CLOSE WINDOW

N1668: gshin rje gshed dmar po'i sgrub thabs
Wyliee-texts based on the ACIP/ALL Input

པ་དམ་རྫས་གསར་བ་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། །།གཤིན་རྗེ་གཤེད་དམར་པོའི་བསྒྲུབ་ཐབས་བཞུགས་སོ། །།རྒྱ་གར་སྐད་དུ། རཀྟ་ཡ་ནཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི ་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་ལ་ཕྱག་འཚལ་ལོ། །གདུང་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་དྲག་པོ་སྒྲོལ་མཛད་པ། །ཡ་མཱ་ནཱ་ཀ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །ཐོག་མར་གནས་དབེན་པར ་བདུད་རྩི་ལྔ་ལ་སོགས་པའི་རིལ་བུ་ཁར་བཅུ་གནས་བདག་ཉིད་རོའི་ཐོག་ཏུ་བསམས་ཏེ། འདུག་ལ་ཚངས་པ་བཞི་དང་ལྡན་པས་བླ་མ་དམ་པ་ལ་མཆོད་པར་བྱའོ། །ོཾ་སྭ་བྷ་བ་ཤུདྡྷ(རྒྱུད་འགྲེལ་དྷརྨམ(རྒྱུད་འགྲེལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་འབར་བས་མཚན་པ། པི་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། །ཁ་དོག་ཁ་དོག་དཀར་པོ་བུམ་པས་མཚན་པ། ལམ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ ་དོག་སེར་པོ་རྡོ་རྗེས་མཚན་པ། སུམ་ཡོངས་སུ་གྱུར་པ་ལས་རི་བོ་མཆོག་རབ་གྲུ་བཞི་རིན་པོ་ཆེའི་རང་བཞིན་ཅན་ལྕོག་བརྒྱད་ཀྱིས་བརྒྱན་པ། །དེའི་འོག་ཏུ་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཚན་དྲ ་བ་དྲ་ཕྱེད་བརྒྱན་བྱས་ཤིང། །ཞེས་སོ། དེའི་དབུས་སུ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དེའི་ལྟེ་བར་ཧཱུཾ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་སྐྱེས་པའི་དབྱུག་ཐོ་ཉི་མའི་དཀྱིལ་དུ་ས་བོན་དང་བཅས་པ་དེ་ཡོངས་སུ་གྱུར་པ་ལས། ་དཔའ་བོ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་ཅན། ཕྱག་གཡོན་ན་བདུད་མ་ལུས་པའི་ཁྲག་གིས་བཀང་བའི་ཐོད་པ་ཕྱག་གཡས་ན་ཁམས་གསུམ་རྣམ་པར་འཇོམས་པའི་དབྱུག་ཐོ ་དཀར་པོ། །བརྒྱད་གཉིས་ལོན་པའི་རྣམ་པ་ཅན། །ཀླུ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། །མཆེ་བ་གཙིགས་པ། ཞལ་ཅུང་ཟད་གདངས་པ། ཁྲོ་བོའི་ཚུལ་གྱིས་བཞད་པའི་ལྗགས་འགྱུ་བ། ཉི་མ་ལྟ་བུའི་སྤྱན་གསུམ་ཟླུམ་པ། ཞལ་ཁྲོ་ཉེར་ཅན ་སྐུ་སྤོམ་པ། རྩིབ་ལོགས་དང་གསུམ་པ་ཆེ་བ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་འོད་འབར་བ། དབུ་སྐྱེས་དང་སྣ?་ར་སང?་ཅིང་འབར་བ། སྟག་གི་ལྤགས་པའི་ཤམ་ཐབས་བསྣམས་པ། བརྒྱ་ཕྱེད་མི་མགོའི་ཕྲེང་བ་ཅན། རྡོ་རྗེ་རོ་ལངས ་མས་ཡང་དག་པར་འཁྱུད་པ། ལྷ་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དབུ་སྐྲ་གྲོལ་བ། །ཕྱག་གཡོན་ན་གནས་པའི་ཐོད་པར་གདུག་པ་བདུད་ཀྱི་ཁྲག་འཛིན་པ། གཡས་ན་རྡོ་རྗེ་གྲི་གུག་།མ་ཧེའི་ཐོག་ཏུ་ཞབས་གཡོན་བརྐྱང་བས ་གནས་པ་བསྒོམ་པར་བྱའོ། །ཤར་གྱི་འདབ་མར་གཏི་མུག་གཤིན་རྗེ་གཤེད་བཛྲ་ཙར་ཙི་ཀ་ལ་འཁྱུད་པ་སྐུ་མདོག་དཀར་པོ། །ལྷོའི་འདབ་མར་སེར་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་ཅིང་ཕག་མོ་ལ་འཁྱུད་པ། ནུབ་ཀྱི་འདབ་མར་འདོད་ཆགས་གཤིན ་རྗེ་གཤེད་སྐུ་མདོག་དམར་པོ་དབྱངས་ཅན་མ་དང་ཡང་དག་པར་ལྡན་པ། བྱང་གི་འདབ་མ་ལ་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་གུ་གོ་རཱི་དང་ཡང་དག་པར་ལྡན་པ། །གཡོན་ན་ཐོད་པ། གཡས་ན་གྲི་གུག་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། ་དཔའ་པོ་ཇི་ལྟར་ཕྱག་དང་ཞལ་གྱི་རྣམ་པ་ཅན། མེའི་མཚམས་སུ་མུ་མེན་སེར་ཆབ་ཀྱི་བུམ་པ་ཅི་དུས་མས་བཀང་པ། བདེན་བྲལ་དུ་གསེར་གྱི་བུམ་པ་ཀས་ཏོ་རིས་བཀང་པ། རླུང་གི་མཚམས་སུ་བྱི་རུའི་བུམ་པ་སི་ཧཱས་བཀང་པ། དབང་ལྡན་དུ ་དངུལ་གྱི་བུམ་པ་ག་བུར་གྱི་བཀང་པ། ཁ་ཐོད་པས་བཅད་པར་བསྒོམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའ་དང། དབང་བསྐུར་བ་དང། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་དང། བཟླས་པའི་དམིགས་པ་གོང་བཞིན་བྱས་ཏེ། ་ཨོཾ་ཧྲཱི(རྒྱུད་འགྲེལ་ཕྲེང་བའི་སྔགས་སོ། །ོཾ་དྭེ་ཥ་ར་ཏི། ནུ་ད་ནུ་ད། ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛ་སྭཱཧཱ། རྗེ་བཙུན་མའི་སྔགས་སོ། །ོཾ་མོ་དཱནྟ་ཀྲིཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནནྟ་ཀྲི་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱ་གཱན་ཏ་གྲི་ཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨིརཥྱ་ན་ཏ་ཀྲིཏ་ཧཱུཾ་ཧཱུཾ་ཕཊ། དཔའ་བ་བཞིའི་སྔགས ་སོ། །ོཾ་མོ་ཧ་ར་ཏི་ཧཱུཾ་ཛ(རྒྱུད་འགྲེལ་ད་ཧ་ན་མ་ར་དང། རྒྱ་སྐྱེགས་འདྲེས་མའི་ཁུ་བ་ལྟ་བུ་ཡང་དག་པར་བལྟས་ལ་བསིལ་བར་གྱུར་པར་བསམས་ལ། ཛ(རྒྱུད་འགྲེལ་པར་གྱུར་པའི་གཏོར་མ་དབུལ་བར་བྱའོ།། །།ོཾ་རཀྟ་མུ་ཀུ་སཱ་ཡ། རཀྟ་ཛཱ་ཊ་ཡ། རཀྟ་མུ་ཁཱ་ཡ་རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། སཱ་དྷྲ་ཀ་མུཎྜ། མཱ་ལཱ་བྷ་ར་ཎ་ཡ། རཀྟ་ད་ཐཱ་ས་མ་རུ་ཌཧཱ་ཡ། རཀྟ་པསྨ་ས་ནཱ། རཀྟ་བ་ར་ཎ། བྷུ་ཥ ་ཎཱ་ཡ་ཨེ་བཾ་བ་ལིཾ། གྲི་ཧྞ་གྲིཧྞ། མ་མ་བིགྷྞ། ཧ་ར་ཧ་ར། ཙ་ཏུརྨམཱ་ར་ཎ། བི་བཱ་ར་པ། བྷྲ་མ་ཡ་བྷྲ་མ་ཡ། ཙྪིནད་ཙྪིནདི། བྷིནདྷ་བྷིནད། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪ་ད་ཙྪ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་ནས་སོ་སོ་ལ་དབུལ་བར ་བྱ་སྟེ། ཨོཾ་ཨིནྡྲཱ་ཡ་ན་མོ་ཧྲཱི(རྒྱུད་འགྲེལ་ཕཊ། པེ་མ་ཙི་ཏྲ་ཎེ་ན་མ(རྒྱུད་འགྲེལ་ཨོཾ་མར་མེ་མར་མཱ། ཀྵོ་བྷ་ཎི་བཛྲ་ས་ར་སྭསྟེ། ཧ་ར་ཧ་ར། ཐ་ར་ཐ་ར་པ་ར་པ་ར། ཀ་ནྱ་ཀ་ནྱ། དྷུ་ན་དྷུ་ན་ཧཱུཾ་ཨ་མུ་ཀཾ་ཛ(རྒྱུད་འགྲེལ་ཁྲོད་དམ་རིའི?་རྩེ་མོར་བྱུང་སྟེ། ཁ་ལྷོ་ཕྱོགས་སུ་བལྟས་གཅེར་བུར་བྱས་ནས། ཧྲཱི(རྒྱུད་འགྲེལ་རྗེ་བཙུན་གྱི་ཐང་ཀ་བཀྲམ་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་དམིགས་ནས། མི་རུས་ཀྱི་སྨྱུ་གུས་ཁྲག་ཚན་དང། བྱ་རོག་གིས་ཁྲག་བསྲེས་པ་བྲི་བཞི་སོར་བཅུ་གཉིས་ཀྱི་ཚད་ལ་འཁོར་ལོ ་རྩིབས་བཅུ་གཉིས་ཀྱི་དབུས་སུ་རླུང་གི་ས་བོན་དེའི་ལྟེ་བར་དགྲའི་མིང་ཚོགས་དྲག་དང་བཅས་པ་ཁ་སྦྱར་དུ་བྱས་ཏེ་བྱ་རོག་གི་སྐེ་ལ་བཏགས་ནས། གལ་ཏེ་མ་བཀྲོལ་ན་དེ་རུ་ཆགས་པར་མི་འགྱུར་རོ། །དེ་ཉིད་དུ་བྲི་བར་བྱ་བའི་ས་བོན་བཅུ་གཉིས ་ནི་ཕཊ་ཕཊ་ཧཱུཾ་ཧཱུཾ་ན་ན་ཏཱ་ཀྲི་པཾཥྚརཱི?(རྒྱུད་འགྲེལ་གང་དུ་སྦས་ན་འཁོར་དང་བཅས་པ་དེ་མ་ཐག་ཏུ་བརླག་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་རྩིབས་བཅུ་གཉིས་པ་དེ་ཉིད་ཀྱི་དབུས་སུ་ཚེ་སྣ་གསུམ་དང། དུག་དང་སྐེ་ཚེ་རྣམས་ཀྱིས་རུས་ཆེན་གྱི་སྨྱུ་གུས་མེའི་ས་བོན་དབུས་སུ་ཚེག་དྲག ་དང་བཅས་པའི་གྷ(རྒྱུད་འགྲེལ་ན་མིའི་རུས་པ་སོར་བཞིའི་ཚད་ལ་ལན་བདུན་སྔགས་བཟླས་ནས་དགྲ་བོའི་སྒོ་རུ་སྤས་ན། དེའི་རིགས་སྟོངས་པར་འགྱུར་རོ། །དེ་བཞིན་དུ་ས་བོན་བཅུ་གཉིས་པས་ཡོངས་སུ་བསྐོར་བའི་འཁོར་ལོ་རྩིབས་བཅུ་གཉིས་པའི་དབུས་སུ་ཙན ་དན་ནས་པོ་ཏ་ཙེའི་ཤིང་ངམ། གཞན་གྱིས་མི་ཐུབ་པའི་སྔོ་རིགས་ཀྱི་ཤིང་གི་སྨྱུ་གུས་ཆུའི་ས་བོན་གྱི་དབུས་སུ་བི་དེ་གཉིས་ཁོ་ན་ཁ་སྦྱར་ལ། །ཐ་གསུམ་གྱིས་ཕྱི་ནས་བསྐོར་ཏེ། འོ་མས་བཀང་སྟེ་བརྒྱ་རྩ་བརྒྱད་བཟླས་ནས། ཟླ་བར ་གང་བ་ལྟ་བུར་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ས་བོན་བཅུ་གཉིས་པ་དེ་ཉིད་ཀྱིས་ཡོངས་སུ་བསྐོར་བར་འཁོར་ལོ་རྩིབས་བཅུ་གཉིས་ཀྱིས་དབུས་སུ་རྒྱ་སྐྱེགས་ཀྱི་ཡི་གེ་ཧྲཱི(རྒྱུད་འགྲེལ་བཅུག་སྟེ། ཡུངས་དཀར་དང་མར་དང་སྦྲང་རྩིས་བཀང་བར་གྱུར་ན། ལྷ་དང་ལྷ་མ་ཡིན་དང། མི་འམ་ཅི་དང། ལྟོ་འཕྱེ་དང་ལྟོ་འཕྱེ་ཆེན་པོ་དང་མཁའ་འགྲོ་མ་དང། གནོད་སྦྱིན་དང་སྲིན་པོ་དང་རྒྱལ་པོ་གདུག་པ་ཅན་ལ་སོགས་པ་ཁོལ་པོ ་དང་ཁལ་མོ་ལྟ་བུར་འགྱུར་རོ། །འཁོར་ལོ་བྱས་ནས་རོ་བསྲེགས་པའི་སོལ་བས་ལིང་ག་བྲིས་ལ་རྐང་པ་གཡོན་པའི་མཐེ་བོ་ཆོས་མནན་ཏེ། སྔགས་བཟླས་པས་གོང་བུ་དགག་པའོ། །དེ་བཞིན་དུ་སྙིང་གར་ཧྲཱི(རྒྱུད་འགྲེལ་བསྒོམས་ནས། བཟླས་ན་རྐང་པ་འགུགས་པར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་ཀྲི་ཏཱ་ན་ན་ཛི་པཾ་བ་ར་ཏ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ར་ཏ་རུ་པ་སརྦབ་སཏྭ། ད་མ་ཀ་མཧཱ་བྷུ་པ་ན། བ་ཏི་སྟོ་བྷ་བ། སྟ་བྷ་ཡ། མཧཱ་ཡ་བནདྷ་ཡ། ཧྲཱི(རྒྱུད་འགྲེལ་བཅས་པ་ཛ(རྒྱུད་འགྲེལ་པའི་སྦྱིན་སྲེག་གིས་རྒྱས་པར་འགྱུར་རོ། །ོཾ་ཧྲཱི(རྒྱུད་འགྲེལ་གསུངས་ཏེ། དམར་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་བརླག་པར་མཛད་པའི་དོན་ཏོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ནི་སྤྱན་གསུམ་མོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ ་འཇོམས་པའོ། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་ལྡན་པས་ན་ཤེས་རབ་མ་ལ་འཁྱུད་པའོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་རབ་ཏུ་སྟོན་པའོ། །མི་མགོ་བརྒྱ་ཕྱེད་ཀྱི་ཕྲེང་བ་ནི་ཡི་གེ་ལྔ་བཅུ་དང་ལྡན་པའོ། །གཡོན་པའི་ཐོད་པ་ཡེ་ཤེས ་ཀྱི་བདུད་རྩིས་བཀང་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་པའི་དབྱུག་ཐོ་ནི་ཕུང་པོ་དང་ཉོན་མོངས་པ་དང། ལྷའི་བུ་དང་འཆི་བདག་གིས་བདུད་བཞི་བཅོམ་ཞིང་སྙིང་རྗེའི་རང་བཞིན་ནོ། །ཞབས་གཡོན་བརྐྱང་བས་ནི་ཁམས་གསུམ་རབ་ཏུ ་སྟོན་པའོ། །བདུད་བཞི་ཁྲག་གི་རོ་དང་བཅུར་ལེན་དཔག་ཏུ་མེད་པ་མྱོང་བས་ན་ལྷ་མོའི་གཡོན་གྱི་ཕྱག་ན་ཐོད་པའོ། །གཡས་ཀྱི་གྲི་གུག་གི་དངོས་པོ་དང། དངོས་པོ་མེད་པའི་རྣམ་པར་རྟོག་པ་རབ་ཏུ་བཅོད་པའི་ཕྱིར་རོ། །གདུག་པ་ཅན་འདུལ ་བ་ནི་ཁྲོ་བོའི་གཟུགས་ཅན་ནོ། །གསུས་པ་འཕྱང་བ་ནི་མྱ་ངན་ལས་མི་འདའ་བའ་ཨོ། །དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་བདེན་པ་རབ་ཏུ་སྟོན་པའོ། །སྒོ་བཞི་ནི་བདུད་བཞི ་སྐྲག་པར་མཛད་པའོ། །ཟུར་བཞི་ནི་ཚངས་པའི་གནས་བཞི་རབ་ཏུ་གང་བའོ། །ཀ་བ་བརྒྱད་ནི་རྨི་ལམ་ལྟ་བུ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང། བྲག་ཆ་དང་སྒྱུ་མའི་བདག་ཉིད། སྨིག་རྒྱུ་དང་མེ་ལོང་གི་གཟུགས་བརྙན་དང། ཆུའི་ཟླ་བ་ལྟ་བུ་དང ་ནམ་མཁའ་ཨི་འཇའ་ཚོན་ཏེ། དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །ནང་གི་རྟོག་པ་འཇམས་པ་ནི་དྲ་བ་ཕྱེད་པའོ། །རྟ་བབས་བཞི་ནི་སྦྱིན་པ་དང་སྙན་པ་དང། དོན་མཐུན་པ་དང་དོན་དཔྱོད་པ་དང། ལྡན་ཞིང་རབ ་ཏུ་སྤོང་བ་བཞི་དང་ལྡན་པའོ། །གཤིན་རྗེ་གཤེད་དམར་སྒྲུབ་པའི་ཐབས། བྱས་པའི་བསོད་ནམས་གང་བསགས་པ། དེ་ཡིས་འགྲོ་བ་མ་ལུས་ཀུན། །བདུད་བཞི་ལས་ནི་ཐར་བར་ཤོག། །།གཤིན་རྗེ་གཤེད ་དམར་པོའི་སྒྲུབ་པའི་ཐབས་སློབ་དཔོན་ཤྲཱི་བི་རུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤི་ལས་རང་འགྱུར་དུ་མཛད་པའོ།། །།གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས་བཞུགས་སོ།། །། ་