CLOSE WINDOW

N1694: me'i lha mchod pa zhes bya ba
Wyliee-texts based on the ACIP/ALL Input

གློ་བོ་ལོ་ཙ་བ་དགེ་སློང་པྲཛྙཱ་རཏཎས་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨགནེ་དེ་བ་པཱུ་ཛཱ་ནཱ་མ། བོད་སྐད་དུ། མེའི་ལྷ་མཆོད་པ་ཞེས་བྱ་བ། །མ་ལུས་གདུག་པའི་སེམས་ལྡན་པ། །བླ་མ་ལ་ནི་སྡང ་བ་སོགས། །གཞོམ་ཕྱིར་དྲག་བྱེད་ཆོ་ག་ནི། །གཤིན་རྗེ་འཇོམས་མཛད་མཆོད་ཕྱིར་བཤད། །འབུམ་ནི་ཡོངས་སུ་རྫོགས་པ་ནས། །དགེ་བའི་མཚན་མ་མཐོང་འགྱུར་ཞིང། །ལྷ་དང་བླ་མས་མཐོང་འགྱུར་ན། །འགྲུབ་འགྱུར་གཞན་དུ་ཉམས་པར་འགྱུར།། ་དུས་དང་ཐབས་དང་རྫས་དང་ནི། །ཆོ་གས་བསྒྲུབ་པར་བྱ་བ་སྟེ། །རྣམ་དག་བཞིར་ནི་ཤེས་པར་བྱ། །སྒྲུབ་པོ་སྙེན་པ་མཐར་སོན་དུས། །དྲག་པོའི་སྟོབས་དང་མིག་དམར་སོགས། །དྲག་པོའི་གཟའ་སྐར་རྒྱུ་བའི་དུས། །མར་ངོའི་ཟླ་བའི་བཅུ་བཞི་སོགས། །དྲག་བྱེད ་འབྱུང་པོ་རྒྱུ་བའི་དུས། །རྒྱུ་ནི་རླུང་ནི་རྒྱུ་བའི་དུས། །དགུན་སྨད་མཚན་ཕྱེད་དབྱར་གྱི་སྨད། །སྣ་བུག་གཡོན་ནས་རླུང་རྒྱུའི་དུས། །གཡུལ་འགྱེད་ལ་སོགས་སྐྱེ་བོ་རྣམས། །རབ་ཏུ་འཁྲུགས་པའི་སེམས་ལྡན་དུས། །འདི་ནི་དྲག་པོ་མེ་ཡི་ལྷ། །མཆོད ་པའི་རྣམ་དག་དུས་སུ་བཤད། །དེ་ནས་གནས་ཀྱི་མཚན་ཉིད་ནི། །བྱང་དུ་གནས་དང་མདོག་ནག་དང། །རྩུབ་ཅིང་ཚེར་མ་སྐྱེ་བ་དང། །དྲག་པོའི་ལྷ་ཚོགས་གནས་པའི་ཕྱོགས། །དེ་ནི་དྲན་བྱེད་མེའི་གནས། །ཐབ་སོགས་ཆོ་ག་བཤད་པར་བྱ། །ཐབ ་ཁུང་གྲུ་གསུམ་སོར་ཉི་ཤུ། །ཟབས་སུ་སོར་བཅུ་ལྡན་པ་སྟེ། །རྡོ་རྗེ་དང་ནི་རྩེ་གསུམ་བྲི། །ཟླ་བ་རྡོ་རྗེ་མཚན་སྣ་ཚོགས། །རྫས་ཀྱི་རིམ་པ་བཤད་བྱ་བ། །རྔ་མོའི་རྟུག་པ་རྡོ་ཐལ་དང། །མེ་ཏོག་ནག་པོ་ཚེར་མའི་ཤིང། །སོར་བརྒྱད་ཁྲག་སྤགས ་ཚ་བ་གསུམ། །དུག་ཁྲག་སྐྱེ་ཚེ་ལན་ཚ་དང། །དགྲའི་དྲི་མ་ལ་སོགས་དང། །མར་ཏིལ་འབྲས་སོ་ནས་སྲན་གྲོ། །དུར་བ་ཀུ་ཤ་ཐོད་པར་བསྲེ། །མདོག་ནག་གཟུགས་དང་རུས་སྦལ་གཟུགས། །ཞེ་སྡང་སོ་འཆང་ཁྲོ་གཉེར་ལྡན། །གདོང ་ནག་མིག་ནི་དགྲད་པའོ། །དགྲ་པོ་དགུ་དང་བྲལ་ཞིང་དབྱེ། །ཧཱུཾ་ལྡན་ཀུ་ཤས་གསང་གཏོར་བྲིམ། །ོཾ་བཛྲ་སཏྭ་ཨ། །ཀུ་ཤ་བཀྲམ་ལ་མེ་ནི་སྤར། །ཤན་པ་འམ་རོ་བསྲེགས་མེ་ཡིས་སོ། །ོཾ་ཨགནེ་ཛཝཱ་ལ་ཛཝཱ་ལ་རཾ། མེ་དབུས་རཾ་ལས་བྱུང་བ་ཡི།། ་ར་ནག་ཞོན་པ་ཁྲོས་པའི་གཟུགས། །བགྲང་ཕྲེང་རིལ་པ་དབྱུག་པ་ཅན། །དྲང་སྲོང་ནག་པོས་བསྐོར་ཅིང་གནག་།དེ་ནས་དགུག་ཅིང་སྤྱན་དྲངས་ཏེ། །ོཾ་ཨཱ(རྒྱུད་འགྲེལ་བཛྲ་ཎརི་ཏི་ཁཾ་ཕཊ། ཨོཾ་བཛྲ་ཨརྒྷཾ་ཕཊ། ཨོཾ་བཛྲ་པུཥཔེ་ཕཊ། ཨོཾ་བཛྲ་དྷུ་པེ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་ཕཊ་ཨོཾ་བཛྲ་ནཻ་བི་དྱ་ཕཊ། ཨོཾ་བཛྲ་ཤཔཏ་ཕཊ། མཆོད་པའོ། །ཛི་ཨ། ཀུ་རུ་ཀུ་རུ། པུཥཔ་དྷུ་པ། དཱི་པ། གནདྷ། ནཻ་བི་དྱ། ཤཔཏ། ཨོཾ་དང་སྭཱཧཱས ་ཐོག་མཐར་བརྒྱན། །སྦྱང་བའོ། །ཆུ་གཉིས་ཡ་ར་དེ་བཞིན་དུ། །མེ་ལྷའི་ཁ་ལ་རབ་བཀོད་ལ། །པུས་མོའི་བར་བཅུག་ལག་པ་ཡིས། །གསུམ་མམ་བདུན་དུ་གཡས་ནས་དབུལ། ཨག་ནེ། སརྦ་བ་བཾ་ད་ཧ་ན། བཛྲཱ་ཡ། བཛྲ་བུ་ཤ་ཡ། སརྦ་པཱ་བཾ ་བྷ་ཝ་ཏ། ཨ་པྲ་ཏེ་ཧེ་ཏ་ཡ། ཧ་བི་ཀ་ཡ། མ་ཧཱ་བ་ལ། བཛྲ་གྷསྨ་རི། བོ་དྷི་བྷིཀྵ་ཡ། ཨོཾ་དང་སྭཱཧཱས་ཐོག་མཐར་བརྒྱན། ཨོཾ་ཨགནེ་དེ་བ་རི་ཥི་མཧཱ་ཏེ་ཛ་གནོད་བྱེད་མཱ་ར་ཡ་ཕཊ། དེ་ནས་སྙིང་གར་ལྷའི་གཟུགས་ཇི་བཞིན་བསྐྱེད་ལ་དེ་བཞིན ་མཆོད། །ོཾ་ཡ་མནྟ་ཀཱ་མུ་ཀ་ཏ་མུ་ཀ་ཏ་མཱ་ར་ཡ་ཕཊ། ཨོཾ་ཧྲཱི(རྒྱུད་འགྲེལ་མུངྒ་ར་དྷྲི་ཀ། དཎྜ་དྷྲིཀ། པདྨ་དྷྲིཀ། ཁཌག་དྷྲིཀ། ཨ་མུ་ཀ་མ་ར་ཡ་ཕཊ། ཅེས་པ་ནི་ཁྱད་པར་རོ། །དེ་ནས་མཆོད་ཅིང་བསྟོད་དེ་བསྡུ། །སླར་ཡང་ལྷག་མས་དྲང་སྲོང་མཆོད། །ཚངས་མགོན་མཆོག་གི་སྲས་པོ་གཟི་དང་ལྡན། མེ་ཡི་ལས་སྟེང་འཇིག་རྟེན ་མེ་ཡི་ལྷ། །འབར་བའི་ནང་ན་སྐུ་བརྗིད་རྒྱན་གྱིས་ཀླུབས། །ཕྱག་འཚལ་འདོད་དོན་བྱིན་པ་ཁྱེར་བརྩོན་མཛོད། །བཟོད་པར་གསོལ་ནས་གཤེགས་པར་བྱ། །དངོས་གྲུབ་ཞུ་ཞིང་ལྷག་ཆད་བསྐང། །གསང་དང་རེངས་པ་ལ་སོགས་པ། །ཇི་ལྟར་ཡི་སྦྱོར་བས ་འགྲུབ། །དེ་ལྟར་གཤིན་རྗེ་གཤེད་དཔལ་མཆོད་པ་ཡིས། །སྲིད་གསུམ་ཉོན་མོངས་བུད་ཤིང་ཀུན་བསྲེགས་ནས། །འགྲོ་བའི་མུན་སེལ་ཡེ་ཤེས་ལྔ་འོད་འབར། །རྡོ་རྗེ་མེ་ཡི་གོ་འཕངས་ལ་གནས་ཤོག་།དཔལ་གཤིན་རྗེ་གཤེད་དམར་པོའི ་དྲག་བྱེད་མེའི་ཆོ་ག་ཞེས་བྱ་བ་དངོས་གྲུབ་བརྙེས་པ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷར་པཎ་ཨ་ཙརྱ་དང། དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་མང་ཡུལ་དུ་བསྒྱུར ་ཅིང་ཞུས་པའོ།། །།རྒྱ་གར་སྐད་དུ། ཨ་མྲི་ཏཱ་དྷིཥྚ་ན་ནཱ་མ། བོད་སྐད་དུ། བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ། །འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་རྣལ་འབྱོར་གཉིས་བརྟེན་ནས། །གཤིན་རྗེ་གཤེད ་