CLOSE WINDOW

N1652: las kyi grogs kyis byed pa
Wyliee-texts based on the ACIP/ALL Input

བས་ནན་ཏན་བསོད་དེ་བྱ། །དཔལ་གཤིན་རྗེ་གཤེད་དག་པོའི་འཁོར་ལོའི་ཆོ་ག་རྫོགས་སོ།། །། *། (།ལས་ཀྱི་གྲོགས་ཀྱིས་བྱེད་བ་བཞུགས་སོ།།)་།།དེ་ནས་གཞན་ཡང་བཤད་པ་ནི། །ལས་ཀྱི་གྲོགས་ཀྱིས ་བྱེད་པ་ལྕེ། །ཞི་བའི་ལས་ནི་ཟླ་བ་ཡིན། །རྒྱས་པ་དེ་བཞིན་མིག་ཏུ་བསྒྲགས། །དབྱེ་བ་ཡོན་ཏན་ཞེས་བྱ་སྟེ། །དབང་དུ་བྱ་བ་རིག་བྱེད་ཡིན། །དགུག་པ་གི་ལ་དེ་བཞིན་མངའ་། །བསྐྲད་དང་མནན་པ་དབང་པོ་བཞིན། །མནན་པའི་རྗེས་སུ ་འབྲང་བ་ཡིས། །གསང་པའི་ལས་ནི་རྒྱ་མཚོར་འདོད། །ལས་རྣམས་དེ་དག་རེ་རེ་ཡང། །འཕགས་ཚོགས་མཆོད་སྦྱིན་དང་པོ་སྟེ། །ཉི་མ་གཉིས་པར་གཏོར་མ་སྦྱིན། །གསུམ་པ་བཟླས་པ་རྣམ་པར་འབད། །བཞི་པ་སྦྱིན་སྲེག་ཚད་བར་བྱ། ། ་ལྔ་པ་ལས་ཀྱི་འཁོར་ལོ་བསྐོར། །དྲུག་པ་བསམ་གཏན་རྩེ་གཅིག་བྱ། །བདུན་པ་ལས་ཀྱི་ལྷག་ཆད་བསྐང། །གྲངས་ཀྱི་ལས་ལ་ཁྱད་བར་དུ། །ལས་ཀྱི་གཙོར་ནི་གང་བསྒྲུབ་དེའི། །འཁོར་ལ་བསྐོར་བ་ཉི་མ་བཞི། །ལས ་ཀྱི་བྱེ་བྲག་འདི་ཤེས་ན། །ཞི་བས་འཇིགས་པ་བརྒྱད་ལས་བསྐྱོབ། །རྒྱས་པས་ཡོན་ཏན་དྲུག་དང་འབྱོར། །དབང་གི་མོས་པ་རྣམ་བཞིར་བསྒྱུར། །དབྱེ་བས་བསང་སྡེ་བརྒྱད་དང་འབྱེད། །མནན་པས་དབང་པོ་དྲུག་འཆིང་བྱེད། །གཞན ་ཡང་ཇི་ལྟར་དེ་བཞིན་དུ། །སྔགས་དང་རྫས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ། །གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ། །བསམ་པར་འགྱུར་རམ་དང་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང། །ཕྱིར་བཟློག་དགྱུར་བས ་གདོན་མི་ཟ། །དད་པ་བརྟན་པར་བསྒྲུབས་པས་ན། །ནམ་མཁའ་མང་པར་གྱུར་ན་ཡང། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་སླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བ་བཤད་པ་ཡིས། ་གསང་སྔགས་སྦྱོར་བས་བསླུ་བཾ་ནོ། །མ་གྱུར་འབྱུང་བར་མི་འགྱུར་རོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་བསྒྲུབ་པའི་དངོས ་གྲུབ་རིང། །མན་ངག་དམ་པ་བསྟན་བྱས་ཀྱང། །སློབ་མ་ཡིད་གཉིས་ཟ་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང། །སློབ་མ་ཡིད་གཉིས་མི་ཟ་ཞིང། །བླ་མའི་མན་ངག་དམ་པ་ཞེས། ། ་གཅས་སྦྲད་བྱས་ན་འགྲུབ་པར་ངེས། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་གི་ཡིད་གཉིས་སྤང?་བའི་ཕྱིར། །བླ་མ་མཉེས་པར་བྱ་བ་གཅེས། །བསྙེན་བཀུར་བྱས་པས་ནུས་མཐུ་ཆེ། །གསང་སྟེ་བརྗོད་པས་བར་ཆད་མེད། །ཡོན་ཏན ་ཕུལ་བ་བྱས་པས་ནི། །རང་སེམས་རིན་ཆེན་རྣམ་གཉིས་འགྱུར། །རིན་ཆེན་གཉིས་ལ་གྲུབ་པ་འགྱུར། །དཀོན་པར་གྱུར་ན་བསྔགས་པ་བརྗོད། །བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ། །བསྔགས་པ་དག་ནི་མ་བྱ་བ་ན། །ད་ལྟར་ཡིད་བཞིན་ནོར་བུ ་ཡང། །གང་གིས་བསྔགས་པ་མ་བྱ་སྣ། །དེ་ལ་འདོད་ན་མི་སྟེར་རོ། །དད་པ་སངས་རྒྱས་དད་པ་ཆོས། །དད་པ་དགེ་འདུན་དད་པ་མ། །དད་པ་བླ་མ་དང་པ་ཕ། །དད་པ་ཕམ་ཆེན་དད་པ་གྲུ། །དད་པ་ཡིད་བཞིན་ནོར་བུ་སྟེ། །དད་པ་གསང་སྔགས ་དངོས་གྲུབ་ཉིད། །དད་པ་བསོད་ནམས་ནོར་ཡིན་ཏེ། །དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་སེམས་དད་པ་བསྐྱེད་པའི་ཕྱིར། །གཞན་ལ་གུས་པས་མཆོག་ཏུ་བཀུར་རྫོགས་སོ།། །དེ་ནས་གཞན་ཡང་བཤད་བྱ་བ། །སྔགས ་