CLOSE WINDOW

N1657: dpal rdo rje 'jigs byed kyi bstod pa
Wyliee-texts based on the ACIP/ALL Input

རྣམས་གཤིན་རྗེ་གཤེད་ལྟ་བུ། །འཁོར་བ་ལས་ནི་ཐར་བར་ཤོག། །སློབ་དཔོན་ཛྙཱ་ན་ཀྲ་རས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤཏྲི་བཛྲ ་བྷཻ་ར་བསྡུ་ཏི། །བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ། །དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཧཱུཾ་འཇམ་དཔལ་མཁའ་ལས་བྱུང་བའི་གསེར་མདོག་ཅན། །འཇམ་དཔལ་ཐུགས་ལ་ཆོས་ཀུན་རང་བཞིན ་གསལ་ཀྱང་འཇམ་དཔལ་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །འཇམ་དཔལ་བདག་ནི་རེ་བའི་སེམས་ཀྱིས་འདུད། །ཐུགས་མཆོག་འཇམ་པའི་ངང་ལས་མ་གཡོས་ཀྱང། །ཐུགས་རྗེས་གདུག་པ་འདུལ་ཕྱིར་གཤིན་རྗེའི ་གཤེད། །འཇིགས་བྱེད་ཆེན་པོ་འཇིགས་པའི་སྐུར་བསྟན་ནས། །མི་བཟང་དུས་མཛའ་ཨི་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འགྱུ། །སྤྱན་བགྲང་མཆེ་བ་གཙིགས་ཤིང་རབ་ཏུ་འབར། །རྡོ་རྗེའི་རྟ་གང་དྲག ་པོ་ཧ་ཧར་བཞད། །མཁའ་འགྲོ་སྡུད་པའི་ཕེཾ་སྐད་གནམ་དུ་འདོན། །ཁྲུས་པའི་སྟབས་ཆེན་བསྟབས་པས་ཐམས་གསུམ་གནོན། །སྡིགས་མཛུབ་གནམ་དུ་བསྒྲེངས་ཤིང་ལྷ་ཆེན་འདུལ། །ལྗགས་འདྲིལ་ཚེམས་ཆེན་གཙིགས་ཤིང ་ཁྲག་གིས་སྨོས། །ལྷ་དང་བཅས་པའི་འཇིག་རྟེན་ཞལ་དུ་གསོལ། །གླང་ཆེན་ཀོ་རློན་ཐོད་པའི་ཕྲེང་བཞགས། །གཅེར་བུ་འཇིགས་བྱེད་དབང་ཕྱུག་ཆེན་པོའི་ཚུལ། འཇིགས་བྱེད་མ་ཧེ་ཁྲོས་པའི་ཞལ་གདངས་ཤིང། །ཞལ་དགུ་འབར་བས ་སྲིད་པ་ཟད་བར་རྡུབ། །འགྲོ་བ་སྣ་ཚོགས་འདུལ་བའི་ཕྱག་རྒྱ་འབར། །བདུད་བཞི་གནོན་པའི་ཞབས་ནི་བསྐྱང་བསྐུམ་གནས། །འཇིགས་བྱེད་ཆེན་པོའི་སྐུ་ལ་རྟག་ཏུ་འདུད། །དབུ་དགུ་འབར་བའི་དཀྱིལ་འཁོར་ནས། །གཡས་ཀྱི་ཞལ ་གསུམ་བགྲང་བའོ། །མཐིང་ཁ་དམར་དང་སེར་བའི་ཞལ། །གཡོན་གྱི་ཞལ་གསུམ་གདངས་པ་ནི། །དཀར་དང་དུང་ཀ་གནག་པའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར ་བ་ལས། །གཡས་ཀྱི་ཕྱག་མཚན་བཅུ་དྲུག་ནི། །རྡེགས་ཅིང་འཇོམས་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་མཚན་བཅུ་དྲུག་ནི། །རོལ་ཅིང་སྟོབ་པའི་མཚོན་མས་མཛེས། །བརྗིད་ངམ་ཞབས་ཀྱི་ཚམ་ངམ་ལས། །གཡས་ཀྱི ་ཞབས་བརྐྱང་བསྐུམ་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་འདུལ། །གཡོན་གྱི་ཞབས་བརྒྱད་བརྐྱང་བ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིང་ག་རྒྱས་པའི་ཚུལ། །དྲག་པོའི་ཚུལ ་གྱིས་ཞེ་སྡང་འདུལ། །འདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དབང་བསྡུད་ཁྱོད་ལ་ཕྱག་འཚལ་ལོ། །དབང་ཕྱུག ་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དང་པས་འདུས་པ་དང། ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ཀྱང། །རྣམ་དག་དབྱིངས ་ལས་མ་གཡས་པའི། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །རྫོགས་སོ།། །།རྒྱ་གར་སྐད་དུ། པཉྩ་ཏཏྠ་སྟོ་ཏྲ། བོད་སྐད་དུ། དེ་ཉིད་ལྔ་བའི་བསྟོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཧཱུཾ་ཆོས ་