CLOSE WINDOW

N1653: dam rdzas rmad du bsgyur te bsten pa'i cho ga
Wyliee-texts based on the ACIP/ALL Input

དངོས་གྲུབ་ཉིད། །དད་པ་བསོད་ནམས་ནོར་ཡིན་ཏེ། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་སེམས་དད་པ་བསྐྱེད་པའི་ཕྱིར། །གཞན་ལ་གུས་པས་མཆོག་ཏུ་བཀུར་རྫོགས་སོ།། །དེ་ནས་གཞན་ཡང་བཤད་བྱ་བ། །སྔགས ་པས་རྟག་ཏུ་བསྟེན་པ་ནི། །རུས་སྤལ་འོ་མ་ཞེས་བྱ་བ། །དེ་བཞིན་འོད་ཀྱི་ལོ་མ་དང། །འཇིམ་པ་སྐམ་པོ་ཉིད་དང་ནི། །དེ་བཞིན་མེ་ཡི་ཁུ་བ་དང། །སྒྲ་སྣང་གིས་ནི་རྫས་ངག་དང། །འདི་རྣམས་རྟག་ཏུ་སྦྱར་ན་ནི། །རང་བཞིན་གྱིས་ནི་ནང་མེད ་ཅིང། །ཚེ་རིང་དབང་པོ་རྒྱས་པ་དང། །རྟག་ཏུ་ལང་ཚོ་དར་ལ་བབ། །ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ། །འདི་ལ་སྤྱད་པར་མི་བྱ་སྟེ། །མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས། །ལས་ཀྱི་རྣམ་སྨིན་སྦྱོང ་པར་བྱེད། །རིག་པ་འཛིན་པའི་ས་ལ་གནས། །དེ་བཞིན་ཆོ་ག་བཞིན་དུ་བསྟེན། །ཚེས་གཅིག་སྐྱ་རེངས་ཤར་བ་ནི། །སྣོད་ལ་མ་རིག་རུས་སྦལ་ཞེ། །དྲོད་མ་ཡལ་བར་བཏུང་བ་འམ། །ཡང་ན་ཉི་མའི་སྦུ་གུས་བཏུད། །མར་གྱི་འོ་ཡི་ཆོས ་གཅིག་ལ། །འོད་ཀྱི་ལོ་མ་བཙལ་ནས་ནི། །དེ་ཉིད་ནས་ནི་བཅུད་བར་བྱ། །ཞག་གསུམ་ཆུ་ཡི་ཆར་པ་བཏང། །ལོ་མ་དེ་བཅད་བདག་བར་བྱ་ཡང་ན་ཉི་མའི་སྤུ་གུས་བཏང། །འཇིམ་པ་སྐམ་པོ་སྦྱར་ནས་ནི། །ཞག་གསུམ་ཆུ་ཡི་ནང་དུ་སྐང། །དེ ་བླངས་ནས་ནི་ཡང་བསྐམས་ནས། །ཕྱེ་མ་བྱི་ལའི་སྤར་ཚད་རེ། །བ་ཡི་འོ་མ་དང་སྦྱར་ནས། །སྔགས་པས་རྟག་ཏུ་བཏུང་བར་བྱ། །མེ་ཡི་སྡོང་པོ་སེར་པོ་ནི། །ས་ཡི་མར་གྱིས་དྲིལ་ནས་ནི། །ཁ་སྦྱང་སྦྱོར་དང་ལྡན་བྱས ་ནས། །མེ་ཆུ་ས་ཡིས་བཅི། ནས་ནི། །བཏུང་བ་འམ་ཉི་མའི་སྦུ་གུས་བཏུང། །ལན་ཚ་བྲལ་བ་དག་ལ་ནི། །ཞག་གསུམ་འཆི་བའི་སྒྲ་བརྙན་རྫས། །ནམ་གྱི་དུས་ལ་སྔགས་པས་བླངས། །ཆ་གསུམ་སྣོད་དུ་ཞག་གསུམ་གཞག་།ཁ་ཡི ་ཆ་ནི་བྱུག་པ་སྟེ། །དབུས་མའི་ཆ་ནི་བདུད་རྩི་ཉིད། །རྩ་བའི་ཆ་ནི་དར་བ་སྟེ། །འདི་རྣམས་སོ་སོར་བསྟེན་པ་ན། །ཐ་མལ་འབྲས་བུ་གསུམ་གྱི་ཕྱེ། །གྱི་ལའི་སྤར་ཚད་དེ་དང་སྦྱར། །མ་སྦྱར་ན་ཡང་ཉེས་པ་མེད། །ཚོགས་པར་བསྟེན་ནས ་བཟའ་བར་བྱ། །རེ་རེ་བསྟེན་ཡང་ཉེས་པ་མེད། །དམ་རྫས་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ ་