CLOSE WINDOW

N1675: dpal gshin rje gshed dmar po'i dkyil 'khor gyi cho ga
Wyliee-texts based on the ACIP/ALL Input

པས་མཉན་ནས། །མང་ཡུལ་གྱི་བཟོ་གནས་ཆེན་པོར་བསྒྱུར་ཅིང་ཞུས་བཏན་ལ་ཕབ་པ།། (།།དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་འཛིན་གྱི་མཛད་པ་བཞུགས་སོ།།)་།རྒྱ་གར་སྐད་དུ། ཤྲཱི་ཡ ་མཱ་རི་རཀྟ་མཎྜ་ལོ་པ་ཡི་ཀཱ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་།བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་ཀྱིས་བདག་ཉིད་དཔལ། །གཤིན་རྗེ ་གཤེད་ཀྱི་དཀྱིལ་འཁོར་གཙོ་དེ་ལ་བཏུ་དེ་དཀྱིལ་འཁོར་གྱི། ཆོ་ག་མདོར་བསྡུས་དྲན་ཕྱིར་བརྗོད། །དང་པོ་ཚངས་པའི་གནས་བཞི་དང་ལྡན་ཞིང་འགྲོ་བ་འདོན་པའི་བསམ་པ་ཅན་གྱི་རྣལ་འབྱོར་བས་བདག་ཉིད་གྲུབ་པའི་ཕྱིར་རམ། །གཞན་གྱིས་ལན ་གཉིས་ལན་གསུམ་དུ་གསོལ་བ་བཏབ་པ་དེ་རྗེས་སུ་བཟུང་པའི་ཕྱིར། །གལ་ཏེ་དཀྱིལ་འཁོར་བྲི་པར་འདོད་ན། །དེའི་ཚེ་རྣལ་འབྱོར་བཞི་སྔོན་དུ་འགྲོ་བས་སྔོན་དུ་བསྙེན་པ་བྱས་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་སྔགས ་འབུམ་བཟླས་ཤིང། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ཁྲི་བཟླས་པ་འམ། བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བའི་མཚན་མ། །ཐོབ་པ་འམ། རང་གི་སེམས་དག་པས་བརྟན་པར་བྱས་པས་བྲི་བར་བྱའོ། །དེ་ལ་ཆོ་ག་བཞིན ་དུ་བསྒྲུབ་པའི་དཀྱིལ་འཁོར་གྱི་ཁང་ཁང་པར་དཀྱིལ་འཁོར་གྱི་འདུས་བྱས་ལ། གཏོར་མ་ཕུལ་ལ། མཆོད་པའི་ཡོ་བྱད་སྣ་ཚོགས་དང་གྲོགས་ལྡན་པས། རྣལ་འབྱོར་བཞིའི་བདག་ཉིད་ཀྱིས། ཨོཾ་བྷུཾ་ཥཾ་ཞེས་པའི་སྔགས་ཀྱིས ་ནམ་མཁའ་ཨི་རང་བཞིན་དུ་བྱས་ལ། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་འདིས་ནོར་འཛིན་རྡོ་རྗེའི་རང་བཞིན་ཅན། །ོཾ་མེ་དཾ་ནི་བཛྲི་བྷ་བ་བཛྲ་བནདྷ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ་པོ། །རང་བཞིན་གྱིས་རྣམ་པར་དག་པའི་ས་གཞི་དེར་གཤིན་རྗེ་གཤེད་དམར ་པོའི་ངོ་བོ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་འགྱིང་པས་བསྣམས་པ་ལ་སློབས་གཏི་མུག་གི་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་ལག་ན་རྡོ་རྗེ་དང་དྲིལ་བུ་ཐོགས་པ་བཞིས་གསོལ་བ་གདབ་པར་བྱ་སྟེ། གཏི་མུག ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་བདག་ཉིད། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་གསལ ་བས། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་འདོད་ཆགས་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག་།གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད།།? ་གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག་།དཀྱིལ ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་ཐམས་ཅད་ཟད་མཛད་པ། །མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ་རྣམས་ཀྱི་དབྱངས ་གཅིག་གིས་གསོལ་བ་གཏབ་པར་རིག་ནས། །འཇིག་རྟེན་གྱི་ཁམས་མཛའ་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བ་ལ་བལྟས་ཏེ། ཉོན་མོངས་པ་ལ་སླར་ཁྲོ་བས་ཧཱུཾ་བཛྲོ་ཏིཥྛ་ཞེས་པའི་སྔགས་ཀྱིས་རང་གི་འཁོར་ལོ ་བཏེག་ལ། རྣལ་འབྱོར་པས་ཡི་གེ་མས་མིག་གཡོན་པ་ཟླ་བ་དང། ཡི་གེ་ཊས་མིག་གཡས་པ་ཉི་མར་བྱས་པས་ཕྱོགས་ཐམས་ཅད་དུ་གསལ་བར་བྱས་ནས་འཇིག་རྟེན་གསུམ་ལ་གསལ་བར་བལྟ་ཞིང། །རྐང་པའི་འོག་ཏུ་རྡོ་རྗེ ་འབར་བ་བསྒོམས་ལ་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་བར་བརྩོན་པས་རོལ་པའི་རྡོ་རྗེ་འགྲོས་ཀྱི་གར་གྱིས་འཁོར་ལོའི་ས་བཞི་བསྐོར་བར་བྱ་སྟེ། ཧྲཱི(རྒྱུད་འགྲེལ་དག་དང། བགེགས་ཀྱི་དཀྱིལ་འཁོར་རྣམས་བསྐྲད་པར་བྱས་ཏེ། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག་པ་ནི་དཔལ་ལྡན་རྡོ་རྗེ་འཆང། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེའི་གཟུགས་ནི ་འབར་བ་ཡི། །ལུས་གསུམ་ལས་སྐྱེས་དགས་པར་བྱས། །གལ་ཏེ་ཁ་ཅིག་བདག་ལས་འདའ་། །འཇིག་པར་འགྱུར་གྱིས་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང། །རིན་པོ་ཆེ་དང་པད་མ་དང། །རལ་གྲི་བཅུག་ལ་ཀླག་པར ་བྱའོ། །ས་ཡོངས་སུ་བཟུང་བའི་མཇུག་ཐོགས་སུ་བགེགས་མེད་པར་བྱ་བའི་ཕྱིར། །ཕུར་བུས་གདབ་པར་བྱའོ། །དེ་ལ་ཕུར་བུས་གདབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ(རྒྱུད་འགྲེལ་ལན?་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་མ་བཛྲ་དྷཱ་རཱ་ཛྙཱ་བ་ཡ་ཏི། སརྦབ་བིགྷྣཾ་ཀཱ་བེ་བཱིཀྩཏྟ། བཛྲ་ཀཱི་ལ་ཧཱུཾ་ཕཊ། སྨད་ཕུར་བུའི་རྣམ་པ། སྟོང་རལ་གྲི་གཤིན་རྗེ་གཤེད་ཀྱིས་བགེགས་རྣམས་ལ་ཕྱོགས་མཚམས་ཐམས་ཅད་དུ་ཕུར་བུས་གདབ་པར ་བྱའོ། ས་ཡོངས་སུ་བཟུང་བའོ། །འདི་ལྟར་ས་གཞི་བགེགས་མེད་པར་བལྟས་ལ། འབར་བའི་འོད་ཟེར་རྣོན་པོས་མཚམས་ལ་སོགས་པ་བཅིང་བ་བྱས་ནས། དེར་བ་མ་ལས་བྱུང་བའི་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ་ལུས?་ཕྱེད་འཐོན་པ། ཕྱག་གཡས་པ་དམ་བཅའ་བ་ཁས་ལེན་པའི་ཕྱག་རྒྱ་དང། གཡོན་པས་བུམ་པ་འཛིན་པ་སྤྱན་དྲངས་ལ། མེ་ཏོག་དང་དྲི་བཟངས་ལ་སོགས་པ་སྣ་ཚོགས་པ་ལ་སོགས་པས་མཆོད་ལ་ལྷག་པར་གནས་པར་བྱ་སྟེ། ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྡེ།?་།བཅོམ ་ནས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་བྱས་པ་ལན་གསུམ་བརྗོད་དེ། །ཡང་དག་པར་མཆོད་ལ་དེ་ནས་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ། །སའི་ལྷ་མེ་ལྷག་པར་གནས་པར་བྱའོ། །དེ་ནས་ཡང་དེར་དྲིས་ཏེ་བར་བྱུགས་པ་ལ་མེ་ཏོག་བཅལ་དུ ་བཀྲམ་ལ། །ལྷ་རྣམས་ཀྱི་གནས་སུ་ཙན་དན་ལ་སོགས་པས་དཀྱིལ་འཁོར་བྱས་ལ། །དེར་སྙིང་གའི་ཡེ་ཤེས་ཀྱིས་འོད་ཟེར་གྱི་འཁོར་ལོ་སྤྱན་དྲངས་ལ། །མཚམས་བཅིང་བ་ལ་སོགས་པ་བྱ་སྟེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། ་དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་ཕོར་བཏེགས་ལ་འཁོར་ལོའི་དབང་ཕྱུག་དང། སངས་རྒྱས་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། རིག་པའི་རྒྱལ་པོ་ཆོ་ག་ཁྱོད་ལ ་འདུད། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བ་མཛད་པར་རིགས།། ་སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གཞན་ཡང་གང་དག་གསང་སྔགས་ལ། །ལྷ་དང་འཇིག་རྟེན་སྐྱོང་བ་དང། །འབྱུང་པོ་བྱང་ཆུབ་བསྟན་གནས་དང། །སེམས་ཅན་བསྟན་ལ་མངོན་དགའ་བ། ། ་བྱང?་དུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག་།གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེས་བདག་སློབ་མར་བཅས་པ་ལ ་རྗེས་སུ་བརྩེ་བ་ཉེར་བཟུང་ནས། །འདུས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནང་བར་མཛད་པའི་རིགས། །དེ་ལྟར་ལན་གསུམ་བྱས་ནས་འཁོར་ལོ་དེ་ཡང་དག་པར་མཆོད་དེ། །ནམ་མཁར་དགོད་པར་བྱའོ། །ལྷ་ལྷག་པར་གནས་པའོ། །དེ་ནས་རྣལ ་འབྱོར་བ་ཡི་ཡི་གེ་ཛ(རྒྱུད་འགྲེལ་ཆ་ཅན་གྱི་སྲད་བུ་དྲི་བཟངས་ཀྱིས་བྱུགས་པ་ལ། རལ་གྲི་གཤིན་རྗེ་གཤེད་སྐུད་པ་འཛིན་པ་དང། །ལྷན་ཅིག་འབར་བའི་ལྟ་སྟངས་ཀྱིས་ལྕགས་ཀྱུས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས། །ོཾ་དཱི་བ་ཏ་དྲི་ཥྚི?་ཨཾ་ཀུ་ཤ་ཙ་ན? ་ཞེས་པའི་སྔགས་ཀྱིས་བཅུག་ནས། ཨོཾ་ཨཱ(རྒྱུད་འགྲེལ་དྱནྟཱ?་ནུ་པྲ་བིཥྚ(རྒྱུད་འགྲེལ་འདུག་ལ་ཤར་དུ་ཁ་བལྟས་ཏེ་ཤར་དུ་འདུག་ཅིང་ནུབ་ཏུ་ཁ་བལྟས་པ་དང། ལྷན་ཅིག་ནམ་མཁའ་ཨི་ལྷན་ཅིག་ནམ་མཁའ་ཨི་ཐིག་གདབ་པར་བྱའོ། །སླར་འོག་གི་ཐིག་གདབ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྦྱོན་ཅིག་།ཅེས་པའི་ཐིག་སྐུད་ཀྱི་སྒྲས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཞིང་ཤར་ནུབ་ཀྱི་ཚངས་པའི་ཐིག་གདབ་པར་བྱའོ། །བྱང་དུ་ཁ་བལྟས་པས་ལྷོར་ཁ་བལྟས་པ་དང། །ལྷན ་ཅིག་ལྷོ་བྱང་གི་ཚངས་ཐིག་གདབ་པར་བྱའོ། །མེར་འདུག་ཏེ་གནོད་སྦྱིན་དུ་ཁ་བལྟས་པ་དང། དབང་ལྡན་དུ་གནས་ཏེ་ཡི་དགས་སུ་ཁ་བལྟས་པས་ཤར་གྱི་རྩ་བའི་ཐིག་གོ་།རླུང་དུ་འདུག་ལ་ཡི་དགས་སུ་ཁ་བལྟས་པ་དང། བདེན་བྲལ ་དུ?་གནས་ནས་གནོད་སྤྱིན་དུ་ཁ་བལྟས་པས་ནུབ་ཀྱི་རྩ་བའི་ཐིག་གོ་།རླུང་དུ་འདུག་ལ་དབང་པོར་ཁ་བལྟས་པ་དང། དབང་ལྡན་དུ་གནས་ནས་ཀླུར་ཁ་བལྟས་པས་བྱང་གི་རྩ་བའི་ཐིག་གོ་།མེར་འདུག་ལ་ཀླུར་ཁ་བལྟས་པ་དང། བདེན ་བྲལ་དུ་གནས་ནས་དབང་པོར་ཁ་བལྟས་པས་ལྷོའི་རྩ་པའི་ཐིག་གོ་།ཆོ་ག་འདི་ཉིད་ཀྱིས་ཚངས་པའི་ཐིག་དག་གི་གཞོགས། །གཉིས་སུ་ཐིག་བདུན་བདུན་ནོ། །རྩ་བའི་ཐིག་གི་ཕྱི་རོལ་ཏུ་ཐིག་དྲུག་དྲུག་གོ་།ཕྱི་ནས་རྟ་བབས་ཀྱི་རྗེས་སུ་མཐུན་པའི་ཐིག་གོ། ་ཟུར?་ཐིག་གཉིས་ཀྱང་ངོ། །དེ་ནས་ཐིག་སྐུད་གཉིས་ལྟབ་དུ་བྱས་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡས་སྐོར་དུ་འཁོར་ལོའི་རྣམ་པའི་རྡོ་རྗེའི་ཕྲེང་བའི་ཐིག་གཉིས་གདབ་པར་བྱས་ཏེ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ ་མོས་པ་བྱས་ཞིང་ངོ། །འདིར་མཚན་མ་མིན་པས་མི་འགྲུབ་སྟེ། ཐིག་སྐུད་ཆད་ན་བླ་མ་ཉམས། །ལྷག་ཆད་སྐྱོན་གྱི་ནད་དུ་འགྱུར། །ཕྱོགས་འཁྲུལ་ན་ནི་སློབ་མ་འཁྲུལ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཐིག ་བཞི་དང་པོ?་ཡང་དག་ལྡན། །དྲ་བ་དྲ་ཕྱེད་དར་དང་ནི། །མེ་ཏོག་ཕྲེང་ལ་སོགས་པས་བརྒྱན། །གྲཝ་ཡི་ཆ་ནི་ཐམས་ཅད་དང། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་རོ། །ནང་དུ་ནི ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་པོ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །དེ་ནས་སྒོའི་བར་དུ་རྩེ་མོ་ལྡར་ལྡར་རྗེས་སུ་མཐུན་པའི་ཆ་དབྱེའོ། །ཡི་གེ་ཧྲཱི(རྒྱུད་འགྲེལ་བརྒྱན?་ཆ་རུ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡེ། །སྟེགས་བུ་ཆེན་པོ་དོར་ནས་ནི། །སྒོ་ཁྱུད་སྒོ་ལྟར་ཤེས་བྱ་སྟེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །རོལ་མོ་ལ་སོགས་གླུ་གར་གྱི། །རྡོ་རྗེ་ལྷ་མོ་ཡང་དག་ལྡན། །སྟེགས ་སུ?་སྒོ་ཡི་ཕྱེད་ཡིན་ཏེ། །འགྲམ་དང་ལོགས་ཀྱང་དེ་བཞིན་དུ། །དྲ་བ་དྲ་ཕྱེད་ཉི་ཟླ་དང། །མེ་ཏོག་ཕྲེང་བའི་སྣམ་བུ་ཡང། །རྩ་བའི་ཐིག་གི་ས་ཡི་ཕྱིར། །རྡུལ་ཚོན་ས་ཡིད་དེ་ཡི་ཕྱེད། །རིན་ཆེན་ཀ་སོགས་སྣམ་བུ་ཡི། །ས་གཞི་ཚོན་གྱིས་དང་མཉམ། ་རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་དྲིལ་བུ་དག་དང་ལྡན། །དྲིལ་བུ་དང་བཅས་རླུང་གིས་བསྐྱོད། །བ་དན་ཕྱི་ཡི་མཚམས་སུའོ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག་།ཁྲུ་གང་ནས་ནི ་བརྩམས་ནས་ནི། ཇི་སྲིད་ཁྲུ་ནི་སྡོང་གི་བར། །ཐིག་གདབ་པའོ། །དེ་ལྟར་རིམ་པ་འདིས་ཐིག་བཏབ་ནས། །སྔ་མའི་རིམ་པ་ཁོ་ནས་འབར་བའི་ལྟ་སྟེངས་ཀྱིས། །རྡུལ་ཚོན་རྣམས་ཡང་དག་པར་གཟི་བརྗིད་བསྐྱེད་ལ་མངོན་པར་བསྔགས་པར་བྱས་ཏེ། ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དེ་ནས་རང་བཞིན་ཉིད་ཀྱིས་དག་པའི་གཤིན་རྗེ་མཐར་བྱེད་དམར་པོའི་རྣལ་འབྱོར་བ་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པས་འཁོར་ལོའི་ནང་དུ་འདུག་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡོན་པའི་ཁུ ་ཚུར་གྱིས་དགྱེ་བར་བྱས་ཏེ། །དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང། །ནག་པོའི་བར་དུའོ། །རེ་ཁཱ་སྒོའི་ཉི་ཤུ་ཆར?་མཉམ་པར་སྦོམ་ཕྲ་ལ་སོགས་སྐྱོན་མཛའ་དག་དང་བྲལ་བར་དགྱེ་བར་བྱའོ། །དེ་ལ་སྦོམ་པར་བཀྱེ་ན་ནད་དོ།། ་ཕྲ་མོར་བཀྱེ་ན་ནོར་འཇིག་གོ་།ཡོན་པོས་འཁོན་འབྱུང་ངོ། །བར་དུ་ནས་ཙམ་གྱི་རེ་ཁ་དགྱེ་བར་བྱའོ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡིན་པར་བཤད། །ིནཌ་ནཱི་ལ ་འོད་འབར་ལྡན། །དབུས་ཀྱིས་གཞི་ཡང་དག་བྲི། །དེ་ལྟར་དཀྱིལ་འཁོར་ཀུན་ནས་བྲིས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའོ། །དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་དབྱུག་པ་དཀར་པོ་མི་མགོ་སེར་པོས་མཚན་པའོ། །ཤར ་གྱི་རཱའི་རྩ་བར་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྟོའི་རྭའི་རྩ་བར་ཉི་མ་ལ་གནས་པའི། །རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ། །ནུབ་ཀྱི་ནའི་རྩ་བར་ཉི་མ་ལ་པདྨ་དམར་པོའོ། །བྱང་གི་རྭའི་རྩ་བར་ཉི་མ་ལ་རལ་གྲི ་ལྗང་གུའོ། །སྣ་ཚོགས་རྡོ་རྗེའི་མེ་མཚམས་སུ་འཁོར་ལོའོ། །བདེན་བྲལ་གྱིས་མཚམས་སུ་རྡོ་རྗེའོ། །རླུང་གི་མཚམས་སུ་པདྨའོ། །དབང་ལྡན་དུ་རལ་གྲིའོ། །ཤར་སྒོར་རྡོ་རྗེའི་ཐོ་བ་རྭ་ཉི་ཤུ་པའོ། །ལྷོ་སྒོར་དབྱུག་པ་དཀར་པའོ། ནུབ་སྒོར་པདྨ་དམར་པོའོ། ། ་བྱང་སྒོར་རལ་གྲིའོ། །དཀྱིལ་འཁོར་གྱི་ཟུར་བཞིང་ཐོད་བ་བཞི་བྲི་བར་བྱའོ། །ལོགས་བཞིར་བུམ་པ་བརྒྱད་དོ། །རྡུལ་ཚོན་དགྱེ་བའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་བལྟས་ལ་རྣལ་འབྱོར་པས་རང་སྣང་གི་ཡན་ལག་གི་སྦྱོར་བས་སངས་རྒྱས་རྣམས ་བདག་ཉིད་ལ་བཅུག་ལ། སེམས་དེས་ནམ་མཁའ་ཨི་ཁམས་ཁྱབ་པར་བྱས་ནས། དཀྱིལ་འཁོར་བསྐྱེད་དེ། །ཕྱུང་ལ་གནས་ཇི་ལྟ་བར་བཞག་ལ་སྦྱན་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང། །དབང་བསྐུར་བྱས་ལ་ཡེ་ཤེས་ཀྱི་འཁོར ་ལོ་སྤྱན་དྲངས་ཏེ། །མཆོད་ཡོན་ལ་སོགས་པ་ཕུལ་ནས། ཁྲོ་བོ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང། དབང་དུ་བྱས་ཏེ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་བཟླས་ཤིང་བསྒོམས་པས་མཉེས་པར་བྱའོ། །ཕྱོགས ་སྐྱོང་རྣམས་ལ་ཡང་གཏོར་མ་དང་མཆོད་པ་ཕུལ་ནས་རང་ཉིད་དཀྱིལ་འཁོར་ལ་དམིགས་ཏེ་ཕྱག་བྱའོ། །དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་གཙོ་བོ་དང་དཀྱིལ་འཁོར་ཐོད་པ་དང་བཞི་སྟེ། བུམ་པ་བཅུ ་བདུན་དང། སླར་ལས་ཐམས་ཅད་པ་རྣམས་མཚན་མས་མཚན་ཅིང་མགྲིན་པ་གོས་ཀྱི་དཀྲིས་པ། །ཙུ་ཏ་ལ་སོགས་པ་ལོ་མ་དང་ལྡན་པ་རིན་པོ་ཆེ་ལྔ་དང། སྨན་ལྔ་དང་འབྲུ་ལྔ་དང་ལྡན་པ་རྣམས་དེ་དང་དེའི་སྔགས་ལས་བྱུང་བའི་དཀྱིལ་འཁོར་ཀྱི ་འཁོར་ལོའི་རྣམ་པར་བལྟས་ལ་དེ་རྣམས་ཀྱི་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བར་བྱས་ལ། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མཆོད་ཡོན་ལ་སོགས་པ་ཕུལ་དགུག་པ་དང་གཞུག་པ་དང། ་བཅིང་པ་དང། དབང་དུ་བྱས་ལ་མཆོད་པ་ལ་སོགས་པ་བྱས་ཏེ། མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེའི་སྟེང་དང་སྟེང་དུ། བཞག་ལ་དེ་དང་དེའི་སྔགས་ཇི་སྲིད་འདོད་པར་ཐུན་གསུམ་དུ་བཟླས་ནས་མེ་ཏོག་དཀར་པོ་བཅུག་ལ་འཁོར་ལོ་དེ་དེ ་ཉིད་དུ་ཆུའི་རྣམ་པར་བལྟའོ། །བུམ་པ་ལྷག་པར་གནས་པའོ། །དེ་ནས་ཆད་པ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང། ཡོན་བདག་གི་བསོད་ནམས་མངོན་པར་སྤེལ་བའི་ཆེད་དུ་སྦྱིན་སྲེག་བྱ་སྟེ། དེ་ལ་ཞི་བའི་ཐབ་ཁུད་གཞིན ་དུ་ལས་ཐམས་ཅད་པའི་ཐབ་ཁུང་ཁྲུ་གང་གི་ཚད་ལ་ཟབས་སུ་ཁྲུ་ཕྱེད་བསྐོས་ལ། །བསྐོས་པ་ལས་ཁྲུ་ཕྱེད་དོར་ནས་དཔངས་དང་རྒྱར་སོར་བཞི་པའི་ཁ་ཁྱེར་པདྨ་རྒྱས་པ་ལྟ་བུས་ཡོངས་སུ་བསྐོར་བ་དེའི་ཕྱི་རོལ་ཏུ་སོར་གཉིས་དོར་ནས་སྟེགས་བུ་གྲུ ་བཞི་པས་ཡོངས་སུ་བསྐོར་བའོ། །དེའི་ཟུར་དུ་ནི་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་རྣམས་སོ། །ཐབ་ཀྱི་དཀྱིལ་དུ་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་ཀྱིས་ཚད་དཔངས་སུ་སོར་གཅིག་པའོ། །ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ་འཁོར་ལོ་དང་རིན ་པོ་ཆེ་དང། པདྨ་དང་རལ་གྲི་སོར་དྲུག་པ་བྱའོ། །དེའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་བྱའོ། །ཚོན་དཀར་པོས་དཀར་པོར་བྱས་ཏེ། ཐབ་ཁུད་དོ། །དེ་ནས་རྣལ་འབྱོར་པ་ཁ་ཤར་དུ་བལྟས་བས་བསྲེག་བྱའི་རྫས་མཛའ་དག་གཞོགས་གཡས་སུ་བཞག་སྟེ། ་གསང་གཏོར་དང་མཆོད་ཡོན་གྱི་སྣོད་ལ་སོགས་པ་གཡོན་དུ་བཞག་ལ། བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་ཚང?་བར་ནས་མེ་བླངས་ལ། འོ་མ་ཅན་གྱི་བུད་ཤིང་ལ་རླུང་ཡབ་ཅན་གྱི་མེ་སྦར་བར་བྱས་ཏེ། ཡི་གེ་གསུམ་གྱིས་མངོན ་པར་བསྔགས་སོ། དེའི་རྗེས་ལ་གཡས་སྐོར་དུ་སྐུ་ཤ་དགྲམ་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བས་སྣ་ཚོགས་པར་མའི་སྟེང་དུ། མེ་ཟུར་གསུམ་པ་ལ་རམ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག ་གཉིས་པ་གཉུག་མའི་རིག་མ་དང་གཉིས་སུ་མེད་པ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བགྲང་ཕྲེད་དང་སྤྱི་བླུགས་འཛིན་པ། །གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཁྲོ་བོའི་རྒྱལ་པོས་གྱིས་བརྒྱན་པ། ཐུགས་ཀར་རང་གི་ས་བོན་གནས་ལ་བསྒོམས ་ལ། དེ་ནས་ཨོཾ་ཊཀྐི་ཧཱུཾ་ཛ(རྒྱུད་འགྲེལ་དགང་གླུགས་དབུལ་བར་བྱའོ། །དགང་གཟར་དང་བླུགས་བཟར་གྱི་ཁ་ལ་ཡི་གེ་ཡ་བསྒོམས་ལ་གོ་རིམས་བཞིན་དུ་བསྲེག་བྱ་ཐམས་ཅད་བསྲེག་པར་བྱའོ། །དེའི་རྗེས་སུ་དེའི་སྙིང་གར་རང་གི་ས་བོན་ལས་གཤིན་རྗེ་མཐར་བྱེད་ཀྱི་དཀྱིལ་འཁོར་གྱིས ་འཁོར་ལོ་ཅན་བསྐྱེད་ལ་སྤྱན་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་པས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་པ་ལ་སོགས་པ་སྔོན་དུ་བྱས་ལ་དེའི་ཞལ་དུ་ཡི་གེ་རམ་བསྒོམས་ཏེ། ཨོཾ་ཨགན་ཡེ་སྭཱཧཱ། ཞེས་པས་མར་གྱི་དགང་བླུགས་དབུལ་བར ་བྱའོ། །ོཾ་སརྦབ་པཱ་པ་ད་ཧ་ན་བཛྲ་ཡ་སརྦབ་པཱ་པ་ནི་ཙཱ་སྱ་ད་ཧ་སྭཱཧཱ། ཏིལ་རྣམས་ཀྱིའོ། །ོཾ་བཛྲ་ཡུ(རྒྱུད་འགྲེལ་བཛྲ་ཡ་སྭཱཧཱ། ཀུ་ཤ་རྣམས་ཀྱིའོ། །ོཾ་པོ་དྷི་བྲིཀྵ་ཡེ་སྭཱཧཱ། ཤིང་ཨ་ཤྭདཱ་ཡིའོ། །ོཾ་བཛྲ་ཀུ་བ་ར་ཡ་སྭཱཧཱ། ཤིང་ནྱ་གྲོ་དྷ་ཡིའོ། །ོཾ་བཛྲ་ཛ་ཡཱ་ཡ་སྭཱཧཱ། ཤིང་བ་ལ་ས་ཡིའོ། །ོཾ་ས་ཧཱ་ཀཱ་རཱ་ཡ་སྭཱཧཱ། ཤིང་ཨ་མཱ་ཡིའོ། །བསྲེག་བྱའི་རྫས ་གཞན་རྣམས་ཀྱང་རང་གི་འདོད་པའི་ལྷའི་སྔགས་མན་ངག་ཇི་ལྟ་བར་བསྐུལ་ཚིག་དང་ལྡན་པས་བདུད་རྩི་ལྔའི་ངོ་བོར་བསྐྱེད་ལ། བསྲེག་པར་བྱའོ། །དེ་ནས་བསངས་ལ་ཞལ་བསིལ་ལ་སོགས་པ་ཕུལ?་ཏེ། དྲི་ཞིམ་པའི་མེ་ཏོག་ལ་སོགས་དང། ་ན་བཟའ་དང་ས་རྩི་ལ་སོགས་པ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ལ། ཡི་གེ་གསུམ་ཡི་གེ་མུ(རྒྱུད་འགྲེལ་གཤེགས་སུ་གསོལ་སོ། སྦྱིན་སྲེག་གོ་།དགང་གཟར་ཁྲུ་གང་པ་འོག་ཏུ་སོར་བཞི་པའི་རྡོ་རྗེ་འམ། རིན་པོ་ཆེ་དང་སྟེང་དུ་སོར་བཞི་པ་སོར་གཉིས་པའི་ཟབ་དང་ལྡན་པ་རྡོ་རྗེས་མཚན་པ། བཅུད་མཛག་པའི་བུ་ག་མཐེའུ་ཆུང་གི་ཆེད་ཙམ་པ། པདྨའི ་རྣམ་པ་ཅན་དང་བླུགས་གཟར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་རྡོ་རྗེ་དང་ལྡན་པ། པདྨ་འདབ་མའི་རྣམ་པའོ། །ཞེས་པ་དགང་གཟར་དང་བླུགས་གཟང་རོ། །དེ་ནས་རབ་ཏུ་གནས་པའི་ས་བཞི་གདུགས་དང་རྒྱལ་མཚན་དང་བ་དན་རྣམ་པ་སྣ་ཚོགས ་དང། རོལ་མོའི་སྒྲ་སྣ་ཚོགས་པ་ཡིད་དུ་འོང་བར་སློབ་དཔོན་ཇི་ལྟར་འབྱོར་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་སྐུ་གཟུགས་སམ། རས་རིས་སམ། གླེགས་བམ་མདུན་དུ་རྣམ་པར་བཞག་ལ་གསང་གཏོར་དང། མཆོད་ཡོན་དང་ཞབས? ་བསིལ་དང་ཞལ་གསལ་ཕུལ་ནས་གཡོན་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་དག་གིས་ཡུངས་ཀར་གཟུང་ལ་སྐུ་གཟུགས་ལ་སོགས་པའི་མདུན་དུ་གཡོན་སྐོར་དང་གཡས་སྐོར་གྱིས་བསྐོར་ནས་མེ་ལ་བླུགས་ཏེ། ཨོཾ་སརྦབ་པཱ་པ་ད་ཧ་ན་བཛྲ་ཡ་ཆེ ་གེ་མོའི་སརྦབ་པཱ་པི་ད་ཧ་སྭཱཧཱ། ཞེས་པའི་སྔགས་འདིས་བསལ་བའི་ཁམ་ཕོར་གསུམ་ཡང་སྐོར་ཕྱོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་སྙིམ་པས་ཆུ་བཟུང་སྟེ། དེ་ཁོ་ན་བཞིན་དུ་མེ་ལ་བླུགས་སོ། །སླད་ནས་ནམ་མཁར་གནས་པའི་དེ་བཞིན ་གཤེགས་པ་རྣམས་ཉེ་བར་སྦྱོར་པ། ལྔས་ཡང་དག་པར་མཆོད་ལ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པས་སྤོས་ཕོར་གཟུང་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ལྷག་པར་གནས་པར་བྱ་སྟེ། ས་མ་ཡ་སྟཝཾ། ས་མ་ཨོ་ཧཾ་ཞེས་པ་ལན་གསུམ ་བརྗོད་ནས། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་པ་རྣམས། ལྷ་མོ་སྒྱུ་འཕྲུལ་ལྷུམ་བཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིང། །མགོན་པོ་འདིར་ནི་རྟག་བཞུགས་ནས། །མེ་ཏོག་ལ་སོགས ་འདི་དག་ནི། །བྱང་ཆུབ་སེམས་རབ་འཕེལ་བྱའི་ཕྱིར། །ཆེ་གེ་མོ་ཡི་དོན་དུ་བཞེས། །དེ་ནས་གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་པ་ལ་སོགས་པས་བསྟོད་པར་བྱའོ། །ལྷ་ལྷག་པར་གནས་པའོ། །སྔ་དྲོ་སྐུ་གཟུགས་ན་བཟའ་སེར་པོ་གཡོགས་པ་ ་ཁ་ཤར་དུ་ཕྱོགས་པ་ལ་ཁྲུས་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། བའི་རྣམ་ལྔ་ལ་ཨོཾ་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་སྭཱཧཱ། ཞེས་པའི་སྔགས་ཀྱིས་དུར་པའི་པིར་གྱིས་བྱུག་པར་བྱའོ། །དེ་ནས་འཁར་བའི་སྣོད་དུ་བཞག་པའི་ཤུན་བ་ལྔས་མར་ཁུ་ཕྱི་བར་བྱའོ། །དེའི་འཇུག?་ཐོགས་སུ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ་བུམ་པ་སོ་སོའི་ཆུས ་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་ཉིད་ན། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་གིས་ཁྲུས་གསོལ་བགྱི། །ོཾ་སརྦབ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ ་བའི་སྔགས་ཀྱིས་སོ། །དེའི་མཇུག་ཐོགས་སུ་ནམ་མཁར་བཞུགས་པའི་ཙར་ཙི་ཀ་ལ་སོགས་པ་རིག་མའི་ཚོགས་སྤྱན་དྲངས་ལ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་དེ་རྣམས་ཀྱི་དབང་སྦྱིན་པར་བསམ་པར་བྱའོ། །དེ་ནས་རས ་ཀྱིས་ཆུ་མེད་པར་བྱས་ལ། སྔར་གྱི་རང་གི་གནས་སུ་གཞག་པར་བྱའོ། །ངས་རིས་སམ་གླེགས་བམ་མཾ་མཆོད་རྟེན་ཆེན་པོ་རྣམས་ནི་མེ་ལོང་ལ་སྔ་མའི་རིམ་པས་ཁྲུས་གསོལ་བར་བྱའོ། །ཁྲུས་ཀྱི་ཆོ་གའོ། །དེ་ནས་སྤྱན་ལ་སོགས་པ་དང། སྐུ་ ་ལ་སོགས་པ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། རང་གི་རིགས་ཀྱི་བདག་པོ་དབུ་རྒྱན་ལ་བཞུགས་པར་བསྒོམས་ལ་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས ་ནས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དམ་ཚིག་པ་ལ་བཅུག་པ་དང། གླེགས་བམ་ལ་ནི་ཡི་གེའི་གཟུགས་སུ་བསྒྱུར་བ་ལ། །ན་བཟའ་དབུལ་བར་བྱ་སྟེ། ཨོཾ་བཛྲ་བཱ་སེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་ལ་སོགས་པ་ལ།། ་ཨོཾ་ཨ(རྒྱུད་འགྲེལ་བདུག་སྤོས་མཆོག་དི་དག་།མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱོད་ཀྱིས་བཞེས། །ཞུན་མར་འབྲུ་མར་མར་འདི། ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དང་པས་འབུལ ་བར་བགྱི། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ཞིང། །ཐམས་ཅད་སྦྱར་བའི ་ཞལ་ཟས་འདི། །འབུལ་གྱི་ཡང་དག་བཞེས་སུ་གསོལ་ཞེས་པས་མངོན་པར་བསྔགས་ཅིང་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱ་སྟེ། དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྤྲང་རྩི་བླངས་པའི ་གསེར་གྱི་ཐུར་མས། ཨོཾ་ཙཀྵུ་ཙཀྵུས་མནྟ་ཙཀྵུ(རྒྱུད་འགྲེལ་པས་བསྟོད་པ་བྱའོ། །རབ་གནས་ཀྱི་ཆོ་གའོ།། །།གང་ཚེ་བརྩེ་བ་གཞན་གྱི་དབང་དུ་གྱུར་པ། །དབང་བསྐུར་བ་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ། རིགས་དང། གཟུགས་དང། ལང་ཚོ་དང ་དད་བ་དང་ཐོས་པ་དང། གཏོང་བ་དང། རྣལ་འབྱོར་ལ་སོགས་པ་དང་ལྡན་ཞིང་དོན་གཉེར་བའི་སློབ་མས་མཎྜལ་དང་ཕྱག་བྱས་ན། །ལག་པ་ན་མེ་ཏོག་པོགས་པ་དང། ཡོན་ཏན་གཞན་མེད་ཀྱང་སངས་རྒྱས་དང་ཆོས་དང། དགེ་འདུན་ལ་སྐྱབས་སུ་སོང ་བ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པ་རྣམས་ལ་ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱས་ཏེ། རང་གི་བསླབ་ལྡན་འཁོར་བཞིའོ། །ཐེག་ཆེན་བློ་ལྡན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པའི། །ཡང་དག་ཆོ་ག་རྗེས་སུ ་གནང། །ཁ་ཅིག་གསང་སྔགས་བསྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་ནི་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དང་བྱས་ནས། །འཇིག་རྟེན་ཕ་རོལ་དོན་གཉེར་འཇུག། ་འཇིག་རྟེན་འདིར་འབྲས་དོར་ནས་ནི། །འཇིག་རྟེན་ཕ་རོལ་འབྲས་གཏེར་བས། །གང་ཕྱིར་འདི་ཡི་བདེ་བླག་འགྲུབ་།འདི་ཡིས་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། ཞེས་བརྗོད་ནས། །རང་གི་ནང་དུ ་བཅུག་ལ། རྡོ་རྗེ་པདྨ་དག་པར་བྱས་ཏེ། གསོལ་བ་འདེབས་སུ་གཞུག་སྟེ། མཱ་མ་ཀི་དང་ལྷན་ཅིག་སྦྱོར། །བདག་ནི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་སེམས་ཀྱང་དགའ་བ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི ་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་པ་ལན་གསུམ་བརྗོད་ནས་སོ། །གུས་པ་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཅིག་གཙོ་བོར་བྱས་ནས་བརྗོད་པར་བྱ་སྟེ། །བུ་ཚུར་ཐེག་པ་ཆེན ་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས ་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གི་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་བརྟགས་ནས་ནི། །འཁོར་ལོ་བསྐོར ་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།ཅེས་བྱ་བ་ལན་གསུམ་བསྟན་པར་བྱས་ནས་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པར་བྱའོ། །བསྐྱེད་པ་རྣམས་དྲན་པར་བྱའོ། །དེ་ནས་དེ ་རྣམས་ཡང་དག་པར་གསུངས་ལ་དེ་རྣམས་ཀྱི་སྙིང་གར་ཧཱུཾ་ལས་རྡོ་རྗེ་དང། འགྲིན་པར་ཡི་གེ་ཨཱ(རྒྱུད་འགྲེལ་གྱི་དྲི་སྙིང་ག་དང། མགྲིན་པ་དང་མགོ་བོར་བྱུག་པར་བྱའོ། །དེ་ནས་དེ་རྣམས་ཀྱི་མགོ་བོར་མེ་ཏོག་དང། མདུན་དུ་སྤོས་དང། སྙིང་གར་དྲི་དང། མདུན་དུ་མར་མེ་སྦྱིན་པར་བྱ་སྟེ། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའོ། །དེ་ནས་ཨ ་ཤྭད་ཐ་ལ་སོགས་པའི་སོ་ཤིང་གི་ཉེས་པ་ལ་སོགས་པའི་སྐྱོན་དང་བྲལ་བས་མེ་ཏོག་གི་རྩེ་མོ་ཅན་སྦྱིན་ནོ། །དེ་དག་གིས་ཀྱང་ཁ་ཤར་དུ་བལྟས་ཏེ་གནས་པས་དེ་འཆོས་ནས་བ་ལང་ཀོ་བ་ཙམ་པའི་ས་གཞི་བའི་ལྕེ་བས་བྱུག་པར་དོར་བར་བྱའོ། ། ་དེ་ནས་དེ་ལྷུང་བ་ལ་ཞི་བ་ལ་སོགས་པའི་དངོས་གྲུབ་དེ་རྣམས་ལ་བརྗོད་པར་བྱའོ། །དེ་ནས་ཧ་བཤལ་བའི་ཕྱིར་ཆུ་ཁྱོར་བ་གསུམ་སྦྱིན་པར་བྱས་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་ཀྱིས་སོ། །སྟན་དང་སྔགས་ཀྱི་ཆེད་དུ་ཀུ་ཤ་སྦྱིན་ནོ། །དེ་ནས་རང་གི་ཚད་ཀྱི་སྐུད་པ་སུམ་བསྒྲིལ་ལས་ཐམས་ཅད་པ་བཟླས་པ་དཔུང་པར་བཅིངས་ཏེ་བསྲུང་བར་བྱའོ། །དེ་ནས་འཇིགས་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི ་འབྱུང་སྲིད། ཨུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང། །གང་གིས་སེམས་ཅན་མཉམ་མེད་ཁྲོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱ ་བ་དུ་མ་རུ། །སྔོན་ཆད་སྡིག་པ་ཅི་མཆིས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཛའ་ཡས་གསང་སྔགས་ཀྱི། །སྤྱོད་ཚུལ་ལ་གནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། ་གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་རོས་ཤིན་ཏུ་དྲི་མེད་པ། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅས། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དི་རིང་རྙེད་པ་མཉམ་མེད་རྙེད།། ་གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱི། །བསྟན་པ་འདི་ལ་ཐམས་ཅད་ནི། །ཡོངས་སུ་བཟུང་ཞིང་སྐྱེ་འགྱུར་བ། །དེ་ཡི་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འགྱུར་བའི ་ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བྱ་བ་བཤད་ནས། །ཀུ་ཤའི་སྟེང་དུ་ཉལ་དུ་གཞུག་སྟེ། རྨི་ལམ་གང་ཅུང་ཟད་མཐོང་བ་སྔ་དྲོ་ང་ལ་སྨྲོས་ཤིག་ཅེས ་བྱའོ། །གལ་ཏེ་མི་དགེ་བའི་མཚན་མ་སྨྲ་ན། །དེའི་ཚེ་ལ་ཐམས་ཅད་པའི་སྔགས་ཀྱིས་གཞོམ་མོ། །སླར་དེ་རྣམས་ཡང་དག་པར་བསྲུངས་ལ་སྡོམ་པ་འཛིན་དུ་གཞུག་སྟེ། འཁོར་ལོ་ཕྱིར་མི་ལོག་པའི་དབང། །དམ་པ་བདག་ལ་སྩལ་ནས་ནི།། ་མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ཕྲིན་ལས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ ་གསོལ། །ཞེས་བརྗོད་དུ་བཅུག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་དུས ་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་ཡི་ནི་ཆོས་སྡུད་དང། །སེམས་ཅན་དོན་བྱེད་ཚུལ ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར་བཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས ་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །དེ་ཉིད་ཀྱིས་ནི་རབ་ཏུ་བཟུང། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི་།དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ ་སྦྱིན། །པདྨ་ཆེན་པོའི་རིགས་དག་པས། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི ་ལས་ནི་ཅི་ནུས་སྦྱིན། །ཀུན་ནས་སོ་སོར་བཟུང་བར་གྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱེས་བགྱིས་ཤིང། །དོམ་པ་མ་ལུས་བཟུང་བགྱིས་ནས། །མ་རྒལ་བ་རྣམས་བསྒྲལ ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བ་ལན་གསུམ་བརྗོད་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་སྡོམ་པ་སྦྱིན་པ་སྟེ། སློབ་མ་ལྷག་པར་གནས་པའོ། །དེ་ནས ་དང་པོར་སློབ་དཔོན་དང་སློབ་མ་གཞུག་པའི་ཆོ་གས་དཀྱིལ་འཁོར་དུ་ཞུགས་ཏེ། དབང་ཐམས་ཅད་རྫོགས་པར་བླངས་ནས། རྗེས་སུ་གནང་བ་ཐོབ་ནས། །ཡོལ་བའི་ཕྱི་རོལ་ཏུ་ཡོན་ཕུལ་ཞིང་དབང་བསྐུར་ལ། །སྐལ་པ་དང་ལྡན་པའི་སློབ་མ་རྣམ་པར་སྣང ་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ(རྒྱུད་འགྲེལ་སྟེ། །ཀྱེ་དགའ་བ་ལ་དགའ་བ་ལ་ཁྱེད་སུ་ཡིན། །བདེ་ཆེན་བདག་གི་སྐལ་བཟང་ལགས། །ཞེས་པའོ། །དེའི་འཇུག་ཐོགས་སུ། ཨོཾ་སརྦབ་ཡོ་ག་ཙིཏྟ་ནུཏ་ན་ཨཱ་མི། །ཞེས་པས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་སུ་ར་ཏེ་ས་མ་ཡ་སྟི་ཧ ་སདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བྱ་བ་འདིས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཞག་པར་བྱའོ། །དེ་ནས་སྔར་བཤད་པའི་ཡི་གེ་ལྔས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས ་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་སེམས་བསྐྱེད་པར་བྱས་ཏེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། །དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། །ཁྱོད་ཀྱིས་འདི་དཀྱིལ ་འཁོར་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དེ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། འདིས་སྤྲས་ན་ནི་སྤྱི་བོ་འགེམས། དེ་ནས ་སྙིང་གར་བཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་དང། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་འདིས་མནའ་བྱེད་དུ་བཅུག་སྟེ། །ཙན་དན་དང་གུར་ཀུམ་དང་བསྲེས་པའི་ཆུ་ལ། ་ཨོཾ་བཛྲ་ཨུ་ད་ཀ་ཋ(རྒྱུད་འགྲེལ་དེ་ནས་འདི་སྐད་ཅེས་བརྗོད་པར་བྱས་ཏེ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱི་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ་གསུངས་པར་འཆི་བའི ་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སོ། །དེ་ནས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། །ཞེས་བརྗོད་དུ་བཅུག་ནས། དེའི་སྤྱི་བོར་ཡི་གེ་བམ་ལས ་བྱུང་བའི་ཆུའི་དཀྱིལ་འཁོར་ཡོངས་སུ་ཟླུམ་པོ་དཀར་པོ་བུམ་པས་མཚན་པ་དེར་ཧ(རྒྱུད་འགྲེལ་མེའི་དཀྱིལ་འཁོར་གྲུབ་གསུམ་པ་དམར་པོ་རྣོ་ཞིང་འབར་བ་དེ་ལ་ཨ(རྒྱུད་འགྲེལ་འབར་བའི་གཟུགས་ཅན་རླུང་གིས་བསྐྱོད་བཞིན་པར་བསམ་སྟེ། ཇི་སྲིད་མེའི་དཀྱིལ་འཁོར་གཞན་དང་མཉམ་པར་ཕྱིན་ནས། །དེ་ཡི་དེས་བསྐྱོད་པས་ཤིན་ཏུ་དྲག་ཅིང་འབར་བ་ཡིས་དབང་ཆེན་གྱི་དཀྱིལ་འཁོར་འབར་བར་གྱུར་ཏེ། དེ ་པས་ཆུའི་དཀྱིལ་འཁོར་ལས་བདུད་རྩིའི་ཚོགས་འབབ་པས་ཚིམ་པར་གྱུར་པའི་སློབ་མ་རླུང་གིས་འབེབས་པ་དང། རང་ཉིད་བསྙེམས་པ་དང་བཅས་པའི་ཁྲོ་བོ་གཤིན་རྗེ་འཇོམས་བྱེད་ཀྱི་སྐུ་མི་བཟད་པ། ཕྱག་གཡས་ཀྱི་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ ་བུ་དཀྲོལ་བས་སྤོས་དབུལ་ཞིང་འབེབས་པའི་སྔགས་ཀྱིས་དབབ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་དེ་ནས་འདོད་ཆགས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་སྐད་ཅིག་གིས་དམིགས་ལ་དེའི་ལྕེ་ལ་ཨཱ(རྒྱུད་འགྲེལ་དགེ་དང་མི་དགེ་ལེགས་པར་འདྲི། །ཞེས་པ་འདིས་དྲི་བར་བྱའོ། །དེ་ཡང་བབས་ན་གསུང་བབས་པས་དགེ་བ་དང་མི་དགེ་བ་སྨྲའོ། །ཐུགས་བབས་ན། འཇིག་རྟེན་གསུམ་དུ་གཏོགས་པ་ཤེས་སོ། །སྐུ་བབས་པས་ནམ་མཁའ་ལ་འཕར་རོ། །དེའི་ཚ་དེའི་མགོ་བོའི་སྟེང་དུ་ལཾ ་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་མཚན་པས་དེ་མནན་པར་བསྒོམས་ན་མི་འགུལ་བར་འགྱུར་རོ། །དབབ་པའོ། དེ་ནས་བཟུང་བའི་མེ་ཏོག་པྲ་ཏཱིཙྪ་བཛྲ་ཧོ(རྒྱུད་འགྲེལ་བཞི་ལས་ལྷུང་བ་དེའི་རིགས་སུ་དེ་བསྟན་པར་བྱའོ། །གནས་མཆོག་ལ་བབས་ན་དངོས་གྲུབ་མཆོག་གོ་།གནས་དཀྱིལ་ལ་འབྲིང་ངོ། །གནས་ཐ་མ་ལ་ནི་ཏ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །གལ་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ ་ཏུ་ལྷུང་ན་དེའི་ཚེ་སླར་དོར་བར་བྱའོ། །ལན་གསུམ་བྱས་ནས་དེ་ཉིད་དུ་གལ་ཏེ་ལྷུང་ན་དེའི་ཚེ་འབྱུང་བར་བྱའོ། །མེ་ཏོག་དོར་བའོ། །དེ་ནས་དོར་བའི་མེ་ཏོག་གི་ཕྲེང་བ་བླངས་ལ། དེའི་མགོ་ལ་བཅིང་བར་བྱས་ཏེ། པྲ་ཏི་གྲིཧྣ་སྟཝཾ་ཨི་མཾ་སཏྭ་མཧཱ་བ་ལ་ཞེས་བརྗོད་ཅིང ་དེ་ནས་ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་དང། །ཁྱེད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཅེས་བརྗོད་ཅིང་གདོང་གཡོགས་དགྲོལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས ་ཀྱི་སོ་སོའི་མཚན་བརྗོད་པ་སྔོན་དུ་འགྲོ་བས་ཤར་གྱི་སྒོ་སྐྱེད་ནས་བརྩམས་ནས་གཙོ་བོའི་བར་དུ་བསྟན་པར་བྱའོ། །ཞེས་པ་ནི་དཀྱིལ་འཁོར་དུ་གཞུག་པའོ། །དེ་ནས། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང ་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལ་རྡོ་རྗེ་ཙ་ར་ཀ་ལ་སོགས་པའི་བུམ་པ་བཟུང་བས་དབང་བསྐུར་བར་བསྒོམ ་ཞིང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་རྒྱས་པ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ཞེས་བརྗོད་དེ་ལས་ཐམས་ཅད་པ། བཟླས་པའི་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཁུ ་ཚུར་གྱིས་ཆུ་བླངས་ལ། །ོཾ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་ཅིང་འཁོར་ལོས་བསྒྱུར་བ་བཞིན་དུ་བཀྲ་ཤིས་ཀྱི་གླུ་སྔོན་དུ་འགྲོ་བས་དབང་བསྐུར་བར་བྱའོ། །འདི་ནི་ཆུའི་དབང་ངོ། །དེའི་འཇུག་ཐོགས་སུ་གསེར་དང་གོས་ལ་སོགས་པ་ལས ་བྱས་པའི་ཅོད་པན་སྔར་བརྗོད་པའི་སྔགས་ཀྱིས་ཀྱིས་མགོ་བོ་ལ་བཞག་ནས་ནམ་མཁའ་ཨི་དཀྱིལ་འཁོར་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་པོའི་གཟུགས་ཀྱི་ཅོད་པན་ལ་བཞུགས་པར་བསྒོམ་པར་བྱའོ། །འདི་ནི་ཅོད་པན ་གྱི་དབང་ངོ། །དེའི་རྗེས་ལ་རྡོ་རྗེ་བཟུང་སྟེ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང། །ཞེས་བརྗོད་དེ། །རྡོ་རྗེས་སྙིང་ཁ་ལ་སོགས་པར་རེག་ལ་རྡོ་རྗེ་ལག ་པ་གཡས་སུ་སྦྱིན་པར་བྱའོ། །འདི་ནི་རྡོ་རྗེའི་དབང་ངོ། །དེ་ནས་སློབ་མའི་ལག་པ་གཡོན་དུ་དྲིལ་བུ་བྱིན་ལ། །རྡོ་རྗེ་དང་དྲིལ་བུ་གཉིས་དང་ལྡན་པའི་ལག་པ་དག་འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། །ོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏཥྛ་བཛྲ་ས་མ་ཡ ་ས?་ཞེས་བརྗོད་ལ་སྦྱིན་པར་བྱའོ། །དྲིལ་བུའི་དབང་བསྐུར་བ་ཉིད་ལ་བདག་པོའི་དབང་བསྐུར་བ་ཞེས་བྱས་སོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་མགོ་བོར་གཟུང་ལ། །ོཾ་བཛྲ་སཏྭ་ཨ་བྷི་ཥྙྩ་མི་བཛྲ་ནཱ་མ། ཨ་བྷི་ཥེ་ཀ་ཏ(རྒྱུད་འགྲེལ་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། །དབང་བསྐུར་འདི་དག་བྱ་བ་དང། །སྤྱོད་པའི་རྒྱུད་བཤད་པ་དང། སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ཅོད་པན་གྱི་དབང་སྟེ། ཐམས་ཅད་དུ་ཙར་ཙི་ཀ་ལ་སོགས་པ་རྣམས།། ་ཅོད་པན་ལ་དབང་གི་ཚུལ་དུ་བྱ་བའི་ཕྱིར་རོ། །དེ་ནས་ཅོད་པན་གྱི་དབང་གཟུང་ཞིང་སློབ་དཔོན་གྱི་སྡོམ་པ་གཟུང་བའི་སློབ་མས། །གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་པ། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང། །སྙིང་བརྩེའི་གཏེར ་གྱི་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་དཀྱིལ་འཁོར་གྱི་དྲུང་དུ། །རྡུལ་ཚོན་དཀར་པོའི་པདྨ་འདབ་བརྒྱད་བྱས་པའི་སྟེང་དུ་ཤིང་བསྟན་ལ་བཞག་པ་ཙར་ཙི་ཀ་ལ་སོགས་པ་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་ཏེ། ་དམ་ཚིག་གསུམ་འཛིན་དུ་བཅུག་ནས་སོ། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། །རྡོ་རྗེ་ཡི་གེ་ཧཱུཾ་ལས་རྡོ་རྗེར་བསྒོམས་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ ་བར་བྱ་ཕྱིར་ཟུང། །ཞེས་པས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞུག་གོ་།ཞེས་པས་རྡོ་རྗེའི་དམ་ཚིག་གོ་།དེ་ནས་ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུ། །ཤེས་རབ་ཐབས་ཀྱི་རང་བཞིན་ཁྱོད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུར། ། ་ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཞེས་པ་འདིས་དེའི་ལག་པ་བྱིན་ནོ། །སྲིད་པ་ངོ་བོ་ཉིད་ཀྱིས་བདག་།ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་པ་འདིས་དེ་དག ་ཀྱང་དཀྲོལ་བར་བྱའོ། །ཞེས་བྱ་བ་འདི་ནི་དྲིལ་བུའི་དམ་ཚིག་གོ་།དེའི་མཇུག་ཐོགས་སུ། །ཡིད་ཀྱིས་ལུས་བརྟན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བཤད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེ་ནས་ཕྱག་རྒྱ་རབ་ཏུ་བསྒྲགས། །འདི་ཡིས ་རང་གིས་འདོད་པའི་ལྷའི་བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ་།དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང། དཀྱིལ་འཁོར་བསྒྲུབ་པ་དང། སློང་མ ་འཇུག་པའི་བྱ་བ་དག་བསྟན་བར་བྱའོ། །དེ་ལ་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་དག་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞིའོ། །ལུས་དང་ཚོར་བ་དང། སེམས་དང། ཆོས་རྣམས་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བས་གཟུགས ་བརྙན་དང་མཚུངས་པ་ཉིད་ཀྱིས་དད་པ་དེའི་རྣམ་པར་དག་པ་ནི་ཤར་གྱི་སྒོའོ། །མི་དགེ་བའི་ཆོས་སྐྱེས་པ་དང། མ་སྐྱེས་པ་དང། སྤོང་བ་དང་མི་བསྐྱེད་པ་དང། དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་དང། མ་སྐྱེས་པ་དག་གནས་པ་དང་བསྐྱེད་པའི ་ཕྱིར་རྩོམ་པ་དང། ལས་དང་སོ་སོར་རྟོག་པ་དང། བདག་ཉིད་དབང་དུ་བྱ་བ་སྟེ། བརྩོན་འགྲུས་བཞི་རྣམ་པར་དག་པ་ལྷོའི་སྒོའོ། །འདུན་པ་དང་བརྩོན་འགྲུས་དང། སེམས་དང་དཔྱེད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དྲན་པ་གང་ཡིན། །དེའི་རྣམ་པར ་རེག་པས་ནུབ་ཀྱི་སྒོའོ། །དད་པ་དང་བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ་འཛིན་དང། ཤེས་རབ་སྟེ། དབང་པོ་ལྔ་རྣམས་ལ་གང་བསམ་གཏན་པ་དེའི་རྣམ་པར་དག་པས་བྱང་སྒོའོ། །རྟོག་པ་དང་དཔྱོད་པ་སྟེ། དགའ་བ་དང་བདེ་བ་དང། སེམས་རྩེ ་གཅིག་པ་ཉིད་ཅེས་བྱ་བ་བསམ་གཏན་དང་པོའི་ཡན་ལག་ལྔ་དང། རྟོག་པ་དང་དཔྱོད་པ་སྤངས་པའི་བསམ་གཏན་གཉིས་པ་དང། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང་དྲན་པ་ཡང་དག་པར་ལྡན་པའི་བསམ་གཏན་གསུམ་དང། བཏང་སྙོམས་དང་དྲན་པ ་ཡོངས་སུ་དག་བས་སྡུག་བསྔལ་ཡང་མ་ཡིན། །ཆོར་བ་བདེ་བ་ཡང་མ་ཡིན་པའི་བསམ་གཏན་བཞི་པ་སྟེ། འདི་རྣམས་ཀྱི་རྣམ་པར་དག་པས་རྟ་བབས་བཞིའོ། །དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང། དྲི་མ་མེད་པ་དང། སེང་གེ་རྣམ་པར་རྩེན་པའི་ཏིང ་འཛིན་བཞི་རྣམ་པར་དག་པས་སྟེ་ག་བུ་བཞིའོ། །དོན་དང་ཚིག་དང་ངེས་པའི་ཚིག་དང། སྤོབས་པ་སྟེ། གཟུངས་བཞི་རྣམ་པར་དག་པ་སྟེགས་བུ་ལ་གནས་པའི་ལྷ་མོའི་ཚོགས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྒྱན་ཐམས་ཅད་ཀྱིས ་རྣམ་པར་སྤྲས་པའོ། །མདོ་དང་དབྱངས་ཀྱིས་བསྙད་པ་དག་ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླེང་བཞི་དང། སྐྱེས་པའི་རབས་དང། ཤིན་ཏུ་རྒྱས་པ་དང། རྨད་དུ་བྱུང་བའི་མཚན་ཉིད་ཅན་གསུང་རབ་ཡན་ལག་དགུ ་རྣམ་པར་དག་པ་དང། གདུལ་བྱའི་སྐྱེ་བོ་རྣམས་ལ་བསྟན་པའི་ཚུལ་ཉིད་ཀྱིས་རླུང་གིས་བསྐྱོད་པའི་བ་དང། དྲིལ་བུ་གཡེར་ཁའི་སྒྲ་དང་ལྡན་པའོ། །དྲན་པ་དང་ཆོས་རབ་ཏུ་རྣམ་བར་འབྱེད་པ་དང། བརྩོན་འགྲུས་དང་དགའ་བ་དང། ཤིན་ཏུ་སྦྱངས་བ་དང ་ཏིང་ངེ་འཛིན་དང་བཏང་སྙོམས་ཤེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པས། དྲ་བ་དང་དྲ་བ་ཕྱེད་པ་དང། མེ་ལོང་དང། མེ་ཏོག་ཕྲེང་བ་དང། རྣམ་པར་བཀྲ་བ་དང། རྔ་ཡབ་འབར་བའོ། །ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི ་གཟུགས་རྣམས་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་བལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་པོ་དང། ཕྱི་རོལ་གྱི་གཟུགས་མེད་པར་འདུ་ཤེས་ཤིང་ནང་གི་གཟུགས་རྣམས་ལ་དེ་བཞིན་དུ་ལྟ་བའི་རྣམ་པར་ཐར་པ་གཉིས་པ? ་དང?། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སུ་འདུ་ཤེས་པས་གཟུགས་རྣམས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས། གནས་སོ་ཞེས་བྱ་བ་གསུམ་པ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར ་འཇུག་པ་བཞི་པ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལྔ་པ་དང། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དྲུག་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང། ་འགོག་པ་ལ་སྙོམས་པར་འཇུག་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་དག་པས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟུར་བཞི་དང་ལོགས་རྣམས་སོ། །རྡོ་རྗེའི་ཚུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེར་ག་ལོགས་ཀྱི་རིམ ་པ་དང། ཡང་དག་པར་འབྲེལ་བའི་རྡོ་རྗེའི་ཐིག་དང་མཉམ་པར་ལྡན་པའོ། །རིགས་ཀྱི་དབྱེ་བས་འཇིག་ཚོགས་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འབྱེད་པའི་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ། །རྟེན་དང་བརྟེན་པའི་དབྱེ་བས་ཁ་དོག་ལྔ་པའི་རྩིག་པ་དང་ཐོག་གོ། ་གོས་པ་མེད་པའི་ཆོས་གཅིག་དང། དུ་མ་སྟོང་པ་ཉིད་ཀྱི་ཇི་ལྟར་རིགས་པའི་ལྷའི་གནས་རྣམས་སུ་སྣ་ཚོགས་འདབ་མའི་བད་མའི་གདན་ནོ། །བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་པ་ཉིད་ཀྱིས་ཉི་མའི་གདན་དང་ལྡན་པ་ཉིད་དོ། །བྱང་ཆུབ་ཀྱི་མྱུ་གུ་འབྲེལ ་བར་བྱེད་པ་ཉིད་ཀྱིས་ཟླ་བའི་གདན་དང་ལྡན་པའོ། །སྙིང་རྗེའི་བདུད་རྩིས་ཡོངས་སུ་གང་བས་བུམ་པ་བརྒྱད་དོ། །ཆོས་ཀྱི་སྣང་བས་མར་མེའོ། །གྲགས་པས་དྲི་བཟང་པོའོ། །ཆོས་ཀྱི་ཟས་ནི་ཞལ་ཟས་ཏེ་འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ།། ་ལྷའི་དེ་ཁོ་ན་ཉིད་ཀྱིས་མཚན་ཉིད་ཀྱང་བརྗོད་པར་བྱས་ཏེ། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང། ཞེ་སྡང་ཆེན་པོ་དང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་སོ། །ཆགས་པ་ཅན་གྱི་སེམས ་ཅན་རྣམས་འདུལ་བས་སྐུ་མདོག་དམར་པོའོ། །བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པའི་གཤིན་རྗེ་མཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །ཤིན་ཏུ་གདུག་ཅིང་གཏུམ་པ་རྣམས་ལ་ཞི་བ་ཉིད་རིགས་པ་མ་ཡིན་ནོ་ཞེས་ཁྲོ་བོ་ཆེན་པོའོ། །རྣམ་པར་ཐར་གྲའི? ་སྒོ་གསུམ་རྣམ་པར་དག་པས་སྤྱན་གསུམ་མོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པའི་གཉུག་མའི་ངོ་བོའི་ཕྱིར་ཕྱག་གཉིས་པའོ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར་ཕྱག་གཡས་ན་དབྱུག་པའོ། །བདེ་བ་བསྲུང་བའི་ཕྱིར་གཡོན་ན་ཐོང་པའོ། །ཞེ་སྡང་གི ་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པ་འཇིགས་པས་སྦྲུལ་གྱི་རྒྱན་ནོ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར། །རང་སྣང་གི་ཤེས་རབ་ལ་འཁྱུད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པའི ་བསམ་པ་ཉིད་ཀྱིས་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོ་ཆོས་ཀྱི་སྐུ་ཡིན་ཡང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པ་གཉིས་སུ་མེད་པའི་སྐུའི་རྣམ་པའོ། །གཟུགས་ཀྱི་ཕུང་པོ་དང་གཏི་མུག་ཆེན་པོ་དང། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར ་དག་པ་ནི། །བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ། །གཞན་ནི་སྔ་མ་བཞིན་ཏེ། གཏི་མུག་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་བརྒྱན་ནོ། །ཚོར་བའི་ཕུང་པོ་དང་ཕྲ་མ་ཆེན་པོ་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་ནི་བཅོམ ་ལྡན་འདས་ཕྲ་མ་གཤིན་རྗེ་གཤེད་དོ། །གཞན་ནི་ཐམས་ཅད་དུ་སྔར་བཞིན་ཏེ་ང་རྒྱལ་གྱི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་ཆེན་པོ་དང་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་ནི་བཅོམ ་ལྡན་འདས། འདོད་ཆགས་གཤིན་རྗེ་གཤེད་དོ། །འདོད་ཆགས་ཀྱི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འདུ་བྱེད་ཀྱི་ཕུང་པོ་དང། ཕྲག་དོག་ཆེན་པོ་དང། བྱ་བ་རྗེས་སུ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་ཕྲག་དོག ་གཤིན་རྗེ་གཤེད་དོ། ཕྲག་དོག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་བ་དང། ཕུང་པོའི་བདུད་མི་མཐུན་པའི་ཕྱོགས་དང། དད་པའི་སྟོབས་རྣམ་པར་དག་པ་ནི། བཅོམ་ལྡན ་འདས་ཐོ་བ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །མཐར་འཛིན་པར་ལྟ་བ་དང། འདོད་པའི་སྒྲིབ་བ་དང། ཉོན་མོངས་པའི་བདུད་མི་མཐུན་པའི་ཕྱོགས་དང། བརྩོན་འགྲུས་ཀྱི་སྟོབས ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་དབྱུག་པ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པ་དང། མཆི་བའི་བདུད་མི་མཐུན་པའི་ཕྱོགས་དང་དྲན་པའི་སྟོབས ་རྣམ་པར་དག་པ་ནི། བཅོམ་ལྡན་འདས་པདྨ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པའི་རྒྱན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་དང། ལས་ཀྱི་སྒྲིབ་པ་དང། རྣམ་པར་གཡེང་བའི་ལྷའི་བུའི་བདུད་མི་མཐུན ་པའི་ཕྱོགས་དང། ཏིང་ངེ་འཛིན་གྱི་སྟོབས་རྣམ་པར་དག་པ་ནི། །བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་གཤེད་དེ། །རང་གི་མི་མཐུན་པའི་ཕྱོགས་ཀྱི་ཆར་གཏོགས་པའི་ཉོན་མོངས་པའི་རྒྱན་ནོ།། །།སའི་ཁམས་དང། ཐབས་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང། བྱམས་པ་ཆེན་པོ་རང་བཞིན་རྡོ་རྗེ་ཙང་ཙི་ཀའོ། །ཆུའི་ཁམས་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྙིང་རྗེ་ཆེན་པོའི་རང་བཞིན་རྡོ་རྗེ་ཕག་མོ། །མེའི་ཁམས་དང། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང། དགའ་པའི་རང་བཞིན་རྡོ་རྗེ ་དབྱངས་ཅན་མའོ། །རླུང་གི་ཁམས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཏང་སྙོམས་ཆེན་པོའི་རང་བཞིན་རྡོ་རྗེའི་གོ་རཱིའོ། །ཕྱིའི་གཟུགས་ལ་སོགས་པ་དྲུག་རྣམ་པ་དག་བས་ཐོད་པ་བཞི་པོའོ། །དྲི་ནི་གཟུགས་སུ་འདུས། ཆོས་ཀྱི་དབྱིངས ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་དག་པས་ཇི་ལྟར་རིགས་པར་ས་བཅུ་རྣམ་པར་རྟོགས་པར་བྱའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་རྣམས་འདི་ཉིད་དུ། །མི་མཐུན་བའི་ཕྱོགས་འཇོམས་བར ་འགྱུར་རོ། ཞེས་བྱ་བ་ནི་གཞུང་མངས་པའི་འཇིགས་པས་མ་བྲིས་སོ། ཞེས་བྱ་བ་ནི་ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །སློབ་དཔོན་གྱི་ལས་བསྲུང་བའི་དམ་ཚིག་དང། བཟའ་བའི་དམ་ཚིག་དང། གཏོར་མའི་ཆོ་ག་དང། བསྲུང་བ་དང། ཕྱིར་བཟློག་དག་གཞན ་དུ་ཤེས་པར་བྱའོ། །དཀྱིལ་འཁོར་སྒྲུབ་པ་དང། སློབ་དཔོན་འཇུག་པའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེའི་རྗེས་སུ་སློབ་མ་གཤིན་རྗེ་འཇོམས་བྱེད་ཀྱི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། ། ་འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། རིན་ཆེན་དང། པད་མ་དང། ལས་ཀྱི་སྒྲ་བཅུག་ལ་ཚིགས་བཅད་ལྔས་རིམ་པ་བཞིན་དུའོ་ཞེས་བྱ་བ་རྗེས ་སུ་གནང་བ་སྦྱིན་པའོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ན་གནས། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང། ཞེས་པ་འདིས་རྡོ་རྗེ་སྦྱིན་ཞིང་སློབ་མས། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་སིདྡྷི་བཛྲ་ས ་མ་ཡ་ཏིཥཋ་ཨེ་ཥ་སྟཝཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེའི་བརྟུལ་ཞུགས་བཟུང་བར་བྱའོ། ཞེས་བྱ་བ་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ལ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་ཀྱི ་?་ནས་འཛིན་པའི་ཚུལ་དང། གཡས་མཆོག་སྦྱིན་པས། །ོཾ་འདིར་ནི་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་མཆོག་ཏུ་གྲུབ་བྱའི་ཕྱིར། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི། །ཏ་ཐཱ་ག་ཏཱ་སིད ་དྷ་ས་མ་ཡ་སྟཝཾ། བྷུར་བྷུ་བ་སྭ(རྒྱུད་འགྲེལ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟན་པར་མཛད་དོ། །འདི་ཉིད་ལས་བྱུང་བའི་ཕྱག་རྒྱའི་མཐུ་དང་སྔགས་འདི་ཡི་སྟོབས་ཀྱིས་སོ་ཞེས་དད་པར་བྱའོ་ཞེས་སློང་མ་ལ་བརྗོད་པར་བྱའོ། །འདི་ནི་ལུང་བསྟན་པའོ། །གསང་བ་བརྗོད་པར ་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན་མེད་དེ། །དེ་ལ་འདོད་པ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མཧཱ་ས་མ་ཡ་བཱ་ནཾ་ཧཱུཾ་ཕཊ། གསང་བ་བརྗོད་པའོ། །དེ་ནས་མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པ་སྡུག་བསྔལ་ལས ་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་བཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པ་འམ་རྨོངས ་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨོངས་པར་མི་བྱ་སྟེ། འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །བཀའ་ཐུབ་ཀྱིས་ནི་མི་གདུང་ཞིང། ་ཅི་བདེ་བར་ནི་བདེ་བར་གཟུང། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན ་རྣམས་ལ་སེམས་བརྩེ་བས། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །འདི་ནི་དབུགས་དབྱུང་སྦྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་ལྔ་པོ་འདི་དག་ནི་དབང་ལྔ་པའི་རྗེས་ལ་འམ། དབང ་བཞི་པའི་རྗེས་ལ་ཡང་སྦྱིན་པར་བྱ་ཞིང་སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་བརྗོད་དོ། །འདི་ནི་སློབ་དཔོན་གྱི་དབང་ངོ། །ད་ནི་ཡོལ་བ་ལ་སོགས་པ་སྐྱེ་བོས་དབེན་པར་བྱས་པའི་ས་ཕྱོགས་སུ། སློབ་མས་རང་གི་ཡིད་དུ་འོང་བའི་? ་ལ་སོགས་པའི་ཡོན་ཏན་ན་དང་ལྡན་པ། དམ་ཚིག་དང། སྡོམ་པ་དང། རྣལ་འབྱོར་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ལ། །གསང་བའི་དབང་གི་དོན་དུ་བླ་མ་ལ་དབུལ་བར་བྱའོ། །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར ་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དང་བདག་སྩོལ་ཞེས་བྱ་བ་འམ། གཞན་གྱིས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཀྱང་རྣལ་འབྱོར་བཞི་མངོན་དུ་བྱེད་ཅིང་ཆོས་ཉིད་ཀྱི་མཚོ་སྐྱེས་ཀྱི་ནང་དུ་བསྐྱོད་པའི་རྡོ་རྗེའི་ནང་དུ་བསྐྱེད ་པའི་རང་རིག་པ་བརྟན་པ། སྲིན་ལག་དང་མཐེ་བོང་དག་གིས་བརྩིར་ཏེ་དེ་ལས་བཏོན་ནས། བཏུང་བ་རིན་ཆེན་འདི་དེ་ནི། །ལུས་ཀྱི་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ནས་སྐྱེ། །ཡིད་ལས་བྱུང་བའི་ཆུ་མཐུང་མཛོད། །ཅེས་པ་འདིས་བདུད་རྩི་སློབ་མའི ་ཁར་གཞུག་པར་བྱའོ། །དེས། ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་ཅིང་བླངས་ནས་མྱངས་ལ་མགྲིན་པར་མེད་དོ། །དེ་ནས་ཡང་ལངས་ལ་རང་གི་པདྨའི་ལྷག་མ་དེ་ཉིད་དུ་སྦྱིན་པར་བྱའོ། །འདི་ནི་གསང་བའི་དབང་ངོ། །དེའི་འཇུག་ཐོགས་སུ་དེ་ཉིད་དམ་གཞན ་ཡང་རུང་སྟེ། རང་ཡང་དག་པར་རིག་པ་ཙམ་གྱིས་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། །སྔར་གྱི་ཚིགས་བཅད་ཀྱིས་གསོལ་བ་བཏབ་པ་དང། །ལྡན་པའི་སློབ་མ་དེའི་ལག་པར་དེའི་ལག་པ་གཏང་ལ། གཟུགས་མ་ཡིད་འོང་འདི་དེ་ནི། བསྟེན་བྱང་སངས ་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ལས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱི་ནམ་ཡང ་མ་བྱེད་ཅིག་།འདི་དེང་སངས་རྒྱས་ཐམས་ཅད་ཀྱིས། །རིགས་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སྦྱིན་པར་བྱའོ། །དེ་ཡང་ཙན་དན་དང་གུར་ཀུམ་ལ་སོགས ་པས་བྱུགས་ཤིང། །ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་མེད་པར་པད་མ་རབ་ཏུ་རྒྱས་པར་གསལ་བར་སྟོན་ཅིང་སློབ་མ་ལ་འདི་སྐད་ཅེས་བརྗོད་དེ། །དྲི་ཆེན་དྲི་ཆུ་བཟའ་བ་དང། ཁྲག་དང་ཁུ་བ་དེ་བཞིན་ཤ། ་བུ་མེད་གུས་མཆོད་དེ་བཞིན་དུ། །བྷ་ག་པད་མར་ཙུམྦ་ནི། །བུ་ཁྱོད་སྤྲོ་བ་ཡིན་ནི་ཅི། ཇི་ལྟར་བདེ་བར་བུས་སྨྲོས་ཤིག་།ཅེས་སོ། །དེས་ཀྱང། དྲི་ཆེན་དྲི་ཆུ་སོགས་ཟ་བ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད ་ལ་ཙུམྦ་ནི། ཞེས་བརྗོད་པར་བྱའོ། དེ་ནས་དེས། ཨེ་མ་བདག་གི་པད་མོ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། གང་ཞིག་ཆོ་གས་བསྟེན་བྱེད་པ། དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན ་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། བྷ་ཛ་མོ་ཀཤ་ཧོ(རྒྱུད་འགྲེལ་འབྱོར་པ་ཡི་ཇི་སྲིད་དུ། བྱང་སེམས་འབྱིན་པར་མི་བྱེད་པ། །དེ་སྲིད་ཐོ་བ་འགྱུར་རྒྱུན་མི་འཆད། །དགའ་བ་ལ་སྐྱེས་དེ་གཞན་ཅི། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་ཁམས་རྡོ་རྗེའི་ཀུན་སྦྱོར་དང། །རེག་བྱས་ཀྱང་ནི་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང། །དེ་ནི་མཆོག་དགའ་བྱེད་པ་པོ། །དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་གཏན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ཡིས། ལྟེ ་པས་གནས་པའི་གནས་དག་ཏུ། །རྡོ་རྗེ་སྐྱིལ་ཀྲུང་བདག་གི་སེམས། །ནོར་བུའི་ནང་དུ་སོན་བལྟ་ཞིང། །ཡེ་ཤེས་སྐྱེ་བ་གང་ཡིན་དེ། །ཡེ་ཤེས་ངོ་བོ་ཞེས་པས་བརྒྱན། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ནོ། གང་ཚེ་རྣལ ་འབྱོར་ཡེ་ཤེས་མཐོང། །བདེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་བྱེད་ཟླ་བ་ལོ་དང་ནི། །བསྐལ་པ་བསྐལ་བ་སྟོང་དུ་ཡང། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། །ཞེས་རྟོགས་པར་བྱས་ལ། ཇི་ལྟར་ནུས་པར་ཡང་དག་བར ་གཟུང་སྟེ་ཕྱུང་པ་རོ་མ་ཁོ་ནས་ཆུ་སྐྱེས་ནས་བླངས་ལ་དེ་ཁོ་ན་ཉིད་ཀྱི་ལྟ་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་གཟུང་བར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ། འདིར་དབང་ལྔ་དང་ཤེས་རབ་ཀྱི་དབང་ངག་ག་ལ་ཡིན། །འདིར་དེ་དག་མ་གསུངས་ཏེ། །དང ་པོ་ཅོད་པན་དབང་གི་སྟེ། །གཉིས་པ་རལ་གྲི་སྦྱིན་བྱ་བ། གསུམ་པ་རྡོ་རྗེ་དྲིལ་བུ་སྟེ། །བཞི་བཟླ་བ་བཟའ་བ་དག་།དུས་དགྲའི་ཞལ་ནས་བྱུང་བ་ཡི། །བཞི་པོ་འདི་དག་དབང་བསྐུར་ཆེ། །དཔལ་ལྡན་ཆགས་ཆེན་རྡོ་རྗེ་ཡིས། །དབང་བསྐུར་འདི་ཡིས་བྱིན་གྱིས་བརླབས། ་ཅེས་གསུངས་པའི་ཕྱིར་རོ། །ཞེ་ན་དེ་ནི་བདེན་མོད་ཀྱི་དབང་ལྔ་པོ་ཉིད་ཅོད་པན་གྱི་དབང་སྟེ། །ཐམས་ཅད་དུ་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པ་རྣམས་ཅོད་པན་ལ་དབང་གཟུགས་ཀྱི་བྱ་བ་ཡིན་པའི་ཕྱིར་དང། །འདིས་ཐམས་ཅད་དུ་ལས་རྣམས་ལ་དབང་བྱེད་པས ་གཙོ་བོ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི། །རལ་གྲིའི་དབང་སྟེ་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཡང་བསྟན་པ་ཉིད་དེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དམ་ཚིག་ལ་ལུས་བྱིན་གྱིས་བརླབ་པ་བཅུག ་ནས་སོ། །ཐུན་མོངས་པའི་རྒྱུད་དུ་གསུངས་པའི་བརྟུལ་ཞུགས་དང། །ལུང་བསྟན་པ་དང། དབུག་དབྱུང་བ་ཡང་ངོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཡང། །ཕག་མོའི་གཟུགས་ནི་བཟུང་ནས་སུ། །བཙུན་མོ་ཐམས་ཅད་འདོད་བྱ་ཡིན། ། ་དེ་ནས་རྒྱལ་མཚན་ཁྱམས་མཐོང་ནས། །དེང་ནི་འོ་མ་རབ་བསྒྲུབ་བྱ། །འོ་མ་གོམས་པའི་སེམས་གཅིག་གིས། །ཕྱག་རྒྱ་ཆེན་པོར་རབ་བསྒྲུབ་བྱ། །ཞེས་བྱ་བ་བསྟན་པ་ཉིད་དོ། དེ་ཉིད་བླ་ན་མེད་པ་གྲོལ་བ་མཛའ་དག་གི་དོན་བསྒྲུབ་པ་བརྟགས་པ་ཡི་རྙོག་པ ་དང་བྲལ་བ་ཉིད་ལས་སླར་རང་ཡང་དག་པར་རིག་པ་དང་ཐ་མི་དད་པ་ཐུབ་པའི་ཚོགས་མཛའ་ཡས་པ་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ཡིད་བཞིན་གྱི་ནོར་བུ་བརྟན་པའི་ངོ་བོ་ཉིད་དུ་སློབ་མ་ལ་ཚིག་གིས་སྦྱིན་པར་བྱའོ། ་ཞེས་བྱ་བ་སླར་སྦྱིན་པའོ། །དེ་ནས་སློབ་མ་རྣམས་ཕན་ཡོན་གྱི་སྤྲོ་བ་བསྐྱེད་པར་བྱ་སྟེ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །མི་ཚུགས་པ་དང་མ་བཅིངས་པར། །གང་ལ་འང་འཇིགས་མེད་དགའ་བར་གྱིས། སྲིད་པ་ཀུན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། ་སྲིད་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱི་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། བདེ་གཤེགས ་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་ངོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས ་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང། །བདུག་པའི་བྱམས་པ་རྟག་ཏུ་སྤངས། །ཆོས་ལ་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་སླུ་མི་བྱ། །རྟག་ཏུ་དམ་ཚིག་བརྟེན་པར ་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱིས་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་ཏུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། ་དམ་ཚིག་བག་མེད་གྱུར་པ་ན། །དེ་ཚེ་དཀྱིལ་འཁོར་དེ་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ནི་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར ་པ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེ་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོ་བརྟན་པ་ཡིན། དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། །དེ་རིང་ཁྱོད ་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟན་པར་གྱིས། །དེ་རིང་འགྲོ་བ་དེ་མྱུར་རྡོ་རྗེ་སེམས་དཔའ་དང། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན ་པར་འགྱུར། །སློབ་མ་རབ་གུས་མཉེས་གཤིན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །གཙོ་བོས་ཇི་ལྟར་བཀའ་བསྐོ་པའི། །གསུང་ནི་དེ་ལྟར་བདག་གིས་བགྱི། །གལ་ཏེ་འབྱོར་ན་དེ་རྣམས་ཀྱི་མཐེ་བོང་གཡས་པ་ལག་པ་གཡོན་པས་གཟུང ་ལ་སྦྱིན་སྲེག་གིས་ཞི་བར་བྱ་སྟེ། དགང་བླུགས་གཅིག་གམ། གསུམ་མམ། བདུན་ཕུལ་ནས་ཡོན་བླང་བར་བྱའོ། །དེ་རྣམས་ཀྱིས་ཀྱང་དགའ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་བའི་ས་གཞི་གླང་པོ་དང། རྟ་དང། གསེར་དང། དངུལ་དང། རྒྱན་དང། བུ་དང། བུ ་མོ་དང། ཆུང་མ་དང། དྲན་ཕོ་དང། བྲན་མོ་ལ་སོགས་པ་དབུལ་ཞིང། བདག་ཉིད་གཡོག་དུ་འམ། ཐོས་པ་ལ་སོགས་པ་ཡོན་ཏན་བསམ་པ་གྲུབ་པའི་ཕྱིར་དབུལ་ལོ། །དེ་ནས་སློབ་མ་རྣམས་མཉེས་པར་བྱས་ཏེ། །ཡོན་དང་དེ་?? ་བླངས་ལ་ཁ་ཟས་དང་སྤྱོད་ཡུལ་ཐམས་ཅད་ཀྱིས་འཁོར་ལོ་མཆོད་པར་བྱའོ། །འོས་པའི་སློབ་མ་རྣམས་གཟུང་སྟེ། རྣམ་པ་སྣ་ཚོགས་པའི་མཆོག་གི་བདུད་རྩིས་ཚིམ་པར་བྱས་ནས་ཉེ་བར་བསྡུའོ། །དེ་ནས་མཆོད་པ་དང། བསྟོད་པ་དང། བདུད་རྩི ་མྱང་བར་བྱས་ལ་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། ལྷའི་ང་རྒྱལ་བརྟན་པས་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་བརྗོད་ཅིང་རྡོ་རྗེའི་རྩེ་མོས་ཤར་གྱི་སྒོ་ནས་བརྩམས་ཏེ་གཙོ་བོའི ་གནས་ལ་སོགས་པ་དབྱི་བར་བྱའོ། །དེ་ནས་དོན་དུ་གཉེར་བ་རྣམས་ལ་རྡུལ་ཚོན་ཉུང་ཤས་བྱིན་ལ། །ཐམས་ཅད་ཆུ་བོ་ཆེན་པོར་དོར་པར་བྱའོ། །ཁུང་བུ་འགེངས་དང་རབ་གནས་དང། །སྦྱིན་སྲེད་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་ཀྱི ་ཡིན། །ཞེས་པ་རྡོ་རྗེ་འཛིན་མཆོག་གསུངས། །འདུས་པའི་ཚེ་གར་གསལ་བར་ནི། །བཟང་པོའི་ཞལ་ལ་སོགས་པས་མཛད། །འདིར་ནི་ཤིན་ཏུ་ཟབ་པ་ཡིས། །འཁོར་ལོའི་ཆོ་ག་གང་དེས་ངལ། །ཇི་སྲིད་ལྟར་རྙེད་འདི་འདྲ་བ། །རང་ཉིད་དྲན་པར་བྱ་ཕྱིར་བྲིས།། ་འདི་ལ་ལྷག་དང་ཆད་བ་དག་།དཔའ་བོ་རྣམས་ཀྱིས་བཟོད་པར་མཛོད། །དཔལ་ལྡན་གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ཆོ་ག་སེམས་ཅན་དོན་རྣམས་ཡང་དག་སྒྲུབ། །རང་གི་ཡེ་ཤེས་ཐ་དད་མ་ཡིན་མཛད་ཚོགས་ཤེས་རབ་ལྡན་པའི་སྤྱོད ་ཡུལ་ནི། །མི་ཤེས་མུན་པ་ཀུན་འཇོམས་སྲིད་བ་ཞི་བ་གཉིས་སུ་མེད་པ་རྟོགས་པའི་གནས། །བྱས་ལས་དགེ་ཚོགས་གང་ཐོབ་དེ་ཡིས་བདག་དང་འགྲོ་བ་དེ་བློའི་གཏེར་གྱུར་ཅིག་།དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི ་ཆོ་ག་པཎྜི་ཏ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་རྗེ་བཙུན་ཆེན་པོ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་གཟུང་བ། །ཉི་མའི་དབང་པོའི་འོད ་ཟེར་གྱི་ཞལ་སྔ་ནས་དང། །ཆོ་ག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དེ་ལ་བརྟེན་ནས་རང་གཞན་ཀུན་གྱི་ཡོན་ཏན་བདུན་ལྡན་གྱི་ཕྱག་རྒྱ་ཆེན་པོ་རྟོགས་པར་གྱུར་ཅིག་། ་