| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཡཀྵ་མི་པྲི་ཐ་བི་ལ་ཀྵི་ས་དྷ་ན། བོད་སྐད་དུ། གནོད་སྦྱིན་མོ་སའི་བདག་མོ་བཀྲ་ཤིས་མའི་སྒྲུབ་ཐབས། །ོཾ་བྲི་ཐི་བི་ཀ་ཤམ་ལི་བི་ཛ་ཡེ་སྭཱཧཱ། ཞེས་པ་འདི་ལ་བསྙེན་པ་ཁྲི་ཕྲག་གཅིག་བཟླས་ལ། དེ་ནས་ཁྲུ་གང་ངམ་མཐོ་གང་པའི་རས་ཤིག་ལ ་གནོད་སྦྱིན་མོ་ཕྲི་ལ་གནས་པ། སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིས་ཏེ། ཤིན་ཏུ་དབེན་པའི་སར་ཐང་ཀ་ལ་རབ་གནས་བྱས་ལ། གཅིག་པ་བསྲུང་བ་བྱས་ལ། ཉ་སྐམ་པོ་དང་ཤ་དང་ཏིལ་གྱི་ཕྱེ་མའི་སྤོས་བཏད་ནས། མར?་སར་པས་རྐང་མཐིལ ་ལ་བྱུགས་ལ་རང་གི་མལ་དུ་འདུག་སྟེ། ཇི་ལྟར་ནུས་པས་སྔགས་བཟླས་པར་བྱའོ། །ནུབ་དང་པོ་ལ་རྨི་ལམ་དུ་རྟགས་བྱུང་ངོ། །གཉིས་པ་ལ་སྒྲ་འབྱུང། གསུམ་པ་སྒོ་རྡུང་བར་འགྱུར། །བཞི་པ་ལ་ནང་དུ་འོང་བར་མཚོན་པར་བྱ། ལྔ་པ་ལ་མཐོང་བར་འགྱུར། དྲུག་པ་ལ ་སྨྲ་བར་འོང། བདུན་པ་ལ་བདག་གིས་ཁྱེད་ཀྱི་ཅི་བགྱི་ཞེས་ཟེར་བ་འོང་ངོ། །དེ་ལ་འདོད་ཡོན་ལྔ་བདག་ལ་སྟེང་བའི་བུད་མེད་གྱིས་ཅེས་བརྗོད་དོ། །དེ་ནས་འདོད་ཡོན་ལྔ་བདག་ཉིད་ལ་སྟེར་བའི་བུད་མེད་དུ་འགྱུར་ཏེ། ཚིམ་པར་གྱུར་ནས་གྲུབ་པའོ ་རྫས་རྣམས་སྟེར་རོ། །ཁྱད་པར་དུ་མཚན་མོ་ཁོ་ན་བཟླས་པ་བྱ། །གང་ཞིག་གནོད་སྦྱིན་མོའི་སྦྱིན་སྲེག་གི་ཆོ་ག་ཡོད་དེ། དེས་སྒྲུབ་ཐབས་ཀྱི་རིམ་པས་སྦྱིན་སྲེག་བྱས་ནས་གནོད་སྦྱིན་མི་བསྒྲུབ་པར་བྱའོ། །གཞན་ཡང་གོང་བཞིན་གནོད་སྦྱིན་མོ་རྣམས་བསྒོམ་པར ་བྱའོ། །ཡང་ན་རང་རང་གི་རྟོག་པ་ལས་གསུངས་པའི་བཟླས་པའི་གྲངས་ཀྱིས་བསྒྲུབ་པར་བྱའོ། །ཁྱད་པར་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས། དཔལ་སྦྱུ?་འཕྲུལ་དྲ་བའི་ཚུལ་གྱིས་གནོད་སྦྱིན་མོའི་སྒྲུབ་ཐབས་ཀྱི་ཆོ་ག་མང་པོ་བདག་གིས་འདིར ་ཐ་དད་དུ་བྱས་པའོ། །དེ་རང་ལ་གནོད་སྦྱིན་མ་རྣམས་སྒྲུབ་པར་བྱའོ། །ལྟེ་བའི་ཐང་ཀར་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ནས། གུང་མོ་དང་སྲིན་ལག་གྱེན་དུ་བསླ་ང་ལ་མཐེའུ་ཆུང་དང་མཛུབ་མོ་ཕྱིར་བརྒྱངས་ལ། དེའི་སྟེང་དུ་ལག་པ་གཡས་པ་ཁ་སྦུབ་ལ ་འདུག་པ་ནི། གནོད་སྦྱིན་མའི་ཕྱག་རྒྱའོ། །དེ་ཁོ་ན་ཉིད་ལ་ལག་པ་གཡོན་གྱི་གུང་མོ་ཕྱིར་བཀྱེད་ལ་མཛུབ་མོ་ནང་དུ་བསྐུམ་པ་ནི་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེ་ཉིད་ལ་མཐེ་ཆུང་དང་མཐེ་བོ་གཉིས་སྤྱར་བ་ནི་གནོད་སྦྱིན་མ་གཞན་གྱི་ཕྱག་རྒྱའི་ཁྱད་པར་རོ། དེ་ཉིད་ལ ་སྲིན་ལག་ཕྱིར་བཀྱེད་པ་ནི་མི་འམ་ཅིའི་ཕྱག་རྒྱའོ། །དེ་ཉིད་རང་ལ་གུང་མོ་ཕྱིར་བཀྱེད་ན་འདྲེའི་ཕྱག་རྒྱའོ། །དེ་ཉིད་རང་ལ་གུང་མོ་བསྐུམ་ནས་གཞག་པ་ནི་འདྲེ་མོ་རྣམས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་རྣམས་ཀྱི་རྩེ་བ་ནི་གོང་དུ་བསྟན་པའི་ལག་པ་གཡོན་པས ་བཅས་པའི་ཕྱག་རྒྱ་དེའོ། །ཞེས་སོ། །མ་དང་སྲུ་མོ་སྐྱུག་མོ་དང། ཆུང་མ་བུ་མོ་ཨ་ནེ་གནོད་སྦྱིན་མོར། །བསྒྱུར་ཏེ་མ་དང་སྲུང་མོ་སྦྱུག་མོ་གང། །དེ་དག་མཆོག་སྟེ་ནོར་བུ་རིན་ཆེན་ལྟར། །དེ་བཞིན་བུ་མོ་མཛའ་མོ་འབྲིང་པོ་སྟེ། །སྙིང་སྡུག་བུད་མེད་སྙིང་མོ་ཐ་མར ་ཤེས་།མཐུན་མཚམས་མཆོད་པ་མེ་ཏོག་ཕྲེང་འདྲི། །མར་གྱི་མར་མེ་ཡང་ན་མར་ནག་སྟེ། །བདུག་སྤོས་དྲི་ཞིམ་ཙན་དན་ཨ་ཀ་རུ། །གཏོར་མ་སྣ་ཚོགས་མཚན་མོ་རྟག་ཏུ་དབུལ། །བརྟུལ་ཞུགས་གནས་ལ་མངོན་པར་འཇོམས་པ་ཡི། །བུད་མེད་ཤིན་ཏུ་ཆགས་པས་ཟིལ་གྱིས་ནོན། ། ་རྙེད་པ་ཐོབ་དང་ལུས་གཟུངས་འཛག་པ་ངག་།དངོས་གྲུབ་སྟེར་བའི་བདག་མོས་བྱེད་པར་འགྱུར། །བུད་མེད་ཆགས་པས་ནོན་ལ་མི་འགྲོ་ཞིང། །དེ་བཞིན་རྙེད་པ་ཆེན་པོ་རབ་ཏུ་སྤང། །སྔགས་པས་མཚན་མེ་ཤུ་ཀྲ་རབ་ཏུ་བསྲུང། །བརྩོན་འགྲུས་འབར་བ་མཆོག་ཏུ་བརྟེན་པར་གྱིས ་གང་ཞིག་ལོག་པས་གནོད་སྦྱིན་མོ་བརྩམས་པ། །རྨོངས་པ་ད་ནི་མྱུར་དུ་འཇིག་པར་འགྱུར། སྲིན་མོ་འདྲེ་མོ་རྣམས་ལ་གོང་བཞིན་དུ། །ཆོ་ག་ལྷག་པའི་ཁྱད་པར་འདི་ཉིད་དེ། །ཉ་ཤ་ཆང་ངག་ལ་ཕུག་ཁུར་བ་དང། །བལ་སྲན་ནས་སྲན་དག་དང་འབྲས་ཟན་ཤ། གཏོར ་མ་འདི་ནི་ཀུན་ཏུ་དུ་ཀའི་སྤོས། །གནས་ནི་དུར་ཁྲོད་སྐྱེ་བོས་དབེན་པའི་ཁྱིམ། །ཤི་རི་ཤ་ཀ་བིལ་བ་དང། །མ་ཌ་རུ་པ་ཨརྐ་དང། ཤ་པ་ཛ་ན་དྷ་རུ་ར། ཨ་ག་ཏི་དང་བྲི་ཧ་ཏི། ར་ཛ་རྐ་དང་ཀུ་ཤ་དང། ཨེ་རན་ད་དང། ཨརྐ་དང། མྱ་ངན་མེད་དང་དེ་རྣམས་ཀྱི། ་མེ་ཏོག་རྣམས་ནི་དབུལ་བར་བྱ། །ཀླུ་ལ་འབྲས་ཐུག་བུ་རྣམ་ཁུར་བ་མར། །དྲི་ཞིམ་མེ་ཏོག་བདུག་པོས་དྲི་ཞིམ་དང། ཕྲེང་བ་སྣ་ཚོགས་ཤིང་ཐོག་མོ་ཀ་ཏ། །ཞོ་ཡོས་ཙན་དན་ཨ་ཀ་རུ་རྣམས་དང། །བུམ་པ་དང་ནི་བ་དན་ནག་པོ་རྣམས། །ནག་པོའི་གོས་དེར ་གཏོར་མ་ནག་པོ་དང། །མེ་ཏོག་ཕྲེང་བ་གདུགས་ངང?་བྱུག་པ་རྣམས། །ཇི་ལྟར་རྙེད་པ་ཀླུ་ལ་དབུལ་བར་བྱ། །ཆོག་རབ་ཏུ་བསྟན་པ་འདི། །མཐུན་མོང་དུ་མི་གསུངས་པའོ། །སྔགས་ཀྱི་ནུས་པའི་ང་རྒྱལ་གྱིས། །འདོད་པ་ཐམས་ཅད་འབྱུང་བའོ། །རྟོག་པ་ངན་པའི ་སྦྱོར་བ་ཡིས། །རྣམ་པ་གཞན་གྱིས་མི་འགྲུབ་པོ་ཞེས་སོ། །གནོད་སྦྱིན་ལ་སོགས་པའི་སྒྲུབ་ཐབས་ཀྱི་མན་ངག་རྫོགས་སོ།། །།རྒྱ་གར་སྐད་དུ། ཡཀྵ་ན་ནདི་ཀ་ར་སཱ་དྷ་ནེ། བོད་སྐད་དུ། གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས། གོང་དུ་ཎ་ཌ ་