| Wylie | e-texts based on the ACIP/ALL Input |
དཔོན་དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་ཨཱ་ཀ་ར་ཙན་དྲ་དེ་ཉིད་དང། །ཅོ་ག་རོ་བནདེ་ཤེས་རབ་བླ་མས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། ཡ་མཱ་རི་སིདྡྷི ་ཙཀྲ་སཱ་དྷ་ནི། བོད་སྐད་དུ། གཤིན་རྗེའི་དགྲ་བསྒྲུབ་པའི་འཁོར་ལོའི་སྒྲུབ་ཐབས། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེའི་དགྲ་མགོན་ལ། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །གཤིན་རྗེའི་དགྲ་ནི་བསྒྲུབ་བྱའི་ཕྱིར། ། ་སྒྲུབ་པའི་ཐབས་ནི་གཤད་པར་བྱ། །སྔོན་དུ་གསུངས་པའི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པ་དེར་གསུངས་པའི་དམ་ཚིག་ཡོངས་སུ་བསྲུང་བ་ཞིང་སེམས་དག་པས་ཡིད་དང་མཐུན་པའི་གནས་སུ་དྲི་ལ་སོགས་པས་བྱུགས་པའི ་དཀྱིལ་འཁོར་ལ་མེ་ཏོག་གི་སིལ་མ་དགྲམ་པར་བྱའོ། །དེར་བཅོམ་ལྡན་འདས་གཤིན་རྗེ་དགྲའི་བྲིས་སྐུ་བཞག་ལ། །དེ་ནས་རང་གི་སྔགས་ཀྱིས་ཨརྒྷའི་སྣོད་ལ་མངོན་པར་བསྔགས་ཏེ་བཞག་པར་བྱའོ། །རང་གི་སྙིང་གར་ཨ་ལས་ཉི་མའི ་དཀྱིལ་འཁོར་དེའི་སྟེང་དུ་སའི་ཕ་རོལ་གྱི་སྣ་ཚོགས་མཛེས་པའི་གདན་ཨུ་མ་བྱས་ལ། །ཟླ་བ་དང་ཐིག་ལེས་བརྒྱན་པ་ལས་འོད་ཟེར་སྔོན་པོ་འབར་བ་ལས་བདུད་ཀྱི་གནས་བསྲེགས་ཏེ། །བགེགས་མེད་པར་དམིགས་ལ། །རང་གི་ས་བོན་འོད་ཟེར ་སྣ་ཚོགས་སྤྲོས་ཏེ། དེ་རྣམས་རྫོགས་པ་ལས་རྗེ་བཙུན་བླ་མ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིལ་གྱི་གང་བུ་བཞིན་དུ་ནམ་མཁའ་ཁྱབ་པར་མཐོང་ནས། ཡང་ད་པར་མཆོད་པར ་བྱ་སྟེ། །ོཾམ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནདྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང། །སངས་རྒྱས ་བྱང་ཆུབ་ཡིད་ཀྱིས་བཟུང། །སངས་རྒྱས་ཆོས་དང་དགེ་འདུན་མཆོག་།བྱང་ཆུབ་བར་ནི་སྐྱབས་སུ་མཆི། །རང་དང་གཞན་གྱི་དོན་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་མ ་ལུས་བདག་གི་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་པ་བདག་གིས་སྤྱད་པར་བྱ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།དེ་ལྟར་སྔོན་དུ་སྨོན་ལམ་ལན་གསུམ་བརྗོད་དོ། །དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ། །ོཾ ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བ་འདི་ལན་གསུམ་བརྗོད་དེ། །ཁམས་སུམ་མ་ལུས་པ་སྒྱུ་མའི་རང་བཞིན་དུ་བསྒོམས་ཏེ། །འགྲོ་བ་ཐམས་ཅད་མི་དམིགས་པར་བྱའོ། །དེ་ནས་ཐོག་མ་མེད་པའི་དུས་ཀྱི་ཀུན་ཏུ་རྟོག་པའི་ས་བོན་མ་རིག ་པས་བྱས་པའི་ངོ་བོ་ཉིད་དག་ཅིང། །ལྷག་པར་མོས་པར་བྱེད་པ་ནི་ལན་གསུམ་བཟླས་ཏེ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་འཁོར། །དེའི་སྟེང་དུ་ཧཱུཾ་བསམས་ཏེ། །དེ་ལས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་འོད་སྤྲོ་བར་བྱ་སྟེ། །དེའི་རང་བཞིན་གྱི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་གསལ་བར་བལྟས་ལ། །དེ་ནས་དེ་ཐམས་ཅད་འདུས་པ་ལས། །དེ་ཉིད་ཀྱི ་མཚན་མ་ལ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་རྫོགས་པའི་མཐར་གཤིན་རྗེའི་དགྲ་མདོག་སྔོན་པོ་ཁྲོས་པ་འཇིགས་པར་བྱེད་པ། ཞེ་སྡང་དང་བཅས་པ་གང་རྒྱངས་རྣམ་པར་སྒྲོག་པ། །མཆེ་བ་གཙིགས་པའི་ཞལ། །གསུས་པ་འཕྱང་བ། །མི་མགོ་སྐམ་པོ ་རྣམ་པར་བརྒྱན་པ། །སྐྲ་སེར་པོ་གྱེན་དུ་བརྫེས་པ། །མི་བསྐྱོད་པའི་དབུ་རྒྱན་ཅན་མགོ་བའི་ཕྲེང་བས་དབུ་སྐྲའི་རལ་པ་བཅིངས་པ། འཇམ་དཔལ་གྱིས་ཀུན་ཏུ་བརྒྱན་པ། །ཀླུའི་དབང་པོ་སྣ་ཚོགས་ཀྱིས་སྤྲས་པ། །སྟག་གི་པགས་པའི་ཤམ་ཐབས་ཅན། ་སེང་གེའི་པགས་པས་སེ་རལ་དུ་བརྒྱན་པ། །ཞལ་དྲུག་པའི་ལྗགས་བསྒྱུར་བ། །སྣ་ཚོགས་པའི་ཞལ་དང་ལྡན་པ། །སྟེང་གི་ཞལ་འཇིགས་པར་བྱེད་པ། །ཚངས་པ་དང་དབང་པོ་དང་དྲག་པོས་ཕྱག་བྱས་པ། །ཕྱག་དྲུག་པ་གཡས་གསུམ་ན་རྡོ་རྗེ་ཐོ་བ ་དང། རལ་གྲི་དང། རྡོ་རྗེ་བསམས་པའོ། །གཡོན་གྱི་གསུམ་ན་སྡིགས་མཛུབ་བྱེད་ཅིང། ཞགས་པ་དང། གཏུན་ཤིང། རྡོ་རྗེ་དྲིལ་བུ་བསྣམས་པའོ། །སྣ་ཚོགས་ཀྱི་མདོག་ཅན་འབར་བའི་ཕྲེང་བའི་འོད་ཀྱིས་ཁྲོ་བོ་རྣམས་ཀྱི་ཕྱག་ན་མཚན་མ་ལྔ་བསྣམས་པ ་རྣམ་པར་བསྒོམས་སྟེ། མ་ཧེའི་གདན་ལ་བཞུགས་པ། ཞབས་དྲུག་པ། ཞབས་གཉིས་ཀྱིས་གཡོན་བརྐྱང་བ། །རྡོ་རྗེའི་རྐང་པ་གཉིས་ཀྱིས་གར་བྱེད་པའོ། །རྡོ་རྗེའི་རྐང་པ་གཉིས་ཀྱིས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ལེགས་པར་བརྟེན་པ། །དེའི་འོག་ཏུ ་གཤིན་རྗེའི་རྒྱལ་པོ་ཆུང་མ་དང་བཅས་པ་ཁ་སྦུབ་དུ་འགྱེལ་བ་དང། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བགེགས་རྣམས་འཇོམས་པར་བྱེད་པར་བསམ་མོ། །བདུད་རྣམས་འཇིགས་ཤིང་སྡངས་པ་དང། ཁ་སྦུབ་ཏུ་འགྱེལ་ཏེ་གནས་པའོ། །དེ་ནས ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་ལ་བསྐུལ་ཞིང་སྔགས་འདིས་དགུག་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་ལྕགས་སྒྲོག་གི་གཟུགས་ཀྱིས་རྐེད་པ་འམ་དབྱི་མགོ་གཉིས་བཅིང་བར་བྱ་ཞིང། །ོཾ་བཛྲ་སཕོ་ཊ་བཾ། དེ་ཉིད་རྡོ་རྗེ་མཐོང་བས་བཅིངས་ཏེ། དབང་དུ་བསྡུ་བར་བྱའོ། །ོཾ་བཛྲ་ཨཱ་བེ་ཤ་ཧོ(རྒྱུད་འགྲེལ་རྣམ་པ་ཐམས་ཅད་ཀྱི་མཆོག་དེ་མཐོང་སྟེ། ཧཱུཾ་ལས་བགེགས་རྣམས་གཞོམ་པར་བྱའོ། །དེ་ནས་རང་གི་སྔགས་དང་ཕྱག་རྒྱ་འདིས་ཨརྒྷའི་སྣོད་སྦྱིན་བར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ་ཨརྒྷའི་སྣོད་ལྟར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་དང་མཐེ་བོས་མེ་ཏོག་བླངས་ལ་ཁུ་ཚུར་བཅངས་ཏེ། །རིམ་གྱིས་གུང་མོ་ལ་སོགས་པ་བརྐྱང་སྟེ། ཨོཾ་པྲ་བ་ར་ས་ཏ་ཀཱ་ར་པྲ་ཏཱིཙྪ་སྭཱཧཱ། དེ་ནས་ཕྱག་རྒྱ་འདིས་བསྡུས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ།། ་མཛུབ་མོ་དང་མཐེ་བོང་སེ་གོལ་བརྡབ་ཅིང། ཨོཾ་བཛྲ་ས་མ་ཛ(རྒྱུད་འགྲེལ་ཕྱག་རྒྱ་དང་རང་གི་སྔགས་དང་ལྷན་ཅིག་ཏུ་སྙིང་ག་དང། མཛོད་སྤུ་དང། མགྲིན་པ་དང། མགོ་རྣམས་སུ་གཞག་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ཏེ། །མཐེ་བོང་གཉིས་བརྐྱང་གུང་མོའི་རྒྱབ་ཚིགས་ཀྱི་གསུམ་པར་སྦྱར་རོ། །དེ ་ནས་རང་གི་ལྕེ་ལ་ཧཱུཾ་གིས་རྡོ་རྗེ་གནོད་མཛེས་བསྒོམ་པར་བྱའོ། །ཆོས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོའི་དོན་དུ་དེ་ནས་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྒྲེང་སྟེ་མྱུ་གུ་ལྟར་བྱས་པ་ནི། །རྡོ་རྗེ་སེམས་དཔའ་ཨི་ཕྱག ་རྒྱ་སྟེ། སྤྱི་བོར་གཞག་ལ་ཨོཾ་བཛྲ་སཏྭ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། །འདིས་ཐམས་ཅད་དུ། བཅོམ་ལྡན་འདས་མི་བསྐྱོད་པ་མདོག་གནག་བ་ས་གནོན་གྱི་ཕྱག་རྒྱས་གནས་པར་བསམ་མོ། །དེ་ནས་མཐེ་བོང་གཉིས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་མཛུབ ་མོ་དང་གུང་མོ་སོ་སོར་སྦྱར་ཏེ། མཛུབ་མོའི་ཚིག་གཉིས་པ་བཅག་།གུང་མོ་ཡུད་ཙམ་བཅག་སྟེ། ལྷག་མ་སོར་མོ་མཉམ་པར་སྦྱར་བ་ནི་རྣམ་པར་སྣང་མཛད་ཀྱི་སྟེ། དཔྲལ་བར་གཞག་ནས་རྣམ་པར་སྣང་མཛད་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས ་བཞུགས་པའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་རིན་པོ་ཆེའི་གཟུགས་ལྟར་བྱས་པ་ནི་རྡོ་རྗེ་རིན་ཆེན་མས་ཏེ། །རྣ་བ་གཡས་པའི་སྟེང་དུ་གཞག་པས་རིན་ཆེན་མཆོག་སེར་པོ་མཆོག་སྦྱིན་ཅན་ནོ། །དེ་ཉིད་ལས་སོར་མོ་རྣམས་པདྨའི་མྱུ་གུ་ལྟར་བྱས་ལ་གུང་མོ ་རྩེ་སྤྲད་དེ་ཡུད་ཙམ་ཐུར་དུ་བཅག་སྟེ། འདབ་མ་ལྟར་བྱས་པ་ནི་ཆོས་ཀྱི་རྡོ་རྗེ་མ་སྟེ། །ལྟག་པར་གཞག་པས་སྣང་བ་མཛའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་མཉམ་པར་སྦྱར་བ ་གུང་མོའི་ཚིགས་གསུམ་པའི་རྒྱབ་ཏུ་མཛུབ་མོ་བཞག་པ་ནི་ལས་ཀྱི་རྡོ་རྗེ་མའོ། །རྣ་བ་གཡོན་པའི་སྟེང་དུ་བཞག་པས་དོན་ཡོད་གྲུབ་པ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པའོ། །དེ་ནས་གོ་ཆའི་དར་དཔྱངས་བཅིངས་ཏེ། །མཛའ་མ་ལ ་སོགས་པས་བསྲུངས་ཏེ། ཀུན་ནས་མཆོད་པར་བྱའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ལ་སྔགས་ཀྱིས་མཆོད་པ་སྟེ། ཐམས་ཅད་ཀྱང་པདྨ་དང་ཟླ་བའི་གདན་ཅན་མའོ། །ོཾ་ལཱ་སྱ་ཧཱུཾ་མེའི་མཚམས་སུ་རྡོ་རྗེ་སྒེག་མོ་དཀར་མོ། །སེམས་དཔའ་ཨི་སྐྱིལ་ཀྲུང ་མ། ཐམས་ཅད་པདྨ་དང་ཟླ་བའི་གདན་ཅན་མ། །རྡོ་རྗེ་ཁུ་ཚུར་གཉིས་དགུར་བརྟེན་ཏེ། གང་བྱེད་པའི་འགྱིང་བག་དང་བཅས་པ། གཡོན་དུ་ཞལ་ཡིད་ཙམ་འདུད་པའོ། །དེ་བཞིན་དུ་ཨོཾ་བཛྲ་མཱ་ལེ་ཧཱུཾ། བདེན་བྲལ་དུ་རྡོ་རྗེ་ཕྲེང་བ་མ་སྐུ་མདོག་སེར་མོ ་བསམ་པར་བྱའོ། །ོཾ་བཛྲ་གཱི་ཏི་ཧཱུཾ། འདིས་རླུང་གི་ཕྱོགས་སུ་མདོག་དམར་མོ་གཡོན་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་སྒྲེང་བ། གཡས་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བའོ། །གཡས་གཡོན་ཀླུ་ལེན་པའི་གར་བྱེད་ཅིང་བསྒེག་པའོ། །ལུས་ཡིད་ཙམ ་གར་བྱེད་པ། གླུ་ལེན་ཅིང་པི་ཝང་རྡུང་པར་བྱེད་པའོ། །ོཾ་བཛྲ་ནིར་ཏྱེ་ཧཱུཾ། འདིས་དབང་ལྡན་གྱི་ཕྱོགས་སུ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་ཕྱོགས་ཀུན་ཏུ་བསྒྱུར་བ་སྒེག་པའི་ཉམས་དང་ལྡན་པ་དེ་ཉིད་མགོ་བོར་གནས་པ། །གང་སྦྱོར་བའི ་ཚུལ་གྱིས་གནས་པ་ནི་གར་མཁན་མའོ། །ོཾ་བཛྲ་པུཥཔེ་ཧཱུཾ། མདུན་དུ་སྐུ་མདོག་ཡིད་ཙམ་དཀར་བ་དེ་བཞིན་དུ་སྔོན་དུ་གར་བྱེད་པ། །རྡོ་རྗེ་ཐལ་མོ་མགོ་བོར་རྣམ་པར་འཛིན་པ་ལས་སྙིང་གར་མེ་ཏོག་གི་ཕྲེང་བ་འཛིན་པར་བྱེད་པ་ནི་མེ་ཏོག་མའོ། །ོཾ ་བཛྲ་དྷཱ་བེ་ཧཱུཾ། གཡས་ཕྱོགས་སུ་ཡིད་ཙམ་འདུད་ལ། སྐུ་མདོག་སེར་བ་ལག་པ་གཉིས་ཀྱི་མཐེ་བོང་གཉིས་བརྐྱང་བ་སྟེ། ཐུར་དུ་བསྐོར་ཞིང་སྤོས་དབུལ་བར་བྱའོ། །ོཾ་བཛྲ་དཱི་པེ་ཧཱུཾ། རྒྱབ་ཏུ་ཡིད་ཙམ་འདུད་པ་སྐུ་མདོག་དམར་བ་དེ་བཞིན་དུ་རྡོ་རྗེ་ཁུ ་ཚུར་བཅིངས་ལ། །ལག་པ་གཉིས་གྱེན་དུ་བསྒྲེང་ཏེ། །བསྐོར་ཞིང་མར་མེ་འབུལ་བར་བྱའོ། །ོཾ་བཛྲ་གནདྷེ་ཧཱུཾ། གཡོན་དུ་ཡིད་ཙམ་བདུད་པ་ཁ་དོག་ལྗང་བ། དེ་བཞིན་དུ་སྔོན་དུ་གར་བྱེད་ཅིང་ཡོངས་སུ་བསྐོར་བ་གཉིས་ཀྱིས་བྱུག་པར་བྱེད་པ་དྲི ་ཆབ་མའོ། །འདི་དག་རང་རང་གི་ཕྱག་རྒྱ་བཅིངས་པ་ལས་བྱུང་བ། སྒེག་མོ་ལ་སོགས་པའི་ལྷ་མོ་རོལ་པ་དང་བཅས་པར་ལག་པ་བསྐྱོད་པ་རྣམས་སོ། །ནམ་མཁའ་ཨི་དཀྱིལ་འཁོར་ཁྱབ་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངོ་བོ་རྟོགས་པ། སོ་སོར་བརྗོད་ཀྱི ་མི་ལང་བའི་རང་བཞིན་སྤྲུལ་ཏེ། །མཆོད་པ་སྣ་ཚོགས་པའི་སྤྲིན་གྱི་ཚོགས་ནམ་མཁའ་དང་མཉམ་པ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་བསམ་མོ། །ཇི་ལྟར་བསྟོད་པ་ལ་སོགས་པ་ཐམས་ཅད་མན་ངག་ལ་བྱའོ། །དུས་བཞིའི་རིམ་པས ་རྩ་བའི་སྔགས་ཇི་སྲིད་བཟླས་པ་དེ་སྲིད་མཚན་མ་བཟང་པོ་རྣམས་ངེས་པར་མཐོང་ཞིང་ཉི་མ་བདུན་ན་རྨི་ལམ་བཟང་པོ་མཐོང་བ་ནི་དེའི་དུས་ལ་སངས་རྒྱས་རྨི་ལམ་དུ་མཐོང་བ་དང། མཆོད་རྟེན་དང། སྐུ་གཟུགས་དང། གང་ཡང་དགེ་འདུན ་མཐང་བ་དང། དགེ་སློང་མ་དང། དེ་བཞིན་དུ་ཡང་ལྷ་ཁང་དམ། དགེ་སློང་གཅིག་གམ། དེ་བཞིན་དུ་ཆུ་ཀླུང་ངམ། མཚོ་ལ་རྒྱལ་བ་དང། རི་ལ་འཛེག་པ་དང། བདེ་བར་གཤེགས་པ་རྣམས་དང། བརྟུལ་ཞུགས་ཅན་དང། སྔགས་པ་བྱེ་བྲག་ཅན་དང། དབང ་བསྐུར་བར་བྱེད་པ་རྨི་ལམ་ན་མཐོང་བ་དང། དགེ་སློང་མ་དང། དེ་བཞིན་དུ་ལྗོན་ཤིང་གིས་སྤྲས་པའི་གནས་རྣམས་མཐོང་བ་དང། དམ་པ་རྙེད་པ་དང། རེག་པ་དང། དེ་བཞིན་དུ་གཞན་ཡང་དགེ་བའི་དངོས་པོ་རྣམས་ཀྱི་མཚན་མ་མཐོང་ན། དེ་ནས་ལས ་རྣམས་བརྩམ་པར་བྱ་སྟེ། །དེ་ལ་ལས་ཐམས་ཅད་བྱེད་པ་ནི། །འཁོར་ལོའི་མཚན་ཉིད་རིའུ་མིག་བཞི་བཅུ་རྩ་དགུ་པ་ཤིན་ཏུ་འབར་བ་གསལ་བར་བྱ་སྟེ། དེ་ལ་ཨཱ་ལི་ཀཱ་ལིའི་སྦྱོར་བ་ལ་ཨུ་མེད་པ་རྣམས་ཆོ་ག་བཞིན་དུ་བྲིས་པ་ལས་དབང་ལྡན་ལ་སོགས ་པའི་ཕྱི་རོལ་གྱི་མཚམས་ལ་རི་ལ་སོགས་པའི་ཡི་གེ་བཞི་དགོད་པར་བྱའོ། །རྩ་བའི་སྔགས་གོམས་པའི་དབང་གིས་སྤེལ་ལོ། །ུའི་རེའུ་མིག་གི་སྟེང་དུ་ཇི་ལྟ་བར་མགོ་བོས་ཕ་རོལ་མཛེས་པའི་སྣ་ལ་བརྒྱད་པ་དང་འོག་གིས་སྤྲས་པ། དབྱངས་ཡིག ་བཞི་པ་སུམ་སྐོར་བྱས་ལ་དབུས་ཀྱི་རེའུ་མིག་ལ་ཡི་གེ་ཇི་ལྟར་གསུངས་པའི་རིམ་པས་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིའོ། །ལས་ཐམས་ཅད་བྱེད་པའི་འཁོར་ལོ་ངེས་བསྲུང་བའི་དོན་ལ་སྐྱེས་པ་རྣམས་ལ་གུར་ཀུམ་དང། །བུད་མེད་རྣམས་ལ་གི་ཝང་གི ་གྲོ་ག་འམ། །ུམ་ལྷའི་ཤུན་པའམ། སླ་གོར་ཞོ་ཤའི་ཤུན་པ་འམ། རས་ལ་བསྲུང་བའི་སྐུལ་ཚིག་དང་ལྡན་པར་བྲི་བ་ན་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཞི་བའི་ལས་ནད་པར་གྱི་མཚམས་ལ་བྱ། རྗེ་བཙུན་སྐུ་མདོག་དཀར་པོར་བསྒོམ་སྟེ་བྲི། །མཆོད ་པ་ཆེན་པ་བྱས་ཏེ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་སོགས་པ་སྔར་སྦྱིན་པ་བྱས་ན། བསྲུང་བ་ཆེན་པ་བྱས་པ་དང་ལྡན་པར་འགྱུར་རོ། །བུད་མེད་དམ་སྐྱེས་པ་ལ་སོགས་པ་ཞི་བར་བྱ་བར་འདོད་པས། །འཁོར་ལོ་འདི་ཤིང་ཤིང་ཤའི་ཤུན་པ་ལ ་བྲི་བར་བྱ། ཙན་དན་དང། གུར་ཀུམ་གྱིས་བྲིས་ཤིང་ཡང་དག་པར་དེ་ཉིད་ཀྱིས་བྱའོ། །སྔར་གསུངས་པའི་ཞལ་ལ་སོགས་པ་ལས་ཐམས་ཅད་བྱེད་པའི་ཐབ་ཏུ་དགོད་པར་བྱའོ། དེའི་སྙེད་དུ་བླ་དེ་དགྲམ་པར་བྱའོ། །བུམ་པ་བཞི་པོ་རྣམས་ལ ་རིན་པོ་ཆེ་སྣ་ལྔ་དང་འབྲུ་ལྔ་དང། སྨན་ལྔའི་ནང་དུ་གཞུག་།དྲི་ཞིམ་པོའི་ཆུས་དགང། རས་ཀྱིས་བུམ་པའི་མགྲིན་པ་དཀྲི་བར་བྱ། །མེ་ཏོག་དང་འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་རྒྱན་བྱ། ཕུར་བུ་སྣ་ཚོགས་ཀྱིས་ཐབས་ཀྱི་ཕྱི་རོལ་གྱི་མཚམས་བཞིར ་བགེགས་བསྐྲད་པར་བྱ། །བུམ་པ་བཞི་གཞག་པར་བྱ། །ཐམས་ཅད་དུ་ཐད་ཁ་ལ་སོགས་པ་གཞག་ཅིང་དགྲམ་པར་བྱ། དྲི་དང་ཆུ་དང་མེ་ཏོག་དཀར་པོ་བསྲེས་ལ། སྐྱོང་ཆུ་གཏོར་གི་སྔགས་ཀྱིས་ཆུའི་སྦྱིན་སྲེག་བྱའོ། །ཆུ་དེས་ཐམས་ཅད་དུ་ཡང་དང། ཡང ་དུ་གཏད། ཉི་མ་བདུན་དུ་ཐམས་ཅད་དུ་ཡང་གཏོར་མ་སྦྱིན། དེ་ནས་འཁོར་ལོ་དེ་དབྱུང་བར་བྱས་ནས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གནས་མཐོན་པོར་གཞག་སྟེ། ཉི་མ་རེ་རེ་ཞིང་མཆོད་པ་བྱས་ན་དེ་ནས་ཞི་བར་འགྱུར་རོ། །དམག་གི་དཔུང ་ལ་སོགས་པ་ལ་རེངས་པར་བྱ་བ་ལ་སྔར་གསུངས་པའི་ཤིང་ཤུན་ལ་ལྡོང་རོས་དང། ཡུང་བའི་ཁུ་བས་བསྐུས་ཏེ་དྲི་དེ་ཡང་བསྐུ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང། རྣམ་པར་སྣང་མཛད་དང། ཆུ་བོའི་དོགས་གཉིས་ཀྱི་ས་དང། རིའི་ས་དང། ལམ ་རྒྱ་གྲམ་གྱིས་དང། སྔར་གསུངས་པའི་ལྡོང་རོས་དང། ཡུང་བའི་ཁུ་བས་བཅིང་ལ། གཟུགས་བརྙན་བྱས་ནས་དེའི་སྙིང་གར་བཅུག་སྟེ། ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་བསྒྲུབ་པར་བྱ་བ་འོང་བའི་ལམ་གྱི་ས་འོག་ཏུ་བཅུག་སྟེ། སེང་ལྡེང ་གི་ཕུར་བ་སོད་བརྒྱད་པས་ལུས་ལ་སོགས་པ་མན་ངག་ཇི་ལྟ་བས་ཕུར་བུ་གདབ་པ་བྱས་ནས་གཏོར་མ་ཡང་སྦྱིན་ནོ། །ཇི་ལྟར་གསུངས་པའི་མདོག་ལ་སོགས་པ་འདི་དག་རྫོགས་པ་དང། ལྔ་སྟོང་བཟླས་པ་བྱས་ན་གདུག་པ་ཅན་ཐམས་ཅད་རེངས ་པར་འགྱུར་རོ། །གང་དུ་རིམ་དང་དུག་ལ་སོགས་པ་མེད་པར་བྱེད་པ་དེར་སྲན་ནེ་ལ་ལན་བདུན་བསྔགས་ཏེ། འདིས་འཁོར་ལོ་བྲི་བར་བྱའོ། །དེའི་སྟེང་དུ་བསྒྲུབ་བྱ་གཞག་ཅིང་ཇི་ལྟར་གསུངས་པའི་ཆོ་ག་བྱས་ན་དེ་ནས་ཞི་བར་འགྱུར་རོ། །དགྲ་བོ་བཅིང་བ་ལ་ཁམ ་ཕོར་མ་བསྲེགས་པ་ཁ་སྦྱར་ལ། འཁོར་ལོ་འདིས་ཤིང་མྱོས་བྱེད་ཀྱི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བ་དང་བཙག་རྣམས་བསྲེས་ལ་བྲི། རོ་བསྲེགས་པའི་ཐལ་བ་དང། སས་གཡོགས་པར་བྱ། དེའི་མིང་དང་སྤེལ་ཏེ་སྟོང་བཟླས་ན་འདིས་ཁ་བཅིངས་པ་ལ ་སོགས་པའི་ཉེས་པ་འབྱུང་བར་འགྱུར་རོ། །བསད་པའི་སྦྱོར་བ་ལ་འཁོར་ལོ་འདི་དུར་ཁྲོད་ཀྱི་རས་ལ་དུག་དང། ཚ་དང། སྐེ་ཚེ་དང། མཛུབ་མོའི་ཁྲག་བསྲེགས་ལ་བྲི། །རོ་སྲེགས་པའི་ས་དང། ཐལ་བ་དང། དགྲ་བོའི་རྐང་རྗེས་ཀྱི་ས་དང། མི་རུས་ཀྱི ་ཕྱེ་མ་རྣམས་ཀྱིས་བསྲེས་ལ་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་གཞུག་པར་བྱའོ། །དེ་ནས་དུར་ཁྲོད་ཀྱི་མེ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་སྟོང་ཕྲག་བཅུ་བཟླས་པ་བྱས་ནས། དེའི་ཁྱིམ་མམ། །དུར་ཁྲོད་དུ་སྦས་ན། དེ་ནས་སྐད་ཅིག་གིས་འཆི ་བར་འགྱུར་རོ། །དགྲ་ནང་དབྱེ་ན་མ་ཧེ་དང། རྟའི་པགས་པ་འམ། །ཡང་ན་དུར་ཁྲོད་ཀྱི་ངས་སམ། རོའི་རས་ལ། མ་ཧེ་འམ་རྟའི་ཁྲག་གམ། བྱི་ལ་དང་ཁྱི་འམ། ཁྱིམ་བྱའི་ཁྲག་གམ། ནིམ་པའི་འདབ་མའི་ཁུ་བ་དང། སྐེ་ཚེ་དང་བསྲེས ་པས་འཁོར་ལོ་འདི་བྲི། རྣམ་པར་འགྲས་པར་བྱེད་པའི་ཚིག་དང་ལྡན་པར་བསྐུལ་བ་བྲིས་ནས། རྟའི་སྤལ་གྱི་ཁར་བཅུག་ལ་མ་ཧེའི་རྨིག་པའི་ནང་དུ་གཞུག་པར་བྱའོ། །དེ་ནས་བཟླས་པ་ཁྲི་བྱས་ཤིང་ནིམ་པའི་ཤིང་བསྐོས་ཏེ་དེའི་ནང་དུ་སྔ་བར་བྱས ་ན། དེ་གཉིས་འགྲས་ནས་དཔག་ཚད་བརྒྱས་ཆོས་ཀྱང་འཐབ་པར་འགྱུར་རོ། །དེ་ནས་རིམས་ཀྱིས་ཐེབས་པར་འདོད་ན་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་འདི་ཙི་ཏྲ་ཀ་དང། དུག་དང། ཨརྒའི་འོ་མ་དང། སྐེ་ཚེ་དང། ཁྲག་རྣམས་ཀྱིས་རྫོགས ་པར་བྲིས་ནས་སེང་ལྡེང་གི་མེ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་བརྒྱ་ཕྲག་ལྔ་བཟླས་པ་བྱས་ན། །རིམས་ཀྱིས་འཛིན་པར་འགྱུར་བ་ནི། བསྒྲུབ་བྱའི་ཁྱིམ་མམ། ལམ་གྱི་བཞི་མདོ་འམ། དུར་ཁྲོད་དུ་སྤས་ནའོ། །ཐམས་ཅད་ལས་གྲོལ ་བར་འདོད་ན་འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ། །རྒྱས་པ་ལ་གྲོ་ག་ལ་བཞི་མཉམ་གྱི་འཁོར་ལོ་འདི་བྲི། ཐ་མ་གཉིས་སུ་ཨོཾ་བྲི། དབུས་སུ་བསྒྲུབ་བྱའི་མིང། སྐུལ་བར་བྱེད་པའི་ཚིག་དང་ལྡན་པར་བཟུང་བར་བྱ་ཞིང། །ཐད་ཀའི་མདུན་དུ ་ཉིན་རེ་བཞིན་དུ་ཁ་ནུབ་ཏུ་བལྟས་ལ། ཟླ་བ་དྲུག་ཏུ་གནོད་སྦྱིན་དང། གནོད་སྦྱིན་མོས་རིན་པོ་ཆེའི་ཆར་འབེབས་པར་བྱེད་པར་བསམ་ཞིང་བདག་པོའི་གཟུགས་ཀྱིས་རྣམ་པར་བསམས་ཏེ། བཟླས་པ་ཁྲི་དང་སྦྱིན་སྲེག་ཁྲི་བྱས་ན་འགྲུབ་པ་ན་དེ ་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། དབང་དུ་བྱ་བ་ལ་ནི་འཁོར་ལོ་གྲོ་ག་ལ་སོགས་པའི་ཤོག་ཤོག་ལ་རང་འབྱུང་གི་མེ་ཏོག་དང་གི་ཝང་གིས་བྲི། ཡང་ན་སྲིན་ལག་གི་ཁྲག་དང། པིལ་བའི་འོ་མའི་ཁུ་བ་དང། རས་དམར་པོའི་ཁུ་བ་དང ་དེའི་རྩེ་རྣམས་བསྲེས་ལ་བྲིས་ཏེ། སྤྲ་ཚིལ་གྱིས་ཡང་དག་པར་དཀྲི་ཤིང་བྱུགས་ནས་མར་དང་སྦྲང་རྩིས་བཀང་བའི་བུམ་པའི་ནང་དུ་གཞག་ལ། འཛབ་ཁྲི་བྱ་བ་ནི་ཧོ་མཐར་སྦྱར་ཞིང་ཉི་མ་རེ་རེ་ཞིང་ཇི་ལྟར་གསུངས་པའི་རིམ་པས་མཆོད་པ ་བྱས་ན་མོད་ལ། དབང་དུ་འགྱུར་རོ། གྲ་གོ་ལ་གུར་ཀུམ་གྱི་ས་སྐར་མ་རྒྱལ་གྱི་ཟླ་བ་ལ་སོགས་པ་གཟས་ཟིན་པའི་དུས་སུ་བྲིས་ནས་སྐུད་པ་དམར་པོས་དཀྲི་ཞིང་མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་ཡང་སྦྱིན་ཞིང་འཛབ་སྟོང་ཕྲག་བཅུས ་སྒྲུབ་པ་བྱས་ལ་ཇི་ལྟར་གསུངས་པའི་གཟུགས་ཀྱིས་མིའི་ཐོད་པའི་ནང་དུ་གཞུག་པར་བྱས་ན། །དེ་ནས་གང་དང་གང་འདོད་པ་དེ་རྙེད་པར་འགྱུར་རོ། །རལ་གྲི་ལ་སོགས་པ་རེང་བར་བྱ་བ་ལ། འདི་ཉིད་ཀྱིས་ཅི་ཡང་རུང་བའི་མཚན་རེངས་པར ་བྱས་ནས། ཚིག་བསྐུལ་བ་དང་ལྡན་པར་བྲིས་ན་དེས་རེངས་པར་བྱེད་དོ། །དྲག་པོ་ལ་སོགས་པ་ཡོ་བྱད་ཆོ་གས་པ་དང་ལྡན་པས་གང་འདོད་པ་དེ་མེད་པར་བྱེད་དོ། །སྔོན་དུ་གསུངས་པའི་རིམ་པས་ཞི་བར་འགྱུར་རོ། །མ་མོའི་ཁྱིམ་དང། དུར་ཁྲོད་དང?། ཤིང? ་གཅིག་གི་དྲུང་ངམ། གནས་སྟོང་པ་འམ། ཆུ་འགྲམ་མཐོན་པོ་དང་རི་འམ། གནས་དབེན་པ་འམ། མཆོད་རྟེན་དང། སྔོན་དུ་གྲུབ་པའི་གནས་དག་གམ། ཡིད་དང་མཐུན་པའི་གནས་སམ། ལྷ་གང་དང་རང་གི་ཁྱིམ་དུ་སྔགས་པས་འཛབ་བྱ་བ་བཟླས ་པ་བྱས་ན། ཇི་ལྟར་གསུངས་པའི་རིམ་པས་གསང་བའི་དབང་བསྐུར་བ་བླ་མ་ལ་དད་པ་དེ་ཁོ་ན་ཉིད་རིག་པ། བླ་ན་མེད་པ་དེས་ཅི་ཡང་འགྲུབ་པོ། །རི་ལུ་འདོད་པའི་དངོས་གྲུབ་དང། རཱ་སའི་དངོས་གྲུབ་དང། རེངས་པའི་དངོས་གྲུབ་དང་རྐང་མགྱོགས་ཀྱི ་དངོས་གྲུབ་དང། རལ་གྲི་དང། གནོད་སྦྱིན་མོ་དང། ས་འོག་མ་དང། གི་ཝང་དང། བུམ་པ་བཟང་པོ་དང། དེ་བཞིན་དུ་རིག་པ་འཛིན་པའི་དངོས་གྲུབ་དང། ཀླུ་མོ་དང། ལྷ་མ་ཡིན་གྱི་བུ་མོ་དང། མི་འམ་ཅིའི་བུ་མོ་དང། དེ་བཞིན་དུ་མིའི་བུ་མོ་དང ་མཁའ་ལ་སྤྱོད་པ་དང། གང་འདོད་པ་དེ་གྲུབ་པར་བྱེད་དོ། །རང་གི་སྡེ་ཡོངས་སུ་བསྲུང་བར་བྱེད་དེ། །གཞན་གྱི་སྡེ་འཇོམས་པར་བྱེད་དོ། །སྲིན་མོ་ལ་སོགས་པ་མེད་པར་བྱེད་དོ། །མཁའ་འགྲོ་མ་རྣམས་འཇོམས་པར་བྱེད་དོ། །རིམས་ཉི་མ་བཞི་པ་ལ ་སོགས་པ་མེད་པར་བྱེད་དེ། །དུག་དང་པྲ་དབབ་པ་ལ་སོགས་པ་ལ་ཡང་བཟླས་པ་བྱས་པར་འགྲུབ་པོ། །སྟག་ལ་སོགས་པ་འཇིགས་པར་བྱེད་དོ། །ཆུ་ཡིས་འཇིགས་པ་མེད་པར་བྱེད་དོ། །སྔགས་འཛིན་པས་འདོད་པའི་སྙིང་པོ་དེ་རྙེད་པར་འགྱུར་རོ། ། ་བླ་མའི་ཞལ་ལྔ་ནས་ཀྱིས་སྣང་བ་ལས། རང་གི་སྙིང་གར་འཁོར་ལོ་དགོད་པར་བྱའོ། །ངོ་མཚར་དུ་མ་རྣམས་བྱེད་དོ། །རྗེ་བཙུན་གྱི་ང་རྒྱལ་དང་ལྡན་པས་ཀུན་ཏུ་གནས་པར་བྱའོ། །སྔགས་པས་རྟག་ཏུ་བཟླས་པ་བྱས་ན་དེས་ཐམས་ཅད་འགྲུབ་པོ ་གཏོར་མ་ཐམས་ཅད་སྔགས་འདིས་སྦྱིན་པར་བྱའོ། །ོཾ་ཧྲཱི(རྒྱུད་འགྲེལ་གཏོར་མ་སྦྱིན་པར་བྱས་པས་འགྲུབ་པོ། །འཁོར་ལོས་དགོས་པ་ཀུན་བྱེད་དོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཀྱིས། །ཡེ་ཤེས་བླ་མ་གནང་བ་ཡི། །བྱས་པ་དྲན་པ་ཡིས་ནི་བྱས། །གཤིན་རྗེའི་དགྲ་མགོན་ན་ན་དག་གིས། །བསྒྲུབ་པའི་ཐབས ་ཀྱི་མཆོག་བྱས་ལ། །དེའི་བསོད་ནམས་ཁྱད་པར་གྱིས། །སེམས་ཅན་གནས་ཆེན་ཐོབ་པར་ཤོག་།དཔལ་ཨུ་རྒྱན་གྱིས་ཡུལ་ནས་བྱུང་བ་གྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །། ་