CLOSE WINDOW

N1700: dga' bas tshim ma'i sgrub pa'i thabs zhes bya ba
Wyliee-texts based on the ACIP/ALL Input

ཆོ་ག་འདི་ནི་ཇི་ལྟར་སྦྱོར་བ་ཇི་ལྟ་བར་སྦྱར་བར་བྱའོ། །ལོངས་སྤྱོད་ཅན་མའི་རྟོག་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ར་ཏི་པྲི་ཡེ་སཱ་དྷ་ནཱ་མ། བོད་སྐད་དུ། དགའ་བས་ཚིམ་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཨོཾ་ར་ཏི་པྲི་ཡེ་སྭཱཧཱ། ཞེས་སོ་གྲོ་ག་འམ། རས་ཁྲ ་གནོད་སྦྱིན་མོ་དགའ་བས་ཚིམ་མ་ཞེས་བྱ་བ་སྐུ་མདོག་སེར་མོ་གཞོན་ནུའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱི་བརྒྱན་པ། མེ་ཏོག་ཨུཏ་པ་ལ་བཟུང་བ། གོང་བཞིན་དུ་བྲི་བར་བྱ་སྟེ། སྣ་མའི་མེ་ཏོག་གིས་ཡང་དག་པར་མཆོད་ཅིང་གུ་གུལ་གྱི་བདུགས་ཏེ། ་ཟླ་བ་གཅིག་གི་བར་དུ་ཉི་མ་རེ་རེ་ལ་སྔགས་སྟོང་ཕྲག་རེ་རེ་བཟླས་པར་བྱའོ། །དེ་ནས་ཇི་ལྟར་ནུས་པས་མཆོད་པ་བྱ་སྟེ། མར་གྱི་མར་མེ་བྱས་ལ། དེ་ཇི་སྲིད་མ་བྱུང་གི་བར་དུ་བཟླས་པ་བྱའོ། །བྱུང་བ་དང་ངག་བཅད་དེ་འདོད་པ་སྤྱད་ན་བུད་མེད་དུ་འགྱུར་རོ། །སྒྲུབ་པ་པོའི་འཁོར ་རྣམས་ཀྱང་རབ་ཏུ་སྐྱོང་བར་འགྱུར་རོ། །ལྷའི་འདོད་ཡོན་ལྔའི་བཟའ་བ་དང། དངུལ་ཆུ་དང། བཅུད་ལེན་འདི་ན་ར་ཉི་ཤུ་རྩ་ལྔ་སྟེར་བར་འགྱུར་རོ། །དགའ་བས་ཚིམ་མ་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཡཀྵ་ན་ཌ་ན་ཌི་སཱ་དྷ་ན། པོད ་