| Wylie | e-texts based on the ACIP/ALL Input |
གྱི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲི་ཙངར་དེ་བ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཤྲཱི་ཟླ་བའི་ལྷ་མོ་ཞེས་བྱ་བ་ཨ་བ་ཚ་ར་རེ། གོང་བཞིན་དུ་འཕགས་པ་གཤིན ་རྗེ་གཤེད་ཀྱི་རྣལ་འབྱོར་པས། མདུན་དུ་ཨ་བ་ཚ་ར་ཞེས་བྱ་བའི་ལྷ་མོ་རྒྱན་ཀུན་གྱིས་བརྒྱན་པ། ཤིན་ཏུ་མཛེས་མ་གཅིག་བསྒོམས་ལ་གོང་བཞིན་དུ་དགུག་པ་ལ་སོགས་པ་དང། མཆོད་པ་བྱས་ཏེ། འོད་བར་བསམ། ངེས་པར་འགྲུབ་པར་འགྱུར་རོ།། ་གལ་ཏེ་བཟླས་པས་འགྲུབ་པར་འདོད་ན་དེའི་ཚེ་རིའི་རྩེ་མོ་འམ་སྐྱེ་བོས་དབེན་པའི་གནས་སུ་གོང་བཞིན་དུ་མཆོད་པ་བྱས་ཏེ་སྔགས་འབུམ་ཕྲག་གཅིག་བཟླས་པར་བྱའོ། །དེ་ནས་ཉའི་དུས་སུ་ཇི་ལྟར་འབྱོར་པས་མཆོད་པ་བྱས་ལ། མར་གྱི་མར་མེ་མཚན་ཐོག་ཐག ་བྱས་ལ་བཟླས་པ་བྱའོ། །དེའི་མཐོ་རངས་ལྷ་མོ་འོང་བར་འགྱུར་རོ། །བྱུང་བ་དང་ཙན་དན་གྱི་མཆོད་ཡོན་དབུལ་བར་བྱའོ། །བདག་གིས་ཁྱེད་ཀྱི་ཅི་བགྱི་ཞེས་ཟེར་ན། བདག་གི་བུད་མེད་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་གྲུབ་པའི་རྫས་དང། དངུལ་ཆུ་དར་བཅུད་ལེན ་ལ་སོགས་པ་ཐམས་ཅད་སྟེར་བར་འགྱུར་རོ། །གང་གིས་གྲུབ་པ་དེ་ལོ་སྟོང་ཐུབ་པར་འགྱུར་རོ། །ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཧ་རི་ཏི་ཀུནཌ་ལི་དྷ་ར་ཎི་སྭཱ་དྷ་ནཾ། བོད་སྐད་དུ། འཕྲོག་མ་རྣ་ཆ་འཛིན་མའི ་