| Wylie | e-texts based on the ACIP/ALL Input |
ཀུ་པ་རའི་སྔགས་ཀྱི་སྐབས་སུ། སྦྱིར་གནོད་སྦྱིན་ཐམས་ཅད་ཀྱི་སྒྲུབ་ཐབས་བསྟན་ཏོ། །འོན་ཀྱང་ཁྱད་པར་ཅུང་ཟད་བསྟན་པར་བྱས་ན། ན་མ་སྲི་ཡང་ཀ་རཱ་ཡ་ཌི་ཧི་ཧི་ཤེ་སྭཱཧཱ། ཞེས་སོ། །དགའ་བྱེད་ཅེས་བྱ་བ་གནོད་སྦྱིན་གཞོན་ནུ་མ་ཅིག་གི་ལས ་ཐམས་ཅད་བྱེད་པར་འགྱུར་བས། དེའི་ཆོ་ག་ནི་སྙེན་པ་འབུམ་ཕྲག་གསུམ་བཟླས་ནས་དེ་ནས་ཁྲི་སྟན་ལས་བྱས་པ་འམ་ཤིང་ཀ་ཏཾ་པ་ལས་བྱས་པའི་ཤིང་ལེ་བ་ལ། དགའ་བྱེད་ཅེས་བྱ་བ་ཞལ་གཅིག་ཕྱག་དྲུག་པ། གཞོན་ནུའི་གཟུགས་ཅན། །ཕྱག་གཡོན ་དང་པོ་ན་ཤིང་ཐོག་འཛིན་པ། གཉིས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། །དེའི་མདུན་དུ་རྩ་ཀུ་ཤའི་ཆུན་པོ་ལ་རང་འདུག་ནས། བའི་ཤ་དང་གུ་གུལ་བསྲེས་ལ་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་གྲོང་ཁྱེར་བརྒྱད་རྙེད་པར་འགྱུར་རོ། །ཡང་དེའི་འདུན་དུ ་གུ་གུལ་རྐྱང་པའི་རི་ལུ་སྟོང་ཕྲག་བརྒྱད་ཀྱིས་སྦྱིན་སྲེག་བྱས་ན་འཁོར་སྟོང་ཕྲག་གཅིག་གི་ཅི་འདོད་པའི་བཟའ་བ་རྙེད་པར་འགྱུར་རོ། །བཟླས་པ་ཙམ་གྱིས་བཟའ་རྒྱུ་རྙེད་པར་འགྱུར་རོ། །རྟག་ཏུ་བཟླས་པས་གཏེར་མཐོང་བར་འགྱུར་རོ། །གཞན་ཡང་ལས་ཐམས ་ཅད་བྱེད་པར་འགྱུར་བའི་དགའ་བྱེད་ཅེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཡཀྵ་ཀཱི་ལི་ཀཱི་ལ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། ཡཀྵ་ཀི་ལ་ཀི་ལོ་ན་མ་སྭཏྟཝ་ཊཊ ་པྲ་ཏ(རྒྱུད་འགྲེལ་གཅིག་སོང་ནས་ཉི་མ་རེ་ལ་འདི་ན་རེ་རེ་སྟེར་རོ། །ཟླ་བ་གཉིས་པ་ལ་འདི་ན་ར་ཉི་ཤུ་ཉི་ཤུ་སྟེར་བ་འམ། ཡང་ན་སྟོན་པར་འགྱུར་རོ། །ཟླ་བ་གསུམ་པ་ལ་ཉི་མ་རེ་ལ་འདི་ནར་བརྒྱ་ཚོ་རེ་སྟེར་རོ། །ཟླ་བ་བཞི་པ་ལ་འདི་ན་ར་སྟོང་སྟེར་རོ། །ཟླ་བ་ལྔ་པ་ལ་ཀི་ལི ་ཀི་ལ་ཞེས་བྱ་བའི་གནོད་སྦྱིན་གྱི་རྒྱལ་པོ་མཐོང་བར་འགྱུར་ཞིང། མཆོག་སྟེར་བར་འགྱུར་རོ། །འབྲུ་དང་ནོར་དང་གཏེར་དང་ཤིན་ཏུ་མང་བ་སྟེར་བར་འགྱུར་རོ། །ནད་མེད་པ་དང་བར་ཆད་མི་འབྱུང་བ་དང། བློ་དང་ལྡན་པ་བྱེད་པར་འགྱུར་རོ། །ཟླ?་བ་དྲུག་ན་ནམ་མཁའ་ལ་འགྲོ་བར ་ནུས་ཤིང་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བདུན་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །ཟླ་བ་བརྒྱད་ན་ལྷའི་གནས་སུ་འགྲོ་བར་ནུས་པར་འགྱུར་རོ། །ཆོ་ག་འདི་རྣམས་ཐམས་ཅད་བྱས་ལ་གཡས་ཀྱི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེ་བོང་རྩེ་སྤྲད་ལ་ཁ་ཕྱེ་ལ། །ཕྱག་རྒྱ ་འདི་དང་སྔགས་ཀྱིས་ཟན་རྡོག་གཅིག་བྱིན་ལ། དེས་ཟོས་ཟིན་པའི་དུས་སུ། ཁ་བཤལ་བའི་ཆུ་ལན་གསུམ་བྱིན་པར་བྱའོ། །ཀཱི་ལི་ཀཱི་ལ་ཞེས་བྱ་བའི་གནོད་སྦྱིན་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། པྲིཊཊ་ན་མ་ཧཱ་ཡཀྵ་སེ་ན ་པ་ཏི་སཱ་དྷ་ནཾ། བོད་སྐད་དུ། བརྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་གྱི་སྒྲུབ་ཐབས། པིཊཊ་ན་མ་ཧཱ་ཡཀྵ་སེ་ན་པ་ཏི་ཧཱུཾ་ཕཊ། ཞེས་པ་འདི་སྙེན་པ་འབུམ་ཚོ་བཟླས་ནས། དེའི་རྗེས་ལ་བྱང་ཆུབ་ཀྱི་ཤིང་ལ་ལིང་ག་བྱས་ལ། དེའི་མགོ་ལ་ཐུན་མཚམས ་གསུམ་དུ་དྲི་ཞིམ་པའི་མེ་ཏོག་གིས་བྲབ་པོ། །ཐུན་རེ་ལ་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་བྱའོ། །ཚེས་བརྒྱད་ནས་བརྩམས་ཏེ་བཅུ་བཞིའི་བར་གྱིས་འགྲུབ་པར་འགྱུར་རོ། །ོཾ་པིཊཊ་པིཊཊ་པ་ཡ་སི་ནྱ་པ་ཏི་ཧཱུཾ་ཕཊ། ཅེས་སོ། །སྔགས་འདི་དགྲ་གང་ཡིན་པ་ལ་བརྡེག་དུ ་གཞུག་།ོཾ་ལོཊཊ་ན་ལོཊཊ་པ་ཡ་སཻ་ནྱ་པ་ཏི་ཧཱུཾ་ཕཊ། འདིས་ཀྱང་བརྡེག་ཏུ་བཅུག་པར་བྱའོ། །འདི་བརྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །།དེ་བཞིན་དུ་གཞན་ཡང་གནོད་སྦྱིན་རྣམས་སྒྲུབ་པར་བྱའོ། །གནོད་སྦྱིན ་གྱི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲི་ཙངར་དེ་བ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཤྲཱི་ཟླ་བའི་ལྷ་མོ་ཞེས་བྱ་བ་ཨ་བ་ཚ་ར་རེ། གོང་བཞིན་དུ་འཕགས་པ་གཤིན ་