| Wylie | e-texts based on the ACIP/ALL Input |
!། (།གཤིན་རྗེ་གཤེད་དབང་པོའི་འཁོར་ལོའི་དེ་ཁོ་ན་ཉིད་གསལ་བྱེད་བཞུགས་སོ།།)་།།རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་ཡནྟྲ་ཏི་ཏྟ་ནི་རྡེ་ཤ་ཀ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་འཁོར་ལོའི་དེ་ཁོ་ན་ཉིད་ཀྱི་གསལ ་བྱེད། །བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བུད་མེད་རྣམས་ལ་སྲུང་བའི་ཕྱིར། ཞི་བ་ལ་གི་ཝང་གིས། དར་དཀར་པོ་འམ་གྲོ་ག་འམ་སྙུག་མའི་ལྐོག་པ་འམ། རས་ལེགས་པར་བསྐྲུས་པ་ལ་འཁོར་ལོ་གཉིས ་ཡང་དག་པར་བྲིས་ཏེ། དེར་ན་མ་ཡི་ནང་དུ་བཅུག་པའི་མིང་གི་ཡི་གེ་བྲིས་ལ། ནག་ནོག་ལ་སོགས་པ་སྤངས་ཤིང་རྫ་བོར་ཁ་དོག་གཅིག་པ་ཁ་སྦྱར་དུ་མར་དང་སྦྲང་གི་ནང་དུ་བཅུག་སྟེ། སྐུད་པ་དཀར་པོས་དཀྲིས་ནས་གཞག་སྟེ། །བཤད ་དུ་བལྟས་ཏེ་ཐུན་གསུམ་དུ་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ་བསྒོམས་ནས། མེ་ཏོག་དཀར་པོས་མཆོད་ཅིང་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་ཐོག་ན་བསྒྲུབ་བྱ་གནས་པར་བལྟས་ལ། བུམ་པ་དཀར་པོ་ཟླ་བའི་བདུད་རྩིའི ་ཆུས་ཡོངས་སུ་གང་པས་དབང་བསྐུར་བར་བསམ་ཞིང། ཨོཾ་ཧྲཱི(རྒྱུད་འགྲེལ་རྒྱས་པ་ལའང་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། དེར་ཡི་གེ་སྭཱ་ཧཱའི་ནང་དུ་མིང་ཡིག་བཅུག་ལ། མར་དང་སྦྲང་གི་ནང་དུ་བཅུག་ལ། རྫ་ཕོར་ཁ་སྦྱར་དུ་སྐུད་པ་སེར་པོས་ལེགས་པར་དཀྲིས་ཏེ་གཞག་།དེ་ནས་ཁ་བྱང་དུ་བལྟས་ལ་གཤིན་རྗེ ་གཤེད་སྐུ་མདོག་སེར་པོའི་སྐུར་ཡང་དག་པར་དམིགས་ཏེ། ཐུན་གསུམ་དུ་མེ་ཏོག་སེར་པོས་མཆོད་མཆོད་ཅིང་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱ་ཁ་དོག་སེར་པོ་བསམས་ལ། བུམ་པ་སེར་པོའི་ཟླ་བ་སེར་པོའི་བདུད་རྩིས་དབང་བསྐུར་ཅིང་ཟླས ་པ་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་བ་འམ་ཙན་དམ་དམར་པོ་འམ། མིང་མེད་ཁྲག་དང་བསྲེས་པས་འཁོར་ལོ་གཉིས་བྲིས་ཏེ། ཧོ(རྒྱུད་འགྲེལ་སྟེ་སྐུད་པ་དམར་པོས་བཅིངས་ལ་གཞག་གོ་།དེ་ནས་ཁ་ནུབ་ཏུ་བལྟས་ལ། གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་དང་ལྡན་པས། ཐུན་གསུམ་དུ་མེ་ཏོག་དམར་པོས་མཆོད་ཅིང། ཟླ་བ་དམར་པོ་ལ་གནས་པའི་བསྒྲུབ་བྱ་ཁ་དོག་དམར་པོ ་བསམས་ཏེ། རང་གི་ལུས་ལས་འོད་འཕྲོས་པའི་འོད་ཟེར་གྱིས་རབ་ཏུ་བཀང་བས་ཤིན་ཏུ་མྱོས་པར་གྱུར་ཏེ། རྐང་པ་གཉིས་ཀྱི་མདུན་དུ་འགྱེས་བར་བསམ་ཞིང་སྔགས་བཟླས་པར་བྱའོ། །གལ་ཏེ་དབང་དུ་མ་གྱུར་ན་མར་དང་སྦྲང་རྩི་སྤངས་པའི་འཁོར་ལོ་ཁོ་ན། ་སེང་ལྡེང་སོལ་བའི་དུད་པ་མེད་པའི་མེ་ལ་གདུང་བར་བྱའོ། །དེ་དག་གི་སྔགས་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་གའོ།། །།དུར་ཁྲོད་ཀྱི་རས་སམ་ར་ཛ་ས་ལས་བྱས་པའི་རས་ལ་ཆོས་ཀྱི་ཁུ་བས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཡི་གེ་ཛ་འམ་ཧྲཱི(རྒྱུད་འགྲེལ་གཞག་ལ། གོས་དམར་པོས་གཏུམས་ཏེ་མེ་ཏོག་དམར་པོས་མཆོད་ཅིང། རྒོངས་ཐུན་ཉི་མ་ལྟ་བུའི་གཤིན་རྗེ་གཤེད་དམར་པོའི་སྐུ་ཞགས་པ་དང་ལྕགས་ཀྱུ་འཛིན་པ་བསམས་ལ། །བསྒྲུབ་བྱའི་སྙིང་གར་ལྕགས་ཀྱུས་ཕུག་ཅིང། སྒོ་ནས་ཞགས ་པས་བཅིངས་ལ་དྲངས་པར་བསམ། གལ་ཏེ་འོང་པར་མ་གྱུར་ན་དེ་ནས་སེང་ལྡེང་གི་མེ་ལ་གདུང་བར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་ཀྱི་རས་ལ་བ་བླ་འམ་ཡུང་བའི་ཁུ་བས། འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཡི་གེ་ལམ་གྱི་ཁོངས་སུ་བཅུག་པའི་བསྒྲུབ་བྱའི་མིང་བྲིས་ཏེ། རྫ་ཕོར་སེར་པོ་ཁ་སྦྱར་དུ་གཞག་།རྫ་ཕོར་ལ་རེ་ཁཱ་གྲུ་བཞི་པ་བདུན་བྲིས་ཏེ། དེ་སྟེང་དུ་རི་རབ་ལྕོག་ཆེན ་པོ་བརྒྱད?་དང་ལྡན་པ་ཡི་གེ་ཧཱུཾ་ནང་དུ་བཅུག་པ། ལྕོག་གི་སྟེང་དུ་སའི་དཀྱིལ་འཁོར་ལ་གྱིས་མཚན་པ། སྣ་ཚོགས་རྡོ་རྗེས་བསྐོར་བ་སྐུད་པ་སེར་པོས་བཅིངས་ཏེ། བདག་ཉིད་གཤིན་རྗེ་གཤེད་སེར་པོ་བསམས་ལ། བསྒྲུབ་བྱ་སེར་པོ་ཁ་ལྷོར་བལྟས ་ནས་སའི་དཀྱིལ་འཁོར་གྱི་སྟེང་དུ་འདུག་པ་ལ། གསེར་གྱི་རི་བདུན་དང་རི་བོ་མཆོག་རབ་ཀྱིས་མནན་ཅིང། སའི་དཀྱིལ་འཁོར་གྱི་སྟེང་ན་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་མནན་པར་བསམས་ཏེ་བཟླས་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལཾ་དེ་བ་དཏྟ་སྭསྠ་ན་སྟཾ་བྷ་ཡ་ལཾ། མནན་པའི་ཆོ་གའོ།། །།མནན་པར་འདོད་པས། དེ་བཞིན་དུ་མིང་ནང་དུ་བཅུག་པའི་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ལཾ་དེ་བ་དཏྟ་སྱ་ཡ་ཐཱ་ར་བྷ་ཀཱ་ར་ཡ་ཀྲི་ཏེ་ནི། ་ཝ་ར་ཡ་ཏོ་བི་རུ་པ་གཾ་དེ་ཝ་དཏྟ་ཡཛྙཱཾ་དཏ་ཏ་སྱ་ཝཱཀ་སྟཾ་བྷ་ནི་ཀུ་རུ་ལཾ། བཟླས་པ་བྱས་པས་མནན་པར་བྱ་སྟེ། དག་མནན་པར་བྱ་སྟེ། དག་མནན་པའི་ཆོ་གའོ།། །།ལྐུགས་པར་འདོད་པས་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས ་མངོན་པར་བྲིས་ཏེ། ཝང་དེ་བ་དཏྟ་སྱ་མུ་ཁ་བནྟ་ཡ་བཾ། ཞེས་པ་ནང་དུ་གཞུག་།གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས། །བསྒྲུབ་བྱ་ལུག་གི་སྙིང་དུ་རབ་ཏུ་ཞུགས་ཤིང། སའི་དཀྱིལ་འཁོར་བཞི་ཡིས་ཟ་མ་ཏོག་ལྟ་བུར་ཁ་སྦྱར་དུ་བྱས་ཏེ། རེངས ་པའི་སྦྱོར་བའི་ཆོ་གས་འཁོར་ལོ་གཉིས་བྲི་བ་དང། སྒོམ་པ་དང་མནན་པར་བྱས་ནས་བཟླས་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་དུར་ཁྲོད་ཀྱི་རས་ལ་སྐེ་ཚེ་དང་ཚ་དང། དྲི་ཚ་བའི་མར་ཁུ་དང། ནིམ་པའི་འོ་མ་དང། དྷ་དྷུ་རའི་ལོ་མའི་ཁུ་བ་བཅས། རོ་སྲེགས་པའི་སོལ་བ་དང། རང་གི་སྔགས་འཛུབ་ཀྱི་ཁྲག་གིས་སྣག་ཚ་བྱས་ལ། བྱ་རོག་གི་སྒྲོ་རྐང་གི་སྨྱུ་གུས་འཁོར་ལོ ་གཉིས་མངོན་པར་བྲིས་ཏེ། ཡི་གེ་ཧཱུཾ་གི་ནང་དུ་བསྒྲུབ་བྱའི་མིང་གཞུག་།ཁ་ལྷོ་ཕྱོགས་སུ་བལྟས་པ་གཤིན་རྗེ་ཁྲོ་བོའི་གཟུགས་ཅན། ཞབས་གཡོན་བརྐྱང་པས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། བཞིན་མི་སྡུག་ཅིང་མཆེ་བ་གཙིགས་པ། ་ཤིན་ཏུ་མི་བཟད་ཅིང་ཞལ་གྱི་ལྗགས་གློག་ལྟ་བུར་འགྱུར་བ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་ཅན་ཕྱག་མཚན་མཚོན་ཆ་སྣ་ཚོགས་འཕྱར་བ། ཆར་འབབ་པའི་སྤྲིན་ལྟ་བུ། ལྟོ་བ་ཆེ་ཞིང་དབུ་སྐྲ་དང་སྨར་སེར་པོ་གྱེན་དུ་འབར་བ། མགྲིན་པའི་དབུགས་ཆུ་འཛིན ་གྱི་གློག་ལྟ་བུ། ཧཱུཾ་གིས་ཡོངས་སུ་གང་བར་བདག་ཉིད་རྣམ་པར་བསམས་ཏེ། འདུན་དུ་བསྒྲུབ་བྱ་གོས་དྲི་མ་ཅན་ཧྲུལ་པོ་གྱོན་ཅིང། །ལུས་ཐམས་ཅད་ཐལ་བས་བྱུགས་ཤིང་མེའི་དཀྱིལ་འཁོར་ལ་གནས་པ། སྤྱི་བོ་དང་འཚོགས་མ་དང། སྙིང་ག་དང ་ལག་པའི་རྩ་བ་དང་པུས་མོ་རྣམས་ཀྱི་སྔགས་ཀྱི་ཚོགས་བྱས་པའི་གོ་ཆ་དང། སྲུང་བ་རྣམས་དང་ཕྲལ་ནས་དེའི་ལུས་ལ་གནས་པའི་ལྷ་རྣམས་དྲངས་ཤིང་བསྡུས་ཏེ། རང་གི་ལུས་ལ་རབ་ཏུ་བཅུག་པས། དེ་ནས་ཁང་པ་སྟོང་པ་ལྟ་བུར་བལྟས་ལ།། ་ཁྲོ་བོའི་ཚུལ་རྣམ་པ་སྣ་ཚོགས། མཚོན་ཆ་རྣམ་པ་སྣ་ཚོགས་ཕྱག་ན་འཕྱར་བ་སྤྲུལ་ཏེ། བསྣུན་ཅིང་དུམ་བུ་བརྒྱ་སྟོང་དུ་བྱས་ནས། ཤ་དང་ཚིལ་བུ་དང་རུས་པ་རྣམས་ཟ་ཞིང། ཁྲག་ཀྱང་འཐུངས་ལ་བསྲེགས་ཤིང་ཐལ་བ་བྱས་ནས། མདུན་དུ ་གཤིན་རྗེ་ཆར་འབེབས་པའི་སྤྲིན་གྱི་མདོག་ཅན་ལྟ་བུ་མ་ཧེ་ལ་གནས་པ། དབྱུགས་ཏོ་དང་ཞགས་པ་འཛིན་ཅིང་ལྟོ་བ་ཆེ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གཟུགས་སུ་རྣམ་པར་བསམས་ཏེ། དེའི་སྙིང་གར་གནས་ཏེ་ངེས་ཟ་བར་བསམས ་ལ། སྔགས་བགྲང་བར་བྱའོ། །དེ་ཉིད་ཁོ་ནའི་ཚོགས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཡི་གེ་ཧཱུཾ་དང་ཕཊ་ཀྱི་ནང་དུ་མིང་བཅུག་པས་དེ་བཞིན་ཁོ་ནའི་བསམ་གཏན་ལ་གནས་པ། བསྒྲུབ་བྱ་ལྷ་དང་བྲལ་ཞིང་ཁ་དྲེག་ཅན་མེའི་དཀྱིལ་འཁོར ་ལ་གནས་ཤིང། ཁྲོ་བོའི་གཟུགས་མི་སྡུག་པ་རྣམ་པ་སྣ་ཚོགས་ཀྱིས་རལ་གྲི་དང། མཚོན་ཤིང་དང། དགྲ་སྟ་དང། མདུང་དང། ཞགས་པ་དང། འཁོར་ལོ་དང། རྩེ་གསུམ་དང། ལྕོགས་ཐོ་ལ་སོགས་པའི་མཚོན་ཆ་རྡེག་པ་དང། དུམ་བུ་བརྒྱ ་རུ་བཅབ་པར་བསམ་ཞིང། བྱ་རོག་དང་འུག་པ་དང། བྱ་རྒོད་དང། ཅེ་སྤྱང་དང། སྲིན་པོ་དང། མཁའ་འགྲོ་མ་ལ་སོགས་པ་སྣ་ཚོགས་ཀྱིས་ཟ་བར་བསམ་ཞིང་སྔགས་བཟླས་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་དཏྟཾ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱི(རྒྱུད་འགྲེལ་བཀྲིས་པ་སྟེ། ཉི་མ་ཕྱེད་ཀྱི་དུས་སུ་དུར་ཁྲོད་དུ་དང་བྲུས་ལ་བཅུག་ལ། གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་ལྡན་པས། བསྒྲུབ་བྱ་གཉིས་རྟ་དང་མ་ཧ་ལ་ཞོན་ཅིང། ལག་ན་མཚོན་ཆ་འཕྱར་བ། རྡོ་རྗེ་ཁྲོ་བོའི་ཚོགས་དང་བཅས་པས་གཉིས་ཀ ་གནས་པར་སྤྲུལ་ཏེ། འཐབ་མོ་བྱེད་པར་བསམ་ཞིང་སྔགས་བཟླས་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་ཁོངས་སུ་བཅུག་པ་བྲིས་ལ་ཐོད་པ་ཁ་སྦྱར་བྱས་ནས་སྐུད་པ་ནག་པོས་དཀྲིས་ཏེ། དུར་ཁྲོད་དུ་སྦས་ལ་གཤིན་རྗེ་གཤེད་ཀྱི་སྦྱོར་བ་དང་ལྡན་པའི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེ་ཐོག་ཏུ་རྔ་མོ། དེའི་ཐོག་ཏུ་བསྒྲུབ་བྱ་རྣམ་པ་སྔོན ་པོ་བསམས་ཏེ། རྡོ་རྗེ་ཁྲོ་བོས་བྲབ་ཅིང་ལྷོ་ཕྱགས་སུ་འགྲོ་བར་བསམས་ལ་སྐྲོད་པར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་གཤེད་མཐར་ཕྱེད་ནི་ཤིན་ཏུ་དམར་བ། སྦྱོར་བ་ནི་དུར་ཁྲོད་ཀྱི་ཐལ་བ་དང། དུག་དང། ཚ་དང། སྐེ་ཚེ་དང། ཆུ་ཚ་བས་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས། གཏོར་མའི་ཆོ་ག་བསྟན་ཅིང་གསུངས་པ་དང། ཟླ་བ་ཟླ་བའི་ཚེས་བཅུ་བཞི་ལ་ཤ ་ལྔ་དང། བདུད་རྩི་ལྔས་བཟླས་པའི་ཡུལ་ལ་བསྐུས་ཤིང་ལྡན་པར་བྱས་ན། ཤིན་དུ་གདུང་བར་བྱེད་པའི་མཆོག་།ཁྲི་ཕྲག་གཅིག་གིས་འབྱུང་པོ་རྣམས། །སྟོང་ཕྲག་གཅིག་གིས་མཁའ་འགྲོ་དང། །ཡི་དགས་ཚོགས་རྣམས་གསོད་པར་བྱེད། །བཟླས་པ་? ་གྱིས་རྣལ་འབྱོར་བདག་།ལས་རྣམས་ཐམས་ཅད་འདི་ཡིས་བྱེད། །བཟླས་པ་བྱེ་བས་འགྲུབ་པར་འགྱུར། །བྱ་བ་ལྔ་ཡིས་སྨོས་ཅི་དགོས། །སློངས་མ་ཟ་ཞིང་མི་བཟླས་ཏེ། །མ་སློངས་པ་ཡང་ཆགས་མི་བྱ། །དམ་ཚིག་རྟག་ཏུ་བརྟན་བྱ་ཞིང། ། ་རྣལ་འབྱོར་ཆེན་པོ་སྔགས་བཟླའོ། །རྣལ་འབྱོར་རིག་པའི་སེམས་ཅན་ཀུན། །བྱམས་པའི་སེམས་ནི་རྟག་ཏུ་བྱ། །ཉིན་རེ་ཞིང་ངམ་ཟླ་ར་དང། །ལོ་ར་བཞིན་དུ་རྟག་པ་རུ། །དབྱུག་གུ་དྲུག་ཅུ་རྩ་བཞི་གཏོང། །གཏོར་བ་དྲུག ་བཅུ་རྩ་བཞི་འབུལ། །བགེགས་རྣམས་ཐམས་ཅད་ཞི་བ་དང། །བསོད་ནམས་ཡང་ནི་འཕེལ་བའི་ཕྱིར། །དེ་ལས་འདིར་ནི་འབྱུང་པོ་ཡི། །གཏོར་མའི་ཆོ་ག་བསྟན་པར་བྱ། །དྲི་ཆེན་དྲི་ཆུ་བསྲེས་པའི་ཆུས། །མཎྜལ་གྲུ་གསུམ་བྱས་ནས་ནི། །གཤིན་རྗེ ་གཤེད་ཀྱི་རྣལ་འབྱོར་གནས། །ཕྱོགས་སྐྱོང་རྣམས་ནི་ཡང་དག་དགུག་།སྔགས་འདི་ཡིས་དགུག་པར་བྱ། །སྔགས་ནི། ཨོཾ་ཨིནྟྲ་ཡ་ཧྲཱི(རྒྱུད་འགྲེལ་ཨཱརྐ་ཡ་ཧཱུཾ། བྲཧྣ་ཎེ་ཕཊ། བ་སུ་དྷ་རཱ་ཡེ་ཕཊ། བེ་མ་ཙི་ཏྲ་ཎེ་སྭ། སརྦ་བྷྲུ་ཏེ་བྷཡོ་ཧཱ། ཧཱི་ཧཱི་ཧཱི། ཕེཾ་ཕེཾ་ཕེཾ། སྭཱཧཱ། ཞེས་པ་འདིས་རྟག་ཏུ་བཟའ་བ་ཇི་སྙེད་པ་དང་བཏུང་བ་ཇི་སྙེད་པ་ཐམས་ཅད་ཀྱི་ཕུད་གཤིན་རྗེ་གཤེད་ལ་དབུལ་བར ་བྱའོ། །དེ་རྣམས་འདིས་མཉེས་པར་བྱ་ཞིང་བཟོད་པར་གསོལ་ནས། །ཇི་ལྟར་བདེ་བར་གཤེགས་སུ་གསོལ། །བདག་གིས་བསོད་ནམས་ཇི་སྙེད་གང་བསགས་འདི་ཡིས་འཇིག་རྟེན་རྣམས། །མ་ལུས་མྱ་ངན་རྣམ་བཅོམ་དེ་ནི་བྱང་ཆུབ་སྣོད་གྱུར་ཏེ ་བདག་དང་འགྲོ་བ་རྣམས་ཀྱང་བྱང་ཆུབ་ལམ་ལ་ངེས་སྦྱར་ནས། །དོན་དམ་བདེ་བས་ལེགས་ལྡན་སངས་རྒྱས་སྐུ་ནི་ཐོབ་པར་ཤོག་།སྟོན་ཀའི་ཟླ་བ་ལྟ་བུ་ཡི། །གྲུབ་པའི་སྒྲུབ་ཐབས་ངེས་པ་ནི། །སེམས་ཅན་རྣམས་ལ་ཕན་ཕྱིར་དུ། ་གནས་བརྟན་བྱང་ཆུབ་སྙིང་པོས་མཛད།། །།དཔལ་གཤིན་རྗེ་གཤེད་ཀྱི་ལས་ཚོགས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་རྡོ་རྗེ་གདན་པ ་ནི་སྐ་ལཾ་ཀའི་ཞལ་སྔ་ནས་དང།། །།དཔྱལ་ལོ་ཙ་བ་དཔལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། རཀྟ་ཡ་མཱུ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་དགྲ་དམར་པོའི་སྒྲུབ་ཐབས ་