| Wylie | e-texts based on the ACIP/ALL Input |
ལོ་ཙ་བ་ཞེ་སྡང་རྡོ་རྗེས་མང་ཡུལ་གྱི་གཙུག་ལག་ཆེན་པོར་ཞུས་ཤིང་བསྒྱུར་བའོ།། །།སྲུང་བའི་འཁོར་ལོའི་བྱིན་བརླབས་པ་དང། ཕྱིར་ཟློག་པའི་མན་ངག་ཅེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ་ཙཀྲ་རཀྵ་དྷིཥྛཱ་ན་པྲིཥྛ་ཡོ་བ་དེ་ཤ་ནཱ་མ། བོད་སྐད་དུ། བསྲུང་བའི་འཁོར་ལོའི་བྱིན་བརླབས་དང། ཕྱིར་བཟློག་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྲིད་གསུམ་རོ་མཉམ་བདེ ་ཆེན་པོ། །དཔལ་ལྡན་གཤིན་རྗེ་འཇོམས་མཛད་ལ། །བཏུད་དེ་དེ་ཡི་འཕྲིན་ལས་ནི། །བསྒྲུབ་ཕྱིར་འཕྲུལ་འཁོར་ཆོ་ག་བཤད། །བསྙེན་པ་བྱས་པའི་རྣལ་འབྱོར་པས། །ཇི་ལྟའི་སྦྱོར་བས་འཁྲུལ་འཁོར་རྣམས། །སྒྲུབ་ན་དེའི་བྱིན་གྱིས་བརླབས།། ་བླང་བྱ་དེ་ནས་ཡང་ནི་སྒྲུབ། །དབེན་པར་མཎྜལ་སོགས་བྱས་ལ། །རིམ་པ་གཉིས་ཀྱི་རྣལ་འབྱོར་མཆོག་།མཆོད་དང་གཏོར་མ་བུམ་པ་བཟླས། །སྦྱིན་སྲེག་དེ་བཞིན་ཆོས་འབྱུང་ལ། །ཕྱོགས་སྐྱོང་བཀོད་ལ་ཕྱི་རོལ་དུ། །རྣལ་འབྱོར་གཏོར་མ ་བྱིན་ལ་བསྒོ། །དེ་ནས་དད་བཅས་སློབ་མ་ནི། །ཁྲུས་བྱས་ཐལ་མོ་སྦྱར་བྱས་ལ། །བླ་མ་ལ་ནི་ཕྱོགས་པར་གཞག་།སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་དང། །སངས་རྒྱས་ལྔའི་སྡོམ་པ་སྦྱིན། །ཇི་སྐད་གསུངས་པའི་ལས་རབ་འབྱམས།། ་བསྒྲུབ་པའི་བསམ་པ་ཉེར་གཞག་སྟེ། །པཾ་ལས་བྱུང་བའི་པདྨའི་སྟེང། །ཧཱུཾ་བྱུང་དུས་དགྲ་དམར་པོ་བསམ། །སྙིང་དང་མགྲིན་པར་ཡ་བསྒོམ་པ། །ལྟེ་བར་རེ་མིག་དགུ་པའོ། །ོཾ་ཆེ་གེ་མོའི། ཞི་བ་དང། རྒྱས་པ་དང། དཔང་དུ་བྱ་བ་དང། རེངས ་ཤིང་གསང་བ་རྣམས་འདོད་པ་ལྟར་འགྲུབ་པར་གྱིས་ཤིག་སྭཱཧཱ། དབུས་སའོ། །ཧྲིཥྚཱི(རྒྱུད་འགྲེལ་གཡས། །གཡོན་དུ་འགོད་པར་བྱ་བ་ཉིད། །ལྷོ་རུ་མ་ཡཙྪ་ཡིག་གོ་།ནུབ་ཏུ་ཡི་གེ་མེ་དོ་ནི། །བྱང་གི་གསུམ་ལ་དོ་རུ་ཎ། །རྩིབས་མཚམས་འགོད་པའི་ཡི་གེ་ནི། །ན་ཡོ་ནི་ར་ལན་གསུམ་མོ། །དེ་ནས་རི་མིག་ཕྱི་མ་ལ། །ོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མ་དོ་རུ ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ་སྭཱཧཱ། འཁོར་ལོ་ཁ་སྦྱར་རབ་དམིགས་ལ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །རྒྱལ་བའི་འཕྲིན་ལས་ཐམས་ཅད་དང། །མཐུ་དང་ཡོན་ཏན་ཀུན་བསྡུས་ལ། །སྙིང་དང་འགྲིན་པའི་འཁོར ་ལོ་གཞུག་།སློབ་དཔོན་དམར་པོའི་འཁོར་ལོའང། །ཇི་ལྟར་མེ་ནི་མེ་གཅིག་ལ། །མར་མེ་གཅིག་ཆད་ཇི་བཞིན་དུ། །མ་ཉམས་འཕེལ་བ་འཕངས་པ་བཞིན། །སློབ་མའི་སྙིང་དང་འགྲིན་པར་ཀླན། །གསང་སྔགས་རྒྱལ་པོ་བཅུ་བཞི་དང། །རྩ་བའི་སྔགས ་ནི་སྔོན་འགྲོ་བའི། །ཡི་གེ་བཅུ་གཉིས་ལུང་བྱིན་ལ། །བྲིས་ཞིང་བསྒྲུབ་པ་བྱས་པ་ཡི། །འཁོར་ལོའི་རྫས་ནི་ལག་བྱིན་ལ། །བརྟན་ཕྱིར་རྡོ་རྗེ་སྤྱི་བོར་གཞག་།ཏིཥྛ་བཛྲ་ཙཀྲ་རཀྵ་ས་མ་ཡ་མུ་དྲ་ཧོ། །བརྟན་དང་གཡོ་བའི་བཅུད་ཀུན་ལས། །མི་བསྐྱོད་ཞི་དང ་དབང་བྱེད་པ། །སྔོན་སྤྱོད་དམ་པའི་འཁོར་ལོ་ནི། །རབ་འབྱམ་ལས་རྣམས་བསྒྲུབ་ཕྱིར་ཟུང། །འདི་ནི་དིང་ནས་གཟུང་བྱས་ཏེ། །མི་འབྲལ་བར་ནི་བྱ་བའོ། །དེ་ནི་རྗེས་སུ་གནང་བ་ཡི། །ལས་ནི་ཐོག་མེད་མྱུར་བ་དང། །ལྷ་མཉེས་པ་དང་རིམ་གཉིས་ཀྱིས།། ་གྲོག་གྱི་དམ་པར་འགྱུར་བའོ། །གཞན་དུ་འཁོར་ལོ་རྩོམ་པ་ནི། །མི་མཁས་འགྲུབ་པར་མི་འགྱུར་ཞིང། །སྔར་བྱས་དངོས་གྲུབ་གང་འདོད་པ། །ཕྱེ་ཕུང་ཆུ་ལ་སོགས་བཞིན་ནོ། །འཁྲུལ་འཁོར་གྱི་བྱིན་གྱིས་བརླབས་པའི་རིམ་པ། མཁས་ཞིང་གྲུབ་པ་བརྙེས ་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་འཛིན་ཆེན་པོས་མཛད་པ་རྫོགས་སོ།། །།དེ་ནས་ཡང་དག་བཤད་པ་ནི། །གསང་དང་རེངས་དང་བསྐྲད་ལ་སོགས། །བྱ་འམ་གཞན་གྱིས་བྱས་ཀྱང་རུང། །ཕྱིར་བཟློག་རིམ་བའང་གསལ། ་བར་བྱ། །འཇིགས་དང་བར་ཆོད་མཚན་མ་འམ། །རྨི་སོགས་ངན་པ་བྱུང་གྱུར་ཚེ། །བཟློག་པ་དྲུག་ཏུ་བྱ་བ་སྟེ། །རྫས་དང་སྔགས་དང་ཏིང་ངེ་འཛིན། །རླུང་དང་མཉམ་མེད་དག་དང་ནི། །སྲུང་བ་མེད་པའི་བསྲུང་བའོ། །དེ་ལ་རེ་ཞིག་རྣལ་འབྱོར ་པས། །སེང་ལྡང་དབྱུག་པ་གླ་རྩི་དང། །གི་བཾ་ཤུ་དག་གུ་གུལ་དང། །གནདྷ་ཏིལ་དང་ཡུངས་ཀར་དང། མི་མིན་གྱི་རུ་སི་ལ་དང། །ཙན་དན་དམར་སོགས་དེ་བཞིན་དུ། །ལི་ཁྲི་མཚལ་དཀར་འདུས་བྱས་ལ། །ས་བོན་སྔགས་ལས་བཅུ་གསུམ་ལྟར། །བསྐྱེད ་ལ་བཅུ་གསུམ་གནས་སུ་བཞག། ཧཱུཾ་ཀྵེ་མ་མེ་དང་ཛ་ས་དོ་རུ་ཡཙྪ་ནི་རཱ། །སྙིང་ག་མིག་དང་རྣ་བ་ལྔ། །ཁ་དང་ལྟེ་བའི་འོག་བསྒོ་གཉིས། །བརླ་གཉིས་ཕྲག་བ་གཉིས་དང་ནི། །དེ་བཞིན་སྤྱི་བོའི་གཙུག་ལ་རེག། ཇི་ལྟར་ཞེ་སྡང་གཤེད་སོགས་སྒོམ།། ་རྫས་རྣམས་བསྡུས་ཏེ་ལུས་ལ་བཅང། །ཚངས་དང་ཁྱབ་འཇུག་དྲང་སྲོང་སོགས། །ལོག་པར་བྱེད་པའི་རིག་སྔགས་ཀྱིས། །ནམ་ཡང་ཚུགས་པར་མི་འགྱུར་རོ། །ཕྱིའི་བྱད་རྫས་ཀྱིས་ཕྱིར་བཟློག་པའོ། །ཤིན་ཏུ་ངན་པར་བྱེད་པ་ཡི། །རིག་འཛིན་ལ ་སོགས་མོང་གྱུར་ན། །དེ་བཟློག་པའི་ཆོ་ག་ནི། །ཚད་མེད་སེམས་སོགས་སྔོན་འགྲོ་བས། །གསང་སྔགས་གསུམ་གྱིས་དག་པར་བྱ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ་ཧཾ། ནམ་མཁའ་ཨི་དཀྱིལ་དུ་བསམ་བྱ་བ། །པཾ་རཾ་ལས་བྱུང་པད་ཉིའི་སྟེང། །སྣ ་ཚོགས་རྡོ་རྗེ་ཡོངས་གྱུར་པའི། །བསྲུང་བའི་འཁོར་ལོ་སྒོམ་བྱ་སྟེ། །རྩིབས་བཅུ་མུ་ཁྱུད་ལྟེ་བར་བཅས། །བྷྲུཾ་ལས་བྱུང་བའི་གནས་བཅུ་ལ། །ཧཱུཾ་བྱུང་རྒྱུ་དང་བསྲེ་བ་ལས། །ཇི་ལྟར་འབྱུང་བའི་ཁྲོ་བོ་བསྐྱེད། །དབུས་སུ་རང་ཉིད་གཤིན་རྗེ ་གཤེད། །མདོག་གནག་མཁྲོས་པ་མ་ཧེའི་སྟེང། །དེ་ལྟར་བསྐྱེད་ནས་ཆོ་ག་བཞིན། །རྡོ་རྗེ་གསུམ་དུ་བྱ་བ་དང། །ཞུག་དང་བཅིར་སོགས་ལེགས་བྱས་ནས། །ཊཀྐི་རཱ་ཛ་གྲངས་མེད་པས། །གནོད་བྱེད་གདུང་ཞིང་དགུག་ལ་གཞུག། རྡོ་རྗེའི་གོ་གོན་ཏིང ་འཛིན་ནི། །སྙིང་གའི་སེམས་དཔའ་ཨི་གནས་སུ་སྲུང་བྱ་ནི། །དམིགས་ལ་བཟླས་ཏེ་འཁོར་བས་སོ། །དུས་དུས་གཏོར་མ་སྦྱིན་པར་བྱ། །གཟིར་བའི་སྦྱིན་སྲེག་མཚན་ཕྱེད་ན། །ཁྲོ་བོ་བཅུ་ལ་སྦྱིན་པར་བྱ། །ཕྱིའི་བྱད་སྔགས་ཀྱིས་ཕྱིར་བཟློག་པའོ། །གལ་ཏེ་རྣལ་འབྱོར་ལཾ་པ་ལ ་རྟོག་དང་མཚན་མས་གཡངས་པའི་བྱད། །བདེ་བཟློག་པའི་རྣལ་འབྱོར་ནི། །རླུང་གི་སྦྱོར་བ་བརྩམ་བྱ་སྟེ། །ུ་པ་ཏནྟ་དྷ་རུ་ན། །ཌ་མི་བྱ་གྲ་མུ་ས་ལ། །གཡོ་དང་འཇུག་པའི་རླུང་གཟུང་སྟེ། །དབུ་མར་རྒྱུ་བ་ཡེ་ཤེས་རླུང། །ཀུན་བྱེད་རྣམ་རྟོག་འཇོམས་པའོ། །ཉོན་མོངས ་ལས་ཀྱི་རླུང་ཤུགས་དང། །ཡེ་ཤེས་ཆེན་པོར་བྱེད་བ་སྟེ། །སུ་ཡི་མཐུས་ཀྱང་མི་ཚུགས་སོ། །ནང་བྱེད་རླུང་གིས་ཕྱིར་བཟློག་པའི། །གདོན་དང་འཇིགས་དང་བྱད་དང་ནང། །བར་དུ་བཅོད་པའི་ཆོས་རྣམས་ཀུན། །ཕྱི་རོལ་གྱུར་པ་ལ་ཡིན་པས། །ཕན་ཚུན ་བསྲེ་བའི་ཏིང་འཛིན་གྱིས། །ཇི་ལྟར་དགུ་ལ་བདུད་རྩི་བཞིན། །བར་གཅོད་ཡེ་ཤེས་ཆེན་པོར་བྱ། །འཇིགས་སོགས་རྟོག་པའི་བདུད་བྱུང་ན། །འཛིན་མཁན་རྟོག་པ་རང་ཉིད་ཀྱང། །ཕ་རོལ་གདོན་དུ་བསྒྱུར་བྱས་ལ། །གདོན་ཉིད་གང་ཡིན་འདོད་བྱར་བྱ། །དེ་ལྟར ་རང་ཉིད་གནོད་བྱེད་ནི། །ལྷང་ལྟ་ཕ་རོལ་དེ་བཞིན་ནོ། །དེ་ནས་བླ་མ་དྲན་བྱས་ནས། །ཇི་སྙེད་བརྟན་གཡོ་ལྷ་དང་སྔགས། །སུ་ཡིས་སུ་ལ་གནོད་བྱེད་པ། །འཁྲུལ་བའི་མཚན་མ་རང་སར་གྲོལ། །འཛིན་པ་ཀུན་བཤིག་སྤྲོས་མེད་ཀྱི། །ཏིང་འཛིན་ཆེན་པོ་སྐྱེ་བར ་འགྱུར། །ནང་གི་བྱད་ཏིང་ངེ་འཛིན་གྱིས་ཕྱིར་བཟློག་པའོ། །མཐར་ཐུགས་ཡེ་ཤེས་བདུད་གྱུར་པ། །སྡུག་བསྔལ་འཁོར་བ་འདོར་འདོད་དང། །བླང་བྱ་མྱ་ངན་འདས་པ་སྟེ། །གཉིས་སུ་རྒྱུ་བ་ཉིད་ཡིན་ནོ། །དེ་ཉིད་ལམ་དུ་བྱ་བ་ཡང། །རྡོ་རྗེ་འཛིན་པའི ་གསུང་བཞིན་བཤད། །དམྱལ་སོགས་འཁོར་བའང་ལེགས་གཤེས་ན། །སངས་རྒྱས་ཉིད་ལས་མ་གཡོས་ཏེ། །ཕུང་པོ་ལྔ་རུ་གནས་ཕྱིར་རོ། །ཡེ་ཤེས་ལྔ་ནི་ཡིན་པའི་ཕྱིར། །ལུས་ཀྱི་དྲི་ཆེན་ལ་སོགས་ལྔ། །བདེ་གཤེགས་ལྔ་ཉིད་བདུད་རྩི་ལྔ།། ་རིག་མ་ལྔར་ནི་བཞུགས་ཕྱིར་རོ། །རྒྱལ་སྲས་བརྒྱད་དུ་གནས་ཕྱིར་རོ། །ལྷ་མོ་དྲུག་ཏུ་གནས་ཕྱིར་རོ། །འཇིགས་བྱེད་བཅུ་ནི་ཡིན་ཕྱིར་རོ། །དེ་ལྟར་ཐམས་ཅད་སངས་རྒྱས་ཀྱི། །དཀྱིལ་འཁོར་འབའ་ཞིག་རང་བཞིན་ལ། །ནད་འཇོམས་སྨན་ལ་དུག ་བཞིན་དུ། །འགའ་ཞིག་འདི་ལ་དོང་བྱར་འཛིན། །གལ་ཏེ་འཁོར་བ་ཉིད་ཡིན་ཡང། །འཁོར་བ་ཐོག་མ་དབུས་མཛའ་མེད། །སྐྱེ་དང་འགག་པ་ཀུན་ཀྱང་སྤང། །སྐད་ཅིག་རྡུལ་གྱི་ཆ་སྤངས་ལ། །ཡོད་མིན་མེད་མིན་ཡོད་པའང་མིན། །སྒྱུ་མའི་གླང་པོ་ཇི ་བཞིན་དུ། །སྐྱེ་ལ་སྐྱེ་བ་ཡོད་མིན་པས། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ཡི། །བུད་མེད་འདོར་བདག་དང་མཚུངས། །དེ་ལྟར་བསྒོམས་པས་འཁོར་བ་ལ། །འདོར་འདོད་མ་སྤངས་པར་ཡང་གྲོལ། །གལ་ཏེ་རང་ཉིད་བདེ་བ་ཡི། །ཟག་མེད་དབྱིངས་ལ ་སེམས་དགའ་ན། །གཉིས་མེད་སྙིང་རྗེ་ལྷན་ཅིག་སྐྱེས། །ཟུང་དུ་འཇུག་པ་བསྒོམ་པར་བྱ། །དོན་གཉིས་འབྱོར་པའི་སངས་རྒྱས་ནི། །བདག་དོན་ཁོ་ན་མ་ཡིན་ཏེ། །འབངས་རྣམས་བདེ་ལ་མི་འགོད་པར། །རྒྱལ་སྲིད་རང་བདེའི་ཕྱིར་བཟུང་ན། །གཞན་ཕུང ་མཇུག་ཏུ་བདག་ཀྱང་ཕུང། །བདག་ནི་ཏིལ་ཙམ་མེད་པའི་ཕྱིར། །བདག་གི་དོན་གྱིས་ཅི་ཞིག་བྱ། །བདག་མེད་ཡེ་ཤེས་ལྷན་སྐྱེས་ཀྱིས། བདག་སེ་མེད་མ་ལུས་རབ་བཅང་ནས། །གཞན་དོན་ཁོ་ནའི་བློ་ཡིས་ནི། །མི་གནས་ལྷན་ཅིག་སྐྱེས་དགའ་ཨི་མཆོག། ་བརྗོད་མིན་ཅིར་ཡང་སྣང་བ་ཉིད། །རང་བཞིན་སྤྲོས་དང་བྲལ་བ་ནི། །ཤེལ་ལ་ཚོན་གྱི་ཁ་དོག་ལྟར། །སྣ་ཚོགས་སྟོང་པའི་གཟུགས་ཉིད་ནི། །བདེ་སྟོང་གསལ་ཞིང་མི་རྟོག་པ། །བརྟན་གཡོས་སངས་རྒྱས་དཀྱིལ་འཁོར་ཉིད། །ཡོངས་སུ་ཁྱབ ་པའི་རང་བཞིན་ནི། །སྤྲོས་མེད་བྱང་ཆུབ་སེམས་སུ་གནས། །གང་དུ་བཙལ་ཡང་མི་རྙེད་དེ། །བཅོམ་ལྡན་གཤིན་རྗེ་གཤེད་དམར་པོ། །ལྷན་ཅིག་སྐྱེ་དགའ་ཟུང་འཇུག་ནི། །གདོད་ནས་གནས་པ་ཡིན་ཕྱིར་རོ། །དེ་ལྟར་ཤེས་པས་འཁོར་འདས་ལ། ་བླང་དོར་ནམ་མཁའ་ཨི་སྤྲིན་བཞིན་དུ། རང་བཞིན་གྱིས་ནི་ཞི་བར་འགྱུར། །མཐར་ཐུག་ཡེ་ཤེས་ཀྱི་བྱད་རྣལ་འབྱོར་གཉིས་ཀྱིས་ཕྱིར་བཟློག་པའོ།། །།དེ་ལྟར་བླ་མའི་དྲིན་ལས་ཐོབ་པར་གང་གྱུར་པ། །གཤིན་རྗེ་གཤེད་དཔལ་གསང་བའི ་མན་ངག་གསང་བ་འདི། །དྲི་མེད་ཇི་བཞིན་གསལ་བར་བྱས་ལ་ནོངས་པ་ཀུན། །ཆོས་དབྱིངས་ཡིན་ཕྱིར་ཡེ་ཤེས་ཆེ་རྣམས་བཟོད་མཛད་རིགས། །གཉུག་མར་གནས་པ་བདེ་ཆེན་སྙིང་རྗེས་བརླབ་གྱུར་པ། །བདུད་བཞི་འཇོམས་མཛད་དཔལ་ལྡན་དུས་བཀྲར་མང ་པོ་ཉིད། །འདི་བྱས་དགེ་བའི་མཐུ་ཡིས་སྲིད་གསུམ་འགྲོ་བ་མ་ལུས་པས། །ཆུ་ལ་ཆུ་ལྟར་རང་གི་ཡེ་ཤེས་ཆེན་པོ་རིག་ཅིག་རྟོགས་གྱུར་ཅིག་།ཕྱིར་ཟློག་པའི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི ་ཞལ་གྱི་གདམས་པ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དངོས་གྲུབ་མཆོག་བརྙས་པའི་དཔལ་འཛིན་གྱི་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ནུ་པ་མ་རཀྵི་ཏ་དང། ལོ་ཙ་བ་དང་མ་ཡོན་ཏན་གྱིས་བསྒྱུར་ཅིང ་གཏན་ལ་ཕབ་པའོ། །དུས་ཕྱིས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུངས་སུ། །རྒྱ་གར་ཤར་ཕྱོགས་ཀྱི་མཁའ་པ་ཆེན་པོ་དང་ཕན་ཨཱ་ཙརྱ་དང། །ལོ་ཙ་བ་བློ་བོ་ཤེས་རབ་རིན་ཆེན་གྱིས་བསྒྱུར་ཅིང་ཞུས་སོ། །འདིའི་དཔེ་སྐབས་སུ་རྒྱ་གར་བལ་བོ་ཐམས ་ཅད་དུ་རྒྱུན་ཆད་པ་ལས་ཕྱིས་དབུ་རྒྱན་དུ་མཁའ་འགྲོ་མ་བརྒྱ་མཚོའི་གོས་ཅན་ལས། རྣལ་འབྱོར་སེན་ཏེ་ཝ་ལེན་ཏས་ཞུས་ཏེ་བྱུང་ངོ།། །།(ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བསྒྲུབ་ཐབས་བཞུགས།།)་།། ་