CLOSE WINDOW

N1693: byin gyis rlabs pa'i rim pa
Wyliee-texts based on the ACIP/ALL Input

མ་གཉིས་ནི་སྤྲད་བྱས་ལ། །སྙིང་དབུས་ཧཱུཾ་ལས་སྒོ་རྣམས་བཀག་།སེམས་རྟེན་ཧཱུཾ་ནི་ཡར་འཕངས་ཏེ། །བླ་མའི་ཧཱུཾ་ནི་སྙིང་ཁར་བསྡུ། །འདོད་ཆེ་འོག་ཏུ་མི་དགུག་གོ་།ཡང་ན་སྒོ་གཞན་བཀག་རྗེས་ལ། །རྩ་གཉིས་ཐབས་ཤེས་ཡི ་གེས་དགག་།སྙིང་དབུས་དབུ་མར་ཟླ་ཁཾ་ཧཱུཾ། །དེ་སྟེངས་ཧཱུཾ་ནི་སྐར་མདའ་ལྟར། །འཇུག་པའི་རླུང་དང་སྦྱར་བར་བྱ། །ཡང་ན་འོད་ཀྱིས་འཕོ་བ་སྟེ། །གཞུ་དབྱིབས་འཁྲུལ་འཁོར་བྱ་རྗེས་སུ། །ལྟེ་བར་རླུང་བཅས་ཟླ་བར་ཧཱུཾ། །སྙིང་དབུས་གོང་བུས་བུ་ག ་དགག་།སྟོབས་ཀྱི་ཡི་གེས་སེམས་དྲངས་ནས། །ལྷ་ཡི་ཐུགས་ཀར་འཕངས་ཏེ་བསྲེ། །གནས་གཞན་གང་དུ་སྐྱེ་འདོད་པར། །ཡི་གེ་གསུམ་གྱིས་དྲངས་ཏ་འཕངས། །ཡང་ན་སྤྲོས་མེད་རྣལ་འབྱོར་པ། །སྣ་ཚོགས་སྟོང་པའི་གཟུགས་ཉིད་ལས། །འོད ་གསལ་དང་དུ་འཕོ་བ་སྟེ། །ཕྱག་རྒྱ་ཆེན་པོ་ཉིད་འགྱུར་རོ། །རང་གི་སེམས་གོང་དུ་འཕོ་བའི་མན་ངག་སློབ་དཔོན་དཔལ་འཛིན་གྱི་གདམས་པ་དེ་ཉིད་ཀྱི་མཛད་པའོ། །པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་དང། །བོད་ཀྱི་ལོ་ཙ་བ་འགོས་ཁུ་བས་བསྒྱུར་བ་ལས ་ཕྱིས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་དྷར་བཎ་ཨཱ་ཙརྱ་དང། ལོ་ཙ་བ་ཤེས་རབ་རིན་ཆེན་གྱིས་གྱི་གྲོང་དུ་བསྒྱུར་ཅིང་ཞུས་པའོ།། །།བྱིན་གྱིས་རླབས་པའི་རིམ་པ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །མཁས་པས ་རི་དང་དུར་ཁྲོད་དུ། །རིམ་པ་གཉིས་དང་བཟླས་པ་དང། །མདུན་བསྐྱེད་མཆོད་དང་གཏོར་མ་སོགས། །ཕུལ་ལ་བླ་མ་ལས་ལུང་ནོད། །རང་ཉིད་དཔལ་ལྡན་དམར་པོའི་སྐུ། །གོང་བུ་ཉིད་དུ་གསལ་བ་ཡི། །ནྱ་གྲོ་དྷའི་སྡོང་པོ་ནི། །བརྒྱ་བྱིན་གནས་སུ་སླེབ ་པའི་རྩེར། །བླ་མ་ལྷར་ལྟ་དབུ་མ་ཡི། །སྒོ་ནི་རབ་ཏུ་དབྱེ་བར་བྱ། །སྙིང་ག་ནས་ཧཱུཾ་ནི་སྐར་མདའ་བཞིན། །སྟེང་གི་སྒོ་ནས་རབ་འཕངས་ཏེ། །རྡོ་རྗེ་གསུམ་དང་དབྱེར་མེད་དེ། །བསྲེ་བ་གསུམ་ནི་དྲན་བྱས་ནས། །སྤྲོས་མེད་ཉིད་ལ་སེམས་གཞག་བྱ། །ཡེ་ཤེས ་ཆེན་པོས་བྱིན་རློབ་འགྱུར། །འཕོ་བའི་བྱིན་གྱིས་བརླབ་པའི་རིམ་པ་བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་དཔལ་འཛིན་ཆེན་པོས་མཛད་པ་རྫོགས་སོ།། །།བླ་མ་ཤར་ཕྱོགས་པ་ཆེན་པོ་དྷར་པཎ་ཨཱ་ཙཨཱརྱ་དང། ་གློ་བོ་ལོ་ཙ་བ་དགེ་སློང་པྲཛྙཱ་རཏཎས་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨགནེ་དེ་བ་པཱུ་ཛཱ་ནཱ་མ། བོད་སྐད་དུ། མེའི་ལྷ་མཆོད་པ་ཞེས་བྱ་བ། །མ་ལུས་གདུག་པའི་སེམས་ལྡན་པ། །བླ་མ་ལ་ནི་སྡང ་བ་སོགས། །གཞོམ་ཕྱིར་དྲག་བྱེད་ཆོ་ག་ནི། །གཤིན་རྗེ་འཇོམས་མཛད་མཆོད་ཕྱིར་བཤད། །འབུམ་ནི་ཡོངས་སུ་རྫོགས་པ་ནས། །དགེ་བའི་མཚན་མ་མཐོང་འགྱུར་ཞིང། །ལྷ་དང་བླ་མས་མཐོང་འགྱུར་ན། །འགྲུབ་འགྱུར་གཞན་དུ་ཉམས་པར་འགྱུར།། ་དུས་དང་ཐབས་དང་རྫས་དང་ནི། །ཆོ་གས་བསྒྲུབ་པར་བྱ་བ་སྟེ། །རྣམ་དག་བཞིར་ནི་ཤེས་པར་བྱ། །སྒྲུབ་པོ་སྙེན་པ་མཐར་སོན་དུས། །དྲག་པོའི་སྟོབས་དང་མིག་དམར་སོགས། །དྲག་པོའི་གཟའ་སྐར་རྒྱུ་བའི་དུས། །མར་ངོའི་ཟླ་བའི་བཅུ་བཞི་སོགས། །དྲག་བྱེད ་འབྱུང་པོ་རྒྱུ་བའི་དུས། །རྒྱུ་ནི་རླུང་ནི་རྒྱུ་བའི་དུས། །དགུན་སྨད་མཚན་ཕྱེད་དབྱར་གྱི་སྨད། །སྣ་བུག་གཡོན་ནས་རླུང་རྒྱུའི་དུས། །གཡུལ་འགྱེད་ལ་སོགས་སྐྱེ་བོ་རྣམས། །རབ་ཏུ་འཁྲུགས་པའི་སེམས་ལྡན་དུས། །འདི་ནི་དྲག་པོ་མེ་ཡི་ལྷ། །མཆོད ་པའི་རྣམ་དག་དུས་སུ་བཤད། །དེ་ནས་གནས་ཀྱི་མཚན་ཉིད་ནི། །བྱང་དུ་གནས་དང་མདོག་ནག་དང། །རྩུབ་ཅིང་ཚེར་མ་སྐྱེ་བ་དང། །དྲག་པོའི་ལྷ་ཚོགས་གནས་པའི་ཕྱོགས། །དེ་ནི་དྲན་བྱེད་མེའི་གནས། །ཐབ་སོགས་ཆོ་ག་བཤད་པར་བྱ། །ཐབ ་ཁུང་གྲུ་གསུམ་སོར་ཉི་ཤུ། །ཟབས་སུ་སོར་བཅུ་ལྡན་པ་སྟེ། །རྡོ་རྗེ་དང་ནི་རྩེ་གསུམ་བྲི། །ཟླ་བ་རྡོ་རྗེ་མཚན་སྣ་ཚོགས། །རྫས་ཀྱི་རིམ་པ་བཤད་བྱ་བ། །རྔ་མོའི་རྟུག་པ་རྡོ་ཐལ་དང། །མེ་ཏོག་ནག་པོ་ཚེར་མའི་ཤིང། །སོར་བརྒྱད་ཁྲག་སྤགས ་