| Wylie | e-texts based on the ACIP/ALL Input |
མཉན། །རྗེས་གནང་མ་ཐོབ་པར་དཔེ་འང་མ་སྟོན་ཨ་ཞེས་བླ་མ་རྒྱ་གར་ཤར་ཕྱོགས་པ་གསུང། སྐུ་གསུང་ཐུགས་ཀྱི་རྒྱ།། །།རྒྱ་གར་སྐད་དུ། དེ་ཝི་དྷ་ར་པྲ་བྷཱ་དྷིཥཐཱ་ན། བོད་སྐད་དུ། ལྷ་མོ ་འོད་འཛིན་མའི་བྱིན་གྱིས་བརླབ་པ། བཅོམ་ལྡན་འདས་གཏི་མུག་དགའ་མ་ལ་ཕྱག་འཚལ་ལོ། །མ་ལུས་སྲིད་པའི་གཏི་མུག་རྣམས། །མཐར་བྱེད་མ་ལ་རབ་བཏུད་ནས། །སྤྲོས་མེད་བདུད་རྩི་ཟ་བ་ཡི། །ཏིང་ངེ་འཛིན་གྱིས་བྱིན་རླབས་བཤད།། ་མཎྜལ་ལ་སོགས་སྟ་གོན་བྱ། །བདག་བསྐྱེད་བཟླས་པ་མཆོད་གཏོར་དང་འཁོར་ལོ་ཚོགས་ཀྱིས་མཉེས་བྱས་ལ། །ཡོན་བཅས་དད་པའི་སློབ་མ་ལ། སྡོམ་པ་བྱིན་ལ་དམ་ལ་བཞག་།དེ་ནས་འདུན་པ་དྲག་པོ་ཡིས། །བླ་མ་ལ་ནི་གསོལ་བ་གདབ། །པདྨའི ་དབུས་གནས་ཟླ་བ་ལ། །ོཾ་སྐྱེས་ལྷ་མོ་མཉམ་བཞེངས་དཀར། ཆུ་ཤེལ་གྲི་གུག་པདྨའི་སྣོད། །ཐུགས་ཀར་འཛིན་པ་རྒྱན་གྱིས་བརྒྱན། འོད་དཀར་འཕྲོ་འདུ་ཤེལ་ལྟ་བུ། །དེ་ལྟར་གཉིས་ཀ་གསལ་བྱས་ནས། །བླ་མའི་སྙིང་གར་ཇི་བཞིན་གྱི། ལྷ ་མོ་འཐོན་ཏེ་སྙིང་གར་གཞུག་།དེ་ཡི་བྲང་དཀྱིལ་ཨོཾ་སྐྱེས་པ། གྲི་གུག་ཨས་མཚན་ཐོད་ནང་དུ། ཕྱེད་ནུབ་ཙམ་དུ་བསམ་པར་བྱ། །དེ་ཡི་འོད་ཀྱིས་ཁམས་གསུམ་གྱི། གཉིས་འཛིན་འཁྲི་བ་ཀུན་བཅད་དེ། །བདག་མེད་ཤེས་རབ་དམ་པ་ཡིས།། ་སངས་རྒྱས་མཆོད་དེ་དེ་རྣམས་ཀྱིས། །སྟོང་ཉིད་ཡེ་ཤེས་བཀུག་ལ་བསྟིམ། །ཐོད་པའི་འོད་ཀྱིས་སྲིད་གསུམ་གྱིས། །འཛིན་པའི་དུ(རྒྱུད་འགྲེལ་བཀུག་ལ་གཉིས་སུ་མེད་པར་བྱ། །སངས་རྒྱས་རྣམས་ཀྱི་བདེ་སྟོང་གི་།ཡེ་ཤེས་ཟུང་འཇུག་རྨད་བྱུང་གིས། བདུད་རྩིས་ལུས་གང་བརྟན་གཡོ་ཡི། །བཅུད་བསྡུས་ངོ་བོར་བསམས་བྱས་ལ། །བླ་མའི་ཏིང་འཛིན་ནུས་པས་དབབ། །ོཾ་ཧྲཱི(རྒྱུད་འགྲེལ་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨ་མོ་ཧ་ར་ཏི་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཧཱུཾ་ཛཱ་ཛཱ་ཛ་ཡ་ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨཱི། ཨོ་ཨཽ། ཨཾ་ཨ(རྒྱུད་འགྲེལ་ཁས་བླས་ནས། །ཡོན་ཕུལ་མཉེས་པས་དམ་ཚིག་བཞིན། །བླ་མ་བསྟེན་པས་བརྩོན་པར་བྱ། །བླ་མ་བློ་བ་མ་བདེ་བའི། །སློབ་མའི་དངོས་གྲུབ་འདོད་བ་ནི། །ཆུར་ཤེས་སྨིག་རྒྱུ་ཇི་བཞིན་ནོ། །ཏིང་ངེ་འཛིན་གྱི་བཅུད་ལེན་གྱི་བྱིན་བརླབས་གྲུབ་ཐོབ་ཀྱི ་བདག་པོ་མཁས་པ་ཆེན་པོ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་ཨཱ་ཀ་ར་དང། ལོ་ཙ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས། །དུས་ཕྱིས་རྒྱ་གར་ཤར་ཕྱོགས་པཎྜི་ཏ་དྷར་པཎ་ཨཱ་ཙརྱ་དང་ལོ་ཙ ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞེ་སྡང་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་སླར་དག་པར་བྱས་སོ། །སྔ་འགྱུར་ལ་འདི་ཚན་ཆེ་ཙམ་གདའ་ཨོ། གསུང་ངོ།། །།རྒྱ་གར་སྐད་དུ། པྲ་དྷ་ཝ་དྷ་ར་སྭཱ་དྷ་ནཾ། བོད་སྐད་དུ། འོད་འཛིན་སྒྲུབ་པའི ་ཐབས། བདུད་རྩིའི་མངའ་བདག་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གང་ཞིག་གང་ཞིག་ཁ་ཟས་ཉུང་བ་ཡིས། །འཚོ་བའི་ཡོ་བྱད་ཀྱིས་ཕོངས་ན། །སེམས་ཉིད་བཟའ་བར་བྱ་བའི་ཕྱིར། །ཏིང་ངེ་འཛིན་གྱི་བཅུད་ལེན ་བཤད། །གསུམ་ལ་སྐྱབས་སོང་བྱང་ཆུབ་སེམས། །གནས་བཞི་ལ་སོགས་སྔོན་སོང་བས། །སྐད་ཅིག་ཉིད་ལས་ཡུལ་རྣམས་དང། །ཡུལ་ཅན་སྟོང་པའི་ངང་ཉིད་ལས། །པཾ་ལས་འཚོ་སྐྱེས་དབུས་སོན་པའི། །ཉི་མའི་དབུས་སུ་ལྷ་མོ་ནི།། ་ཆུ་ཤེལ་ལྟ་བུ་གྲི་གུག་དང། །བདུད་རྩི་བུམ་པ་གཡས་དང་གཡོན། །དར་དཀར་གོས་དང་རིན་ཆེན་རྒྱན། །ལང་ཚོ་རྒྱས་ཤིང་ཤ་རྒྱ་ས་མ། །ལི་བའི་སྐྲ་དང་བུང་བའི་དྲི། །མཛེས་ལྡན་མ་ཡི་བྲང་དབུས་སུ། །རང་དང་འདྲ་བའི་ལྷ་མོ་ནཾ། །དངས་པའི ་