| Wylie | e-texts based on the ACIP/ALL Input |
སོ།། །། *། (།དྲག་པོའི་ལས་ཀྱི་བྱ་བ་བདུན་པ་བཞུགས་སོ།།)་།།དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དྲག་པོའི་ལས་ཀྱི་བྱ་བ་བདུན་བཤད་པར་བྱ་སྟེ། དེ་ལ་དང་པོར་མཆོད་སྦྱིན་བྱ་སྟེ། འདི་ལ་མཆོད་པ་དང། འགྲོ་བའི ་སྦྱིན་གཏོར་བཏང་བ་དང། བླ་མ་ལ་སོགས་པ་སྤྱན་དྲངས་ཏེ། ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས། བཀའ་ཨི་གནང་བ་དང། སྨོན་ལམ་ནོད་པར་བྱའོ། །མཆོད་སྦྱིན་བྱ་བའི་ཆོ་ག་སྟེ་དད་པའོ།། །།ད་ནི་གཏོར་མའི་ལས་བཤད་དེ། དེ་ནས་ཉི་མ ་གཉིས་པ་ལ་མེ་ཏོག་ནག་པོ་དང། ཤ་ཆེན་པོའི་བདུག་སྤོས་དང། ཏིལ་ཆེན་པོའི་མར་མེ་དང། །བདུད་རྩི་རྣམ་ལྔ་དང་ལྡན་པའི་དྲི་ཆབ་དང། བཤོས་སངས་རྐྱང་མི་ལ་སོགས་པའི་གདོད་ཅན་གྱི་ཤ་དང། རྟ་དང་བོང་བུ་དང། རྔ་མོ་ལ་སོགས ་པ་ཕྱུགས་སྣ་ཚོགས་ཀྱི་ཤ་དང། ཁྱི་དང་ཝ་ལ་སོགས་པ་གཅན་གཟན་སྣ་ཚོགས་ཀྱི་ཤ་དང། གཞན་བྱ་རྒོད་དང་འུག་པ་ལ་སོགས་ཏེ། འདབ་ཆགས་སྣ་ཚོགས་ཀྱི་ཤ་ལས་བྱས་པའི་བཤོས་སངས་དང་གཏོར་མ་དུ་འབྱོར་བ་བྱའོ། ་གཞན་ལས་ཀྱི་གཏོར་མ་ཆ་གཅིག་འབྲུ་ནག་པོ་དང་དུག་སྣ་ཚོགས་དང། མི་དང་ཁྱི་དང་རའི་ཁྲག་དང། ལྕེགས་ཕྱེ་དང། རྡོ་ཕྱེ་དང་སྐྱེ་ཆོ་དང། ལན་ཚ་དང་སྦྱར་བ་ཞིག་ཀྱང་བཞག་གོ་།དེ་ནས་སྔགས་པ་བདག་ཉིད་ཆས་གོས་ནག་པོ ་གྱོན་ནམ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ལྷའི་ཏིང་ངེ་འཛིན་ཁྲོ་བོར་བསྒོམ་པ་མ་གཏོགས་པ་མཆོད་པའི་བར་ཞི་བའི་ལས་བདུན་བཞིན་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་དང་པོར་ཨོཾ་སྭ་བྷཱ་བ་ཤུད་བྷ(རྒྱུད་འགྲེལ་ཞེས་བརྗོད་དེ། །ཆོས་ཐམས་ཅད་བདག་མེད་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ནམ་མཁའ་ཨི་དཀྱིལ་དུ་ཡི་གེ་ཡཾ་ལས་གྲུབ་པ་རླུང་གོ་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ ་འཁོར་དུ་བསམས་ཏེ་དེའི་སྟེང་དུ་ཡི་གེ་ལམ་ལས་འཇམ་དཔལ་གཞོན་ནུ་སྐུ་མདོག་སེར་པོ་ཨུད་པ་ལ་བསྣམས་པ་ཞིག་ཏུ་བསྐྱེད་དོ། །དེའི་ཐུགས་ཀར་ཨཱ་རིང་པོ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་དེ། དེའི་འོད་ཟེར་གྱིས་ཕྱོགས ་བཅུ་མཛའ་ཡས་པའི་སངས་རྒྱས་བསྲས་དང་བཅས་པ་སྤྱན་དྲངས་ནས། སླར་དེ་ཉིད་ལ་ཞུགས་པས་ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བས་དཔག་ཚད་བརྒྱ་སྟོང་དུ་ཁྱབ་པར་བསམ་མོ། །དེའི་སྟེང་ཧཱུཾ་ནག་པོ་འོད་ཟེར ་ལྔ་དང་ལྡན་པ་འཕྲོས་པས་སྔ་མ་བཞིན་དུ་དེ་ཉིད་ལ་ཞུགས་པས། རྡོ་རྗེ་ཆེན་པོ་ཁ་གདེངས་པ་འོད་ཟེར་འཕྲོ་བ་ཅིག་ཏུ་གྱུར་ཏེ། སྐུ་ཕྲ་མོ་ཕྲ་བ་དང། བསྡུས་པས་སྦྱོར་བས་འཇིགས་བྱེད་ཆེན་པོའི་སྐུར་གྱུར་པར་བྱ་སྟེ། འདི་ལྟར ་འཇིགས་བྱེད་ཆེན་པོ་ཞལ་དགུ་པ། ཕྱག་སུམ་ཅུ་རྩ་བཞི་པ། ཞབས་བཅུ་དྲུག་པ། སྐུ་ལས་བསྐལ་པའི་མེ་འབར་བ། ཞལ་ནས་འཇིགས་པ་ཆེན་པོའི་ཕེཾ་སྐད་གནམ་དུ་འདོན་ཅིང་བསྐལ་པའི་འབྲུག་ལྟ་བུའི་གདངས་སྐད ་ཅན་རྐང་པའི་སྟབས་ཀྱིས་ས་གཞི་གནོན་པ། མི་མགོའི་ཕྲེང་བ་དང་ཐོར་བའི་དབུ་རྒྱན་ཅན་གཅེར་བུ་མཚན་མ་གྱེན་དུ་འགྲེང་བ། ཞལ་དགུ་ལ་མ་ཧེ་དང། གཡས་ཀྱི་ཞལ་གསུམ་ནི་མཐིང་ག་དང། དམར་པོ་དང་སེར་པོ་སྟེ་ཁྲོས ་པའོ། །གཡོན་གྱི་ཞལ་གསུམ་ནི་དཀར་པོ་དང། དུང་ཀ་དང། ནག་པོའོ། །ར་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོའོ། །དེའི་སྟེང་དུ་ཀུན་ཏུ་བཟང་པོ་སེར་པོའོ། །ཕྱག་གཡས་པ་ན་ཀཱརྟ་རེ་རེ་དང། བྷི་ཏ་ཏི་བ་ལ་དང་གཏུན་ཤིང་དང། ཆུང ་གྲི་དང་ཀ་ན་ཡ་དང། སྟ་རེ་དང་མདུང་དང། མངའ་དང་ལྕགས་ཀྱུ་དང། དབྱུག་ཏོ་དང། ཁ་ཊཝཱཾ་ག་དང་འཁོར་ལོ་དང་རྡོ་རྗེ་དང། རྡོ་རྗེ་ཐོ་བ་དང་རལ་གྲི་དང་རྡེ་ཆུང་བསྣམས་པའོ། །ཕྱག་གཡོན་ན་ཀ་པཱ་ལ་དང་མགོ་བོ་དང། ཕུབ་དང་རྐང་པ་དང། ཞགས་པ་དང ་གཞུ་དང། རྒྱུ་མ་དང་དྲིལ་བུ་དང། ལག་པ་དང་དུར་ཁྲོད་ཀྱི་རས་དང། དཔལ་རྩེས་ཕུབ་པའི་སྐྱེས་བུ་དང་མེ་ཐབ་དང། ཐོར་ཚལ་དང། སྡིགས་མཛུབ་དང། བ་དན་ལྕེ་གསུམ་པ་དང། རླུང་གི་རས་བསྣམས་པ། ཕྱག་གཉིས་གླང་པོ་ཆེའི་པགས ་རློན་འཛིན་པའོ། །གཡས་ཀྱི་ཞབས་རྣམས་ཀྱིས་མི་དང། མ་ཧེ་དང། ཁྱུ་མཆོག་དང་བུང་བུ་དང་རྔ་མོ་དང་ཁྱི་དང། ལུག་དང་བེ་རྣམས་བརྫིས་པའོ། །གཡོན་གྱི་ཞབས་རྣམས་ཀྱིས་བྱ་རྒོད་དང་འུག་པ་དང་བྱ་རོག་དང་སུ་ཀར་དང། ཁྲ་དང་བྱ་རྒོད་ཆེན ་པོ་དང། མ་དྲི་དང། གཞན་རྣམས་བརྫིས་པ་སྟེ། དེ་ལྟ་བུ་བསམ་མོ། །དེ་ནས་བདག་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་གནས་ནས་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་རུ་སྭཱཧཱ། ཞེས་སྤྱན་དྲངས་ཏེ། མངོན་སུམ་དུ་དམིགས་ལ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས། བདུད་རྩི་ལྔ་དང་ལྡན་པའི་ཆུས་སྐུ་ཁྲུས་གསོལ་ལོ། །དེ་ནས་དམར་གྱིས་ཨརྒྷ་དབུལ་ལོ། །ོཾ་ཧྲཱི(རྒྱུད་འགྲེལ་ཨོཾ་ཀུ་མཱ་ར་རུ་པ་ཎི་ཛ(རྒྱུད་འགྲེལ་ལོ། །ོཾ་ཧྲཱི(རྒྱུད་འགྲེལ་ཅད་དུ། གཤིན་རྗེ་དང་རོ་ལངས་དང། མཁའ་འགྲོ་མ་དང་ཕོ་ཉ་མོ་ལ་སོགས་པ་ཡོངས་སུ་གང་པར་དམིགས་ལ། གསང་སྔགས་འདིས་གཏོར་མ་སྦྱིན་ནོ། །ོཾ་ཀཱ་ལ་རཱུ་པ་སརྦབ་སཏྭ་ད་མ་ཀ་མ་ཧཱ་བྷུ་ཏ་པ་ཏི་ཨི་དཾ་བ ་ལིཾ་གྲིཧྞ་གྲིཧྞ་པ་ཡ་སྭཱཧཱ། ཞེས་སྦྱིན་ནོ། །དེ་ནས་ལས་ཀྱི་གཏོར་མ་ལ། ཨོཾ་ཧྲཱི(རྒྱུད་འགྲེལ་མ་དང། སྔགས་ཀྱི་འོད་ཟེར་ཡང་དུད་པ་འདྲ་བ་ལ་འོད་སྔོན་དམར་དུ་འཁྱུད་པ། དུག་གི་རང་བཞིན་དུ་གྱུར་པ་དེ་ལ་ཐིམ་པས། ཤ་རུལ་པ་བཞིན་བསམ་ཞིང་གཏོར་མ་གཏོར་བར་བྱའོ། །དྲག་པོའི་གཏོར་པའི་ལས་ཏེ་གཉིས ་པའོ།། །།ད་ནི་དྲག་པོ་བཟླས་པའི་ལས་བཤད་དོ། །དང་པོར་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བ་ཇི་ལྟར་སྔོན་དུ་བརྗོད་པ་བཞིན་དམིགས་ཏེ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང། སྦྱིན་གཏོར་བྱིན་ནས་བཟླས་པ ་ལ་འཇུག་པར་བྱའོ།། དེར་བདག་ཉིད་རྡོ་རྗེ་འཇིགས་བྱེད་སྔོན་དུ་བརྗོད་པའི་རིམ་པས་བསྐྱེད་པའི་སྙིང་གར་ཨཱ་རིང་པོ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་བཟླས་པའི་ཡི་གེ་བསྒོམས་ཏེ། དེ་ལས་འོད་ཟེར་མེ་སྔོ་ནག་ཏུ་འབར ་བ་རླུང་ནག་པོས་རབ་ཏུ་བུས་པ་འདྲ་བ། །རབ་ཏུ་རྣོ་བ་ལྕགས་ཀྱི་ཕ་བོང་ཡང་སྐད་ཅིག་ཙམ་གྱིས་མེད་པར་བྱེད་པ་རབ་ཏུ་འཕྲོ་བ་བསྒོམ་མོ། །དེས་བསྒྲུབ་པར་བྱ་བ་བདག་གི་མདུན་ན་མདངས་དང་བྲལ་བ་ལྷ་དང་བྲལ་བ་གོས་མེད་པ ་གཙོར་བུ་སྐྲ་ལྷུག་པར་འདུག་པ། ཡན་ལག་ཐམས་ཅད་གནམ་ལྕགས་འབར་བས་བཅིངས་པ། རྨ་དང་ཤུ་བའི་ཕྲེང་བས་བརྒྱུས་པ། དེ་ལྟ་བུ་བསམས་ནས། དེའི་ལུས་ཐལ་བའི་ཕུང་པོ་བཞིན་དུ་བསྲེགས་ཏེ། སེམས་མར་མེ ་ཆུས་བསད་པ་བཞིན་བསམ་ཞིང་གསང་སྔགས་བརྗོད་པར་བྱའོ། །དེ་ལ་གསང་སྔགས་འདེའོ། །ོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ། འདི་ནི་རྩ་བའི ་སྔགས་ཏེ་ལས་ཐམས་ཅད་པའོ། །ོཾ་ཧྲཱི(རྒྱུད་འགྲེལ་ཆེན་གྱི་སྟེང་ན་འདུག་སྟེ། ཁ་ལྷོ་ཕྱོགས་སུ་བལྟས་ནས་ལུས་དྲི་ཆེན་གྱིས་ཕྱུགས་ཏེ། མིག་ཚུགས་སྡང་མིག་མི་འགྱུར་བར་བསྒྲུབ་བྱ་སྔོན་དུ་དམིགས་པ་བལྟ་ཞིང་མ་ཧེ་ཁྲོས་པ་བཞིན་དུ་འདུག་སྟེ། དུང་ཆེན་པོའི་ཕྲེང་བ་ཐོགས་ཏེ། ཆས་གོས་ནག ་པོ་གོན་ནས་གསང་སྔགས་བཟླས་པར་བྱའོ། །དྲག་པོའི་བཟླས་པའི་ལས་ཏེ་གསུམ་པའོ།། །།ད་ནི་དྲག་པོའི་སྦྱིན་སྲེག་གི་ལས་བཤད་དེ། །དུར་ཁྲོད་དམ་ལམ་གྱི་བཞི་མདོ་འམ་ཤིང་རྐང་གཅིག་གི་དྲུང་ངམ། འཐབ་མོའི ་གནས་ལ་སོགས་པར་མར་གྱི་ངོ་བོ་ནམ་ཕྱེད་ན་སོང་སྟེ། དང་པོར་སྤྱང་བར་བྱའོ། །རེ་ཤིག་དང་པོར་ལྷའི་ཏིང་ངེ་འཛིན་དང། ལྡན་པས་གཏོར་མ་བསྔོས་ཏེ། བཀའ་བསྒོ་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་རབ་ཏུ་འབར་བའི་འོད་ཟེར་གྱིས་ས་སྐྱོན་ཐམས ་ཅད་དག་པར་བསམ་ཞིང་མ་སྤྱང་པའི་རིམ་པའོ། །དེ་ནས་ཐབ་བརྩིག་པར་བྱ་སྟེ། ཐབ་ཁུང་གྲུ་གསུམ་ཁྲུ་གང་པ་ཟབས་སུ་ཁྲུ་ཕྱེད་པར་བཤོས་ཏེ། ཁ་ཁྱེར་སོར་བཞི་པར་བྱས་ལ། དབུས་སུ་རྡོ་རྗེ་ནག་པོ་འབར་བ་སོར་བརྒྱད་པ་ཅིག་དགོད། ་ནང་ཁོར་ཡུག་ཏུ་དུར་ཁྲོད་ཀྱི་སོལ་བ་དང། ཐལ་ཆེན་དང་རཀྟ་སྲེས་ཏེ་བྱུག་།ཁ་ཁྱེར་རྡོ་རྗེ་ར་བ་དང། མི་ཐོང་གིས་བསྐོར། ཁོར་ཡུག་ཏུ་རྡོ་ནག་གི་ཕྲེང་བས་བསྐོར་རོ། །ཐབ་རྩིག་པའི་རིམ་པའོ། །དེ་ནས་བསྲེག་རྫས་བསོགས་ཏེ་མེ་ཏོག་ནག་པོ ་ལ་སོགས་པའི་སྔོན་དུ་བསོགས་པའི་མཆོད་པ་ལྔ་དང་བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་གསད་གཏོར་དང། དུར་ཁྲོད་ཀྱི་མགལ་དུམ་གྱི་ཕུད་ཤིང་དང། ཤིང་གདུག་པ་ཚེར་མ་ཅན་གྱི་རྩ་བ་ལ་བྱས་པའི་?? ་ཏེའུ་སོར་བཞི་པ་ལ་ཡོན་པོར་གཞོགས་པ་དང། ཁྲག་དང་ཐལ་ཆེན་དང་ཚྭ་བའི་རྫས་ཀྱི་ནང་དུ་སྤངས་ལ། །འབྲུ་ཚྭ་བ་ནག་པོ་ལས་བྱུང་པའི་མར་ཁུ་དང་མི་རུས་དང་དྲི་ཆེན་དང། བོང་བུའི་རྟུག་པ་དང། ཚེར་མ་དང་སྐྲ་དང་སེང་མོ ་རྣམས་མར་ནག་པོ་དང་སྤྱར་ཏེ་བསག་གོ་།རྫས་བསག་པའི་རིམ་པའོ།། །།དེ་ནས་སྔགས་པས་ཆས་གོས་ནག་པོ་དང་ལྡན་པས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། དུར་ཁྲོད་ཀྱི་མགལ་དུམ་གྱི་ཤིང་གིས་ཐབ་ཁུང་གྲུ ་གསུམ་དུ་བརྩིག་གོ་།རཀྟ་དང་ཚ་བའི་མར་གྱིས་ཀྱང་བྲན་པར་བྱའོ། །ཤིང་བརྩིག་པའི་རིམ་པའོ།། །།དེ་ནས་སྔགས་པ་བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་སྔོན་དུ་བརྗོད་པའི་རིམ་པ་བཞིན་དུ ་ཞུགས་ཏེ། རིགས་ངན་གྱི་མེ་འམ། རྡོ་རྗེ་ནག་པོ་ལས་བྱུང་བའི་མེ་བླངས་ཏེ། རླུང་ཡབ་ཀྱི་སྦར་བར་བྱའོ། །མེའི་དབུས་སུ་རེ་ནག་པོ་ལས་མེ་ལྷ་མདོག་ནག་པོ་མེ་གྲུ་གསུམ་གྱི་སྟེང་ན་གདུག་པ་ཞལ་གཅིག་ཕྱག་བཞི་པ། མིག་གསུམ ་པ། སྐྲ་གྱེན་དུ་བརྫེས་པ། རླུང་ནག་པོ་འཚུབ་པའི་ནང་དུ་བཞུགས་པ། །ལུས་ལ་མེ་ནག་པོ་འཕྲོ་བ། ཚངས་སྐུད་ནག་པོ་ཅན་ཕྱག་ན་རྡོ་རྗེ་དང་བགྲང་ཕྲེང་དང་དབྱུག་པ་དང། གུན་དེ་བསྣམས་པ་བཞི་བསྐྱེད་དོ། །ལྕགས་ཀྱུའི་ཕྱག ་རྒྱ་བཅས་ལ། ཨོཾ་ཀྲོ་དྷ་ཨགན་ཡེ་ཨ། དེ་ནས་བདག་གི་ཐུགས་ག་ནས་འོད་ཟེར་ལྕགས་ཀྱུ་དང་འདྲ་བ་འཕྲོས་ཏེ། ཡེ་ཤེས་ཀྱི་མེ་ལྷ་དེ་དང་འདྲ་བ་ཞིག་སྤྱན་དྲངས་ལ། ཤར་ལྷོ་མཚམས་སུ་བཞུགས་པར་བྱ་སྟེ། ལྕགས་ཀྱུའི་ཕྱག ་རྒྱ་བཅས་ལ། ཨོཾ་ཀྲོ་དྷ་ཨགན་ཡེ་ཨཱ་གཙྪ་མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་ཞལ་བསིལ་གསོལ་ནས། དམ་ཚིག་གི་མེ་ལྷ་དང་གཉིས་སུ་མེད་པར་བཞུགས་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དབུལ ་ལོ། །ོཾ་ཀྲོ་དྷཱ་གན་ཡེ་བཛྲ་གནདྷེ་ཧཱུཾ་དྲིའི་འོ། །ོཾ་ཀྲོ་དྷཱགན་ཡ་བཛྲ་ནཻ་བི་དྱཾ་ཧཱུཾ་བཤོས་སངས་ཀྱིའོ། །དེ་ནས་སྲེག་རྫས་རྣམས་དབུལ་ཞིང། ཨོཾ་ཀྲོ་དྷཱགན་ཡེ་མ་མ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་སྤྱིན ་སྲེག་བྱའོ། །དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ལ་གསང་སྔགས་དེ་ཉིད་ཀྱི་ཕྲིན་ལས་བཅོལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ། ཚིགས་བཅད་འདི་བརྗོད་དོ། །སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་དག་པར་བྱེད། །རང་བཞིན ་དག་པའི་སེམས་དཔའ་རྣམས། །དག་པའི་སྲིད་པ་བྱེད་པའོ། །ཞེས་བརྗོད་ནས་མེ་ཐབ་ལན་གསུམ་བསྐོར་བར་བྱའོ། །མེ་ལྷ་མཆོད་པའི་རིམ་པའོ།། །།དེ་ནས་མེ་ལྷ་དེ་མེ་འབར་བའི་རང་བཞིན་དུ་གྱུར་པར་བསམས་ཏེ། དེའི ་དཀྱིལ་དུ་ཡི་གེ་ཧཱུཾ་ནག་པོ་ལས་དཔལ་རྡོ་རྗེ་འཇིགས་བྱེད་རབ་ཏུ་འཁྲུགས་པ་ཞལ་རབ་ཏུ་གདངས་པ། གྲུ་གསུམ་དུ་འདུག་པ། སྐུ་དང་ཞལ་གསུམ་དུ་མེ་སྨུག་ནག་འབར་བ་ཞིག་ཏུ་བསམ་མོ། །དེ་ནས་བདག་གི་སྙིང་ག་ནས་འོད་ཟེར་ལྕགས ་ཀྱུ་འདྲ་བ་འཕྲོས་པས། ཡེ་ཤེས་ཀྱི་དཔལ་རྡོ་རྗེ་འཇིགས་བྱེད་སྤྱན་དྲངས་ཏེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། །ོཾ་ཧྲཱི(རྒྱུད་འགྲེལ་སུ་མེད་པར་བསམ་པར་བྱའོ། དེ་ནས་བདུད་རྩི་ལྔ་དང་ལྡན་པའི་ཞལ་བསིལ་དབུལ་ཏེ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་སྐུ་ཁྲུས་གསོལ་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་ར་རུ་པི་ཎི་ཛ(རྒྱུད་འགྲེལ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་ག(རྒྱུད་འགྲེལ་ཡ་ཕཊ། ཅེས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཡུངས་ཀར་ལ་སྔགས་དེ་ཉིད་ཀྱིས་བཟླས་ཏེ། ཕྲིན་ལས་བཅོལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ། ཚིགས་སུ་བཅད་པ་འདིས་བསྟོད་པ། སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད ་ཀྱིས་དག་པར་བྱེད། །རང་བཞིན་དག་པའོ་སེམས་དཔའ་རྣམས། །དམ་པའི་སྲིད་པ་བྱེད་པའོ་ཞེས་བྱ་བ་དང། ཆོས་སྐུ་ངོ་བོ་ཉིད་ཀྱི་ཐུགས། །སངས་རྒྱས་རྣམས་ཀྱིས་རང་བཞིན་སྐུ། །ཆོས་ཉིད་འཇམ་པ་གསུང་གི་བདག་།གདོད་ནས་གྲོལ་པའི ་རང་བཞིན་ཏེ། །བློ་གྲོས་ཆེན་པོའི་བདག་ཉིད་ལ། །གུས་པས་མཆོད་དེ་བསྟོད་ཕྱག་འཚལ། །སྙིང་རྗེ་ཆེན་པོའི་ཐུགས་ལྡན་པས། །འཇིགས་བྱེད་ཆེན་པོའི་ཚུལ་བསྟོན་པ། །རྔམ་པའི་གསུང་ནི་འཇིགས་པ་ལ། །མི་འཇིགས་སེམས ་ཀྱིས་རབ་ཏུ་གུས། །ཞེས་བསྟོད་ནས། དེ་ནས་སྲེག་རྫས་ལྷག་མ་རྣམས་མེ་ལྷ་ལ་ཕུལ་ནས། བསྐོར་བར་བྱ་སྟེ། གསང་སྔགས་འདིས་གཤེགས་སུ་གསོལ་ལོ། །ོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། བི་ཤྭ་རུ་པ་དྷ་རི་ཎི་གཙྪ་སྭསྠ་ནཾ་ཀྲི་ཏཾ་ཏེ་ན། ་ཏ་ཐཱ་ག་ཏ་ན་སརྦ་གྷུ་ཏ་ཥཙ་བི་ས་རྫ་ཡ། མམ་ཀརྱཾ་ཀུ་རུ་སྭཱཧཱ། དེ་ནས་ཨོཾ་མུ(རྒྱུད་འགྲེལ་པོའི་འཁོར་ལོའི་ལས་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང། སྐེ་ཚེ་དང་ལན་ཚ་དང་དྲི་ཆེན་ལ་སོགས་པའི་??་འི་རྫས་ཀྱིས་ལེགས་པར་བྱུགས་ལ་སྣག་ཚ་ཡང་རྫས་དེ་རྣམས་དང། ཤིང་དུ་དུ་ར་དང་ཀ་ན་ཀའི་ཁུ་བ་དང། དུར་ཁྲོད ་ཀྱི་སོལ་བ་སྦྱར་ཏེ་བྱའོ། །བདག་ཉིད་ཁ་ལྷོར་བལྟས་ཏེ་ལྷའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་བྲི་སྟེ། དབུས་སུ་ལེ་ཚེ་བཅུ་དྲུག་དང། མུ་ཁྱུད་གསུམ་གྱིས་བསྐོ་བ་མུ་ཁྱུད་དེ་དག་རེ་རེ་ལ་ཡང། རེ་མིག་སུམ་ཅུ་རྩ་གཉིས་དང་ལྡན་པར་བྲིའོ།། ་དེ་ལ་ཡི་གེ་དགོད་པ་ནི་དབུས་སུ་ཡ་ཆེན་པོ་ཅིག་བྲིས་ཏེ། དེའི་ནང་དུ་གང་ལ་བྱ་བའི་མིང་བསྐུལ་ཚིགས་ཅན་གྱིས་བསྐོར། །དེའི་དབུས་སུ་མིང་གི་ཡི་གེ་དང་པོ་བྲིའོ། །དེ་ནས་རིམ་པ་གཉིས་པ་ལ་ཕྱོགས་བཞིར་མ་མེ་དཀྵེ་བཞི་བྲི། དེ ་ནས་རིམ་པ་གསུམ་པ་ལ། རཱ་ཛ་ས་དོ་རུ་ཎ་ཡོ་ནི་རཱ་ཡ་ཙ་ནི། འདི་རྣམས་བྲིའོ། །ཕྱག་རྒྱ་བེ་ཅོན་བཅས་ཏེ་བྱ་རོག་གི་སྒྲོ་འམ་རུས་ཆེན་བྲི་བར་བྱ་ཞིང་ཡི་གེ་བཅུ་པའི་གསང་སྔགས་དྲན་པར་བྱའོ། །མུ་ཁྱུད་ཀྱི་ཡི་གེ་ནི་དང་པོར་དབྱངས ་ཀྱི་ཡི་གེ་ལན་གཉིས་དགོད། །མུ་ཁྱུད་པར་མ་ལ་ཀ་ཡིག་དང། ང་ཉ་བོར་བ་སུམ་ཅུ་རྩ་གཉིས་དགོད། །ཐ་མ་ལ་ཕཊ་ཤ་སྟག་དགོད་དོ། །དབུས་ཀྱི་རིམ་པ་གཉིས་པ་མ་ལ་སོགས་པ་ཡི་གེ་བཞིའི་གཡས་གཡོན་དུ་ཧཱུཾ་རེ་རེ་དང་སྤེལ། ་དེའི་ཕྱི་རིམ་དུ་མ?་ལ་སོགས་པའི་ཡི་གེ་བཅུ་གཉིས་ཀྱི་གནས་སུ་ཡི་གེ་བཅུ་གཉིས་པ་དང་བསྒྲུབ་བྱའི་མིང་སྤེལ་ཏེ་བྲིའོ། །དེ་ལྟ་བུའི་འཁོར་ལོ་གཉིས་བྲིས་ཏེ། དེ་ཡངས་སྐོར་ཐོག་པར་བྲི། །གནམ་སྐོར་རིམ་པ་བཞིན་བྲི། །དེ་ཡང ་གཤིན་རྗེའི་ལྟོ་བར་ཆུད་པར་བྲིའོ། །དེ་ནས་མཆོད་པ་དབུལ་ཏེ། བདེ་བའི་བྱིན་བརླབས་དམིགས་པར་བྱས་ནས། །དེ་དག་ཁ་སྦྱར་ཏེ་ཐོད་པ་འམ་ཁམ་ཕོར་སར་པའི་གའུ་ཁ་སྦྱར་དུ་གཞག་གོ་།གའུ་འོག་མའི་ནང་དུ་རླུང?་གི་དཀྱིལ་འཁོར་ལ། ཨོཾ?་? ་ཨཱ་བེ་ཤ་ཨ་ཨ་ཞེས་བྲི། རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། །གོང་མའི་ནང་དུ་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་བྲི། །རྒྱབ་ཏུ་རི་རབ་འཁོར་དང་བཅས་པ་རྩེ་བརྒྱད་ཀྱིས་མཚན་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲིའོ། །?? ་གཉིས་ཀྱི་བར་དུ་སྒོ་ཅུང་ཟད་ཅིག་བྱ་སྟེ་གཞག་ལ། ཕྱིས་གའུ་འདར་རམ་ཞུགས་པ་མཐོང་ནས་ཁ་བཅད། །སྐུད་པ་ནག་པོས་དཀྲིས་ཤིང་བཏགས་ནས་མཉྫིའི་སྟེང་དུ་བཞག་སྟེ། དུག་སྣ་ཚོགས་ཀྱི་མེ་ལ་ཚ་བར་གྱུར་པ་ཙམ་དུ་བསྲོས ་ཤིང། ལྷའི་རྣལ་འབྱོར་དང་ལྡན་པས་ཁ་ལྷོར་བལྟས་ཏེ་གསང་སྔགས་བཟླས་པར་བྱའོ། །དེ་པ་དང་པོ་སྔོན་དུ་བརྗོད་པ་བཞིན་དུ། སྔོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྐྱེད་ལ་སྤྱན་དྲང་བ་དང། མཆོད་པ་དང་གཏོར་མ་བསྔོ་བ་སྔ ་མ་བཞིན་བྱས་ནས། སྐུད་པ་ལག་པས་གཟུང་ནས་དུང་ཆེན་པོའི་ཕྲེང་བ་ཐོགས་ཏེ་བཟླས་པར་བྱའོ། །དམིགས་པ་ནི་བདག་གི་གསང་སྔགས་དང། འཁོར་ལོའི་སྔགས་ལ་འོད་ཟེར་དུག་གི་མེ་ནག་པོ་འཕྲོས། །བསྒྲུབ་བྱ་དེ་ན་གནས ་པ་བསྲེགས་ཏེ། དུར་ཁྲོད་ཀྱི་ཐལ་ཆེན་ལྟར་གྱུར་ཅིང། །དེའི་སེམས་ཆུས་མར་མེ་བསད་པ་ལྟར་གྱུར་པར་བསམ་མོ། །དེ་ཡང་ཉི་མ་དང་པོ་ལ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་བྲ་མ་ཡ་ཀུ་རུ་ཧཱུཾ་ཕཊ། ཅེས་པར་ཆད་མེད་པར་ཁྲི ་ཕྲག་གཅིག་བཟླས་སོ། །ཉི་མ་གཉིས་པ་ལ། ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་རཀ་ཏ་ཙད་པ་ཡ་ཧཱུཾ་ཕཊ། ཅེས་ཁྲི་ཕྲག་གཅིག་གོ་།གསུམ་པ་ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མུར་ཙ་པ་ཡ་ཧཱུཾ་ཕཊ་ཅེས་ཁྲི་ཕྲག་གཅིག་གོ་།བཞི་པ་ལ ་ཡཀྵེ་ཡཙྪ་ནི་ར་མ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་ཁྲི་ཕྲག་གཅིག་གོ་།སྒྲུབ་པའི་གྲོགས་མཆོག་གིས་དུས་གསུམ་དུ་མཆོད་པ་དང། གཏོར་མ་སྦྱིན་པར་བྱའོ། །དེ་ནས་ཉི་མ་བཞི་པའི་མཚན་ཕྱེད་ན་དུར་ཁྲོད་དམ། འབྱུང་པོ་དྲག ་པོ་གནས་པའི་སར་ཁྲུ་གང་བརྐོས་ཏེ་སྤས་ནས་གཤིན་རྗེ་ལ་གཏད་དོ། །དེའི་སྦྱོར་བ་ནི་འདི་ཡིན་ཏེ། གྲོག་མཁར་གྱིས་ལ་གཤིན་རྗེའི་མི་ཁྲུ་གང་གི་ཚད་ལ། །ཁ་ཅིག་ལག་ན་རལ་གྲི་དང་ཞགས་པ་ཐོགས་པ་ཅིག་བྱ་སྟེ། དེའི་ལྷོ་བར་གའུ་བཅུག་ནས ་དེ་ལ་གཏོར་མ་དང། དམར་གྱི་ཨརྒྷ་བྱིན་ཏེ་འདི་སྐད་ཅེས་བསྒོའོ། །ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱི་ལྟོ་ན་སྲིད་པ་གསུམ་གྱི་སེམས་ཅན་མི་གནས་པ་མེད་དོ། །དེང་དཀོན་མཆོག་གསུམ་གྱི་བཀས། སེམས་ཅན་འདི་ཟུང་ཤིག་།སེམས་ཅན་འདི་ནི ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བསྟན་པ་འཇིགས་པར་བྱེད་པས། འཇིག་རྟེན་དུ་ཐར་པའི་ལམ་ནི་འགེགས་ཤིང། ངན་འགྲོའི་ལམ་འབྱེད་པ་སྟེ། དེ་བས་འདི་ཁྱོད་ཀྱིས་ཟུང་ཞིག་།དེ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོན ་ནུ་དང། དཔལ་རྡོ་རྗེ་འཇིགས་བྱེད་ཀྱང་དགྱེས་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་དོང་དེར་ཁ་སྡུབ་ཏུ་མགོ་ལྷོ་ཕྱོགས་སུ་བསྟན་ཏེ་སྤ་བར་བྱའོ། །དེ་ནས་རང་གི་གནས་སུ་འོངས་ཏེ། གསང་སྔགས་རྗེས་སུ་བསྐུལ་བར་བྱའོ། །ལས ་གྲུབ་པ་དང་དེ་ནས་ཕྱུང་སྟེ། འོ་མ་དང་ཆུས་དཀྲུས་ཏེ་མཆོད་པ་གཙང་མས་བཤགས་པ་དང། བཟོད་པར་གསོལ་ཏེ། གཏང་ངོ། །ལས་ཀྱི་སྐབས་འདིར་ཆས་གོས་ནག་པོ་དང། ཁྲོ་བོའི་ལྟ་སྟངས་དང། ཁྲོས་པའི་ཡིད་འང། དབུགས ་འདུད་པ་ལ་སོགས་པ་དང་ལྡན་པར་བྱའོ། །དྲག་པོའི་འཁོར་ལོའི་ལས་རྫོགས་སོ།། །།ད་ནི་དྲག་པོའི་བསམ་གཏན་གྱི་ལས་བཤད་དེ། །དེ་ལ་དང་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྔ་མ་བཞིན་དུ་བསྐྱེད་དེ། །མཆོད ་པ་དང་གཏོར་མ་བསྔོས་ཏེ། སྔོན་དུ་བསྒྲུབ་བྱ་རླུང་ནག་པོའི་སྟེང་ན་མེ་སྨུ་ནག་འབར་བའི་དཀྱིལ་ན་གོས་དང་བྲལ་བ། ལྷ་དང་བྲལ་བ། ཡན་ལག་ལྕགས་ཀྱི་ཐག་པས་བཅིངས་པ། སྐྲ་ནག་པ?་བསྲེགས་པ་བཞིན་དུ་གནས་པ་ལ། བདག ་ཉིད་ཐུགས་ཀ་ནས་སྲིན་པོ་རབ་ཏུ་རྔམ་པ་དང། ཁ་དང་འུག་པ་ལ་སོགས་པ་དང། ཝ་དང། ཅེ་སྤྱང་ལ་སོགས་པས་ཟ་ཞིང། རྒྱུ་མ་དང། ནང་ཁྲོལ་ནམ་མཁའ་ལ་ཀུན་ཏུ་ཁྱེར་བར་བསྒོམས་ན་འཆི་བར་འགྱུར་རོ། །བསམ་གཏན ་གྱི་ལས་རྫོགས་སོ།། །།དེ་ནས་ལས་ཀྱི་ཁ་བསྐང་བར་བྱས་ཏེ། མཆོད་པ་དང་སྦྱིན་སྲེག་དང། སོ་སོར་བཤགས་པའི་མེད་གདོན་པ་དང། སྨོན་ལམ་གདབ་པོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི། །ལས་ཀྱི་བྱ་བ་བདུན ་