗོད་དོ། །བདག་དང་བཅས་པའི་མི་ལྔ་ལ་བཟའ་བ་དང། གོས་དང་རྒྱན་རྣམས་དང་དི་ན་ར་ལྔ་ལྔ་ཉི་མ་རེ་རེ་ལ་སྟེར་རོ། །དེ་ཉི་མ་རེ་རེ་རང་ལ་ཟད་པར་བྱའོ། །དེ་ལྟར་མ་བྱས་ན་ཕྱིས་སྟེར་བར་མི་འགྱུར་རོ། །དེ་ཁོ་ན་ལྟར་ཀླུ་མོ་གཞན ་རྣམས་ཀྱང་བསྒྲུབ་པར་བྱའོ། །ལག་པ་གཉིས་ཀྱིས་མཐེ་བོང་གཉིས་ཕན་ཚུན་གཉིས་བསྣོལ་ནས་སྦྲུལ་མགོའི་ཚུལ་དུ་བྱའོ། །ཀླུ་མོའི་ཕྱག་རྒྱའོ། །ཀླུ་མེའི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མ་ནོ་ཧ་རི་སཱ ་དྷ་ནཾ། བོད་སྐད་དུ། ཡིད་འཕྲོག་མའི་སྒྲུབ་ཐབས། དེ་ནས་མི་འམ་ཅིའི་སྒྲུབ་ཐབས་བཤད་པར་བྱ་སྟེ། ཨོཾ་མ་ནོ་ཧ་རི་སྭཱཧཱ། ཞེས་སོ། །སྔར་གྱི་ཆོ་གས་བྱས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་རིའི་རྩེ་མོར་སྟོང་ཕྲག་བརྒྱད་བཟླས་ཏེ། དེའི་རྗེས་ལ་མཆོད་པ ་ཆེན་པོ་བྱས་ཏེ། བའི་ཤ་དང་གུ་གུལ་བསྲེས་པའི་སྡུག་སྤོས་བཏང་ཞིང་ཇི་སྲིད་མ་བྱུང་བ་དེ་སྲིད་ཀྱི་བར་དུ་བཟླས་པས། །དེ་ནས་ནམ་ཕྱེད་ཀྱི་དུས་སུ་མི་འམ་ཅིའི་བུ་མོ་དེ་རང་འོང་བར་འགྱུར་རོ། །དེ་ལ་འཇིགས་པ་མི་བྱའོ། །ཀྱེ་སྒྲུབ་པ་པོ་ཁྱེད་ཀྱིས་བདག་ལ ་བཀའ་བསྒོ་བ་མཛད་དུ་གསོལ་ཞེས་ཟེར་ན། བཟང་མོ་ཁྱོད་བདག་གི་ཆུང་མ་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་རྒྱབ་ཏུ་ཁུར་ནས་ལྷའི་འཇིག་རྟེན་ཏུ་ཁྱེར་ཏེ། དེ་ནས་ཡང་རང་གི་གནས་སུ་སྐྱེལ་ལོ། །ལྷའི་འདོད་པའི་རྫས་ཀྱང་སྟེར་རོ། །ཡིད་འཕྲོག་མའི་སྒྲུབ ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། སུ་བྷ་གེ་སཱ་དྷ་ནཾ། བོད་སྐད་དུ། ལེགས་པར་དགའ་མའི་སྒྲུབ་ཐབས། ཨོཾ་སུ་བྷ་གེ་སྭཱཧཱ། ཞེས་སོ། །རིའི་རྩེ་འམ་ལྷ་ཁང་དུ་ཉི་མ་རེ་རེ་ལ་ཁྲི་ཕྲག་རེ་ཟླ་བ་གཅིག་གི་བར་དུ་བཟླས་ནས། དེ་ནས་ཉའི་དུས ་སུ་མཚན་མོ་ཡང་བཟླས་ལ། དེའི་རྗེས་སུ་ཡང་ཉལ་ན། ཤིན་ཏུ་འཇམ་པའི་ལག་པས་བདག་གི་རྐང་པ་ལ་ཉེད་པར་བྱེད་པའི་མི་འམ་ཅིའི་མོ་དེ་ལ་ཆགས་པར་བྱས་ནས། བདག་གི་ཆུང་མར་གྱུར་ཅིག་བྱས་ན་ཉི་མ་རེ་ལ་དི་ན་ང་བརྒྱད་དང་བས་ཡུག་གཉིས་གཉིས་སྟེ་བར ་འགྱུར་རོ། །ལེགས་པར་དགའ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། བི་ཤ་ལ་ནེ་ཏྲི་སཱ་དྷ་ནཾ། བོད་སྐད་དུ། སྤྱན་ཡངས་མའི་སྒྲུབ་ཐབས། ཨོཾ་བི་ཤ་ལ་ནེ་ཏྲི་སྭཱཧཱ། །ཞེས་པ་འདི་ཆུ་ཀླུང་གི་འགྲམ་དུ་ཉི་མ་རེ་ལ་ཁྲི་ཕྲག་རེ་རེ་ཟླ་བ་ཙམ ་བཟླས་ལ། ཉའི་ནུབ་མོ་མཚན་ཡལ་གྱིས་བཟླས་པས་ཐོ་རངས་ཀྱི་དུས་སུ་ངེས་པར་འོང་བར་འགྱུར་རོ། །བྱུང་ནས་ཆུང་མར་འགྱུར་ནས་ཉི་མ་རེ་ལ་དི་ན་ར་ལྔ་ལྔ་སྟེར་རོ། །འདི་རྣམས་ཀུན་རིག་པ་མང་པོ་བཟླས་པའི་གང་ཟག་ལ་ཉི་མ་རེ་རེས་འགྲུབ་པར་ ་འགྱུར་རོ། །སྤྱན་ཡངས་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ར་ཏི་རཱ་ག་ས་དྷ་ནཾ། བོད་སྐད་དུ། འདོད་ཆགས་དགའ་མའི་སྒྲུབ་ཐབས། ཨོཾ་སུ་ར་ཏ་པྲི་ཡེ་སྭཱཧཱ། ཆུ་ཀླུང་གཉིས་ཕྲད་པའི་སར་ནུབ་མོ་ཕྱིན་ནས་སྟོང་ཕྲག་བརྒྱད་བཟླས ་སོ། །ཞག་དང་པོ་ལ་ངེས་པར་བདག་སྟོན་ནོ། །གཉིས་པ་ལ་མདུན་དུ་གནས་སོ། །གསུམ་པ་ལ་ཆགས་པ་སྤྱད་ན་ཆུང་མའི་ལས་རྣམས་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་དི་ན་ར་བརྒྱད་བརྒྱད་དང་རས་ཡུག་གཉིས་གཉིས་སྟེར་རོ། །གཞན་ཡང་མི་འམ་ཅི་རྣམས ་བསྒྲུབ་པར་བྱའོ། །འདི་རྣམས་ཀྱི་ཕྱག་རྒྱ་གོང་དུ་བཤད་ཟིན་ཏོ། །འདོད་ཆགས་དགའ་མའི་སྒྲུབ་ཐབས་རྫོགས་སོ།། (།།དེ་ནས་འབྱུང་པོ་རྣམས་ཀྱི་སྒྲུབ་ཐབས་བཤད་པར་བྱ་སྟེ།།)་།།རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏ་ནཱ་མ་སཱ་དྷ་ནཾ། བོད ་སྐད་དུ། གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཧྲཱི(རྒྱུད་འགྲེལ་