| Wylie | e-texts based on the ACIP/ALL Input |
བསོད་ནམས་སེངྒེས་བསྒྱུར་པའོ།། (།།གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།།)་།།རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་ཀརྨམ་ཨ་བ་ལི་ས་དྷ་ནཾ་ཙིནྟི་མ་ནི་ན་མ། བོད་སྐད་དུ། གཤིན་རྗེ་གཤེད ་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་མ་ལུས་བཅོད་པན་གྱིས་བཏུད་པའི། ཞབས་ཀྱི་པདྨ་དང་ལྡན་འཇམ་དབྱངས་རྡོ་རྗེ་དང། དེ་ཉིད་རང་བཞིན་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ། བཏུད་ནས ་དེ་ཡི་སྒྲུབ་ཐབས་གསལ་བར་བྲི། འགྲོ་བའི་དལ་འབྱོར་གཡོ་བ་དང། །དམ་པའི་གཤེད་གཉེན་རྙེད་དཀའ་བས། །འདོད་པ་མ་ལུས་བསྒྲུབ་པའི་ཕྱིར། །སྔགས་པས་འབད་ཀྱིས་མཁས་པས་ཀྱེ། །རེ་ཞིག་འགྲོ་བ་མ་ལུས་པ་གདོན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི ་སེམས་ཆེན་པོ་བསྐྱེད་པ་དང། །དད་པ་མཆོག་དང་ལྡན་པ། །སྙིང་རྗེ་ཆེ་བ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པ་སོ་སོར་རྟོག་པ་དང་ལྡན་པ་ཞིག་གིས་གཤིན་རྗེ་གཤེད་དམར་པོའི་བཟླས་པ་བྱེ་བ་སྔོན་དུ་འགྲོ་བས་སམ། ལྷའི་རྗེས་སུ ་གནང་བ་ཐོབ་པས་གནོད་སྦྱིན་མོ་ལ་སོགས་པའི་དངོས་གྲུབ་བམ། སེམས་ལ་འདོད་པ་གང་ཡིན་པ་བསམ་གཏན་ལ་གནས་པས་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང་གསུངས་པ་ནི། སྔགས་དང་ཕྱག་རྒྱའི་རྣལ་འབྱོར་དང། ་བསམ་གཏན་འཁོར་ལོའི་རྣལ་འབྱོར་གྱིས། །འགུགས་པ་འགྲུབ་པར་འགྱུར་བ་ཡིན། །རྣམ་པ་གཞན་གྱིས་མི་འགྲུབ་པོ་ཞེས་སོ། །ནགས་ཚལ་དབེན་པ་དག་ཏུ་ནི། །ཡང་ན་སྔགས་འདི་ཐམས་ཅད་ཀྱིས། །སྔགས་པ་རྣམས་ཀྱིས་བྱེ་བ་ཟླས། །ལས་ནི ་ཐམས་ཅད་བྱེད་པར་གསུངས། །གང་ཞིག་ཕུན་སུམ་ཚོགས་པ་ཡི། །བྱ་བ་ཐམས་ཅད་འདོད་པ་དེས། །ཉོན་མོངས་དྲི་མ་ཐམས་ཅད་དག་།ཟླ་བ་ལྟ་བུར་སེམས་ཙམ་ཉིད། །བདག་ཀྱང་དེ་ཡི་རང་བཞིན་ནོ། །སྣོད་དང་བཅུད་ཀྱི་འགྲོ་བ་དག་།སེམས་ཙམ་ཉིད་དུ་སེམས ་ཅན་ཀུན། །ཡང་དག་སངས་རྒྱས་དེ་སྲས་རྣམས། །བདག་གི་སེམས་སུ་གཉིས་མེད་བྱ། །དེ་ཡི་འོད་ཟེར་ལྕགས་ཀྱུ་ཡིས། །སངས་རྒྱས་ཀུན་གྱི་ཡོན་ཏན་ནི། །ས་དང་ཕ་རོལ་ཕྱིན་ལ་སོགས། །ནམ་མཁའ་ལྟ་བུར་བསྒོམ་པར་བྱ། །དཀར་པོའི་གཟུགས་ཀྱིས ་བཞུགས་པ་ནི། །རང་ཕྱོགས་འོ་མའི་འབབས་ཆུ་བཞིན། །རང་སེམས་དེ་ལྟར་བསྒོམས་པ་ལས། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་ནི། །སྙིང་རྗེས་བསྐུལ་ནས་འདི་ལྟ་སྟེ། །ས་འོག་བར་དུ་བསྒོམ་པར་བྱ། །ེ་མེ་སེམས་ཅན་སྡུག་བསྔལ་ཅན། །འཁོར་བར་ཡུན ་དུ་གནས་པ་དང། །ཐབས་དང་ཤེས་རབ་བྲལ་བ་ཡིས། །ཡང་དང་ཡང་དུ་ཡུན་རིང་གནས། །དེ་རྣམས་ཀུན་གྱི་རྟོགས་བྱའི་ཕྱིར། །བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམ། །ོཾ་བོ་དྷི་ཙིཏྟོ་ཏྭཱ་ད་ཡཱ་མི། །ཞེས་བརྗོད་དོ། །དེ་ལས་བྱུང་བའི་འོད་ཟེར་ལྡན། །ཀ་ལ་སོགས ་པའི་ཡི་གེས་བརྒྱན། །རིམ་གྱིས་སྐྱེས་པའི་སེམས་ཉིད་ནི། །སེམས་ཅན་ཡོངས་སུ་འཛིན་པར་བྱེད། །ཀུན་ཀྱང་སྙིང་རྗེའི་སྟོབས་ལས་བྱུང། །གནོད་སྦྱིན་མོ་ལ་སོགས་པའི་སྒྲུབ་པ་གང་ལ་ཡང་ཁྲུས་ཀྱི་ཆོ་ག་བསྟན་པ། །དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་སྒྱུ ་མ་ལྟ་བུ་དང། །རྨི་ལམ་ལྟ་བུ། ཐོག་མ་ནས་མ་སྐྱེས་པ། །རང་བཞིན་གྱིས་མྱ་ངན་ལས་འདས་པ། ཐོག་མ་ནས་ཞི་བའི་ཆོས་ཐམས་ཅད་ལ་སོགས་པ་ལྷག་མ་རིམས་བས་བདག་གི་ལུས་དང་ཕྱི་དང་ནང་ཐམས་ཅད་རྡུལ་ཕྲ་རབ་ཀྱི་རྣམ་པར་དབྱེ་བར་བྱ་བའི་ཡི ་དམིགས་པའི་སྤྱོད་པས་མྱུར་དུ་གྲུབ་པར་བྱེད་པས། །ནང་གི་ཁྲུས་ཆེན་པོ་ལ་ནན་ཏན་དུ་བྱའོ། །གང་ཞིག་ཕྱིའི་རྫས་ལ་ཆགས་པ་རྨོངས་པའི་བློ་ཅན་རྣམ་པར་རྟོག་པའི་དཔྱོད་པས་ཐེ་ཚོམ་སེལ་བར་མི་ནུས་པ་དེས་ཕྱིའི་ཁྲུས་ཀྱི་ཆོ་ག་འདི་བྱའོ། །ཐོག་མར་རོ་ཞིག་ཧཱུཾ ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ། །སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། །ཁྲོ་གཉེར་དང་བཅས་པ། །སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་འཁྲུག་པ། །དང་པོའི་རྡོ་རྗེ་འགྱིང་བ་ང་རྒྱལ་དང་བཅས་པ་རྡོ་རྗེ་ཆེན་པོ་འོད་ཟེར་འབར ་བའི་མེ་སྟག་འཕྲོ་བ། །དང་པོར་རྡོ་རྗེ་གསོར་ཞིང་བསྐལ་པའི་མེ་དཔུང་འབར་བ་ལྟར་འབར་བ། །རྡོ་རྗེ་ཉི་མ་མེ་འབར་བར་བདག་ཉིད་སྤྲུལ་ནས། །ོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛཝ་ལི་ནི་སྭཱཧཱ། ཞེས་བརྗོད་ཅིང། རྡོ་རྗེ་བསྡམས་པས་ནང་དུ་བསྟན་ཏེ། བར་དང་བཅས་པ། མཐེ་བོ ་རྡོ་རྗེ་རྩེ་སྦྲང་ནས་ཕྱིར་འགྱེད་པས། །རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། །བདག་ཉིད་འབར་བར་བྱའོ། །རྡོ་རྗེ་འཇིགས་བྱེད་འབར་བའི་ཕྱག་རྒྱས་བཟོད་པར་དཀའ་བའོ། །དེའི་རྗེས་སུ་བསྐྱེད་རིམས་ཆེ་བར་བསྟན་པ་བཞིན་དུ་རྡོ་རྗེ་གོ་ཆ་སྟེ། དེའི་རྗེས་སུ་ཨོཾ་བྷྲུ་རྫཝ ་ལ་ཨོཾ་ཧཱུཾ་སྭཱཧཱ། ཞེས་ས་བཟུང་ལ་ཆ་གསུམ་དུ་བྱས་ལ་སྔགས་འདིས་བྱིན་གྱིས་བརླབས་ནས་ཁྲུས་བྱེད་པའི་སར་གཞག་སྟེ། དེ་ནས་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་བཅིངས་ལ་ཆུ་འམ་ཆུའི་སྣོད་གནས་ལ་བགེགས་ཐམས་ཅད་བསྐྲད་པའི་ཆེད་དུ་འོག་དང་སྟེང་བཅིང ་བར་བྱའོ། །ོཾ་བྷུ་ཛཝ་ལི་སྭ་ཧཱུཾ་སྭཱ་ཧཱ། ཞེས་རིག་པ་འདི་བརྗོད་ཅིང། གོང་དུ་བཤད་པའི་ས་ཆ་གསུམ་པོ་ལས་ཆ་གཅིག་གིས་བཤད་ལམ་བཀྲུས་ཏེ། ལག་པ་གཉིས་བཀྲུས་ལ་ཉེ་རེག་བྱའོ། །ཆ་གཉིས་ལ་ཧཱུཾ་ཞེས་བརྗོད་ཅིང། ། ་ལུས་པོ་ཐམས་ཅད་ཁྲུས་བྱས་ཏེ། ཆ་གསུམ་པས་མགོ་བཀྲུས་ནས། ཨོཾ་བུཾ་ཛཝ་ལ་ཧཱུཾ་སྭཱཧཱ། ཞེས་པ་འདིས་ཉེ་བར་རེག་ནས་རང་གི་མགོ་ལ་སྔགས་དང་བཅས་པའི་ཆུ་གཏོར་ནས། །རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་བདག་བྱིན་གྱིས་བརླབས་ནས ་ཁྲུས་བྱེད་ས་ནས་ལྡང་བར་བྱེད་དོ། །དེའི་རྗེས་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་གོས་ལ་གཏོར་ནས། །ཇི་ལྟ་བ་བཞིན་གྱོན་ནས་ཡི་གེ་བརྒྱ་པ་བརྗོད་ཅིང། །ཡིད་ཀྱང་ཆུའི་གནས་ཀྱི་བསྲུང་མ་གཤེགས་ནས། །སྐད་ཅིག་གིས་ལྷའི ་ང་རྒྱལ་གྱིས་དེའི་སྔགས་ཡིད་ཀྱིས་བརྗོད་བཅིང་བསམ་གཏན་གྱིས་ཁང་པའི་དྲུང་དུ་འགྲོ་བར་བྱ། །དེ་ནས་རྐང་པ་གཉིས་བཀྲུས་ལ། རིག་མ་དེས་ཉེ་བར་རེག་ལ། ཧཱུཾ་ཕཊ་ཅེ་པ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བགེགས་ཐམས་ཅད་བསྐྲད་ནས། ་བསམ་གཏན་གྱི་ཁང་པར་ཞུགས་ཏེ། ཡང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྟན་ལ་སོགས་པ་དང་བསམ་གཏན་ཁང་པ་ལ་བྱུག་པ་ལ་སོགས་པ་གཏོར་ནས་ཉེ་བར་རེག་པར་བྱའོ། །ས་མ་ཡ་སྟཝཾ་ཞེས་བརྗོད་ཅིང། །ཕྱག་གཡས་པ ་བཀན་པར་བྱ་ལ། གུང་མོ་དང་སྲིན་ལག་ཙམ་བཀུག་ནས། །ཕྱག་རྒྱ་འདིས་རྐང་པ་གཉིས་ཀྱི་ནང་དུ་བཅུག་ལ། ཙོག་པུར་བསྡད་དེ་སྨྲ་བ་བཅད་ལ་པདྨའི་ཚུལ་གྱིས་ཁ་ལ་ཡང་རག་པར་བྱས། །ལན་གཉིས་སམ་ལན་གསུམ་དུ་རྣ་བ་གཉིས་དང ་མིག་གཉིས་དང་སྣ་དང། ཁ་དང་ལག་པ་གཉིས་དང། ལྟ་བ་དང་མགོ་ལ་རེག་པར་བྱ་བ་ནི་མགོ་བཀྲུ་བའི་ཆོ་གའོ། །དེ་ལྟར་ཁྲུས་བྱས་པ་འམ་མ་བྱས་ཀྱང་རུང། །རིའི་སུལ་ལ་སོགས་པ་དབེན་པའི་གནས་སུ་ཆགས་པ་ཐམས་ཅད་དང་བྲལ་བས་ ་སྤྱོད་ལམ་ཡངས་པར་དག་བཅད་ལ། །འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་གནོད་སྦྱིན་མོའི་སྒྲུབ་པ་ཉེ་བར་བྱ་སྟེ། དེ་ལ་ཧཱུཾ་གི་ཡི་གེས་འགྲོ་བ་ཐམས་ཅད་སྟོང་པར་བྱས་ལ། བི་མ་ལོ་དྷེ་དྷི་ཧཱུཾ་ཞེས་པ་བརྗོད་པས། །རྒྱ་མཚོ་ཆེན་པོའི་སྟེང་དུ་ཨོཾ་ཨ ་བ་ཙ་ལ་བི་རེ་སྭཱཧཱ། ཞེས་པས་གསེར་གྱི་རང་བཞིན་གྱི་སྟེང་དུ། ཨོཾ་ཨ་བ་ཙ་ལ་ཧཱུཾ་ཞེས་པས་རིན་པོ་ཆེའི་རང་བཞིན་གྱི་རིའི་རྒྱལ་པོ་ཚད་མེད་པ། མེ་ཏོག་དང་ཤིང་ཐོག་སྣ་ཚོགས་པས་བརྒྱན་པ་ནགས་ཚལ་གྱིས་བརྒྱན་པ། དཔག་བསམ་གྱི་ཤིང ་གིས་བརྒྱན་པ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དང་ལྡན་པའི་ཡིད་དུ་འོང་བར་བསྒོམས་ཏེ། དེར་ཧྲཱི(རྒྱུད་འགྲེལ་སྒྲ་དང་འོད་ཟེར་གྱི་སྒྲ་དང་སྤྲིན་གྱི་ཚོགས་ཀྱི་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། འོད་ཟེར་དེ་དག་གནོད་སྦྱིན་མོའི་གཟུགས་སུ་གྱུར་ཏེ། ཚུར་འདུས་ནས་ཀྵིཾ་དེ་ཉིད་ལ་ཐིམ་པར་གྱུར། །ཀྵིཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མོ་ལོངས་སྤྱོད་ཅན་མ་ཞེས ་བྱ་བ་ལང་ཚོ་རྒྱས་པ། སྒེག་པའི་རོ་དང་ལྡན་པ། མཛེས་མ་ལྷ་མོའི་གཟུགས་ལྟ་བུ་འཛིན་པ། སྐུ་མདོག་ལྗང་གུ་གོས་དཀར་པོས་སྨད་གཡོགས་དང་སྟོད་གཡོགས་བྱས་པ། ཕྱག་གཡོན་པ་དཔག་བསམ་གྱི་ཤིང་ལ་འཇུས་པ། ཕྱག ་གཡས་པ་མེ་ཏོག་ཁ་དོག་ལྔ་དང་ལྡན་པས་བརྒྱན་པ། སྟེང་ན་གདུག་དཀར་པོ་རང་བཞིན་གྱིས་གནས། འགྱིད་བའི་ཚུལ་གྱིས་འགྱིད་ཞིང་གཡོ་བ་དེ་ལྟར་རྣམ་པར་བསམ་མོ། །དེ་ནས་གོང་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་དེས་བྱིན་གྱིས་བརླབས་ཏེ་ཁ་ལྟ ་བུའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཞེས་པས། རང་གི་ཐུགས་ཀ་ནས་གཤིན་རྗེ་གཤེད་གོང་དུ་བསྟན་པའི་གཟུགས་ཅན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། །སྐུ་ལ་འོད་ཟེར་རབ་ཏུ་འབར་བ། ཉི་མ་བྱེ་བ་ལྟ་བུ་དང་ལྡན་པ། བགེགས་མ་ལུས་པ་འཇིགས་པར་བྱེད་པ། ་འཇིག་རྟེན་གསུམ་པོ་བསྡིགས་པར་བྱེད་པའི་ཁྲོ་བོ་ཅིག་སྤྲོས་ལ། དེ་ལ་བཀའ་བསྒོ་བ་བྱ་བས་གནོད་སྦྱིན་མོ་བཀུག་ནས། བདག་གི་སྐུ་ལ་ཞུགས་ནས་སླར་ཕྱིར་སྤྲོས་ཏེ། གནོད་སྦྱིན་མོའི་མགོ་བདག་གི་ཞབས་ཀྱིས་མནན་ནས ་གནས་པར་བསྒོམ་མ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་དང། མཚམས་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས། །གོང་བཞིན་དུ་གདན་དང་མཆོད་ཡོན་དབུལ་བ་དང། མཐེབ་མཛུབ་གཉིས་སྐུམ་པ་ལྟར་བྱས་ལ། སེར་མོ ་གཞན་རྣམས་ཕྱིར་བསྐྱེད་དེ། ཞབས་བསིལ་གྱི་སྔགས་ཀྱི་ཞབས་བསིལ་ཕུལ་ལ། དམ་ཚིག་མའི་ཕྱག་རྒྱ་བསྟན་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་གོང་དུ་བསྟན་ཏོ། །འདིར་དམ་ཚིག་མ་ནི་ལག་པ་གཉིས་ཀྱི་སོར ་མོ་རྣམས་ཕན་ཚུན་བསྣོལ་ཏེ་སྲིན་ལག་གཉིས་ཕྱིར་བཀྱེད་ལ་ཚིགས་གསུམ་པ་བཀུག་སྟེ་བྱ་བ་ནི། འདི་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་བྷ་ག་ཝ་ཏི་དྲི་ཤྱ་ཧོ། །དེ་བཞིན་དུ་ལྷ་མོ་རང་རང་གི་རྟོག་པ་ནས་བྱུང་བ ་བཞིན་དུ་བཤད་པའི་སྔགས་བཟུང་བར་བྱའོ། །དེ་ནས་ཨོཾ་བཛྲ་རཏན་ཨ་བྷི་ཥིཉྩ་ཞེས་པས་དབང་བསྐུར་བར་བྱ། དེ་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ། །དེ་ནས་མཆོད་ཡོན་ལྔས་མཆོད་དོ། །ོཾ་གྱིས་ཡི་གེ་ལས་བྱུང་བའི་མེ་ཏོག་དང། དྲི་དང། མར་མེ ་དང། པི་ཝང་དང། གླིང་བུ་དང། དུང་དང། རྡ་རིངས་དང། རག་དུང་ལ་སོགས་པའི་སྒྲའི་བྱེ་བྲག་དང། གླུ་དང་གང་དང། སྒེག་མོ་དང། བཞད་མ་དང། རླུང་གཡབ་དང། རྒྱན་མཚན་དང། བ་དན་དང། གདུགས་དང། རྔ་དང། ་གོས་དང། དཔུང་རྒྱན་དང། དོ་ཤལ་དང། རྐང་གདུབ་དང། བླ་བྲེ་དང། དྲ་བ་དྲ་ཕྱེད་དང། གཡོར་གའི་དྲ་བ་དང། གཞལ་ཡས་ཁང་དང། ཇི་ལྟ་བ་བཞིན་དུ་གནས་ལ་ཡོད་པ་དང། གཞན་ཡང་མཆོད་པའི་ཚོགས་མཐོང་བ་དང། ་ཐོས་པ་ལ་སོགས་པས་ནམ་མཁའ་ཁྱབ་པར་ཁེངས་པས། གནོད་སྦྱིན་མོ་ལ་མཆོད་པ་བྱ་བར་བསམ། དེ་ནས་གོང་བཞིན་དུ་དྲིལ་བུ་དཀྲོལ་ཞིང་བྱིན་རླབས་ཀྱིས་ཕྱག་རྒྱས་མཆོད་པ་བྱིན་གྱིས་བརླབས་ཏེ། གོང་བཞིན་དུ་གནོད་སྦྱིན་མོའི་རིན་པོ་ཆེའི་རི་ལ་གནས་པ། སྒྲུབ་པའི་དབང་དུ་གྱུར་པ། རང ་གི་གཟུགས་ཀྱི་སྤྲིན་གྱིས་ནམ་མཁའ་གང་བར་བྱེད་པ་དེ་ཉིད་ཐུན་གསུམ་མམ་བཞི་བསྒོམས་པས་ངེས་པར་འགྲུབ་པོ། །གང་ཞིག་བསྒོམས་པས་འགྲུབ་པར་མི་ནུས་པ་དེས་རྟོག་པ་ལས་བཤད་པའི་སྔགས་བཞིན་དུ་བཟླས་པར་བྱའོ། །དེ་ལས་བཟླས་པར་བྱ་བའི་སྔགས་ནི། ཨོཾ་བྷ་ག ་ཝ་ཏེ་སྭཱཧཱ། ཞེས་སོ། །གནོད་སྦྱིན་བསྐྱེད་པ་དང་མཆོད་པ་ཐམས་ཅད་ཀྱི་ཆོ་ག་བྱས་ལ། གནོད་སྦྱིན་མོའི་སྔགས་རང་གི་སྙིང་ལས་བསྐྱེད། རང་གི་སྔགས་གནོད་སྦྱིན་མོའི་སྙིང་ལ་བསྐྱེད་ལ་ཐུན་གསུམ་མམ་བཞིའི་རིམ་པས་བཟླས་པ་བྱ། དལ་ན་ཡང་དག་པར་མཆོད་དེ། ཡི་གེ ་བརྒྱ་པ་བརྗོད་ལ། ཨོཾ་མུ(རྒྱུད་འགྲེལ་ཞེས?་སར་པ་མིས་མ་གྱོན་པ་འམ་ཤིང་འོལ་བམ་གང་ཡང་རུང་བ་སྐྱེ་བོས་དབེན་པ་ཉིད་དང་མཐུན་པའི་གནས་སུ། བླ་རེ་དགྲམ་པ་དང་གདུགས་ལ་སོགས་པ་དང། མེ་ཏོག་དྲི་ཞིམ་པོ་དང་བདུག་སྤོས་དང། མར་མེ་ལ་སོགས་པས་ཉེ་བར་བརྒྱན་པ་དང། ས་གཞི་ལ་དྲིའི་བྱུག ་བ་བྱས་པའི་སྟེང་དུ་བཞག་སྟེ། གནོད་སྦྱིན་མོ་གོང་དུ་བསྟན་པའི་གཟུགས་སུ་སྤྲུལ་ནས། དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་འཕགས་པ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་སྔོན་དུ་བསམས་ཏེ། རྗེས་ལ་ཇི་ལྟར་བདེ་བས་རང་གིས་བྲི་བའི་རི་མོ་མཁན་ལ་གཤིན་རྗེ་གཤེད་ཀྱི ་རྣལ་འབྱོར་གྱི་བསྲུང་བ་བྱས་ལ་འབྲིང་གཞུག་གོ་།དེ་ལྟ་བུའི་ཐང་ཀ་ལ་སྐྱེ་བོས་དབེན་པ་འམ། ཚལ་དུ་རབ་གནས་བྱས་ལ། ཉ་ལ་དཀར་གསུམ་གྱི་གཏོར་མ་དང་མར་མེ་བཞི་ཕུལ་ནས། གོང་དུ་བསྟན་པའི་ཆོ་གས་ཐམས་ཅད་ལ་བྱིན་གྱིས་བརླབས་ནས་མཆོད་པ་ཆེན་པོ་ ་བྱས་ཏེ། དུང་ལ་སོགས་པ་མཆོད་ཡོན་གྱི་སྣོད་ལ་མེ་ཏོག་དཀར་པོ་དྲི་ཞིམ་པོའི་ཆུ་དང་བསྲེས་པས་གང་བར་བྱས་ལ་ལག་པས་སྣོད་ལ་རེག་ལ། རྒོངས་མོ་ནས་བརྩམས་ལ་སྨྱུང་གནས་བྱས་ལ་དེ་སྲིད་བར་དུ་བཟླས་པ་བྱ། ཇི་སྲིད་བར་དུ་ལྷའི་ལོངས་སྤྱོད་སྦྱིན ་བྱེད་མ། ལྷ་མོའི་གཟུགས་ལྟ་བུ་ལོངས་སྤྱོད་ཅེན་མ་འོངས་ནས་བདག་ཉིད་ཀྱི་ལག་པ་གཉིས་ཀྱི་མཐེ་བོང་གཉིས་ནས་འཛིན་ཏེ་བྱུང་ནས་མིག་མི་ལྟ་བར་བྱའོ། །གལ་ཏེ་བལྟས་ན་སྒྲུབ་པ་པོ་ཉིད་རེངས?་པ་ལ་སོགས་པར་འགྱུར་རོ། །མཚམས་བཅད་པ་ནི་དྲ་བ་དང། གུར་དག་བ ་དན་དང། ཁྱེད་བདེ་བར་སྦྱོན་ལ་སོགས་པར་བྱས་ལ། བདུད་རྩི་རྒྱུན་གྱི་ཕྱག་རྒྱས་མཆོད་ཡོན་ཕུལ་ལ་སྙིམ་པ་སྦྱར་ལ་མཐེ་བོང་གཉིས་རྩེར་གཞག་ལ་མཆོད་ཡོན་འབུལ་བའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་དེ་བ་ཏེ་ཏསྩི་ནབྱ?་མྲི་ཏ་དྷ་ར་སྭཱཧཱ། ཞེས་སྔགས་བརྗོད་ཅིང། དེ་ནས ་མཆོད་པ་བྱས་ལ། དྲི་དང། མེ་ཏོག་དང་སྤྲོས་ལ་སོགས་པས་ཡང་མཆོད་ཡོན་ཕུལ་ནས་སྙིམ་པ་ཁ་ཕྱེ་ལ་ཆུ་གཉིས་བསྣོལ་མར་བྱས་ལ། དེ་ནང་དུ་མཐེ་བོང་གཉིས་བཅུག་ལ་མཛུབ་མོ་གཉིས་ཀྱི་མཐེ་བོ་མནན་པར་བྱས་ཏེ། སྲིན་ལག་གཉིས་རྩེ་སྤྲང་ནས་གུང་མོ་གཉིས ་ཕྱིར་བཀྱེད་པར་བྱ་བ་ནི། ཞི་པའི་གཏོར་མའི་ཕྱག་རྒྱའོ། །ོཾ་ཧི་ཧི་ཏུ་རུ་ཏུ་རུ་ཨཾ?་པུ་ར་ཡ་མ་ཧཱ་པ་ཡ་ན་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨ་མྲི་ཏ་དྷ་ར་སྭཱཧཱ། ཞེས་སོ། །གང་གི་ཚེ་སྨ་ན། ཁྱོད་ཀྱི་བདག་གིས་ཅི་བགྱི་ཞེས་ཟེར་ན། དེའི་ཚེ་གོང་ཏུ་གང་འདོད་པ་དེ་ཉིད་བླང་བར་བྱའི་གཞན་ནི་མི་སྨྲའོ།། ་ཨོཾ་ཧྲི(རྒྱུད་འགྲེལ་ཨ་མ་ཉིད་དུ་བླངས་ན་བུ་ལྟ་བུར་སྐྱོང་བར་འགྱུར་རོ། །གྲུབ་ཐོབ་དང་ལྷན་ཅིག་འགྲོགས་པར་འགྱུར་རོ། །འོ་མའི་རྒྱ་མཚོ་ལ་གནས་པ་དང། ལྷན་ཅིག་འགྲོགས་བར་འགྱུར་རོ། །ཤིང་ཏོག་ཀྱང་སྟེར་བར་འགྱུར་རོ། །སྒྲུབ་པ་པོ་གང་གིས་ཟོས་པ་དེ་ཚེ་བསྐལ་པ་ཙམ་དུ་གནས་པར ་འགྱུར་རོ། །སྲིང་མོ་གྱིས་ཤིག་ཅེས་བརྗོད་ན། འདི་ན་ར་བཅུ་གཉིས་སྟེར་བར་འགྱུར་རོ། །སྒྲུབ་པ་པོ་འཁོར་བཅུ་གཅིག་དང་བཅས་པ་ལ་ཁ་ཟས་བསྒྲིམ་པ་མེད་པར་སྟེར་བར་འགྱུར་རོ། །འཚོ་བ་བར་མི་འཆད་པར་སྟེར་བར་འགྱུར་རོ། །ཕོ་ཉ་མོ་བྱས་ན་དཔག་ཚད་བརྒྱའི་ཕ་རོལ་ནས་ཀྱང་སྐྱེས་པ་འམ ་བུད་མེད་གང་འདོད་པ་དེ་དག་འདོད་པ་ཁུགས་པར་འགྱུར་རོ། །གོང་དུ་བསྟན་པའི་ཨ་མའི་དོན་ཡང་བྱེད་པར་འགྱུར་རོ། །ཡང་ན་ཁྱིམ་ཐབ་མར་གྱུར་བས་རི་རབ་ལ་སོགས་པ་ལ་ཉེ་བར་གནས་པའི་བརྟུལ་ཞུགས་ཅན་གྱི་ཚལ་གྱི་གནས་བསྟོན་པར་འགྱུར་རོ། །རིག་འཛིན་གྲུབ་པ་རྣམས ་ཀྱིས་ཚེ་བསྐལ་པའི་བར་དུ་ཐུབ་པར་བྱ་བའི་ངོ་བྲོ་བའི་ཤིང་ཐོག་རྣམས་སྟེར་ཞིང་ཞེས་པ་ལ་སོགས་པ་རྟོག་པ་ལས་ཤེས་པར་བྱའོ། །གང་ཞིག་གནོད་སྦྱིན་མོ་རྟོག་པ་ལས་བཤད་པའི་དུས་ལས་འགལ་ནས་འོང་པར་མ་གྱུར་ན། དེའི་ཚེ་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་གནོད ་སྦྱིན་མོ་དེ་དུས་ལས་མ་བབ་བར་དུ་བཅིང་བར་བྱའོ། །ོཾ་བཛྲ་སཕོ་ཊ་ཧཱུཾ་བཾ་ཞེས་པའི་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ། །གལ་ཏེ་ཅི་ཡང་མི་སྨྲ་ན། དེའི་ཚེ་རྡོ་རྗེ་བཞད་མའི་ཕྱག་རྒྱས་སྨྲ་བར་འགྱུར་རོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མོ་བཛྲ་པཱ་ཎི་སཕ་ལ་ལ་ཧ་སེ་ཧ་ས་བཛྲ་ཎི་ཀུ་རུ་ཀུ་རུ་ཀཾ་པ་ཀཾ ་པ་ར་ལ་ཙ་ལ་ཀ་ལྤ་ཀ་ལྤ་སྭཱཧཱ། ཞེས་སོ། །དངོས་གྲུབ་མ་བྱིན་པར་འགྲོ་པར་འགྱུར་ན་དེ་ཉིད་ཀྱིས་བཅིང་བར་བྱའོ། །ཕྱག་རྒྱ་ནི་ཐལ་མོ་སྦྱར་ནས་སྲིན་ལག་གཉིས་ནང་དུ་བསྣོལ་ཏེ་མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས་ཀྱིས་རྩ་བ་མནན་པར་བྱས། གུང་མོ་གཉིས་རྩེ་སྤྲད་ནས་དེའི་རྩ ་རུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་རྩེ་སྤྲད་དེ་གཞག་།མཐེ་ཆུང་གཉིས་བསྣོལ་ཏེ། ཕྱིར་བསྐྱེད་པར་བྱ་ཞེས་སོ། །འབྱུང་པོ་ཐམས་ཅད་བལ་ཆུ་ལ་བཟླས་ལ་བརྗོད་པར་བྱ་བའི་སྤྱིའི་ཕྱག་རྒྱའོ། །གནོད་སྦྱིན་མོ་དང། ཨ་པ་རཱ་ཛི་ཏ་དང། གཞན་ཡང་ཡི་དགས་མོ་ལ་སོགས་པའི ་ཆོ་ག་འདི་ནི་ཇི་ལྟར་སྦྱོར་བ་ཇི་ལྟ་བར་སྦྱར་བར་བྱའོ། །ལོངས་སྤྱོད་ཅན་མའི་རྟོག་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ར་ཏི་པྲི་ཡེ་སཱ་དྷ་ནཱ་མ། བོད་སྐད་དུ། དགའ་བས་ཚིམ་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཨོཾ་ར་ཏི་པྲི་ཡེ་སྭཱཧཱ། ཞེས་སོ་གྲོ་ག་འམ། རས་ཁྲ ་