| Wylie | e-texts based on the ACIP/ALL Input |
འབྱོར་ཞེས་བྱ་བ། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྤས་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་རི་ཛཱི་བཾ་ཏཏྟཝོ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོའི ་འཚོ་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག་།དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །དག་ཅིང་དྲི་མེད་བདུད་བཞི་འཇོམས། །དཔའ་བོ་གཤིན་རྗེ་གཤེད་བཏུང་དེ། །དཔལ་ལྡན་གཤིན་རྗེ་གཤེད་རྒྱུད་ལས། །སྦས་པ་བླ་མའི ་ལུང་གི་བཤད། །ཕྱི་དང་ནང་དང་གཞན་རྣམས་ཀྱིས། །དུས་དགྲའི་ཚུལ་འདི་ཤེས་བྱ་སྟེ། །ལྷོ་ཕྱོགས་ས་འོག་རིམ་པ་བདུན། །སྒོ་མེད་མུན་གར་བཅུ་དྲུག་ནས། །ཆོས་ཀྱི་རྒྱལ་པོའི་ལས་ཀྱི་འཁོར། །བྱེ་བ་འབུམ་བཅས་གཤིན་རྗེ་སྟེ། །གྲུ་པའི་དངོས? ་གྲུབ་ཕུན་སུམ་ཚོགས། །ཞལ་གཅིག་ཕྱག་གཉིས་ཉི་མའི་མདོག་ལར་གསལ། །མ་ཧེ་ལ་བཞུགས་དེ་ཡི་གེ་ཤེར་ཡིན་ཏེ། །ལྷར་བཅེས་འཇིག་རྟེན་ཀུན་གྱི་གཙུག་གིས་མཆོད། །གདུག་ཅིང་གཏུམ་པའི་སྐྱེ་བོ་གང། ལོག་པར་ལྟུང་པ་གཤིན་རྗེ ་ཡིན། །སྙིང་རྗེས་བསྟན་ལ་གཞུག་པའི་ཕྱིར། །ཚར་གཅོད་པ་ནི་གཤེད་ཡིན་ནོ། །ཀ་ལི་ཡ་སྟེ་ཨཱ་ལི་མ། །གཡས་དང་གཡོན་པ་གཤིན་རྗེ་སྟེ། །ཀུན་དར་མ་ནི་དབུས་གནས་སུ། །གང་ཞིག་གཉིས་སུ་མེད་དེ་གཤེད་གཉི་མ ་ཟླ་བའི་ལམ་གཉིས་བོར། །འགྲོ་བ་གང་ཡིན་གཤིན་རྗེ་སྟེ། དེ་ཡང་དབུས་སུ་གང་གནས་པ། །ཡེ་ཤེས་དེ་ནི་གཤེད་ཡིན་ནོ། །དམན་པའི་སྙིང་གི་དབུས་སོང་རྩ། །ཉོན་མོངས་ངོ་བོ་ཉིད་ཡིན་ནོ། །སྲིད་པའི་རྩ་བ་གཤིན་རྗེར་བཤེད། །རྣལ་འབྱོར ་པ་ལ་ཚུལ་དེ་ཉིད། །ཡང་དག་ཡེ་ཤེས་ཉིད་དུ་འགྱུར། །དེ་ནི་དེ་ཡི་གཤེད་ཡིན་ནོ། །གཟུང་བ་ཡ་སྟེ་འཛིན་རྟོག་མ། གཟུང་དང་འཛིན་པའི་ཀུན་རྟོག་ནི། །འཁོར་བའི་རྩ་བ་གཤིན་རྗེ་སྟེ། ། ནི་རྣམ་པར་སྐྱེ་བ་མེད། །དེ་ནི་གང་ཡིན་སྙིང་རྗེའོ། །སྟོང་ཉིད ་སྙིང་རྗེ་རོ་གཅིག་པ། །མི་གནས་མྱ་ངན་འདས་ཏེ་གཤེད། །གང་ཞིག་ལུས་ངག་སེམས་ཀྱི་ནི། །སྙིངས་མ་གང་ཡིན་གཤིན་རྗེ་སྟེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱིས། །དངོས་པོར་གྱུར་པ་གཤེད་ཡིན་ནོ། །མདོར་ན་སྲིད་པའི་ཀུན་རྟོག་ཚོགས། །གང ་ཡོན་གཤིན་རྗེར་གཤད་པ་སྟེ། །རྣམ་པར་དག་པའི་ཡེ་ཤེས་སྐུ། །ཀུན་མཁྱེན་པ་ནི་གཤེད་དུ་གསུངས། །ལྟེ་སྙིང་འགྲིན་པ་སྤྱི་བོར་ནི། །བདུད་བཞི་གནས་པ་གཤིན་རྗེ་སྟེ། །མཐར་བྱེད་བཞི་ནི་གཤེད་ཡིན་ནོ། །ཡ་ལ་སོགས་པའི་ཡི་གེ ་ནི། །མ་ངག་ལས་ཀྱི་གཤིན་རྗེ་ནི། །མི་བཟང་སྲིད་པའི་ལས་ཀྱིས་གཟིར། །དག་པས་དཔལ་ལྡན་དུས་ཀྱི་དགྲ། སྲིད་པའི་འཆིང་བ་ལས་གྲོལ་ཞིང། དངོས་གྲུབ་བདེ་ཆེན་མཆོག་སྟེར་ཡིན། །ཡ་མ་གཉིས་སུ་འཛིན་པ་སྟེ། །སྤོས་མེད་འོད ་?གསལ་ཨན་ཏར་བརྗོད། །ཀ་ཡིག་བླ་མས་བསྟན་པ་ཉིད། །གཤིན་རྗེ་མཐར་བྱེད་ཅེས་བྱར་གྲགས། འཚོ་བ་ཞེས་བྱ་སྲོག་ཏུ་བརྗོད། །འཚོ་བའི་དབྱེ་བ་ཞེས་བྱ་བ། །འཇིག་རྟེན་འཇིག་རྟེན་འདས་པའི་དབང་འགྱུར། །གཞན་ཡང་སྲིད་དང་ཞི་བ་ལས། །སྲོག་ནི་དེ ་གི་གསང་འདི་གང་གིས་ཤེས། །ཐམས་ཅད་གྲུབ་ཅིང་རང་དབང་འགྱུར། །གཞན་ཡང་སྲིད་དང་ཞི་བ་ལས། །སྲོག་ནི་དེ་བཞིན་གཉིས་སུ་བརྗོད། །དངས་མ་དང་ནི་སྙིགས་མར་གནས། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཐུགས་སུ་ཤེས་བྱ་སྟེ།། ་མི་ཕྱེད་བརྟན་པའི་གུས་པ་ཡིས། །ལྟོས་པ་མེད་པའི་བསྙེན་བཀུར་བྱ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །མི་འགྱུར་བ་ནི་སྲོག་གི་མཆོག་།དེ་ལས་གཞན་པའི་བསྐྱེད་པ་ཡི། །ཡིག་འབྲུ་རྣམས་དང་ཕྱག་མཚན་དང། །ཕྱག་རྒྱ་སྙིང་པོ་ལ་སོགས་པ། །རྒྱལ་པོ་སྲས ་བཅས་སྲོག་ཡིན་ཏེ། །དད་པས་ཐུགས་དམ་བསྐུལ་བར་བྱ། །སྟོང་ཉིད་སྙིང་པོའི་སྙིང་རྗེ་ཅན། །རྣལ་འབྱོར་ལམ་པ་རྣམས་ཀྱི་སྲོག་།དངོས་གྲུབ་ཆེན་པོ་འདོད་རྣམས་ཀྱི། །སྲོག་ནི་དམ་ཚིག་སྡོམ་པ་ཡིན། །རྣལ་འབྱོར་པ་རྣམས་བསྒྲུབ་བྱ་བ། །འཇིག་རྟེན་པ་དང ་འཇིག་རྟེན་འདས། །ཡོན་ཏན་འབྱུང་གནས་སྲོག་གཅིག་ཏུ། །བྱང་ཆུབ་སེམས་ནི་ཀུན་དར་བརྗོད། །བླ་མ་ལྷག་པའི་ལྷ་རྣམས་ཀྱི། །བྱིན་བརླབ་སྲོག་ནི་མི་ཕྱེད་པའི། །གུས་པས་བརྟན་པ་མེད་ན་མིན། །དེ་ལས་གཞན་པ་འཇིག་རྟེན་པའི། །འབྱུང་པོ་ཕལ ་ཆེའི་སྲོག་གི་གནད། །སྲོག་དང་འཚོང་དང་ནི་ཚེ། །འདི་རྣམས་དབྱེ་བས་ཤེས་པར་བྱ། །རྩ་བའི་སྲོག་ནི་སྔོན་བཞིན་ནོ། །ས་སྟེངས་འབྱུང་པོ་ཁ་ཅིག་གི་།དབུས་རླུང་སྲོག་ཏུ་ངེས་པ་ཡིན། །འབྱུང་པོ་རྣམས་ནི་རང་རང་གི་།བོད་པའི་སྔགས་དང་ས་བོན་དང།། ་མ་ཎི་རྣམས་ཀྱི་སྲོག་ཡིན་ནོ། །སྡེ་ཆེན་བཞི་བའི་དང་པོ་ལ། །མོས་བརྒྱན་དབྱངས་ཀྱི་གསུམ་པས་བརྒྱན། །འབྱུང་པོ་རྣམས་ཀྱི་སྲོག་ལ་གནས། །དེ་ལས་གཞན་པར་བྱུང་པོའི་སྲོག་།ཁ་ཅིག་གནས་ལ་གནས་པ་ཡོད། །ཞུགས་ཤིང་ལ་སོགས ་གནས་པ་ནི། །ཁ་ཅིག་རྫས་ལ་བརྟེན་ཏེ་གནས། །ཁ་ཅིག་རང་གི་གྲབ་མར་གནས། །ཁ་ཅིག་ཕྱི་ཡི་འབྱུང་བར་གནས། །ནོར་བུ་རི་རབ་གོས་ལ་སོགས། །ཁ་ཅིག་སྨན་དང་ཁ་ཅིག་དུག་།ཁ་ཅིག་འགྲོ་བ་གཞན་གྱི་གཟུགས། །ས་སྟེངས་འབྱུང་པོ་རྣམས་ཀྱི་ ་སྲོག་།བདག་གི་རྩ་ལ་གནས་པ་ཡིན། །དེ་ལ་སོགས་པ་དུ་མ་ཡིས། །སྲོག་གི་དབྱེ་བ་སྣ་ཚོགས་པ། །འདི་རུ་བརྗོད་པ་མི་ནུས་སོ། །མི་རྣམས་ཀྱི་ནི་སྲོག་གྱུར་པ། །མིང་དང་མིང་ཡིན་དང་པོ་དང། །རྣམ་པར་ཤེས་པ་ཚེ་གཟུགས་ཡིན། །གཟའ་དང ་རྒྱུ་སྐར་ལ་སོགས་པ། །མདོར་ན་བརྟན་གཡོ་མ་ལུས་པའི། །སྲོག་ནི་ཕྱི་དང་ནང་དུ་གནས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བར་གནས་པ་རྣམས་ཀྱི་སྲོག་།སྟོང་ཉིད་སྙིང་རྗེ་མི་འགྱུར་བ་དེ། །མི་གནས་མྱ་ངན་འདས་པའི་སྲོག་།སྲིད་པ་དང་ནི་མྱ་ངན ་འདས། །རྩ་ཡིས་བདག་ཉིད་ལུས་ལ་གནས། །ལྟེ་བ་མགྲིན་སྙིང་སྤྱི་བོ་ལ། །རླུང་མེ་ཆུ་ས་ཞེས་བྱ་བ། །ཕྲག་དོག་ཞེ་སྡང་ཆགས་དང་རྨོངས། །ལུས་ངག་ཡིད་གསུམ་མི་ཕྱེད་གནས། །བདུད་བཞི་པོ་ནི་རྣམ་པར་གནས། །སྡུག་བསྔལ་ཀུན་འབྱུང་པཾ ་དང་འགོག་།བདེན་པ་བཞི་ཡི་ངོ་བོ་ཉིད། །རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་ཅན། །དྲི་མ་མེད་པའི་འབྲས་བུ་བཞི། །སྲིད་པའི་སྐྱེ་གནས་བཞི་པོ་དང། །ེ་བཾ་མ་ཡཱ་ཡི་གེ་བཞི། །དེ་བཞིན་ཡ་མ་རཱ་ཛ་བཞི། །སྤྱན་དང་མཱ་མ་གོས་དཀར་སྒྲོལ།། ་ཡུམ་བཞི་པོ་ཡི་རྣམ་པ་སྟེ། །གཤིན་རྗེ་ཤེས་རབ་པདྨ་དང། །བགེགས་ཤེས་བྱ་བ་མཐར་བྱེད་བཞི། །ཚད་མེད་བཞི་དང་མཐར་བྱེད་བཞི། །དགའ་བ་བཞི་དང་སྐད་ཅིག་བཞི། །དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེ་ཡི་རང་བཞིན་ནོ།། ་རིག་བཞི་ཡེ་ཤེས་བཞི་ཡི་དངོས། །སྐུ་བཞི་ཡེ་ཤེས་བཞི་དང་ལྡན། །ཁམས་གསུམ་ལ་སོགས་ཐམས་ཅད་ཀྱི། །བདག་ཉིད་ཆེན་པོ་རྡོ་རྗེ་འཛིན། །བདུད་ཀྱི་བར་ཆད་བསྲུང་བའི་ཕྱིར། །དེ་ཕྱིར་གསང་བ་བཤད་པར་བྱ། །ཱ་ལི་ཀཱ་ལའི ་སྦྱོར་བ་ཡིས། །ལུས་ངག་ཡིད་གསུམ་བསྲུང་བར་བྱའོ། །བདག་ཉིད་ལྷག་པའི་ལྷར་གསལ་བས། །ཱ་ལི་ཀཱ་ལི་རབ་བརྗོད་པས། །སྤྱི་གཙུག་ནས་ནི་རྐང་མཐིལ་བར། །ཤེས་རབ་ཐབས་ཀྱིས་སྐོར་ཕྱོགས་སུ། །མི་ཕྱེད་པར་ནི་བཅིང ་བར་བྱ། །ཱ་ལི་ཀཱ་ལི་རྩ་གཉིས་པོ། །ཐབས་དང་ཤེས་རབ་ཡི་གེས་བསྲུང། །གཉིས་མེད་རྩ་ནི་རྡོ་རྗེ་བསྲུང། །ཕྱི་དང་ནང་གི་བདག་ཉིད་དོ། །རང་གི་གསང་སྔགས་རྒྱལ་པོ་ལ། །ཤེས་རབ་ཐབས་ཀྱི་ཡེ་ཤེས་མཆོག་།ཐོག་མ་ནས་ནི་མཛའ་རུ་སྦྱར།། ་ཨོཾ་ཨཱ(རྒྱུད་འགྲེལ་ཏུ་སྒ། །བརྒྱ་བྱིན་གྱིས་ཀྱང་མི་ཚུགས་ན། །ཤ་ཟ་ཕྲ་མོ་སྨོས་ཅི་དགོས། ཐབས་དང་ཤེས་རབ་རོ་གཅིག་པ། །རྣམ་པར་མི་རྟོག་བདེ་བ་ཆེ། །འོད་གསལ་ཏིང་འཛིན་མཆོག་གི་ནི། །ལྷག་པའི་བསྲུང་བ་གཞན་མེད་དོ། །ས་ཆུ་པས་ཀྱང་མི་ཕྱེད་དོ། ། ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨཱི། ཨོ་ཨའཽ། ཨཾ་ཨཱ(རྒྱུད་འགྲེལ་བསྒྲུབ་བྱ་དབང་དུ་འགྱུར། །རྟག་ཏུ་བསྒྲུབ་པ་པོ་རྣམས་ལ། །ཐབས་ཀྱི་ཡི་གེ་བརྟན་པར་འགྱུར། ཡི་གེ་བརྒྱ་པའི་གསང་སྔགས་ཀྱིས། །ལྷག་པའི་ལྷ་ནི་མཉེས་པར་བྱ། །བླ་མའི་མན་ངག་རྗེས་འབྲང་འདི། །བློ་ལྡན་སློབ་མས་བསྐུལ་བའི་ཕྱིར།། ་མེ་ལོང་ལྟར་གསོལ་བྱས་པ་ལ། །བླ་མ་ལྷར་བཅས་བཟོད་མཛད་རིགས། །དགེ་བ་གང་ངེས་འགྲོ་བ་ཀུན། །བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག་།དཔལ་གཤིན་རྗེ་གཤེད་ཀྱི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བ། །རྒྱ་གར་གྱི་པཎྜི་ཏ་དྷར་པན་ཨཱ ་ཙརྱའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །རྒྱ་གར་གྱི་པཎྜི་ཏ་དངོས་གྲུབ་བརྙེས་པ་དྷར་པཎ་ཨ་ཙཨཱརྱ་དེ་ཉིད་དང། གློ་བོ་ལོ་ཙ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས། །ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུངས་སུ་བསྒྱར་ཅིང ་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་དེ་ཤ་པཱ་དྷིཥྣ་ན། བོད་སྐད་དུ། གཤིན་རྗེ་མཐར་བྱེད་དམར་པོའི་བྱིན་གྱིས་བརླབ་པའི་རིམ་པ། ཁམས་གསུམ་པོ་ནི་མ་ལུས་པ། །སྙིང ་