CLOSE WINDOW

N1683: rang byin gyis brlab pa'i rim pa'i man ngag dang bcas pa gshin rje mthar byed dmar po'i mngon par rtogs pa
Wyliee-texts based on the ACIP/ALL Input

!། །རང་བྱིན་གྱི་བརླབ་པའི་རིམ་པ་དང་གཤིན་རྗེ་གཤེད་དམར་པོའི་མངོན་རྟོགས་དང་བཅས་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཡུ་པ་དེ་ཤ་སྭཱ་དྷིཥྛཱ་ན་ཀྲ་མ་རཀྟ་ཡ་མཱནྟ་ཀའི་བྷི་ས་མ་ཡ། །བོད་སྐད་དུ། རབ་བྱིན་གྱིས་བརླབ་པའི་རིམ་པའི ་མན་ངག་དང་བཅས་པ་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གང་གིས་དངོས་གྲུབ་དུག་ཞི་དབང་དུ་བྱེད། །རྒྱས་པ་དང་ནི་མངོན་སྤྱོད་གནོད་སྦྱིན་སོགས ་ཞི་བྱེད་གང་ཡང་དག་འབྱེད་བློ་ཡོད་པ། །དཔའ་བོ་གཤིན་རྗེ་གཤིན་དེའི་བློ་ལྡན་གྱུར། །ཞལ་གཅིག་ཕྱག་གཉིས་མ་ཧེའི་གདན་ལ་གཞུགས། །སྐུ་ལུས་ཉི་མདོག་དགེ་བས་ཡོངས་སུ་ཚིམ། །གཉུག་མའི་གྲོགས་ཀྱིས་དོ་རྒལ་དབང་གིས་ནི། ། ་དེའི་སྒྲུབ་ཐབས་བརྩམས་བྱ་གྲོགས་དག་ཉོན། །དེ་ལ་དབང་གིས་སེམས་ནི་རྣམ་པར་དག། རྣལ་འབྱོར་བདག་ཉིད་དག་བྱ་དང་པོར་ནི། །སེམས་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ། །བརྟུལ་ཞུགས་ལ་གནས་འཇམ་པའི་སྟན་ལ་འདུག། ་དེ་ནས་མགོ་བོར་པདྨ་དཀར་པོ་དང་ཟླ་བ་ལ་གནས་པའི་ཨོཾ་ཡིག་དང། མགྲིན་པར་པདྨ་དམར་པོ་དང་ཉི་མ་ལ་གནས་པའི་ཨཱ(རྒྱུད་འགྲེལ་བཞིན་བརྗོད་ཅིང་ལག་པ་གཡོན་པས་དགོད་དེ་ལན་གསུམ་མགོ་བོ་ནས་བརྩམ་ནས་བདག་ཉིད་བསྲུང་བར་བྱའོ། །གདན་ཡང་རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ་ལག་པ་གཡོན་པས་རེག་ལ། ཨོཾ་ཨཱ(རྒྱུད་འགྲེལ་།དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས་ལ་ཡིད་ཀྱིས་བལྟས་ནས་བྱམས་པའི་སེམས་བསྒོམ་པར་བྱ་སྟེ། ཇི་ལྟར་བདག་གི་བུ་ལ་སོགས་པ་དང་རང་གི་ལུས་ལ་བྱམས་པ་དེ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པ་བྱའོ།། ་ཞེས་བྱའོ། །ཇི་ལྟར་སེམས་ཅན་དེ་རྣམས། སྐྱེ་བ་དང། རྒ་བ་དང། འཆི་བ་དང། མྱ་ངན་དང། སྨེ་སྔགས་འདོན་པ་དང། བཀྲེས་པ་དང། སྐོམ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པར་བསམས་ལ་སྙིང་རྗེའི་སེམས་བསྒོམ་པར ་བྱ་སྟེ། ཇི་ལྟར་བདག་གི་བུ་ལ་སོགས་པ་དང། རང་གི་ལུས་ཀྱི་སྡུག་བསྔལ་སེལ་བ་དེ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་བྱའོ་ཞེས་པའོ། །ཇི་ལྟར་སེམས་ཅན་དེ་རྣམས་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པའི ་བདེ་བ་དང་དབང་ཕྱུག་རྣམས་རིག་པར་བྱས་ནས་དགའ་བའི་སེམས་བསྒོམ་པར་བྱ་སྟེ། འཁོར་བ་ཇི་སྲིད་བར་སེམས་ཅན་རྣམས་བདེ་བ་འདི་ཉིད་ཀྱིས་གནས་པར་འགྱུར་ན་ལེགས་སོ་ལེགས་སོ་ཞེས་བྱའོ། །དེ་བཞིན་དུ་སེམས་ཅན་དེ ་རྣམས་རྣལ་འབྱོར་པ་ལ་རྙེད་པ་དང། །མ་རྙེད་པ་དང། སྟོད་པ་དང་སྨད་པ་དང། གྲགས་པ་དང། མ་གྲགས་པ་དང། བདེ་བ་དང་སྡུག་བསྔལ་སྟོང་པར་རིག་པར་བྱས་ལ་བཏང་སྙོམས་ཀྱི་སེམས་བསྒོམ་པར་བྱ་སྟེ། སེམས་ཅན་དེ་རྣམས་བཟང་པོ་བྱེད་ཀྱང་རུང ་ཞ?་པ་བྱེད་ཀྱང་རུང་སྟེ། དེ་ལྟར་ན་ཡང་བདག་གིས་སེམས་ཆགས་པ་དང་སྡང་བ་རྣམ་བ་ཀུན་དུ་བཏང་སྙོམས་བྱའོ་ཞེས་པའོ། །འདིས་ནི་ཚངས་པའི་གནས་བཞི་བསྒོམ་པ་བསྟན་པའོ། །དེ་ནས་རང་གིས་ལུས་ལ་བསམ་པར་བྱ་སྟེ། རེ་ཞིག ་བདག་གི་ལུས་འདི་ནི་སྡུག་བསྔལ་བརྒྱ་སྟོང་དུ་མའི་སྣོད་དུ་བྱས་པ་སེམས་ཀྱང་རང་བཞིན་གྱིས་མི་བརྟན་པ་དེའི་ཕྱིར་ཇི་སྲིད་བདག་འཆི་བདག་གི་དབང་དུ་མ་གྱུར་པ་དེ་སྲིད་དུ་བདག་གིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བདག ་ཉིད་བསྒྲུབས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤིན་དུ་བརྩོན་འགྲུས་དང་ལྡན་པས་ན་རེ་ཞིག་སྐྱེ་བ་འདི་ཉིད་ལ་ད་ལྟར་བྱུང་བའི་སངས་རྒྱས་ཉིད་དུ་ནུས་པ་ཡིན་ནོ། །ཞེས ་གསུངས་སོ། །དེ་བས་ན་བདག་གིས་བརྩོན་འགྲུས་བརྟན་པར་བརྩམ་སྟེ། །དེ་ལྟར་ཡང། འདི་ལྟར་བརྩོན་ལ་བྱང་ཆུབ་གནས་ཞེས་གསུངས་སོ། །བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་བ་ཉིད་དེ། དེ་ལྟར་ཡང་བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་སོ། །དེས་ན ་བརྩོན་འགྲུས་བྱས་ཏེ་དཔའ་བོ་གཤིན་རྗེ་གཤེད་བསྒྲུབ་པར་བྱའོ། །རང་གི་དོན་སྒྲུབ་པ་པོ་ཐམས་ཅད་ཀྱང་བཀྲ་ཤིས་སྔོན་དུ་འགྲོ་བ་ཁོ་ནས་སྒྲུབ་པར་བྱེད་དོ། །དེ་བས་ན་དང་པོར་རེ་ཞིག་བཀྲ་ཤིས་པར་བྱའོ། །གང་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་ནི་བསོད་ནམས ་ཀྱི་ཚོགས་རྫོགས་པའོ། །ཞེས་བསྒོམས་ལ་རང་གི་སྙིང་གར་སེམས་རྩེ་གཅིག་པར་བྱས་ནས་སྐད་ཅིག་གིས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་དམར་པོ་འོད་ཟེར་དང་བཅས་པ་བསྒོམས་ཏེ། དེའི་འོད་ཟེར་གྱིས་སྤྱན་དྲངས་པའི་བླ་མ་དང། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཡི་དམ་གྱི་ལྷ་ལ་སོགས་པ་མདུན་དུ་བལྟས་ལ། ཡིད་ལ་བྱུང་བའི་བུ་ཛས་མཆོད་པར་བྱ་སྟེ། དེ་ལ་མེ་ཏོག་དང། བདུག་སྤོས་དང་མར་མེ་དང། དྲི་མཆོག་དང། ཕྲེང་བ་དང། བྱུག་པ་དང། ཕྱེ་མ་དང། ཆོས ་གོས་དང། གདུགས་དང། རྒྱལ་མཚན་དང། དྲིལ་བུ་དང། བ་དང་ལ་སོགས་པས་མཆོད་པར་བྱའོ། །མཆོད་པ་བླ་ན་མེད་པ་བདུན་ཡང་འདིས་བྱ་སྟེ། སྡིག་པ་ཐམས་ཅད་བདག་གིས་བཤགས། དགེ་ལ་དགའ་བས་རྗེས་ཡི་རང། །བཅོམ་ལྡན་ཐུབ་པ ་དམ་ཆོས་སྐུ། ཇི་སྲིད་འཁོར་བར་བཞུགས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །ལམ་འདི་ཡང་དག་བསྟེན་པར་བྱ། །དགེ་བ་ཆོ་གས་བྱང་ཆུབ་སྔོ། །དེ་ནས་ཕྱག་བྱས་ལ་བཟོད་པར ་གསོལ་ཏེ་གཞག་པར་བྱའོ། །དེ་ལ་འདི་ལྟར་བསྒོམ་པར་བྱ་སྟེ་ཏིང་ངེ་འཛིན་དུ་གཏོགས་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཇི་སྲིད་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ་སངས་རྒྱས་སུ་མི་འགྱུར་རོ། །དེའི་ཕྱིར་རི་ཞིག་ཡེ་ཤེས་ཀྱི་ཚོགས་རྫོགས་པར ་བྱའོ། །གཞན་ཡང་མིའི་ལུས་ཡོངས་སུ་གྱུར་པ་ཁོ་ན་ལས་སངས་རྒྱས་ཉིད་དེ། །དེས་ན་མིའི་ལུས་ཀྱང་བསྒྱུར་བར་བྱའོ། །ཞེས་རྣམ་པར་བསམས་ལ་སྟོང་པ་ཉིད་བསྒོམ་སྟེ། དངོས་པོ་མེད་པ་བསྒོམ་པ་མེད། །སྒོམ་པ་བསྒོམ ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་འདིའི་དོན་ཡིད་ཀྱིས་བསམ་སྟེ། རང་གི་སྙིང་གི་ནང་དུ་སོན་པའི་སྔགས་ལ་སེམས་གཏད་དེ། དེའི་འོད་ཟེར་གྱིས་ག་བུར་བསྲེགས་པ་བཞིན་དུ་རང་གི་། ་ལུས་བཞུ་བར་བསམས་ལ། །དེ་ནས་པདྨ་བཞུ་བར་བསམ་མོ། །དེ་ནས་ཉི་མའོ། །དེ་ནས་ཨའུ་ཡིག་གོ་།དེ་ནས་ཧ་ཡིག་གོ་།དེ་ནས་ཟླ་ཚེས་སོ། །དེ་ནས་ཐིག་ལེའོ། །དེ་ནས་ནཱ་དའོ། །དེ་ནས་ཇི་ལྟར་བུད་ཤིང་ཟད་པས་མེ་ནམ་མཁར་ཐིམ་པ་དེ་ལྟར ་འོད་ཀྱི་ཕུང་པོ་ཡང་ཞུ་བར་བསམ་སྟེ་ཅུང་ཟད་ཀྱང་བསྒོམ་པར་མི་བྱའོ། །ཤིང་ལྟར་བརྟན་པར་བྱས་ལ་ཡུད་ཙམ་གནས་ཏེ་སྔགས་བརྗོད་དོ། །ོཾ་ཤཱུ་ནྱ་ཏྲཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་སྐད་ཅིག་གིས་བདག་ཉིད་ཤ་དང་རུས་པ་དང ་ཁྲག་ལ་སོགས་པ་མེད་པ་ཤིན་དུ་དང་ཞིང་གཞོམ་དུ་མེད་པ་ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ་གཅིར་བུ་རྟགས་གྱེན་དུ་བརྟན་པ་རལ་པ་འཕྱང་བ་དཀར་པོ་པདྨ་དང་ཟླ་བ་ལ་གནས་པ་ཞི་བའི་གཟུགས་ཅན་སེམས ་དཔའ་ཨི་སྐྱིལ་ཀྲུང་ཅན་རླུང་སེམས་ཟུང་དུ་འཇུག་པ་བསྒོམ་མོ། །དེ་ནས་འདི་ལྟར་བསམ་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་ལ་མིའི་ལུས་ཀྱང་ཡོངས་སུ་གྱུར་པས་དེའི་ཕྱིར་ན་ད་ནི་བདག་ཉིད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྒྲུབས་ལ་རང ་གཞན་གྱི་དོན་དུ་དངོས་གྲུབ་བསྐྱེད་པར་བྱའོ། དེ་ཡང་རྒྱུ་ཁྱད་བར་དུ་འཕགས་པའི་རྗེས་སུ་འབྲས་བུ་ཁྱད་པར་དུ་འཕགས་པ་འགྲོ་བ་དེའི་ཕྱིར་ཁྱད་པར་དུ་འཕགས་པའི་རྒྱུ་ཉེ་བར་བརྟག་གོ་ཞེས་བསམ་ལ། ཨོཾ་དམར་པོ་ཡོངས་སུ་གྱུར་པའི། ་ཉི་མ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་བསྒོམས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང། རྡོ་རྗེའི་ར་བ་དང་རྡོ་རྗེ་གུར་དང། རྡོ་རྗེའི་མདའི་དྲ་བ་ལ་སོགས་པ་བསྒོམ་མོ། དེའི་དབུས་སུ་བཾ་གྱི་རྣམ་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས ་པདྨ་དང་ཟླ་བ་ལ་གནས་པའི་ས་ཡིག་ཡོངས་སུ་གྱུར་པ་ལས་གྲུ་གསུམ་གྱི་དཀྱིལ་འཁོར་དཀར་པོའོ། །དེའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་བསམ་མོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་ཡི་གེ་ཡཾ་སྔོན་པོ་ཡོངས་སུ ་འགྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་རྩེ་མོ་གཉིས་སུ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའོ། །དེའི་སྟེང་དུ་ཡི་གེ་བཾ་དཀར་པོ་ཡོངས་སུ ་འགྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལམ་སེར་པོ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པ་ས་མཚན་པའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི ་རབ་ལྷུན་པོ་གྲུ་བཞི་པ་བཻ་ཌཱུརྱ་དང་ཤེལ་དང་གསེར་གྱི་རང་བཞིན་ལྕོག་བརྒྱད་ཀྱིས་མཛེས་པའོ། །དེའི་སྟེང་དུ་ཡི་གེ་བྷྲུཾ་སེར་པོ་བསྒོམ་སྟེ་དེ་མཛའ་དག་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ།། ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །རིན་ཆེན་དྲ་བ་དྲ་ཕྱེད་དང། །འདོད་ཡོན་ལྔ་ཡི་ས་ཉེ་བར་མཛེས། །དེའི་དབུས་སུ་པ་ཡིག་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཨོཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས ་སོ། །ཱ(རྒྱུད་འགྲེལ་སྐད་ཅིག་གིས་སྐར་མདའའཕོ་བ་ལྟར་ཞུགས་ནས་གཅིག་ཏུ་འདྲེས་པ་ཤིན་དུ་རྣམ་པར་དག་པ་ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་རྣམ་བར་བསམ་མོ། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་འདི་ནི་རྣལ་འབྱོར་རོ། །དེ་ནས ་དབྱུག་པ་དངུལ་ཆུ་དམར་པོའི་རྣམ་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁུ་བའི་གཟུགས་སུ་བསྒོམས་ལ། །ཁུ་བ་དེ་ལས་སྐད་ཅིག་གིས་རྡོ་རྗེ་ཙར་ཙི་ཀཱ་དང། རྡོ་རྗེ་ཕག་མོ་དང། རྡོ་རྗེ་དབྱངས་ཅན་མ་དང། རྡོ་རྗེ་དཀར་མོ་སྟེ་ལྷ་མོ་དེ་དག ་མཐོན་ནས་ཤར་དང་ལྷོ་དང། ནུབ་དང། བྱང་ཕྱོགས་སུ་གནས་ཏེ་ཁུ་བ་དེ་དབྱངས་དང་བཅས་པས་བསྐུལ་བར་བསམས་ཏེ། ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག་།ས་གསུམ་མཛའ་དག་རྨོངས་པ་སོལ་མཛོད་ཅིག། ཙར་ཙི ་ཀཱ་ཡིས་སོ། །ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ། །སེམས་ནི་གཡེངས་སོ་རྗེ་བཙུན་ཉིད་བཞེངས་ཤིག་།ཕག་མོ་ཡིས་སོ། །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས། ་དབྱངས་ཅན་མས་སོ། །ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅིལ་བཞུགས། །བྱམས་སེམས་རང་བཞིན་འཇིག་རྟེན་འགྲོན་མཉེར་བས། །དཀར་མོ་ཡིས་སོ། །བསྐུལ་ནས་དེ་རྣམས་སླར་བཅུད་དེ་ཉིད་ལ་ཐིམ་སྟེ། །དེ་ནས་ཁུ་བ་དེ་གྱུར་པས། ། ་བདག་ཉིད་ལྷའི་རང་བཞིན་ཏེ། །མ་ཧེ་དམར་པོའི་རྒྱབ་ཏུ་བཞུགས། །གར་གྱི་ཉམས་དགུ་དང་ལྡན་པ། །བན་དྷུ་ཀའི་མེ་ཏོག་འདྲ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྦོམ་ཞིང་ཐུང་ལ་གསུས་པ་འཕྱང། །སྤྱན་གསུམ་དམར་ལ་ཟླུམ་པ་པོ།། ་སྨ་ར་དམར་སེར་ཤིན་དུ་འཇིགས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཞལ་ནི་མཆེ་བ་རྣམ་བར་གཅིགས། །ལྗགས་ནི་བསྒྱུར་ཞིང་གང་རྒྱངས་ཅན། །དབྱུག་པ་དཀར་པོ་མགོ་བོས་མཚན། །ཕྱག་ནི་གཡས་པ་དག་གིས་བསྣམས། །གཡོན ་གྱི་ཕྱག་ན་པདྨ་ཡི། །སྣོད་ནི་མཛེས་པ་དང་བཅས་པ། །ཉི་མ་བྱེ་བའི་འོད་འབར་བ། །གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས། །མ་ཧེ་ཡི་ནི་རྒྱབ་ནས་སུ། །གཤིན་རྗེ་འགྱེལ་ཞིང་འཇིགས་མཛད་པ། །བརྒྱད་གཉིས་ལོན་པའི་རྣམ་པ་ཅན། །ཀླུ་བརྒྱད་པོས་ནི ་རྣམ་བརྒྱན་པ། །དབུ་ལ་མགོ་བོའི་ཕྲེང་བ་བཅིངས། །མགོ་བོའི་དོ་ཤལ་འཕྱང་བ་པོ། །ཁྱབ་བདག་སྟག་ལྤགས་ན་བཟའ་ཅན། །རྡོ་རྗེ་རོ་ལངས་མ་ཡིས་མཁྱུད། །བཅོམ་ལྡན་སྐུ་མདོག་དག་དང་ནི། །ལྡན་ཞིང་གྲི་གུག་ཐོད་པ་བསྣམས། །ཕྱག་རྒྱ་ལྔ་ཡིས ་སྐུ་ལ་བརྒྱན། །དེ་དག་མཆོག་ཏུ་བསྒོམ་པར་བྱ། །དེ་ནས་བདག་ནི་གྲུབ་ཐོབ་ཉིད། །ཐེ་ཙོམ་མེད་ཅེས་ང་རྒྱལ་བྱེ། །དེ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཁོཉཧཾ། ཞེས་པའི་སྔགས་བརྗོད་དོ། །འདི་ནི་རྗེས་སུ་རྣལ་འབྱོར་རོ།། །། ་དེ་ནས་བཅོམ་ལྡན་འདས་མའི་ཐུགས་རྗེས་སུ་ཆགས་པར་བྱས་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་བལྟས་ཏེ་པདྨ་དང་རྡོ་རྗེ་གཡོ་བས་གཉིས་ཀའི་སྟག་ལྤགས་ཀྱི་ན་བཟའ་འཕྱར་བར་བསྒོམ་སྟེ་དེ་ནས་འདི་དག་རྗེས་སུ་ཆགས་པར་བྱའོ་ཞེས ་པདྨ་དང་རྡོ་རྗེ་ལ་སེམས་གཏད་ལ་ཨོཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་གཅིག་པ་ཨོཾ་ཡིག་སེར་པོས་རྩེ་མོར་མཚན་པ་བསྒོམ་མོ། །པདྨ་ཡང་ཨ་ཡིག་དམར་པོ་ལས་བྱུང་བ་འདབ་མ་གསུམ་པ་ཟེ་འབྲུ་ལ་ཡི་གེ་ཨཱ(རྒྱུད་འགྲེལ་པ་འདབ་མ་གསུམ་པ་ཁ་བྱེ་བར་བསམ་མོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་དཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་བརྗོད་དེ་རྡོ་རྗེ་དང་པདྨའི་སྦྱོར་བས་བདག་ཉིད་བདེ་བར་བསྒོམ་པར་བྱའོ། །ཕྱི་རོལ་གྱི་གཉིས་གཉིས་ལྟར་འཕོ་བའི་གནས་སྐབས ་གཉིས་པར་བདག་ཉིད་བསྒོམས་ལ་ལྷ་མོའི་པདྨའི་དཀྱིལ་དུ་དུས་མཚུངས་པར་འཕོས་པས་ཁམས་གཉིས་འདྲེས་པར་བསྒོམ་སྟེ་དཀར་པོ་དང་དམར་པོའོ། །དེ་ནས་ཡོངས་སུ་གྱུར་པ་ལས་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གནས་ཇི ་ལྟ་བར་པད་མའི་དབུས་སུ་བསྒོམ་ལ་བཅོམ་ལྡན་འདས་མ་ལས་བྱུང་བར་བསྒོམས་ཏེ། དེ་ནས་དེ་རྣམས་མདུན་དུ་བལྟས་ལ་རང་རང་གི་གནས་སུ་བཞུག་པར་བསྒོམ་མོ། །དེ་ནས་ཤར་གྱི་འདབ་མ་ལ་ཉི་མ་ལ་གཏི་མུག་གཤིན ་རྗེ་གཤེད་དཀར་པོ་ལ་ཙར་ཙི་ཀཱ་སྐུ་ལུས་སྐེམ་ཞིང་ནག་པས་འཁྱུད་པའོ། །ལྷོའི་འདབ་མར་ཉི་མ་ལ་སེར་སྣ་གཤིན་རྗེ་ཇི་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་གྱིས་འཁྱུད་པའོ། །ནུབ་ཀྱི་འདབ་མང་ཉི་མ་ལ་འདོད་ཆགས་གཤིན་རྗེ ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོའི་སྦྱོར་བ་ཅན་ནོ། །བྱང་གི་འདབ་མར་ཉི་མ་ལ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་དཀར་མོ་ཝལྗང་སེར་དང་མཉམ་པར་ལྡན་པའོ། །འདི་དག་ཀུན་ཀྱང་གཤིན་རྗེ་གཤེད་དམར་པོ་དང་རོ་ལངས་མ་ལྟ ་བུར་བསྒོམ་པར་བྱའོ། །མེའི་མཚམས་སུ་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ་བསྒོམ་མོ། བདེན་བྲལ་གྱི་མཚམས་སུ་གསེར་གྱི་བུམ་པ་གླ་རྩིས་གང་བའོ། །རླུང་གི་མཚམས་སུ་བྱུ་རུའི་བུམ་པ་སི་ཧལས་གང་པའོ། །དབང་ལྡན་གྱི ་མཚམས་སུ་དངུལ་གྱི་བུམ་པ་ག་བུར་གྱི་གང་བའོ། །འདི་དག་ཐམས་ཅད་ཀྱི་ཁ་ཐོད་པས་བརྒྱན་པའོ། །དེ་ནས་རང་གི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་དབྱུག་པ་དཀར་པོ་ཡི་གེ་ཧཱུཾ་དང་བཅས་པ་བསྒོམས་ལ། །དེའི་འོད་ཟེར་གྱིས ་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་བློས་ཡང་དག་པར་མཆོད་ལ་ཛ(རྒྱུད་འགྲེལ་རོ།། །།དེ་ནས་ཕྱོགས་བཅུ་ན་བཞུགས་པའི་གྲུབ་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་སྤྱན་དྲངས་ལ་བློས་མཆོད་ལ་དབང་ཞུ་བར་བྱ་སྟེ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་གཤིན་རྗེ ་གཤེད་ཀྱི་གོ་འཕང་གཏན་པ་ཐོབ་པར་བྱ་བའི་ཕྱིར་བདག་ལ་དབང་བསྐུར་དུ་གསོལ་ཞེས་པའོ། །དེ་ནས་དེ་རྣམས་དགའ་བ་དང་བཅས་པས་བཀྲ་ཤིས་ཀྱི་གླུ་དང་རོལ་མོ་སྔོན་དུ་འགྲོ་བས་བདུད་རྩི་ལྔས་གང་བའི་གསེར་གྱི་བུམ་པས། དབང་བསྐུར་བ་སྟེ ་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་པས་དབང་བསྐུར་ཏེ། །དེ་ནས་དབང་བསྐུར་བའི་ཆུས་སྤྱི་བོར་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་ཅན་བསྒོམ་མོ། །དཀྱིལ ་འཁོར་བའི་སྤྱི་བོར་ནི་རང་གི་གཟུགས་བརྙན་ནོ། །དབང་བསྐུར་ནས་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་སྒྲུབ་པ་པོས་བསྟོད་པར་བསྒོམ་མོ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད ་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུའི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་དུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི ་རང་བཞིན་ཁྱོད། །ཁྱབ་བདག་འདོད་ཆགས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག། གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུའི་རྡོ་རྗེ་རབ་གསལ ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག་།དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ེ་མ་ཀྱེ་ཀྱེ་གཤིན་རྗེ་གཤེད ་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྲོ་བོ་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱི་གར་མཛད་ས་སྟོངས་དང། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོའི་ཡིད། །གར ་མཛད་ཁྱོད་ཉིད་རོ་ལངས་ལགས། །སྐུ་ལུས་བོང་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྤྲུལ་པའི་སྐུ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱི(རྒྱུད་འགྲེལ་འཁྲུལ་པ་སེར། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གང་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །ཞེས་པས་སོ། །དེ་ནས་སྔགས་བརྗོད་དེ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ཞེས་པའོ། །དེ་ནས་སྔར་བཞིན་རླུང་གི་དཀྱིལ་འཁོར་གྱི་སྟེང ་དུ་མེའི་དཀྱིལ་འཁོར་བསྒོམས་ལ། །དེའི་སྟེང་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་མགོ་བོ་སྐམ་པོ་གསུམ་གྱི་སྟེང་དུ་ཡི་གེ་ཨཱ(རྒྱུད་འགྲེལ་སྒྲོན་མ་ལྔ་དང་དབྱུག་བ་ལ་སོགས་པ་ངེས་རོ་མཉམ་པར་བྱས་པ་སྨིན་པ་རྒྱ་སྐྱེགས་ཀྱི་བཅུད་ལྟ་བུར་བལྟས་ལ། ཨོཾ་ཨཱ(རྒྱུད་འགྲེལ་རང་གི་དཀྱིལ་ནས་ལྷ་མོའི་ཞལ་དུ་སྟེ། དཀྱིལ་འཁོར་སོ་སོ་ལ་ཡང་རྒྱུན་སྦྱིན་ནོ། །དེ་ལྟར་བདུད་རྩི་མྱངས་པས་ཚིམ་པར་བྱས་ནས་སྔགས་བཟླས་ཏེ། ཐུགས་ཀར་གནས་པའི་ས་བོན་དང་ཕྱག་མཚན་ལ་སེམས་བརྟན་པར་བྱས་ལ། ། ་ཨོཾ་ཧྲཱི(རྒྱུད་འགྲེལ་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱི་ང་རྒྱལ་གྱིས་ཇི་ལྟར། བདེ་བར་གནས་པར་བྱའོ། །ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ནི་བདག་ཉིད་ཀྱི་གཟུགས་ཁོ་ན་རང་བཞིན་གྱི་གྲུབ་པའི་གཤིན་རྗེ་གཤེད་ཀྱི ་ང་རྒྱལ་བརྗོད་དེ་བདག་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་ཉིད་དུ་རང་བཞིན་གྱི་གྲུབ་པ་ཉིད་དོ་ཞེས་པའོ། །དེ་ནི་རྣལ་འབྱོར་ཆེན་པོའོ།། །།རྣལ་འབྱོར་བཞིའི་རིམ་པ་འདི་ཡི་ཐུན་གསུམ་མམ་ཐུན་བཞི་འམ་ཇི་ལྟར་འདོད་པའི ་དུས་སུ་བསྒོམ་པར་བྱའོ། །འབུམ་ཡོངས་སུ་བཟླས་པ་དེ་སྲིད་དུ་བཟླས་སོ། །དེ་ནས་འབུམ་གྱི་མཐར་མཚན་ཐོག་ཐག་བཟླས་ཏེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཆོ་ག་བཞིན་དུ་མངར་གསུམ་གྱིས་བསྐུས ་བའི་མེ་ཏོག་དམར་པོ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱ་སྟེ་སྔགས་རེ་རེ་ནས་བཟླས་ནས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་ཆེན་པོ་དངོས་གྲུབ་བསྒྲུབ་པར་འདོད་ན་རེ་ཤིག་སྐད་ཅིག་གི་རྣམ་པའི་རྣལ་འབྱོར་གྱིས་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུར་བསྒོམ་སྟེ་རྒྱུན་མི་འཆད་པ་ཆུ་བོའི་རྒྱུན་འབབ་པ་ལྟ་བུས་སོ། །བསྒོམས་བས་སྐྱོ་ན་སྔགས་བཟླས་ཏེ་ཇི་སྲིད་ལུས ་ཡོངས་སུ་གྱུར་ན་གཤིན་རྗེ་གཤེད་ཀྱི་སྐུར་མ་གྱུར་གྱི་བར་དུའོ། །དེ་ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་འགྱུར་ཏེ་ལྷའི་སྐུར་གྲུབ་པ་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་དག་ཀྱང་གོམ་པ་ཙམ་ཁོ་ནས་འབྱུང་སྟེ། །དེ་སྐད་དུ། ཡང་དག་ཡང་དག་མ་ཡིན ་མདུན་གནས་པ། །སྐྱེས་བུ་གོམས་པའི་སྦྱོར་བས་འགྲུབ་འབྱུང་ཏེ། །འདོད་པས་འཁྲུགས་པ་བཞིན་དུ་ཉམས་དགའ་བདེ། །སེམས་ཀྱང་རྗེས་སུ་འབྲང་བ་ངེས་སྦྱོར་ལྡན། །ཞེས་གསུངས་སོ། །གཞན་ཡང། གོམས་པའི་སྤྱོད་ཡུལ་མ་གྱུར་མེད ་ཅེས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དུ་གསུངས་སོ། །གཞན་ཡང་བསྟེན་པའི་ཆོ་གས་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། དེ་ལ་ཆོ་ག་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་སམ་ཐང ་ཀ་བཞུགས་སུ་གསོལ་ཏེ་ཅི་འབྱོར་པའི་མཆོད་པ་བྱ་སྟེ་བྱ་བ་ཐམས་ཅད་སྤངས་ནས། བྱ་བ་དེ་ལ་སེམས་རྩེ་གཅིག་པས་བཟླས་པར་བྱ་སྟེ། ཇི་སྲིད་རང་ཉིད་བྱོན་ནས་ཀྱེ་ཀྱེ་སྒྲུབ་པ་པོ་ཁྱོད་ལ་མཆོག་ཅི་སྦྱིན་པར་བྱ་ཞེས་གསུང ་བའི་བར་དུའོ། །དེ་ནས་མཆོད་ཡོན་ཕུལ་ཏེ་བཏུད་ནས་མངོན་པར་འདོད་པའི་དོན་ཞུ་བར་བྱ་སྟེ་དེ་གནང་བར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་པའི་འདོད་ན་རྡོ་རྗེ་རོ་ལངས་མའི་སྐུ་གཟུགས་བྱ་ཞིང་རས་སམ་ཤིང་ལ་བྲི་བར་བྱ་སྟེ། སྐུ་མདོག་དམར་པོ་སྤྱན་གསུམ་མམ། ཕྱག་གཉིས་གྲི་གུག་དང་ཐོད་པ་དང་ལྡན་པ་ཐུང་ཞིང་སྦོམ་ལ་ལྟོ་བ་འཕྱང་བ་ནུ་མ་མཁྲང་བ་ཞབས་གཡོན་བརྐྱང ་པ། ཕྱག་རྒྱ་ལྔ་དང་ལྡན་པ་དབུ་སྐྲ་དམར་སེར་གྱེན་དུ་རྫེས་པ་འཛག་པ་དང་བཅས་པའི་མགོ་བོའི་ཕྲེང་བ་དང་ལྡན་པ་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ་མ་ཧེ་ལ་ཞོན་པའོ། །དེ་ནས་དེའི་མདུན་དུ་འདུག་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱ ་སྟེ་བདག་ཉིད་ཀྱང་དེའི་གཟུགས་བརྙན་འབའ་ཞིག་དུ་བལྟས་ལ་ཇི་སྲིད་བྱོན་ནས་སྒྲུབ་པ་པོ་ལ་འཁྱུད་ནས་ཀྱེ་ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ལགས་ཞེས་གསུངས་པ་དེ་སྲིད་བཟླས་སོ། །བསྒྲུབ་པ་པོས་ཀྱང་མཆོད་ཡོན་ཕུལ་ལ་ཀྱེ་ལྷ་མོ་བདག ་གི་མཆིས་བྲང་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་བརྩམས་ཏེ་མཆིས་བྲང་དུ་འགྱུར་རོ། །དེ་ཡིས་རེག་པ་ཙམ་གྱིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་འགྲུབ་པར་འགྱུར་རོ། །ོཾ་དྭེ་ཥ་ར་ཏྱ་གཙྪ་གཙྪ་ནུ་ཊ་ནུ་ཊ་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛ(རྒྱུད་འགྲེལ་བཛྲ་བེ་ཏཱ་ལྱཱ་གཙྪ་གཙྪ་ཧཱུཾ་ཛ(རྒྱུད་འགྲེལ་པས་མདུན་དུ་བཞག་ལ་ཡང་དག་པར་མཆོད་དེ་ལག་པ་གཡོན་པས་དེ་ལ་འཁྱུད་ལ་རྣལ་འབྱོར་མའི་ངོ་བོར་བསྒོམས་ནས་བཟླས་ཏེ་འབར་བ་དེ་སྲིད་དུའོ། །དེ་ནས་དེ་བཟུང་ནས་གཤིན་རྗེ་གཤེད་ཀྱི་ངོ་བོར་གྲུབ་པར་འགྱུར་རོ། །ོཾ་བཛྲ་བེ་ཏྭ་?་ཛཱ ་ལ་ཛཝ་ལ་ཧཱུཾ་ཛ(རྒྱུད་འགྲེལ་སྩོལ་ལགས་ཞེས་སྨྲ་བ་དེ་སྲིད་དུའོ། །སྒྲུབ་པ་པོ་ཡིས་བདག་གི་བཀའ་སྡོང་དུ་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་བརྩམས་ནས་ཁམས་ཀྱི་རྒྱལ་སྲིད་ཀྱང་སྟེར་བར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། །དེ་ལྟར་སེར་སྣ་གཤིན་རྗེ་གཤེད་དང ་འདོད་ཆགས་གཤིན་རྗེ་གཤེད་དང། ཕྲག་དོག་གཤིན་རྗེ་གཤེད་ཀྱང་བསྒྲུབ་པར་བྱ་སྟེ་འབྲས་བུ་དེ་ལྟ་བུ་ཉིད་དོ། །འདིར་སྔགས་ནི། ཨོཾ་མོ་ཧཱ་ནྟ་ཀྲི་ཏཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བི་ཤུ་ནཱནྟ་ཀྲི་ཏཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་རཱ ་གཱ་ནྟ་ཏ་ཀྲི་ཏཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨིར་ཥྱཱ་ནྟ་ཏ་ཀྲི་ཏཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་བཟླས་སོ། །དེ་ནས་གཏི་མུག་དགའ་མ་འབའ་ཞིག་བསྒྲུབ་བར་འདོད་ན་གཏི་མུག་དགའ་མའི་སྐུ་གཟུགས་སྔར་བཤད་པའི་ལྷ ་མོའི་གཟུགས་ཅན་མ་ཧེ་མེད་པ་བདག་ཉིད་ཀྱི་སྐུ་མདོག་དང་བཅས་པ་བྱེད་དུ་བཅུག་ལ་སྔར་བཞིན་མནན་ནས་བཟླས་པར་བྱ་སྟེ། ཇི་སྲིད་བྱོན་ནས་བཀའ་སྡོང་བྱེད་ཀྱི་བར་དུའོ། །དེ་ནས་བརྩམས་ཏེ་སྒྲུབ་པ་པོའི་མངོན་པར་འདོད་པ་ཐམས་ཅད་སྒྲུབ ་པར་བྱེད་དོ། །དེ་བཞིན་དུ་སེར་སྣ་དགའ་མ་དང། འདོད་ཆགས་དགའ་མ་དང། ཕྲག་དོག་དགའ་མ་རྣམས་བསྒྲུབ་པར་བྱའོ། །འདིའི་སྔགས་ནི། ཨོཾ་མོ་ཧ་ར་ཏྱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཛ(རྒྱུད་འགྲེལ་ཨོཾ་ཨིར་ཥྱ་ར་ཏྱཱ་གཙྪ་གཙྪ་ཧཱུཾ་ཛ(རྒྱུད་འགྲེལ་པར་འདོད་ན་དེའི་ཚེ་འཇིག་རྟེན་པའི་ལུང་ལ་གྲགས་པའི་ཐ་སྙད་ཀྱིས་གནོད་སྦྱིན་གྱི་གཟུགས་བརྙན་བྱེད་དུ་བཅུག་ལ་དེ་ཁོ་ན་བཞིན་དུ་མནན་ནས་བསྒྲུབ་པར་བྱའོ། །བཀའ་ཐམས་ཅད་བསྒྲུབ་པར་འགྱུར་རོ། །མི་དང་མི་མོ་ལ་སོགས་པ་གཞན ་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་གཉིས་པ་བྱས་ལ་བའི་ལྔས་བཀྲུས་ལ་ཙན་དན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཛེས་པར་བྱས་ལ་ཤུབས་ནས་རལ་གྲི་འདོན་པའི་སྟངས་ཀྱིས་ལག་པ་གཉིས་ཀྱིས་བཟུང་ལ་ཇི་སྲིད་འབར་བདེ་སྲིད་བཟླས་སོ། །དེ་ནས་དབྱུག ་པའི་རིག་པ་འཛིན་པར་འགྱུར་རོ། །གཤིན་རྗེ་གཤེད་དང་མཚུངས་པར་ཕ་རོལ་གནོན་པར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་ན་ཤིང་སཱ་ལ་ལས་ཐོད་པ་སོར་སུམ་ཅུ་སོ་གཉིས་པ་བྱེད་དུ་བཅུག་ལ་སྔར་བཞིན་དུ་ལག་པ་གཡོན་དུ་གཞག་ལ་ལག་པ་གཡས་ཀྱིས་བཀབ་ལ་ཇི་སྲིད་འབར་བ་དེ་སྲིད་བཟླས་སོ། །འབྲས་བུ་དེ་ཁོ་ན་བཞིན་ནོ། །སྔགས་ལ་ཀ་པཱ་ལ ་ཛཝ་ལ་ཡ་ཞེས་པ་ཁྱད་པར་རོ། །དེ་ནས་དབྱུག་པའི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེའི་ཚེ་ལག་པ་གཡས་ཁུ་ཚུར་བསྡམས་ཏེ་སྡིག་མཛུབ་བརྐྱང་བར་བྱ་བའི་ཕྱག་རྒྱ་འདི་བཅིངས་ལ་ཇི་སྲིད་འབར་བ་དེ་སྲིད་བཟླས་སོ། །དེ་ནས་གཤིན་རྗེ་གཤེད་ཀྱི ་གཟུགས་སུ་གྲུབ་པར་འགྱུར་རོ། །སྔགས་ལ་དཎྜ་མུ་དྭཱཾ་ཛཝཱ་ལ་ཡ་ཞེས་པ་ཁྱད་པར་རོ། །འདི་དག་ཐམས་ཅད་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པ་ཁོ་ནས་བསྒྲུབ་པར་བྱའོ། །ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་སེམས་གསལ་བའི་དོན་དུ་བཟའ་བར་བྱའོ། །གང ་ཅུང་ཟད་ཟ་བ་དང་མཐུང་བ་དེ་ཐམས་ཅད་གཤིན་རྗེ་གཤེད་ལ་དང་པོར་ཕུལ་ཏེ་བཟའ་བཏུང་བྱའོ། །འདི་ནི་གྲུབ་པ་ཆེན་མོའི་ཆོ་གའོ། །དེ་ནས་དངོས་གྲུབ་ཕྲན་ཚེགས་བསྒྲུབ་པར་འདོད་ན་དེའི་ཆེ་ཞི་བ་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་ལ་ཆོ་ག་ནི་འདི ་ཡིན་ཏེ། གྲོ་ག་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ་འོ་མས་རྩིབས་བཅུ་གཉིས་པའི་འཁོར་ལོ་གཉིས་ཐ་དད་དུ་བྲིས་ལ་དེའི་ཤར་གྱི་རྩིབས་ནས་བརྩམས་ཏེ་ཡི་གེ་ཧཱུཾ་གཉིས་དང་ཕཊ་གཉིས་གཅིག་པ?་བཅུ་གཉིས་གཡས་སྐོར་དུ་བྲིའོ། ། ་ཨོཾ་ཧྲཱི(རྒྱུད་འགྲེལ་པ་དཀར་པོས་བཅིངས་ལ་མྱོས་བྱེད་དང་སྤྲ་ཚིལ་གྱིས་དཀྲིས་ཤིང་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ཤིང་འོ་མས་གང་པའི་བུམ་པར་བཅུག་ལ་སྔགས་བཟླས་སོ། །ཅི་འབྱོར་པའི་མཆོད་པ་བྱས་ལ། ཨོཾ་ཧྲཱི(རྒྱུད་འགྲེལ་ཏིང་ཀུ་རུ་བཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཇི་སྲིད་ཞི་བར་མ་གྱུར་པ་དེ་སྲིད་བཟླས་སོ། །འཇིག་རྟེན་ཐམས་ཅད་ལ་སྡིག་པའི་ནད་ལ་སོགས་པས་ཉེ་བར་འཚེ་བ་ལ་ནི་གྲོང་གི་ཕྱོགས་བཅུར།། ཨོཾ་ཧྲཱི(རྒྱུད་འགྲེལ་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཀུ་རུ་ཧེ་ཧེ་བ་ལིང་གྲིཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདིས་ལན་བདུན་བྱིན་གྱིས་བརླབས་པའི་གཏོར་མཆོག་བཞིན་ཕུལ་ལ་རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་པས་གྲོང་གི་དབུས་སུ་འོ་མ་ལ་བསྒྲེས་པའི ་ཏིལ་གྱིས་སྦྱིན་སྲེག་བྱ་སྟེ་ཇི་སྲིད་དུ་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་པའོ། །དེ་ནས་རྒྱས་པར་བྱེད་པར་འདོད་ན་གུར་ཀུམ་གྱིས་སྔར་ལྟ་བུའི་འཁོར་ལོ་གཉིས་ཀྱི་དབུས་སུ་ཡི་གེ་བཅུ་གཉིས་ཀྱང་བྲིས་ལ་དབུས་སུ་ཡི ་གེ་བྷུཾ་དཀྱིལ་འཁོར་གྱི་འཁོར་ལོའི་ས་བོན་བྲིའོ། །དེའི་དབུས་སུ་བསྒྲུབ་བྱའི་མིང་བཽ་ཥ་ཊ་གཉིས་ཀྱིས་ཁ་སྦྱར་བ་བྲིའོ། །ཕྱི་རོལ་ཏུ་གྲུ་བཞི་པའི་རི་མོ་གསུམ་གྱི་བསྐོར་རོ། །དེ་ནས་སྐུད་པ་སེར་པོས་དཀྲིས་ལ་ལན་བརྒྱ་རྩ་བརྒྱད་དུ་བྱིན་གྱིས ་བརླབས་ཤིང་མར་དང་སྦྲང་རྩིས་གང་བའི་བུམ་པར་བཅུག་ལ་སྔགས་བཟླས་ཏེ། འབྱོར་བ་ཇི་ལྟ་བས་མཆོད་པ་བྱས་ལ། །ོཾ་ཧྲཱི(རྒྱུད་འགྲེལ་འཕེལ་བའི་མཚན་ཉིད་དུ་གྱུར་པ་དེ་སྲིད་དུའོ། །སྔགས་བཟླས་པའི་མཇུག་ཐོགས་སུ་ཞོ་ཟན་གྱི་སྦྱིན་སྲེག་བྱའོ། །དེ་ནས་དབང་དུ་བྱ་བར་འདོད་ན་སྔར་བཞིན་རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་ལ་དབུས་སུ་ཀུ་? ་ཀུ་ལའི་ས་བོན་ཡིག་གེ་ཧཱཾ(རྒྱུད་འགྲེལ་སྦྲང་རྩི་དང་རྒྱ་སྐྱེགས་དང་སྐྱེ་ཚེས་གང་བའི་ཐོད་པ་འམ་ཁམ་ཕོར་དུ་བཅུག་ལ་ཅི་འབྱོར་བའི་མཆོད་པ་བྱ་སྟེ་སྔགས་བཟླས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་གྱུར་པ་ཇི་སྲིད་དུ་བཟླས་སོ། །སྔགས་བཟླས་པའི་མཐར་ནི་ལན་ཚ་དང་བཅས་པའི་མེ་ཏོག་དམར་པོས་སྦྱིན་སྲེག་བྱའོ། །དེ་ནས་གོང་བུས་དགུག་པར་འདོད་ན་དེའི་ཚེ་དུར་ཁྲོད་ཀྱི་སོལ་བ་དང་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང ་གའི་དབུས་སུ་བཅུག་ལ་དེར་རྐང་པ་གཡོན་པའི་མཐེ་བོང་གཞག་ལ་བཟླས་ཏེ། དེ་ཉིད་བསྒྲུབ་བྱའི་གོང་བུར་བསྒོམས་ནས་ཇི་སྲིད་གོང་བུ་ཁུགས་པ་དེ་སྲིད་དུ་བཟླས་སོ། །སྔགས་ལ་བ་ཤ་མཱ་ནའི་ཤུལ་དུ་ཨཱ་ཀརཥ་ཡ་དང་ཧོ(རྒྱུད་འགྲེལ་བྱེ་བྲག་གོ་།དེ་ནས་རྐང་པ་དགུག་པར་འདོད་ན་བསྒྲུབ་བྱའི་སྙིང་གར་ཡི་གེ་ཧྲཱི(རྒྱུད་འགྲེལ་མཐར་སྐྱེ་ཚེའི་སྦྱིན་སྲེག་བྱའོ། །དེ་ནས་སྐྲོད་པར་འདོད་ན་སྔར་བཞིན་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་ལ་དབུས་སུ་ཡི་གེ་ཡང་རླུང་གི་ས་བོན་ནོ། །དེའི་དབུས་སུ་དགྲ་བོའི་མིང་ཡ(རྒྱུད་འགྲེལ་ཕྱེད་པའི་རྣམ་པའི་རི་མོ་གསུམ་གྱིས་བསྐོར་རོ། །བསྲེགས་པའི་བྱ་རོག་གི་ཁྲག་གིས་སོ། །དེས་ན་སྐུད་པ་ལྗང་གུས་དཀྲིས་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པར་བྱས་ལ་ཆུ་བོའི་རྒྱུན་ལ་བསྐུར་རོ། །ཡང་ན་བྱ་རོག་གི་སྐེ་ལ་བཏགས་ལ ་ཡུལ་གཞན་དུ་ཁྲིད་ལ་དོར་ཏེ་དེ་ནས་ཇི་སྲིད་བསྐྲད་པར་གྱུར་པ་དེ་སྲིད་བཟླས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་སྲེག་བྱའོ། །བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་པའི་ཁྭ་ཏའི་སྒྲོ་དགྲའི་ཁྱིམ་དུ་སྦའོ། །དེ་ནས་དགྲའི་སྲོག་ཉམས་པར་འདོད་ན་སྔར་བཞིན་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་ལ་དཀྱིལ་དུ་མེའི་ས་བོན་རཾ་བྲིའོ། །དེའི་དབུས་སུ་དགྲའི་མིང ་?་ཡི་གེ་དང་སྤེལ་བའོ། །དེའི་ཕྱི་རོལ་དུ་རི་མོ་གྲུ་གསུམ་པ་གསུམ་གྱིས་བསྐོར་རོ། །ཚ་བ་གསུམ་དང་དུག་དང་སྐྱེ་ཚེ་ལ་སོགས་པས་སོ། །སྐུད་པ་ནག་པོས་དཀྲིས་ལ་དུར་ཁྲོད་ཀྱི་སོལ་བ་དང་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུ། ་ལ་ལྕགས་ཀྱི་ཕུར་བས་སྒོ་བཅུ་དང་སྙིང་གར་བཏབ་ལ་སྐམ་པོར་བྱ་སྟེ་དུག་དང་སྐྱེ་ཚེ་ལ་སོགས་བྱུགས་ལ་ཚ་བའི་ཤིང་གི་མེ་དུ་བ་ཅན་ལ་བསྐམས་པས་བཟུང་ལ་སྔགས་ཟློས་ཤིང་ཇི་སྲིད་སྲོག་དང་བྲལ་བ་དེ་སྲིད་པ? ་བར་བྱའོ། །བཟླས་པའི་མཐར་ནི་དགྲ་བོའི་སྐྲ་དང། བཤད་བ་དང། རྐང་པའི་རྡུལ་དང། སེམས་ཅན་མོའི་དོར་མ་དང། ཟོས་པའི་ལྷག་མ་དང། མེ་ཏོག་དང། གོས་དང། དྲིལ་ཕྱིས་ཀྱི་དྲི་མ་ལ་སོགས་པ་ཇི་ལྟར་རྙེད་པའི་སྦྱིན་སྲོག་བྱའི། ། ་མེད་ན་ཕག་ཤ་དགྲ་བོའི་ཤ་བཞིན་དུ་དགོངས་ལ་བསྲེག་གོ་།ོཾ་ཧྲཱི(རྒྱུད་འགྲེལ་གཉིས་བྲིས་པའི་ས་བོན་ཡི་གེ་ལཾ་ཡིག་དང་བཾ་གཉིས་ཀྱིས་སྤེལ་བའི་སྒྲུབ་བྱའི་མིང་བྲི་བར་བྱའོ། །གྲུ་བཞི་པའི་རེ་ཁཱཾ་གསུམ་གྱིས་བསྐོར་རོ། །ཡུང་བའི་ཁུ་བས་སོ། །དེས་ན་སྐུད་པ་སེར་པོས་དཀྲིས་ལ་མྱོས་བྱེད་ཀྱི་གཟུགས་བརྙན ་གྱི་ནང་དུ་བྱས་ལ་ཇི་ལྟར་རྙེད་པའི་ཚེར་མས་ཡན་ལག་ཐམས་ཅད་ཕུག་ལ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་ཡུང་བའི་ཆུས་གང་བའི་བུམ་པར་བཅུག་ལ་རྒྱས་བཏབ་སྟེ་སྔགས་བཟླས་སོ། །ཇི་སྲིད་རེངས་པར་གྱུར ་པ་དེ་སྲིད་སྔགས་བཟླས་སོ། །བཟླས་པའི་མཐར་ནི་ཡུང་བའི་སྦྱིན་སྲེག་བྱའོ། ཨོཾ་ཧྲཱི(རྒྱུད་འགྲེལ་མཁའ་འགྲོ་མ་དང་ཚངས་པ་སྲིན་པོ་ལ་སོགས་པ་ལས་གྲོལ་བར་འདོད་ན་དེའི་ཚེ་སྔར་བཤད་པའི་དབྱུག་པའི་ཕྱག་རྒྱ་ཡིས་ལུས་ངག་ཡིད་གསུམ་གྱི་གནས་སུ་བརྡེག་ཅིང་སྔགས་བཟླས་ན་མཁའ་འགྲོ་མ་ལ་སོགས་པ་ལས ་གྲོལ་བར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་སྤྲུལ་དང་མཆེ་བ་དང། དུག་དང། གཟའ་དང། འབྲས་ལ་སོགས་པ་ལས་གྲོལ་བར་བྱ་སྟེ། ཇི་ལྟར་རྗེས་སུ་མཐུན་པའི་སྔགས་ལ་སྤེལ་ཚིག་རིག་པར་བྱའོ། །ཐམས་ཅད་དུ་འཁྲུལ་འཁོར་བཤིག་ན་ཞི་བར་འགྱུར་རོ། །དེ་དག་སྙན་སྔག་མཁན་ནོ་ཞེས་ང་རྒྱལ་དུ ་བསྒོམས་ནས་བཟླས་ན་སྙན་ངག་མཁན་དུ་འགྱུར་རོ། །དེ་ནས་ཆར་མི་འབབ་ན་གཏོར་མ་ཆེན་པོ་བྱིན་པས་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །བདུད་རྩི་མྱང་བའི་ཆོ་གས་གཏོར་མ་བསྒྲུབས་ལ་གཤིན་རྗེ་གཤེད་དམར་པོའི་འཁོར་ལོ་སྐད་ཅིག་གིས ་ཁམས་གསུམ་གྱི་སེམས་ཅན་ཡོངས་སུ་གྱུར་པར་བསམ་ལ་དྲིལ་བུ་དཀྲོལ་ཞིང་སྔགས་བརྗོད་དེ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་ར་ཡ། རཀྟ་བྷུ་ཛཱ་ཡ། ས་རཀྟ་མུན་ཌ་མཱ་ལཱ་བྷ་ར་ཎཱ་ཡ། རཀྟ་ར་ཐ་ས་མཱ་རུ་ཌཱ་ཡ། རཀྟ་པདྨ ་ས་ནཱ་ཡ། རཀྟ་བྷཱ་ར་ཎ་བྷུ་ཥ་ཎཱ་ཡ། ཨེ་བཾ་བཱ་ལཾ་གྲིཧྞ་གྲིཧྞ་མ་མ་བིགྷྣཾ་ཧ་ར་ཧ་ར་ཙ་ཏུརྨཱ་རཱིནྣ་བཱ་ར་ཡ་ནི་བཱ་ར་ཡ་བྷྲཱ་མ་ཡ་བྷྲཱ་མ་ཡ། ཙྪིན་ད་ཙྪིན་ད། བྷིནད་བྷིནད་ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ོཾ་མ་ཧཱ ་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་པི་ཤུ་ན་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་རཱ་ག་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨིརཥྱ་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་མརྨམ་མར་མམ་བྷི་གྷ་ཏེ་ཧཱུཾ་བཛྲ་ཙ་རྩི་ཀེ་ཧ་ར་ཧ་ར་བུ་ཀྐཾ་མཱ་ར་ཡ་མཱ་ར་ཡ་བིགྷན ་ཛ(རྒྱུད་འགྲེལ་ཨོཾ་ཨིནྡྲ་ཡ་ཧྲཱི(རྒྱུད་འགྲེལ་ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ། སྭཱ་ཧཱ། ཞེས་སོ། །དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་སོ་རྩི་ལ་སོགས་པ་ཡང་དབུལ་ཏེ། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་ཏེ་ཨ(རྒྱུད་འགྲེལ་སུ་གསོལ་ནས། ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་དོར་རོ། །ཇི་སྲིད་འདོད་པའི་དོན་གྲུབ་པ་དེ་སྲིད་དུ་བྱའོ། །མེད་ན་ཆུ་དང་བསེས་པའི་བཟའ་བའི་སྣོད་ལ་མངོན་པར་བསྔགས་ལ་སྦྱིན་ནོ། །དེ་ལྟར་ལས་གཞན་སྟོང་ཕྲག་ལ་ཡང? ་བཅོམ་ལྡན་འདས་སྦྱར་བར་བྱའོ། །བསྒོམས་པའི་བདག་ཉིད་ཅན་གྱིས་ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད་དོ། །འདི་ནི་དངོས་གྲུབ་ཕྲན་ཚེགས་ཀྱི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་མཆོད་པར་འདོད་ན། །དེའི་ཚེ་ཨོཾ་བཛྲ་སཏྭ་སརྦ་བིགྷྣཾ? ་ཨུ་ཙ་ཆ་ཊི་ཡ་ཧཱུཾ་ཕཊ་ཅས་པ་འདིས་ཙན་དན་དམར་པོའི་སིནདྷུ་ར་བདུད་རྩི་ལྔ་དང་བསྲེས་པ་འམ་འབའ་ཞིག་པས་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ལ། ཨོཾ་ཨཱ(རྒྱུད་འགྲེལ་དྷིཥྛ་ནྟུ་སྭཱཧཱ། འདིས་མེ་ཏོག་གཞག་ནས་ལག་པ་བཀུས་ནས་སྐད་ཅིག་གིས་རང་གི་ལུས་ལས་མཐོན་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཎྜལ་དུ་བཞུགས་པར་བསྒོམས་ལ་མཆོད་པར་བྱ་སྟེ། ཨོཾ་རཀྟ་ཡ་མཱ་ར་ཡ་བཛྲ་པེ་ཏ་ཏ?་ལཾ ་ཨཱ་ལིངྒི་ཏ་ཀནདྷ་རཱ་ཡ་ཨ(རྒྱུད་འགྲེལ་རཱ་ག་ཡ་མཱ་ར་གེ་བཛྲ་ས་ར་སྭསྟི་ཨཱ་ལིངྒི་ཏཾ། ཀནདྷ་ར་ཡ་ཨཱ(རྒྱུད་འགྲེལ་མེ་མཚམས་སུའོ། །ོཾ་སུ་བར་ཎ་གྷ་ཊཱ་ཡ་ཀཾ་རཱུ་རི་ཀཱ་པཱུ་ར་ཎ་ཡ་ཨཱ(རྒྱུད་འགྲེལ་ལྡན་དུའོ། །སྔགས་འདི་ཉིད་ཀྱིས་ཇི་ལྟ་བ་བཞིན་མངོན་པར་སྔགས་པའི་མཆོད་རྫས་བཅོམ་ལྡན་འདས་ལ་དབུལ་ལོ། །བསྟོད་པ་བསྡུས་པ་ཡང་བྱ་སྟེ། ཕྱག་བཙལ་ནས་བཟླས་པ་བྱས་ནས་གཤེགས་སོ། །ོཾ་མུ(རྒྱུད་འགྲེལ་ཀྱི་ལུས་ཁོ་ན་ལ་གཞུག་གོ་།དེ་ལ་འདི་ནི་བསྟོད་པའོ། །མ་ཧེ་དབང་ཕྱུག་ཆེན་པོ་ལྷ་བདག་པོ། །གཉུག་མར་གསུངས་པའི་དངོས་གྲུབ་མངའ་བདག་པོ། །སྡིག་པ་འཇིགས་རུང་བགེགས་རྣམས་འཇོམས་བདག་པོ། །གཤིན་རྗེའི་འཁྲུལ་འཁོར ་གསང་སྔགས་མཆོག་བདག་པོ། །དབྱུག་པ་དཀར་བསྣམས་དབྱུག་དཀར་བསམས་པ་པོ། །མི་ཐོད་ཕྱག་ན་མི་ཐོད་འཛིན་པ་པོ། །ཟུང་འཇུག་བདེ་ལྡན་ཟུང་འཇུག་བདེ་བ་པོ། །གཤིན་རྗེ་གསོད་མཛད་གཤིན་རྗེ་གསོད་པ་པོ། །མི་ཐོད་ཀླུ་ཡིས ་བརྒྱན་བྱས་འཇིགས་པ་པོ། །བཅོས་མའི་སྐུ་ལུས་སྤྲུལ་གཞི་མཛད་པ་པོ། །མཐར་བ་དེའི་གོ་འཕང་གནས་གཟུགས་འགོད་པ་པོ། །བརྟན་སྟེར་བློ་སྟེར་ཚེ་རིང་སྟེར་བ་པོ། །དེ་བཞིན་ཡིད་མཛད་ཕ་རོལ་ཕྱིན་པ་པོ། །ལྷན་སྐྱེས་བདེ་ཆེན་གཅིག་ཐུགས ་དགྱེས་པ་པོ། །ཐུགས་རྗེ་རོ་གཅིག་བསོད་ནམས་མཛད་པ་པོ། །ཐུགས་གསུང་བསྟོད་དགེའི་ལས་ཀྱི་ལམ་པ་པོ། །ཞབས་ལ་ལྷ་མོ་བཅོད་ཅན་བདུད་པ་པོ། །དགེགས་ཚོགས་མཛའ་དག་གོ་འཕང་བཅོམ་པ་པོ། །ནོར་སྟེར་སྐུ་མདོག་ཉི་ལྟར་དམར་པ?་པོ། ་བདེ་ཆེན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ནས་རྣམ་པར་དག་པ་བསྒོམ་པར་འདོད་ན། །དེའི་ཚེ་བསམ་གཏན་དང་སྔགས་བཟླས་པས་སྐྱོན་རྣམ་པར་དག་པ་བསྒོམ་པར་བྱའོ། །བསྒེགས་རྣམས་ཞི་ཕྱིར་བསྲུང་བར་བྱས། །དེ ་ཉིད་རྒྱུད་ནི་བྱམས་ལ་སོགས། །སྨོན་ལམ་འབྲས་བུ་རྙེད་པའི་ཕྱིར། །མཆོད་པ་བསོད་ནམས་འཕེལ་བྱའི་ཕྱིར། །ལྟ་བ་གཞོམ་ཕྱིར་སྟོང་པ་ཉིད། །རང་ལུས་མཆོག་ཏུ་ལྟ་བ་ཡི། །སངས་རྒྱས་ཞིང་ནི་རྣམ་དག་ཕྱིར། །རྒྱལ་བ་རྣམས་ཀྱིས་དཀྱིལ ་འཁོར་གསུངས། །གྲུ་བཞི་བདེན་བཞི་བསྒྲུབ་ཕྱིར་སྤྲུལ། །བདུད་བཞི་བཟློག་པའི་དོན་དུ་ནི། །སྒོ་བཞི་པོ་ནི་ཀུན་ནས་གསུངས། །ཟུར་བཞི་དག་ནི་ཚངས་པ་ཡི། །གནས་བཞི་རྫོགས་པར་བྱ་བའི་ཕྱིར། །སྒྱུ་འཕྲུལ་སྣ་ཚོགས་བསྒྲུབ་དོན་དུ། །ཀ་བ་བརྒྱད ་ཀྱིས་གསལ་བར་བཤད། །ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །དྲ་བ་དྲ་ཕྱེད་རིན་པོ་ཆེ། །བསྡུ་བའི་དངོས་པོ་བཞི་བསྒྲུབ་ཕྱིར། །རྟ་བབས་བཞི་པོ་ཁོ་ན་སྟེ། །ཕུན་སུམ་ཚོགས་པའི་རྒྱའི་ཕྱིར། །ས་བོན་ལ་སོགས་ཞུ་བའི་ཚུལ། །བྱམས ་སོགས་འབྲས་བུ་ལྟ་བའི་ཕྱིར། །ཙར་ཙི་ཀ་ལ་སོགས་པས་བསྐུལ། །གཤིན་རྗེའི་དགྲ་རུ་རབ་གྲགས་ཕྱིར། །གཤིན་རྗེ་གཤེད་གཟུགས་བསྒོམ་པའོ། །ཆགས་ཅན་སེམས་ཙམ་གདུལ་བྱའི་ཕྱིར། །སྐུའི་ཁ་དོག་དམར་པོའོ། །དུས་གསུམ་ཡེ་ཤེས ་གྲུབ་བྱའི་ཕྱིར། །སྤྱན་གསུམ་པར་ནི་བརྟགས་པའོ། །ཕྱག་གཉིས་གཉུག་མའི་ངོ་བོའི་ཕྱིར། །ཤེས་རབ་དེ་ཉིད་རྒྱུའི་ཕྱིར། །དབྱུག་པས་གདུག་པ་གདུལ་བའི་ཕྱིར། །བསྲུང་བའི་དོན་དུ་ཐོད་པ་ཕྱག་།གཡོན་བརྐྱང་ཤིན་དུ་རློམ་པའི་ཕྱིར། །ཀླུ་ནི་ཀླུ ་རྣམས་འདུལ་བའི་ཕྱིར། །གདུག་པ་སྡིགས་ཕྱིར་མགོ་བོའི་ཕྲེང། །མ་ཧེ་གདུལ་དཀའ་འདུལ་བྱེད་ཕྱིར། །ཁྲོ་བོ་ཤིན་དུ་ཆགས་སྦྱོར་ཕྱིར། །སྤོམ་པ་གང་བ་ཐོབ་པའི་ཕྱིར། །སྟག་ལྤགས་ལ་སོགས་ཁྲོ་བོའི་ཕྱིར། །སྐྲ་གྲོལ་བ་ནི་གྲོལ་བའི་ཕྱིར། ། ་སྙིང་རྗེའི་ངོ་བོ་རྟོགས་པའི་ཕྱིར། །སྐྱེས་པའི་གཟུགས་ནི་རྟག་ཏུ་བཤད། །ཤེས་རབ་གྲི་གུག་དངོས་པོ་དང། །དངོས་མེད་ལྟ་བ་བཟློག་པའི་ཕྱིར། །ལྷ་རྫས་བདུད་རྩི་མྱང་བ་ཡི། །རོ་དང་ལྡན་ཕྱིར་ཐོད་པའོ། །སྟོང་ཉིད་ངོ་བོ་རྟོགས་བྱའི་ཕྱིར། །བུད་མེད་གཟུགས་སུ་ཡང ་དག་བསྟན། །སྟོང་ཉིད་སྙིང་རྗེའི་སྦྱོར་བ་ལ། །གཉིས་ཀྱི་སྦྱོར་བ་བཤད་པའོ། །དབང་ཕྱུག་བརྒྱད་ཀྱིས་ཁྱབ་བདག་ཉིས། །ཕྱིར་ནི་དཀྱིལ་འཁོར་པ་རྣམས་བསྟན། །དེ་ཕྱིར་རྡོ་རྗེ་ཐུགས་བསྒྲུབ་ཕྱིར། འདི་ལ་རྣལ་འབྱོར་གཞན་ཡོད་མིན། །ཞེས་པའི་རྣམ ་བར་དག་པ་བསམ་པར་བྱའོ། །བཟང་པོའི་བློ་ཡིས་བདུད་ཀྱིས་བརྩོན་པས་སྤྲུལ་པའི་བརྗོད་པ་རྒྱ་ཆེན་ནུས་གྱུར་ཅིག་།དེ་ཉིད་དེ་ཉིད་རིགས་པས་ངེས་བྱས་འདི་ནི་སེམས་ཅན་དོན་རྣམས་བསྒྲུབ་བྱའི་ཕྱིར། །དཔལ་ལྡན་གཤིན་རྗེའི་དགྲ་ཡིས་རབ་བསྒྲགས ་རྒྱུད་ཚན་སྣ་ཚོགས་བླ་མ་དམ་པའི། །ཞབས་ལས་རྟོགས་ནས་ཐེ་ཚོམ་མེད་པའི་ཡིད་ཀྱིས་བསམ་པ་རྣམ་པར་དག་པས་བྱ། །དད་པ་མེད་པར་འབྲས་བུ་མི་འཐོབ་ཉིད། །དེས་ན་དད་པ་ཉམས་པ་ཉིད་མཾ་བྱ། །བློ་གྲོས་བཟང་པོ་མཁས་པས་སྒྲུབ་ཐབས ་མཆོག། དག་བྱས་གཤིན་རྗེ་གཤེད་དམར་སྐུར་གྱུར་ཅིག་།གཤིན་རྗེ་གཤེད་དམར་བསྒྲུབ་པའི་ཐབས། །བྱས་ལས་བསོད་ནམས་གང་བསགས་པ། །དེ་ཡིས་གཤིན་རྗེ་གཤེད་ཉིད་དེའི། །རྣལ་འབྱོར་མཆོག་ལ་བརྩོན་པར་ཤོག་།རང་བྱིན་གྱིས ་བརླབས་པའི་རིམ་པ་མན་ངག་དང་བཅས་པ་གཤིན་རྗེ་གཤེད་དམར་པོའི་མངོན་པར་རྟོགས་པ་རྫོགས།། །།སློབ་དཔོན་ཆེན་པོ་མཁས་ཤིན་དངོས་གྲུབ་བརྙེས་པ། །བློ་གྲོས་བཟང་པོས་མཛད་པ།། །། ་པཎྜི་ཏ་ཆེན་པོ་བླ་མ་རྗེ་བཙུན་ཉི་མ་འོད་ཟེར་གྱིས་ཞལ་སྔ་ནས། གུས་པས་མཉན་ནས་ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།གཤིན་རྗེ་གཤེད་དམར་པོའི་གསལ་བྱེད་བཞུགས་སོ།།)་།། ་