| Wylie | e-texts based on the ACIP/ALL Input |
མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང། ལོཙྪ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །།རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་འཇམ་དཔལ་རྡོ་རྗེས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤཱི ་བཛྲ་བྷཻ་ར་བ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་མ་ཧེའི་གདོང་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སྐུ་མཆོག་འཇིགས་དུས་མེ་ལྟར་འབར། །རྡོ་རྗེ་འཇིགས་པར་བྱེད ་ལ་ཕྱག་འཚལ་ཏེ། །དེ་ཡིས་ལས་རྣམས་རབ་ཏུ་སྒྲུབ་པའི་ཕྱིར། །མ་ཧེའི་གདོང་གི་སྙིང་པོའི་སྒྲུབ་ཐབས་བྲི། །ཡིད་དང་མཐུན་ཞིང་དབེན་པའི་གནས་དག་ཏུ། །དང་པོར་བདེ་བའི་སྟན་ལ་འདུག་ནས་ནི། །མ་ཧེའི་གདོང་ཅན་སྐད་ཅིག་རྣལ་འབྱོར་པས། །ལྷ་དང་བླ་མ་མཉེས ་བྱས་དེ་རྗེས་ལ། །སྟོང་པ་མ་ཡིན་མི་སྟོང་མ་ཡིན་པ། །སེམས་ཉིད་སྤྲོས་དང་བྲལ་བ་རྣམ་པར་བསྒོམ། །ཡཾ་ལས་རླུང་སྟེ་རཾ་ལས་མེ་།དེ་ནས་ཧཱུཾ་སྤྲོས་རྡོ་རྗེའི་རང་བཞིན་ནམ། ། ལས་ཟླ་བ་རྒྱས་པའི་སྟེང་ཉིད་དུ། །དྷཱི(རྒྱུད་འགྲེལ་བྱ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་རྣམ་བསམས་ལ། །དེ་སྟེངས་ཧཱུཾ་ཡིག་ནག་པོ་འབར་བ་བལྟ། །དེ་ཉིད་ཡོངས་སུ་གྱུར་པ་རྡོ་རྗེ་གདེངས། །ཐམས་ཅད་ཡོངས་གྱུར་བཅོམ་ལྡན་མ་ཧེ་ཞལ། །སྐུ་མདོག་སྔོ་ནག་ཆར་སྤྲིན་ལྟ་བུར་འཇིགས། །སྐུ་ལ་མེ་འབར ་ཁམས་གསུམ་སྲེག་པར་བྱེད། །ཁྲོ་བོ་དུར་ཁྲོད་ཐོད་པའི་དོ་ཤལ་བྱས། །ཞལ་གཅིག་མ་ཧེ་ནག་པོ་རྒོད་པའི་ཞལ། །རྭ་གཉིས་རབ་ཏུ་གཞོན་ནུའི་ཞལ་གྱིས་བརྒྱན། །ཕྱག་གཡས་རྡོ་རྗེ་གདེངས་པའི་གྲི་གུག་འཛིན། །གཡོན་པ་ཐོད་པ་ཁྲག་གིས་བཀང་བ ་བསྣམས། །ཞབས་གཉིས་ཀྱང་ཀྱི་དོར་སྟབས་རོ་ཡི་གདན། །མ་ཧེ་ནག་པོའི་སྟེང་དུ་རྣམ་པར་བསམ། །མངོན་སུམ་བཞིན་དུ་གསལ་བར་གྱུར་པ་དང། །སྙིང་གར་ཉི་ལཾ་ཧཱུཾ་ཡིག་འབར་བ་བསམ། །དགུག་དང་བཅིང་བ་ལ་སོགས་བྱ། །དེ་ནས་དེ་ཉིད་སྐར་མའི ་ཚོགས་འབྲས་བསྐོར། །གཡེང་བ་མེད་པར་རྟག་ཏུ་བཟླས་པ་བྱ། །ོཾ་ཧྲཱི(རྒྱུད་འགྲེལ་གལ་ཏེ་ལྡང་བར་འདོད་པ་ན། །ཡེ་ཤེས་མ་ཧེའི་ཞལ་ལ་ནི། །མཆོད་ཅིང་བསྟོད་པ་ལྡང་བར་བྱ། །མ་ཧེའི་སྦྱོར་བ་རྣམ་པར་རྒྱུ། །ཤིན་ཏུ་རྟོགས་དཀའ་ཨི་རྒྱུད་ལས་ནི། །ལས་རྣམས་ཐམས་ཅད་སྦྱོར་བའི་ལྷ། །ཞལ་གཅིག་ཕྱག་གཉིས ་གདམས་པ་འདི། །བློ་དམན་རྣམས་ལ་ཕན་ཕྱིར་བཀོད། །དགེ་བ་ཅུང་ཟད་ཐོབ་པ་དེས། །བདག་དང་འདི་ལ་མོས་པ་རྣམས། །ནད་དང་འཇིགས་སོགས་རབ་བཅོམ་ནས། །མྱུར་དུ་འཇིགས་བྱེད་ཆེན་པོར་ཤོག་།དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང ་ཅན་དཔའ་བོ་གཅིག་པའི་སྒྲུབ་ཐབས། །སློབ་དཔོན་མཉྫུ་བཛྲས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་བྷ་རོ་ཕྱག་རྡུམ་དང། བོད་ཀྱི་ལོཙྪ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་