CLOSE WINDOW

N1678: gshin rje gshed dmar po maN+Dala du mchod pa'i cho ga zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མཎྜ་ལ་པུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ། །གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ཡ་ཐཱ་ཧི་ཛྲཱ་ཏ་མཱ་ཏྲེ་ཎ་སྣཱ་པཾ་ཏ(རྒྱུད་འགྲེལ་ཀཾ་ས་མ་ཡ། ཤྲི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་ཁྲུས་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་པུཥཔེ་མཧཱ་པུཥཔེ། སུ་པུཥཔེ་པུཥཔ། ཨུདྡྷ་བྷ་བེ། པུཥཔི་སཾ་བྷ་བེ། པུཥཔ་བ་ཀིརྞེ་སྭཱཧཱ། ཨོཾ་ཨཱ(རྒྱུད་འགྲེལ་དྲན་པ་ནི་བགེགས་བསྐྲད་པའོ། །ོཾ་ཧྲཱི(རྒྱུད་འགྲེལ་མ་ཀ་ག(རྒྱུད་འགྲེལ་གཡོན་པས་མེ་ཏོག་བླངས་ལ། ཨོཾ་སུ་རེ་ཁེ་སརྦབ་ཏ་ཐཱ་གོ་ཏཱ་དྷི་ཏིཥཐ་ནྟུ་སྭཱཧཱ། །ཞེས་པས་མཎྜལ་དུའོ། །ཕྱི་ནས་ཐོ་བ་གཤིན་རྗེ་གཤེད་ཀྱི་ས་བོན་གྱིས་དཀུག་སྟེ། མཎྜལ་གྱིས་དབུས་སུ་བསམས་ནས། བཅོམ་ལྡན་འདས་མཆོད་པར་བྱའོ། །ོཾ་བྷ ་ག་ཝན་ཤྲཱི་མན་རཀྟ་ཡ་མཱནྟ་ཀ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ཨོཾ་རཱ་ག་བ་ཏི་བཛྲ་པུཥཔེ་པྲ་ཏིཙྪ་སྭཱཧཱ། ཨོཾ་མོ་ཏཱནྟ་ཀྲི་ཏ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ཏི་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་དྭེ་ཥ་ར་ཏི་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཨིརཥ་རྟི་ཏ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་དཎྜ་ཡ་མཱནྟ་ཀ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ཨོཾ་ཁཌག་ཡ་མཱནྟ་ཀ་བཛྲ་པུཥཔེ་ཨ(རྒྱུད་འགྲེལ་ཨོཾ་ཀཱ་ལ་རུ་པ་སརྦབ་དུཥྚ་ས་ཏཱ་པ་དམ་ཀཾ་མ་ཧཱ་བྷུ་ཏཱ་པ་ཏཱི་མཾ་བ་ལིཾ་གྲིཧྞ་གྲིཧྞ་པ་ཡ་སྭཱཧཱ། གཏོར་མའི་སྔགས་སོ། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་དགྱེས་འཇིགས་པ་པོ། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ ་བསྟོད། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེའི་གཤེད་དགྱེས་འཇིགས་པ་པོ། །སེམས་ཀྱི་རྡོ་རྗེ་སོ་སོར་གསལ། །རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེ་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །གསུང་ཀུན་གྱི་ནི་མཆོག ་གི་མཆོག་།གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཐམས་ཅད། །སྐུ་ཡི་རྡོ་རྗེ་སོ་སོར་སྟོན། ལག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱིས་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད ་གཅིག་བསྡུས་པ། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག་།དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད། །ཅེས་པ་ཚིགས་སུ་བཅད་པ་ལྔས་བསྟོད་པ་བྱའོ། །ོཾ་ཛ་ཡ་ཛ་ཡ། སུ་ཛ་ཡ། བི་ཤྭ་རུ་པདྷ་རི་གཙྪ་གཙྪ། སྭ་བྷ་བ་ནཾ་ཀྲི་ཏཾ་ཏེ་ན་ཏ་ཐཱ་ཏཾ་ཤཙ ་སརྦབ་བུདྷཱཾ་ཤཙ་བི་སརྫ་ཡ་མ་མ་ཀརྱཾ་ཀུ་རུ་སྭཱཧཱ། གཤེགས་སུ་གསོལ་བའི་སྔགས་སོ། །ོཾ་བཛྲ་མཎྜ་ལ། མུ་ནེ་མུ་མུ་སུ་ན་རཱ་ག་མ་ན་ཡ་མུ(རྒྱུད་འགྲེལ་རྫས་ཀུན་བསལ་ཞིང་དོར་རོ། །རྣལ་འབྱོར་པས་འོད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། རྟག་ཏུ་རྒྱུན་མི་འཆད་པར་རང་གི་སྙིང་གར་ས་བོན་བསྒོམས་ཏེ། དེའི་རྗེས་སུ་ཡི་གེ་བརྒྱ་པའི་གཟུངས་ནི། ཨོཾ་ཡ་མཱནྟ ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་དྲི་ཌཧོ་མེ་བྷ་ག་སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨཱ་ནུ་རཀྟོ་མེ་བྷ་བ། སརྦ་སིདྷི་མ་པྲ་ཡཙྪ། སརྦབ་ཀརྨམ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ(རྒྱུད་འགྲེལ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨ(རྒྱུད་འགྲེལ་མཛད་པ་རྫོགས་སོ།། །།ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉི་མའི་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར ་བའོ།། །།མཁས་པའི་གཙུག་རྒྱན་ཆོས་ཀྱི་བཟང་པོ་ཡིས། །མ་བསྒྱུར་དེ་ཕྱིར་དེ་ཡི་ཕྱག་དཔེ་ལས། །ལེགས་པར་བསྒྱུར་འདི་དེ་ཡི་གསུང་རབ་ལ། །དད་པའི་བློ་ལྡན་རྣམས་ཀྱིས་སྤྱི་བོས་ལོང། །ས་ཡི་སྟེང་དུ་ཉི་ཟླ་ལྟར ་གྱུར་ཅིག། །།རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་རཀྟ་ཡ་མཱ་རིཥཙ་པཱུ་ཛ་བི་དྷི།། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོ་དང་གཤིན་རྗེ་གཤེད་དམར་པོའི་མཆོད་པའི་ཆོ་ག། དཔལ་གཤིན་རྗེ་གཤེད་ལ་ཕྱག ་