CLOSE WINDOW

N1648: dpal rdo rje 'jigs byed kyi gtor ma'i cho ga
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་བ་ལིཾ་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོག་།དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་རང་བཞིན་གྱིས། །རྡོ་རྗེ་འཇིགས་བྱེད་ཕྱག་འཚལ ་འདུད། །བར་ཆད་ཞི་ཕྱིར་གཏོར་མ་ནི། །འབད་དེ་ཡང་དག་བཤད་པར་བྱ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི། །གཏོར་མ་བྱེད་པར་འདོད་པ་ཡིས། །བདུད་རྩི་ལྔ་ལ་སོགས་པ་ཡིས། །རྫས་ཀྱི་གཏོར་མ་བཤམ་པར་བྱ། །སྒྲུབ་པོ་ལྷོ་ཕྱོགས་ཁ་བལྟས ་ལ། །སྐད་གཅིག་ཙམ་གྱིས་འཇིགས་བྱེད་བསྐྱེད། །མདུན་དུ་ཡཾ་དང་རཾ་ལས་ནི། །རླུང་དང་མེ་ཡི་དབྱིབས་ཅན་བསྐྱེད། །དེ་ཡི་སྟེང་དུ་སྒྱེད་གསུམ་བསམ། །དེ་སྟེངས་ཨ་ལས་ཐོད་པའི་སྣོད། །ནང་དུ་ཤ་ལྔ་བདུད་རྩི་ལྔ། །སྐད་ཅིག་ཙམ་གྱིས ་བསམ་པར་བྱ། །སྟེང་དུ་ཨོཾ་ཨཱ(རྒྱུད་འགྲེལ་སྙིང་གའི་ཧཱུཾ། །འོད་སྤྲོས་རྡོ་རྗེ་འཇིགས་བྱེད་སོགས། །ལྷ་རྣམས་སྤྱན་དྲངས་མདུན་དུ་བསམ། །ཧཱུཾ་བརྗོད་ལྕེ་ནི་བྱིན་གྱིས་བརླབ། །ོཾ་ཧྲཱི(རྒྱུད་འགྲེལ་བའི་སྔགས་བརྗོད་བྱ། །དེ་རྣམས་གསོལ་བར་བསམས་ནས་ནི། །ལས་ཀྱི་བྱེ་བྲག་ཕྲིན་ལས་བཅོལ། །ཅི་འདོད་པ་ཡི་དངོས་གྲུབ་བླང། །ཁྱད་པར་དྲག་པོ་བཙོལ་བ་ནི། །བླ་མ་སྨོད་པར་བྱེད་པ་དང། །དཀོན་མཆོག་གསུམ་ལ་གནོད་བྱེད་དང། །བསྟན་པ་ལ ་གནོད་བྱེད་པ་དང། །སེམས་ཅན་ཀུན་ལ་གནོད་བྱེད་དང། །སྔགས་རྒྱུད་ལ་གནོད་བྱེད་པའི་མི། །འདི་རྣམས་ཁྱེད་ཀྱིས་བསང་དུ་གསོལ། །ཞེས་པས་འཕྲིན་ལས་བཅོལ་ལོ། །དེ་ནས་གནང་བ་བྱིན་པར་བསམ། །དེ་ནས་ཡི་གེ? ་བརྒྱ་པ་བརྗོད། །ོཾ་ཨཱ(རྒྱུད་འགྲེལ་ཡང་རབ་ཏུ་སྦྱོར་བ་ན། །ནང་དང་དགྲ་ལ་སོགས་པ་ཡི། །ཚར་གཅོད་རྗེས་གཟུང་ཐམས་ཅད་ནི། །དེ་མ་ཐག་ཏུ་འགྲུབ་བར་འགྱུར། །རྡོ་རྗེ་འཇིགས་བྱེད་གཏོར་མ་ཡི། །ཆོ་ག་ཕུན་སུམ་ཚོགས་པར་བརྩམས། །གང་ཡོད་བསོད་ནམས་དེ་ཡིས་ནི། །སེམས ་ཅན་མ་ལུས་དགྲ་ལས་རྒྱལ་པར་ཤོག་།སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཞི་བའི་ལས་ཀྱི་བྱ་བ་བདུན་བཤད་པར་བྱ་སྟེ། །དེ་ལ་དང་པོ་མཆོད་སྦྱིན་བྱ་སྟེ། ་