| Wylie | e-texts based on the ACIP/ALL Input |
པ་རྫོགས་སོ།། །།དྷརྨ་ཎ་ཨཱ་ཙཨཱརྱ་དང། །གློ་བོ་ལོ་ཙ་བས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་སཱ་དྷ་ནི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། །གཤིན ་རྗེའི་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ོཾ་ཧྲཱི(རྒྱུད་འགྲེལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་བསྒོམས་ཏེ། །དེའི་འོད་ཟེར་གྱིས་གཤིན་རྗེའི་དགྲ་དམར་པོ་དང། །བླ་མ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཀུག་པ་ལ་དམིགས་ཏེ། །མེ་ཏོག་ལ་སོགས་པ་རྣམས་ཀྱིས ་ཡང་དག་པར་མཆོད་པ་དང། ཕྱག་འཚལ་བ་དང། སྡིག་པ་བརྗོད་པ་ལ་སོགས་པ་བྱའོ། །དེ་ནས་ཁམས་གསུམ་པའི་བདག་ཉིད་རྣམས་སྒྱུ་མ་དང། རྨི་ལམ་དང། མིག་འཕྲུལ་དང་ཚུངས་པར་དམིགས་ལ། སྟོང་པ་ཉིད་རྣམ་པར་བསམ་པར ་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷུ་ཨཱཏྨ་ཀོ་ཧཾ། ཞེས་པས་སེམས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཧཱུཾ་ངམ། ཨི་ཡིག་དམར་པོར་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། །དེའི་སྟེང་དུ་ཧཱུཾ་ཡིག་དམར་པོ། །དེ་ཡོངས་སུ་གྱུར་པ་ལས ་མི་མགོ་རློན་པས་མཚན་པའི་དབྱུག་པ་དཀར་པོ། དེའི་དབུས་སུ་ཨཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། །དེའི་དབུས་སུ་ཧཱུཾ་ཡིག་དམར་པོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། །གཤིན་རྗེ་མཐར་བྱེད་པའི་གཤིན་རྗེ་གཤེད ་ཀྱི་བདག་ཉིད་དུ་བསམ་པར་བྱའོ། །སྐུ་མདོག་དམར་པོ་གཡོན་བརྐྱང་བའི་ཞབས་ཀྱི་བཞུགས་པ། །མཆེ་བ་གཙིགས་ཤིང་ཞལ་འགྱུར་ཞིང། ལྗགས་འགྱུར་བ་དྲག་པོ། །ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ ་འབར་བ། །མགུལ་ལ་མི་མགོའི་ཕྲེང་བ་དང། སྟག་གི་པགས་པའི་ཤམ་ཐབས་ཅན། །རྒྱན་ཁ་དོག་དམར་པོ་སྣ་ཚོགས་ཅན་ནོ། །ཤེས་རབ་མ་གཡས་བརྐྱང་པའི་ཞབས་ཀྱིས་མཚན་པ་ཕྱོགས་སུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན ་འདས་ཀྱི་ཐུགས་ཀར་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལ་ཉི་མ། །དེའི་སྟེང་དུ་ཧཱུཾ་ཡིག་།དེ་ཡོངས་སུ་གྱུར་པ་ལས་མི་མགོ་རློན་པས་མཚན་པའི་དབྱིག་པ་དཀར་པོ་ངེས་པར་བསྒོམ་པར་བྱའོ། །དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ ་གནས་པའི་ཧཱུཾ་ཡིག་དམར་པོ་རྣམ་པར་བསམ་པར་བྱའོ། །དེ་ནས་གསང་བ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསམ་པར་བྱའོ། །བཅོམ་ལྡན་འདས་མའི་གསང་བ་ལས་པད་མ་འདབ་མ་བརྒྱད་པ་ལ་ཨམ་ཡིག་དམར་པོས་མཚན ་པའོ། །དེའི་རྗེས་སུ་སོགས་བརྗོད་པར་བྱ་སྟེ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ། དེའི་རྗེས་སུ་ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲི(རྒྱུད་འགྲེལ་ཞལ་གཅིག་ཕྱག་གཉིས་པ། གཡོན་པའི་ཕྱག་གིས་ཁྲག་གི་གང་བའི་ཐོད་པ་དང། གཡས་ཀྱིས་མགོ་བོས་མཚན་པའི་དབྱུག་པ་དཀར་པོ་འཆང་བ། མ་ཧི་ཤ་དང། སྣ་ཚོགས་པདྨའི་སྟེང་དུ་གཞུགས་པ་བསྒོམ་པར་བྱའོ། །ཤེས་རབ་མ་དགའ་བས ་མྱོས་པ། མགུལ་པ་ཐོད་པ་སྐམ་པོ་ཅན། །ཞལ་གཅིག་ཕྱགས་གཉིས་མ། །བཅོམ་ལྡན་འདས་དང་ཞལ་སྦྱོར་བས་བཞུགས་པ། དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །ཐུན་གསུམ་མམ། ཐུན་བཞི་རྣམ་པར་བསྒོམས་ལ་གཏོར ་མ་སྦྱིན་པར་བྱ་སྟེ། བྲུཾ་ཨཾ་ཛཾ་མཾ་ཧཱུཾ། དམ་ཚིག་བྱིན་གྱིས་བརླབ་པའི་སྔགས་སོ། །ོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦབ་ཡཀྵ་རཀྵཱ་ས་བྷཱུ་ཏ་བྲེ་ཏ་པི་ཤཱ་ཙོནམ་ད་ཀུམྦྷ་ཎྜཱ་པ་སྨཱ་ར་ཌ་ཀ་ནྱི་ད་ཡ། ཨི་དཾ་གྲིཧྞནྟུ། སརྦབ་སིདྡྷི་པྲ་ཡ་ཙྪནྟུ་ཡ་ཐེཥྚཾ་བྷུཉྫ་ཐ་པི་བ་ཐ་ཛི་གྲ་ཐ་མ་ཏི། ཀྲ་མ ་ཐ་སརྦབ་སིདྡྷི་ཡེ་སཧ་ཡི་ཀ་བྷ་བཏུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །ལས་དང་རྗེས་སུ་མཐུན་པའི་ཁ་དོག་དམར་པོ་དང། ནག་པོ་དང། སེར་པོ་དང། དཀར་པོའི་སྐུ་བསམ་པར་བྱའོ། །དེ་ནས་བཟླས་པ་རྗེས་སུ ་དྲན་པར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་བུ་རེངས་པ་ལ་སོགས་པའི་ལས་རབ་འབྱམས་རྣམས་ཀྱི་ནང་དུ་གཞུག་གོ་ཞི་བ་ལ་གི་ཝང་གིས་བསྲུང་བར་འགྱུར་ཏེ། དར་དང། རས་དང། གྲོ་ག་དཀར་པོ་དང། སྨྱུག་མ་འམ། ཤུན་པའི་རས་བཀྲུས་པ་ལ་འཁོར་ལོ་གཉིས་མངོན་པར་བྲིས་ལ། ་ནཱ་མའི་ཡི་གེའི་ནང་གཞུག་གོ་།གཞི་ནག་པོ་སོགས་པ་དང་བྲལ་བའི་རྫ་ཁ་སྦྱར་བའི་གནས་སུ་བུར་མ་དང། སྦྲང་གི་ནང་དུ་བཅུག་སྟེ། སྐུད་པ་དཀར་པོས་དཀྲིས་ནས་ཐུན་གསུམ་དུ་མེ་ཏོག་དཀར་པོས་མཆོད་ནས། །ཁ་ཤར་དུ་མངོན་དུ་ཕྱོགས་ལ་ ་གཤིན་རྗེ་མཐར་བྱེད་སྐུ་མདོག་དཀར་པོའི་རང་བཞིན་དུ་གསལ་བར་བསྒོམས་ནས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་བསྒྲུབ་བྱ་ལྟས་ལ། །བུམ་པ་དཀར་པོ་ཟླ་བ་ལྟར་དཀར་བའི་བདུད་རྩིས་གང་བའི་དབང་བསྐུར་བར ་བསམས་ནས། བཟླས་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་མངོན་པར་བྲིས་ཏེ། པཽཥ་ཊའི་ཡི་གེ་དང་བཅས་པ་མར་དང། སྦྲང་རྩི་ནང་དུ་བཅུག་ལ། རྫ་ཁ་སྦྱར་དུ་གནས་པ་ལ་སྐུད་པ་སེར་པོས་དཀྲིས་ནས་ཐུན་གསུམ་དུ་མེ་ཏོག་སེར་པོས་མཆོད། །བྱང་དུ་ཁ་བལྟས་ལ་གཤིན་རྗེའི་གཤེད་སྐུ་མདོག་སེར་པོའི ་སྐུར་དམིགས་ལ། ཟླ་བ་ཁ་དོག་སེར་པོ་ལ་གནས་པའི་བསྒྲུབ་བྱ་ལ་གསེར་གྱི་བུམ་པ་སེར་པོ་དང། བདུད་རྩི་སེར་པོ་རྣམས་ཀྱིས་དབང་བསྐུར་བར་བསམས་ལ། སྔགས་ཀྱི་བཟླས་པ་བྱ་བ་ནི། །ོཾ་ཧྲཱི(རྒྱུད་འགྲེལ་དེ་བ་དཏྟ་སྱ་པུཥྚིཾ་ཀུ་རུ་བཽ་ཥ་ཊ་སྭཱཧཱ། རྒྱས་པའི་ཆོ་གའོ། །གྲོ་ཁའི་རས་ལ་རྒྱ་སྐྱེགས་སམ། ཙན་དན་དམར་པོའི་ཁུ་བ་འམ། མིང་མེད་ཀྱི་ཁྲག་དང་བསྲེས་པས་འཁོར་ལོ་གཉིས་མངོན་པར་བྲིས་ཏོ། ཧོ(རྒྱུད་འགྲེལ་ནང་དུ་བཅུག་ལ། ཡོངས་སུ་ཆོས་པའི་རྫ་ཁ་སྦྱར་གཞག་པ་ལ་མར་དང་སྦྲང་རྩི་ནང་དུ་བཅུག་ལ། མེ་ཏོག་དམར་པོ་རྣམས་ཀྱི་མཆོད། །ནུབ་ཏུ་ཁ་བལྟས་ལ་གཤིན་རྗེའི་གཤེད་དམར་པོའི་གཟུགས་སུ་བསམས་ནས། ཟླ་བའི་དཀྱིལ ་འཁོར་དམར་པོའི་དབུས་སུ་གནས་པའི་བསྒྲུབ་བྱ་བསམས་ལ། རང་གི་ལུས་ལ་འཕྲོས་པའི་འོད་ཀྱིས་དབང་བསྐུར་བས་མྱོས་པར་གྱུར་ཏེ། །རྐང་པ་གཉིས་ཀྱི་མདུན་དུ་འགྱེལ་བར་བསམས་ཏེ། སྔགས་བཟླས་པ་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟཾ་སྱ་ཀྲི་ཏེ་ཡཛྙཱ་དཏྟཾ་བ་ཤྱཾ་ཀུ་རུ་ཧོ(རྒྱུད་འགྲེལ་དཏྟ་པ་ཤྱ་ཀུ་རུ་ཧོ(རྒྱུད་འགྲེལ་ནང་དུ་བཅུག་ལ། བུད་མེད་ཀྱི་ཐོད་པ་ཁ་སྦྱོར་དུ་གཞག་ལ། མེ་ཏོག་དམར་པོས་མངོན་པར་མཆོད། །རྒོངས་ཐུན་གྱི་ཉི་མ་དང་འདྲ་བའི་གཤིན་རྗེ་མཐར་བྱེད་ཀྱི་སྐུ་དམར་པོ། །ལྕགས་ཀྱུ་དང་ཞགས་པ་འཛིན་པ་བདག་ཉིད་ཀྱིས་བསམས་ནས། ་དེའི་སྙིང་ལྕགས་ཀྱུས་ཕུག་།སྐེ་ལ་ཞགས་པས་བཅིངས་ནས་འོང་བར་བསམས་མོ། །གལ་ཏེ་མི་འོང་ན་དེ་ལ་སེང་ལྡེང་གི་མེས་གདུང་བར་བྱའོ། །སྔགས་བཟླས་སོ། །ལས་རབ་འབྱམས་རྣམས་ནི་རྒྱུད་དུ་ཤེས་པར་བྱའོ། །གཤིན་རྗེའི་གཤེད ་དམར་པོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་འཛིན་ཀྱི་མཛད་པ་རྫོགས་སོ།། །།ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉི་མའི་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན ་ས། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བའོ། །དཔལ་ལྡན་ཡོན་ཏན་སྒྲ་ཡི་ཆོས། །བཟང་པོ་རྟོགས་པའི་སྐད་གཉིས་པ། །དེ་ཡི་དཔེ་ལ་བསྒྱུར་བ་འདི། །མཐར་བྱེད་ལ་མཁས་སྐྱེ་བོས་ཟུང། །སའི་སྟེང་དུ་ཉི་ཟླ་ལྟར་གྱུར་ཅིག། །། ་