CLOSE WINDOW

N1656: dpal rdo rje 'jigs byed chen po'i sgrub thabs
Wyliee-texts based on the ACIP/ALL Input

གཉིས་ཀྱིས་བདེན་པ་གཉིས་རྣམ་པར་དག་པའོ། །མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའོ། །ུ་ཏོ་པ་ཏི་དང། བོད་ཀྱི་ལོཙྪ་བ་མལ་གྲོ་བློ་གྲོས་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་བྷེ་ཡ་བ་ཐ་ལྷན ་བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མུན་ནག་ལྟ་བུའི་སྐུ་འཛིན་ཅིང། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བདུད་དགྲ་ཁྱོད ་ལ་ཕྱག་འཚལ་ལོ། །བདེ་གཤེགས་བཀའ་ནི་བསྲུང་བ་དང། །གདུག་པ་འདུལ་བར་བྱ་བ་དང། །ཐར་པ་ཐོབ་པར་བྱ་བའི་ཕྱིར། །སྒྲུབ་ཐབས་འདི་ནི་བརྩམ་པར་བྱ། །དུར་ཁྲོད་དང་ནི་ཆུ་བོའི་འགྲམ། །ཤིང་གཅིག་དང་ནི་མཚན་གཅིག ་སོགས། །དབང་དང་དགུག་སོགས་གནས་དེར་བྱ། །དང་པོར་རང་སྙིང་ཟླ་བ་ལ། །རང་གི་ས་བོན་བསམ་པར་བྱ། །འོད་ཟེར་བླ་མ་རང་ལྷ་རྣམས། །གསལ་བྱས་ཕྱག་འཚལ་མཆོད་སོགས་བྱ། །ཚངས་པའི་བཞི་ཡི་བསམ་གཏན་ནི། ། ་བྱམས་པས་དགྲ་ཐུན་མཉམ་པོར་དམིགས། །སྙིང་རྗེས་སྡུག་བསྔལ་བྲལ་བར་བསྒོམ། །དགའ་བས་ཐར་པ་ཐོབ་པར་དགའ་། །བཏང་སྙོམས་ཡལ་བར་མི་འདོར་རོ། །དེ་ནས་སྟོད་པའི་བྱང་ཆུབ་བསྒོམ། །ར་བ་དྲ་བ་སྦྱར་བར་བྱ། །མ་ཡི་བུ ་ལས་སྐྱེས་བ་ལ། །སེམས་ཀྱི་ས་བོན་བསམ་པར་བྱ། །སྣ་ཚོགས་རྡོ་རྗེ་བསམ་གཏན་བྱ། །དེ་སྟེང་ཧཱུཾ་ལས་གསལ་སྤྲོས་པས། །བདུད་དང་འགེགས་ནི་སེལ་བྱེད་པའི། །རྡོ་རྗེ་ར་བ་བླ་རེ་ནི། །སྔགས་འདི་ཡིས་ནི་བསྒོམ་པར་བྱ། །ོཾ་སུཾ་??? ་བྷ་ཧཱུཾ་ཕཊ། གྲིཧྞ་གྲིཧྞ་ཧཱུཾ་ཕཊ། གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ(རྒྱུད་འགྲེལ་བཞི་ཡི་དཀྱིལ་འཁོར་རོ། །དེ་སྟེང་སུམ་ལས་རི་བོ་སྟེ། །པྲུཾ་ལས་གཟུགས་ཀྱི་བདག་པོ་བསྒོམ། །དེ་ཡོངས་གྱུར་ལས་གཞལ་མེད་ཁང། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ལྡན་པ་ལ། །དྲ་བ་དྲ་བ་ཕྱེད་པ་དང། །ཀ་བ ་བརྒྱད་ཀྱིས་ཡང་དག་སྤྲས། །ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཤིང་བརྒྱད་ཀྱིས་ཀྱང་མཛེས་པར་བྱས། །ཚིག་པ་དང་ནི་མ་ཚིག་པ། །དུམ་བུར་གྱུར་དང་མ་གྱུར་པ། །འཇིགས་པར་བྱེད་དང་འཇིགས་པ་དང། །བཙང་ཆེན་གཙུགས ་དང་ཤིང་ལ་སྦྱངས། །བནདྷ་པུ་ཏ་ལི་ལ་སོགས། །ཤིང་བརྒྱད་ལ་ནི་གནས་པའོ། །སྲིན་པོ་རོ་ལངས་མཁའ་འགྲོ་ཚོགས། །ཤ་ཟའི་གདོང་ཅན་བརྒྱད་པོ་ནི། །བྱ་རོག་འུག་པ་ཚོགས་ཀྱིས་བསྐོར། །གཞལ་ཡས་ཁང་གི་དབུས་སུ་ནི།། ་དང་པོའི་ཡི་གེ་སོགས་པ་ལ། །ཟླ་བས་བརྒྱན་པའི་ཆུ་སྐྱེས་བསམ། །དབུས་སུ་བཞི་པའི་བཞི་པ་ལ། །དབྱངས་ཡིག་བཞི་པས་བརྒྱན་པ་བསམ། །དེ་ལ་རལ་གྲིར་གྱུར་པ་དང། །རལ་གྲི་ལྟེ་བར་དེ་ཉིད་བསམ། །དེ་ཡོངས་གྱུར་པས ་འཇམ་དཔལ་བསམ། །གུར་ཀུམ་མདོག་ནི་གཞོན་ཚུལ་ཅན། །རལ་གྲི་གཡས་ལ་ཨུ་ཏ་པ་ལ་གཡོན། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ལྟར་བྱང་ཆུབ་ལྔ་བསྐྱེད་ནས། །མ ་ལས་བསྐྱེད་པའི་ཉི་མ་ནི། །དེ་ཡི་སྙིང་གར་བསྒོམ་པར་བྱ། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་དང་བཅས་པ་ལ། །རིག་པའི་ལྷ་མོ་ཁྲོ་ཚོགས་ཀུན། །སྤྱན་དྲངས་ཉི་མ་ལ་བཞུགས་བསམ། །དེ་ནས་འཇམ་དཔལ་དེ་ཉིད ་དང། །དེ་བཞིན་གཤེགས་ཀུན་གཅིག་ཏུ་གྱུར། །འོད་ཀྱི་གོང་བུ་དེ་ལས་མི་།འབར་བ་དཔག་ཚད་བརྒྱད་སྟོང་ཁྱབ། །དེ་གྱུར་སེམས་ཀྱི་ས་བོན་ལས། །འོད་ཟེར་ལྔ་ལྡན་ཁ་དོག་ནག། འོད་ཟེར་སྤྲེ་དང་བསྡུ་བ་དང། །དེ་གྱུར་རྡོ་རྗེ་གདེངས་པ་ནི། ། ་ཁ་དོག་ནག་པོར་གྱུར་པར་བསམ། །དེ་ལས་འོད་འཕྲོས་སངས་རྒྱས་དང། །རྒྱལ་སྲས་གཙོ་བོ་ལ་སོགས་ཀྱིས། །ནམ་མཁའ་ཨི་ཁམས་ཀུན་གང་བ་ཡིན། །ཉི་མའི་དཀྱིལ་འཁོར་ལ་གནས་བསམ། །སེམས་ཅན་ཁམས་ནི་རྣམ་སྦྱངས་ནས། །སླར ་བྱོན་རྡོ་རྗེའི་གཟུགས་ལ་ཞུགས། །རྡོ་རྗེ་ཆེན་པོ་ཡོངས་གྱུར་ནས། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་གཟུགས། །མ་ཧེའི་གདོང་ཅན་ཞལ་དགུ་པ། །ཕྱག་ནི་སུམ་ཅུ་རྩ་བཞི་ཕུབ། །གཡོན་བརྐྱང་གཡས་བསྐུམ་བརྒྱད་གཉིས་ཞབས། །ཕཊ་ཀྱི་སྒྲ་ཅན ་གསུས་པ་འཕྱང། །གྱན་བཙུགས་ཐོད་པའི་ཕྲེང་བས་བརྒྱན། །སྟག་གི་པགས་པས་སྨད་དཀྲིས་ཤིང། །ཀླུ་བརྒྱད་ཀྱིས་ནི་བརྒྱན་དུ་བྱས། །འཇིགས་པའི་དུས་ཀྱི་མེ་ལྟར་འབར། །ཧ་ཧ་ཞེས་རྒོད་ལྔགས་བསྐྱོད་ཅིང། །འཇིགས་པའི་ཁྲོ་གཉེར ་མེ་ལྟར་འབར། །འཇིགས་པའི་སྤྱན་ནི་ཉི་ཤུ་བདུན། །ཚངས་པ་བརྒྱ་བྱིན་ཚོགས་ཟ་བ། །རྩ་ཞལ་མ་ཧེའི་གདོང་ཅན་ཁྲོ། །རྭ་ཡི་བར་ན་གནས་པའི་ཞལ། །དམར་པོ་འཇིགས་བྱེད་ཁྲག་འཛག་པ། །སྟེང་ཞལ་སེར་པོ་ཅུང་ཟད་ཁྲོ། །རལ་པ་ཟུར ་ཕུང་ལྔ་དང་ལྡན། །གཞོན་ནུའི་ཆོ་ལུགས་འཆར་བ་པོ། །གཡས་པའི་དྲ་ལ་རྟེན་པའི་ཞལ། །དང་པོ་མཐིང་ཁ་འཇིགས་པར་བྱེད། །གཉིས་པ་མདོག་དམར་ཁྲོ་བོའི་ཞལ། །གསུམ་པ་སེར་པོ་ཅུང་ཟད་ཁྲོ། །གཡོན་པའི་རོ་ལ་བརྟེན་པའི་ཞལ། ། ་དང་པོ་དཀར་པོ་རྨོངས་པར་བྱེད། །གཉིས་པ་དུང་ཀ་ཁྲོ་བོའི་ཞལ། །གསུམ་པ་ནག་པོ་ལྗགས་འདྲིལ་བ། །གཡས་གཡོན་གཉིས་ཀྱིས་གླང་པོ་ཆེའི། །པགས་པ་བརྒྱངས་ཏེ་འཛིན་པའོ། །གཡས་པའི་ཕྱག་གི་རིམ་པ་བཞིན། །ཀར་ཏ་རི་རང་བྷི་དྷི ་བ་ལ་དང། །གཏུན་ཤིང་ཚུ་གྲི་ག་ན་ཡ། །སྟ་རེ་མདུང་དང་མངའ་དང་ནི། །ལྕགས་ཀྱུ་དབྱུག་ཐོ་ཁ་ཊཝཱཾ་ག་།འཁོར་ལོ་རྡོ་རྗེ་ཐོ་བ་དང། །རལ་གྲི་དང་ནི་ཅང་ཏེའུ་འཛིན། །གཡོན་པའི་ཕྱག་གིས་གོ་རིམས་བཞིན། །ཐོད་པ ་ཚངས་པའི་མགོ་པོ་དང། །ཕུབ་ཆུང་རྐང་པ་ཞགས་པ་དང། །གཞུ་དང་རྒྱུ་མ་དྲིལ་བུ་དང། །ལག་པ་མི་ལྤགས་རྩེ་གསུམ་མེ་ཡི་ཐབ། །ཐོད་ཚལ་སྡིགས་མཛུབ་བ་དན་རླུང་རས་འཛིན། །གཡས་ཀྱི་ཞབས་ཀྱིས་གོ་རིམས་བཞིན། །མི ་དང་མ་ཧེ་གླང་བོད་དང། །རྔ་མོ་ཁྱི་ལུག་ཝ་བརྒྱད་མནན། །གཡོན་པའི་ཞབས་ཀྱིས་གོ་རིམས་བཞིན། །བྱ་རྒོད་འུག་པ་བྱ་རོག་དང། །སེང་གེ་ཁྲ་དང་བྱ་རྒོད་ཆེན་པོ་དང། །ནེ་ཙོ་ཀྲུང་ཀྲུང་བརྒྱད་པོ་མནན། །འཇམ་དཔལ་ཡེ་ཤེས ་སེམས་དཔའ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །རང་གི་སྙིང་གར་བཞུགས་པ་ཡི། །སྙིང་ལ་ཉི་མའི་ལྟེ་བ་ལ། །འོད་འཕྲོས་དགྲ་མགོན་སྤྱན་དྲངས་ཏེ། །རྡོ་རྗེ་བསྡུ་བཅིངས་བྱས་ནས་ནི། །གསང་སྔགས་འདི་ཡང་བརྗོད ་པར་བྱ། །ོཾ་ཨེ་ཧཡེ་ཧི་བྷ་ག་བཱན། ཡ་མཱནྟ་ཀ་གཙྪ་ཡ། ཨོཾ་ས་མཱ་ཛཱ(རྒྱུད་འགྲེལ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥཔེ་ཧཱུཾ། ཨོཾ་བཛྲ་གན་དྷེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ། །ོཾ་བཛྲ་ནེ་བི་དྱེ་ཧཱུཾ། སྙིང་པོའི་མཇུག་ལ་བརྟགས་ལ་དབུལ ་ཛ(རྒྱུད་འགྲེལ་གཟིགས། །སྒྲིབ་ཀུན་སེལ་དང་ཀུན་ཏུ་བཟང། །མིང་གི་ཡི་གེ་དང་པོ་བསྐྱེད། །རྡོ་རྗེ་གསུམ་ནི་གནས་གསུམ་བསམ། །ོཾ་ཨཱ(རྒྱུད་འགྲེལ་བུམ་པ་ཡིས། །སྤྱི་བོར་བླུགས་ནས་དབང་བསྐུར་བྱ། །རྩ་བར་སྣང་མཛད་ཕྱག་རྒྱ་ཆེ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཡཾ་དང་རཾ་བསྐྱེད་རླུང་མེའི་སྟེང། །ཐོད་པ་ཨ་ལས་བསྐྱེད་པ་ཡིན། །ནང་དུ་བདུད་རྩི་ལྔས ་གང་བ། །ཧཱུཾ་ཞེས་པས་ནི་དག་པར་བསམ། །(རྒྱུད་འགྲེལ་དུ་བྱ། །སྔགས་ཀྱི་བཟླས་པ་བྱ་བ་ནི། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །རྩ་བའི་སྙིང་པོ་ཉེ་སྙིང་བསམ། །དུས་བཞི་ཡི་ནི་སྦྱོར་བ་ཡིས། །གཡེང་བ་མེད་པར་བསམ་གཏན་བྱ། །སྐབས་སུ་སྟོན་མོ་བཟའ་བར་བྱ། །ལྷ་རྣམས་མཉེས ་པར་བྱ་བའི་རིམ་པའོ། །སྔགས་པ་གཞན་ལ་ཕན་བརྩོན་པས། །དབང་དང་དགུག་དང་བསད་པ་དང། །བསྐྲད་དང་དབྱེ་དང་རྨོངས་ལ་སོགས། །རྒྱུད་ལས་བྱུང་བ་བཞིན་དུ་བྱ། །དེ་ལས་འདིར་ནི་དྲག་པོའི་ལས། །འཁོར་ལོའི་ལས ་དང་སྦྱིན་སྲེག་དང། །བསམ་གཏན་གྱི་ནི་སྦྱོར་བ་རྣམས། །ལས་འདི་དག་གིས་བརྩམ་པར་བྱ། །བླ་མ་སྨོད་སོགས་དམ་ཚིག་མེད། །།ཐེག་པ་ཆེན་པོ་སྨོད་པ་དང། །སྔགས་ཀྱི་རྒྱུད་ལ་འཕྱ་བ་དང། ། ་བསད་ངམ་བསྐྲད་ངམ་རེངས་པར་བྱེད། །སྙིང་རྗེ་ཡིས་ནི་ངན་སོང་ལས། །བཟློག་པར་བྱ་བ་གཞན་ལས་མིན། །སྔགས་པས་སྔོན་དུ་བསྙེན་པ་ནི། །བྱེ་བ་བཟླས་ནས་ལས་རྣམས་བརྩམ། །ཡང་ན་མཚན་མ་ཐོབ་ནས་བྱ། ། ་གཞན་དུ་བྱས་ན་འཇིག་རྟེན་བཅས། །དཀྱིལ་འཁོར་བྲིས་སྐུ་མདུན་དུ་ནི། །དང་པོར་མཆོད་པ་བྱས་ནས་ནི། །སྣང་མཛད་ཀྱིས་ནི་ལུས་ལ་བྱུག་།ཞིམ་པའི་ཆང་ནི་བཏུང་བར་བྱ། །སྐྲ་བཤིག་གཅེར་བུ་བྱས་ནས་ནི། །ནམ ་ཕྱེད་ཌ་མ་རུ་དཀྲོལ་བྱ། །བརྐྱང་བསྐུམ་ཚུལ་དུ་གནས་ནས་ཀྱང། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །ཧ་ཧ་ཞེས་བཀང་རྩེ་གཅིག་པས། །མ་ཡེངས་པ་ཡིས་གསང་སྔགས་བཟླས། །དེ་ནས་འཇིགས་པ་ཆེན་པོ་སྐྱེ། །སྔགས་པས་འཇིགས་པར ་མི་བྱའོ། །འཇིགས་པར་གྱུར་ན་བར་ཆད་འགྱུར། །དེས་ན་འཇིགས་པར་མི་བྱའོ། །དངོས་གྲུབ་གང་འདོད་ཅེས་གསུངས་པ། །ཡིད་ལ་གང་འདོད་གསོལ་བ་གདབ། དེ་ནས་ལས་རྣམས་བརྩམ་པར་བྱ། །མར་གྱི་ངོ་ལ་སྔགས་པ་ཡིས། ། ་དུར་ཁྲོད་རས་ནི་བླངས་ནས་སུ། །དག་པར་བཀྲུས་ཏེ་བརྐྱང་བར་བྱ། །སུམ་པའི་སྦྱོར་བས་མཚམས་བཅད་ནས། །ཝ་ཡིས་རྟོགས་པའི་ལྷག་མ་ལ། །སྣང་མཛད་དུར་ཁྲོད་ཐལ་བ་དང། །འབྲས་ཐུག་བཅས་པར་རང་ལ་བྱུག་།བརྒྱངས་ནས ་མདུན་དུ་བཞག་ནས་ནི། །སྐྲ་བཤིག་གཅེར་བུར་བྱུང་ནས་སུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ལ། །མ་ཧེའི་གདོང་གི་སྦྱོར་བ་ཡིས། །རས་དང་སྣག་ཚའི་རྫས་རྣམས་ལ། །ལག་པ་རེག་ནས་གསང་སྔགས་ནི། །འབུམ་ཕྲག་གཉིས ་སུ་བཟླས་པ་བྱ། །ཉི་མ་ཕྱེད་ནས་བཟུང་ནས་སུ། །འཁོར་ལོ་བྲི་བ་བརྩམ་པར་བྱ། །བྱ་རོག་སྒྲོ་རྩའི་སྨྱུ་གུ་ཡིས། །བཅུ་དྲུག་རྩིབས་ཅན་གཉིས་བྱས་ཏེ། །གཡས་དང་གཡོན་སྐོར་ཚུལ་གྱིས་ནི། །སུམ་ཅུ་གཉིས་དང་བཅུ་པས་སྐོར། ། ་བགེགས་དགྲའི་སྦྱོར་བས་དེ་ལྟར་བྲི། །བདག་ལས་སྤྲུལ་པའི་ཁྲོ་བོ་ཡིས། །བསྒྲུབ་བྱ་ལྷ་དང་ཕྲལ་ནས་ནི། །རྣམ་ཤེས་བསྡུས་ལ་འཁོར་ལོར་གཞུག། ཞུགས་པར་གྱུར་ནས་འཁོར་ལོ་དྲིལ། །ཐེད་པ་གཉིས་ཀྱི་བར་དུ་བཞུགས། ། ་ཤི་པའི་སྐྲ་ཡི་སྐུད་པས་དཀྲི། །རོ་བསྲེག་སར་ནི་བསྲེག་ཤིང་གིས། །མེ་སྦར་ནས་ནི་ཐོད་པ་བསྲོ། །སྔགས་པས་བསྒྲེང་སྟེ་རྐང་གཡོན་གྱིས། །མནན་ནས་ཡི་གེ་བཅུ་པ་བཟླས། །རོ་བསྲེག་ལ་སོགས་ས་འོག་གཞུག། རིམས་ཀྱིས་ཐེབས་ནས་འཆི་བར ་འགྱུར། །ཡང་ན་ལས་འདི་བརྩམ་པར་བྱ། །བསྙེན་པ་ལ་སོགས་སྔར་བཞིན་བྱ། །དུར་ཁྲོད་བཞི་མདོ་ཤིང་གཅིག་དྲུང། །སྔགས་པས་གནས་ནས་ལས་འདི་བྱ། །གྲོགས་མཁར་ཆུ་འགྲམ་གཉིས་ཀྱིས། །སྣང་མཛད་མི་བསྐྱོད་རུས་ཆེ་དང ་ཕུབ་མ་དུར་ཁྲོད་སོལ་བ་ལ། །བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་བྱ། །སྙིང་ག་ལྟེ་བ་གསང་བ་དང། །ལྐོག་མ་དང་ནི་སྨིན་མཚམས་སུ། །རི་ནང་སུ་ཡི་ཕུར་བུས་གདབ། །ཚིགས་རྣམས་ཚེར་མ་རྣོན་པོས་དགང། །ཐོད་པ་གཉིས་ཀྱི ་དབུས་སུ་བཟུག་།གནས་བདུན་གྲགས་མཁར་ས་དུར་ཁྲོད་ཐལ་བ་དང། །གཤིན་རྗེའི་སྐྱེས་བུ་ཁྲུ་གང་ཙམ་ལ་ཞལ་གཅིག་པ། །མཆེ་བ་གཙིགས་པ་ཕྱག་གཉིས་རལ་གྲི་སྡིགས་མཛུབ་ཞབས། །གཅེར་བུ་སྐྲ་གྲོལ་དེ་ཡི་ཐུགས ་ཀར་ཐོད་པ་གཞུག་།མར་གྱི་བརྒྱད་དང་བཅུ་བཞི་ཡི། །རི་སྲེགས་དུར་ཁྲོད་ས་དག་ལ། །ཁ་སྤུབ་བཟློག་ལ་ལྷོ་རུ་ཁ་བསྟན་འཕྲེང་ཉལ་བཞག་།ཁྱིམ་དུ་འོངས་ནས་ཁྲོས་ནས་ཡི་གེ་བཅུ་པ་བཟླས། །ཞག་གསུམ་གྱིས་ནི་འཆི་བར ་འགྱུར། །ཕྱུང་ནག་འོ་མས་བཀྲུས་ན་འཚོ། །འཁོར་ལ་རིམ་པ་ཕྱེ་བའོ། །ལས་བྱེད་པའི་དུས་སུ་ནི། །བསམ་གཏན་གྱིས་ནི་འདི་ལྟར་བྱ། པ།འཁོར་ལོ་མེད་ཀྱང་འགྲུབ་པར་འགྱུར། །གང་ལ་བྱ་བའི་བསྒྲུབ་བྱ་སྟེ། །རཾ་ལས ་བསྐྱེད་པའི་དཀྱིལ་འཁོར་དུ། །སྐྲ་བཤིག་གཅེར་བུ་བྱས་ནས་ནི། །ཏིལ་མར་གྱིས་ནི་ལུས་བསྡུས?་ནས། །འདར་ཞིང་མདུན་ན་འདུག་པར་བསམ། །ལུས་ལས་སྤྲུལ་པའི་ཁྲོ་བོ་ཡིས། །བསྒྲུབ་བྱ་བཅད་ཅིང་བཅོམ་ནས་ནི། །ལྷ་རྣམས ་དག་གིས་ལུས་ལ་བཟུང། །སླར་ཡང་ཁྲོ་བོར་གྱུར་ནས་སྤྲོ། །རལ་གྲི་དབྱུག་པ་གཏུན་ཤིང་དང། །འཁོར་ལོ་ཏྲི་ཤུལ་ལ་སོགས་པས། །དུམ་བུར་བཅུད་ཅིང་གཏུབ་པ་དང། །ཟ་ཞིང་ཁྲག་རྣམས་འཐུང་བར་བསམ། །གཤིན ་རྗེ་ཡིས་ནི་ཟོས་པར་བསམ། །གཞན་ཡང་སྲིན་པ་སྣ་ཚོགས་དང། །ཀང་ཀ་བྱ་རོག་འུག་པ་སྟག་དང་སེང་གེ་ཝ་དང་ཁྱི། །དེ་རྣམས་ཀྱིས་ཀྱང་ཟོས་པར་བསམ། །བསྟོད་པ་སྣ་ཚོགས་བྱས་ནས་སུ། །ཚིགས་གིས་ཀྱང་ནི་འདི་སྐད་པའོ། ། ་དཀོན་མཆོག་གསུམ་ལ་སྨོད་པ་དང། །དགེ་འདུན་འདུ་བའི་སྒོ་འཕྲོག་པ། །དམ་ཚིག་འཇིག་པར་བྱེད་པ་དང། །སྐྱེ་བོ་ཡོངས་ལ་འཚེ་བ་འདི། །ངན་སོང་གསུམ་དུ་ངེས་པར་འགྲོ། །ཐུགས་རྗེས་སྒྲོལ་བའི་དུས་ལ་བབ། །ངན ་སོང་གསུམ་གྱི་སྡུག་བསྔལ་དང། །ནང་དང་གནོད་པའི་སྡུག་བསྔལ་གྱིས། །ཚེ་འདི་ཉིད་ལ་བྲལ་བར་མཛོད། །བསམ་གཏན་གྱི་རིམ་པར་ཕྱེ་བའོ། །བླ་མའི་ཞལ་གྱི་བཀའ་དྲིན་གྱིས། །འདི་བྱས་བསོད་ནམས་གང་ཐོབ་པ། །འགྲོ ་རྣམས་གཤིན་རྗེ་གཤེད་ལྟ་བུ། །འཁོར་བ་ལས་ནི་ཐར་བར་ཤོག། །སློབ་དཔོན་ཛྙཱ་ན་ཀྲ་རས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤཏྲི་བཛྲ ་