| Wylie | e-texts based on the ACIP/ALL Input |
གཡོན་པའི་ཞལ་གསུམ་གདངས་པ་ནི། །དཀར་དང་དུད་ཀ་ནག་པོའི་ཞལ། །དབུས་ཀྱི་ཞལ་གསུམ་འབར་བ་ནི། །ཁྲོ་དང་ཆགས་དང་ཞི་བའི་ཚུལ། །ཕྱག་རྒྱ་འོད་ཟེར་འབར་བ་ལས། །གཡས་ཀྱི་ཕྱག་རྒྱ་བཅུ་དྲུག་ནི། །རྡེག་ཅིང་འཇོམས ་པའི་མཚོན་ཆ་གདེངས། །གཡོན་གྱི་ཕྱག་རྒྱ་བཅུ་དྲུག་ནི། །རོ་སྟོབས་པ་ཡི་མཚན་མས་མཛེས། །བརྗིད་གནོན་ཞབས་ཀྱི་ཕྱག་རྒྱ་ལས། །གཡས་ཀྱི་ཞབས་བརྒྱད་བསྐུམ་པ་ནི། །དྲེགས་པའི་ལྷ་བརྒྱད་ཐབས་ཀྱིས་གནོན། ། ་གཡོན་གྱི་ཞབས་བརྒྱད་བརྐྱང་པ་ནི། །དྲེགས་པའི་ལྷ་མོ་བརྒྱད་ལ་རོལ། །འདོད་ཆགས་ཆེན་པོ་འདུལ་བའི་ཕྱིར། །རྟག་ཏུ་ལིང་ག་རྒྱས་པའི་ཚུལ། །དྲག་པོའི་ཚུལ་གྱིས་ཞེ་སྡང་འདུལ། །གདུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། ། ་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །བདུད་དང་གཤིན་རྗེ་ཐབས་ཀྱིས་འདུལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དབང་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །དབང་མེད་དད་པས་འདུས་པ ་དང། །ཡེ་ཤེས་སྤྲུལ་པའི་འཁོར་གྱིས་བསྐོར། །འཁོར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཇི་ལྟ་བུར་ནི་སྤྲུལ་གྱུར་ནས། །རྣམ་དག་དབྱིངས་ལས་མ་གཡོས་ཏེ། །མཉམ་ཉིད་ཁྱོད་ལ་ཕྱག ་འཚལ་ལོ། །ཡོན་ཆབ་དང་རོལ་མོའི་རྫས་ཀྱིས་ཀྱང་མཉེས་པར་བྱ་སྟེ། །འདི་ནི་བསྟོད་པའོ། །དེ་ནས་ཁ་ཟས་ཅི་འབྱོར་པའི་གཏོར་མ་རཾ་གྱིས་སྦྱངས་ཏེ། ཨ་ལས་བདུད་རྩི་ཆེན་པོར་གྱུར་པའི་འོད་ཟེར་ལས་འདོད་ཡོན་ཇི་ལྟ་བར ་མོས་པ་བཞིན་དུ་འབྱུང་བར་བསམས་ཏེ་སྔགས་འདིས་འགྲོ་བ་དང་ཀུན་འཁོར་དུ་བསྡུས་པ་རྣམས་ལ་སྦྱིན། །ོཾ་ཀཱ་ལ་རུ་པ་སརྦ་དུཥྚ་སཏྭ་དམ་ཀ་མ་ཧཱ་བྷུ་ཏ་པ་ཏི་ཨི་མཾ་བ་ལིཾ་གྲིཧྞ་གྲིཧྞ་པ་ཡ་སྭཱཧཱ། ཞེས་ལན་གསུམ་དུ་བརྗེད་དེ ་དབུལ་ལ། །དེ་ནས་བདག་ཉིད་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་ལ་བཟླས་པའི་ཡི་གེ་བསམས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡང་དེ་བཞིན་དུ་དམིགས་ལ་བདག་ལས་ཡི་གེ་འཕྲོས་པས་ལྷའི་ཐུགས་དམ་བསྐུལ། བདག ་ལ་ཐིམ་པས་དངོས་གྲུབ་ཀྱི་དབྱིག་དམ་པ་ཐོབ་པར་འགྱུར་ཏེ། མགལ་མའི་འཁོར་ལོ་ལྟར་རྒྱུན་མ་ཆད་པར་བྱའོ། །གཏོང་པར་འདོད་པ་དང་མཆོད་པ་བྱ་སྟེ། མཐོལ་བཤགས་བྱས་ཏེ་བཟོད་པར་གསོལ་ནས་ཡེ་ཤེས་ཀྱི་ལྷ་སླར་གཤེགས་སུ་གསོལ། ་སྤྲོས་མེད་མཁའ་ལྟར་ཁྱབ་པའི་སྐུ་མཆོག་ནི། །མི་གནས་ཕྱིར་ན་གཤེགས་པ་མི་མངའ་ཡང། སྲི་ཞུའི་ཚུལ་གྱིས་གཤེགས་སུ་གསོལ་བ་འདིས། །བདག་དང་གཞན་བཅས་སྒྲིབ་པ་བྱང་གྱུར་ཅིག་།ོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ ་གཙྪ་སྭ་བྷཱ་བ་ནཾ། ཀྲི་ཏི་ཏེ་ན་ཏ་ཐཱ་ག་ཏཾ་ཤཙ། སརྦ་བུད་དྷ་ཤཙ། བི་སརྫ་ཡ་མ་མ་ཀརྱཾ་ཀུ་རུ་སྭཱཧཱ། དེ་ནས་དམ་ཚིག་གི་ལྷ་བདག་ལ་བསྡུ་ལུས་བསྲུང་བ་ཡང་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པའི་ཆོ་གའོ། །རྫོགས་སོ།། །། ་ཡི་དམ་བཅས་པ་རྫོགས་པ་དང། །ཏིང་འཛིན་རྩེ་གཅིག་གྱུར་པ་འམ། །མཚན་མ་བརྟན་པོ་ཐོབ་པ་ན། །དབེན་པའི་གནས་སུ་སོང་ནས་ནི། །སྔགས་ཀྱི་བརྟུལ་ཞུགས་སྤྱད་པར་བྱ། །སྐུ་གཟུགས་སམ་ནི་མཚན་མ་ལ། །ཏིང་འཛིན་སྤྲོ་བསྡུ་གསལ ་བར་བྱ། །སྒྲུབ་རྫས་ལ་ཡང་དེ་བཞིན་ཏེ། བརྐྱང་བསྐུམ་ཙམ་ཡང་སྤངས་ནས་ནི། །སེམས་ནི་ཅུང་ཟད་ཉམས་མི་བྱ། །ནམ་ཞིག་མཚན་མ་བྱུང་བ་ན། །ཐེ་ཚོམ་མེད་པས་དངོས་གྲུབ་བླང། །འདི་ལྟ་སྟེ་བསྙེན་པས་རྟགས་བྱུང་བ་དང། །སྒྲུབ་པ་བརྩམ ་པར་བྱ་སྟེ། །ཤིན་ཏུ་དབེན་པའི་གནས་སུ་མཎྜལ་བྱ་སྟེ། །དེར་ལྷའི་རྟེན་བཞུགས་སུ་གསོས་ཏེ། །མཆོད་པའི་རྫས་དང་དངོས་གྲུབ་ཀྱི་རྫས་ཀྱང་གཞག་གོ། ཡང་མཆོད་པ་གཞན་ཡང་བཤམས་ལ། །དང་པོ་བསྙེན་པའི་དུས་ཇི་ལྟ ་བ་བཞིན་མཆོད་ནས། །དེ་ནས་བདག་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀ་ནས་ཡི་གེའི་འོད་ཟེར་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་སྐུ་འམ་མཚན་མ་ལ་སྟིམ་སྟེ། ནམ་སྐུ་མཛུམ་པ་འམ་མེ་ཏོག་འབར ་བ་འམ། བདུག་པ་དྲི་དང་ལྡན་པ་འམ་རྫས་ཁོལ་བ་དང། དྲོ་བ་དང་དུད་པ་འཐུལ་བ་ན་བརྟན་པའི་སེམས་ཀྱིས་ཐེ་ཚོམ་མེད་པར་མཆོད་པའི་རྫས་ལྷ་ལ་ཕུལ་ཏེ། ལག་པ་གཡས་ཀྱིས་བླངས་ལ་ཐུགས་ཀར་སྟིམ། དངོས་གྲུབ་ཀྱི་རྫས ་ལག་པ་གཡོན་གྱིས་བླངས་ལ་བཏུང་ངོ། །ཐེ་ཚོམ་སྐྱེས་ན་བར་ཆད་དུ་འགྱུར་རོ། །འདི་ནི་སྒྲུབ་པ་སྟེ་དངོས་གྲུབ་བླང་བའི་ཐབས་སོ། །དེ་ཕན་ཆད་བརྫུན་དང། མ་ཐོས་པའི་ཆོས་མངོན་དུ་འགྱུར་ཏེ། རིག་པ་འཛིན་པའི་ས་ལ ་གནས་ནས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་ལས་རྣམ་པ་བཞི་ཐོགས་པ་མེད་དོ། །མཚན་མ་ཇི་ལྟ་བ་བཞིན་མ་བྱུང་ན་ཡང། འཇིག་རྟེན་ན་ཚེ་རིང་ལོབས་སྐྱེན་ལས་རྣམ་བཞི་འགྲུབ་པོ། །གཞན་དུ་བསྐལ་པ་བཟང་པོར་སྦྱོར་རོ། །དེ་ལ ་གནས་གསུངས་པ་ནི་རྣམ་པ་སྣ་ཚོགས་རི་དགོན་དང། །ཆུ་ཀླུང་འབབ་ཆུ་རྣམས་དང་ནི། །དུར་ཁྲོད་དབེན་ཞིང་ཉམས་དགའ་བར། །སྒྲུབ་པ་དག་ནི་བརྩམ་པར་བྱ། །དེ་ལ་བརྟུལ་ཞུགས་ནི། །སྐྱེ་བོ་མེད་པའི་ནགས་ཚལ་དུ། །སྔགས་པས་ལྷ ་ཡི་བརྟུལ་ཞུགས་སྤྱད། །ཟས་ལ་གཙང་སྨེ་མི་བལྟ་ཞིང། །ཡུལ་ལ་བཟང་ངན་བྱེད་མི་བྱ། །ཏིང་ངེ་འཛིན་ལས་མི་ཉམས་ཤིང། །ཕྱག་རྒྱ་བཅའ་བ་འམ་བཟུང་ན་ནི། །ལྷར་བཅས་འཇིག་རྟེན་ཕྱོགས་མི་བཙལ། །གླང་པོ་ལ་ཡང་ལམ་མི ་གཟུར། །རྐང་པ་བྲག་རི་ཐོགས་མེད་འགྲོ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །འདི་ནི་སྔགས་ཀྱི་བརྟུལ་ཞུགས་བསྟན། །དེ་ལ་མཚན་མ་གཞག་པ་ནི། །མཎྜལ་བྱི་དོར་བྱས་པ་ལ། །ལུགས་མ་རི་མོ་ལ་སོགས་དང། །དེ་བཞིན་བེ་ཙོན་རལ་གྲི་དང། །ཏྲི་ཤུལ? ་འཁོར་ལོ་ལ་སོགས་པ། །མཚན་མ་ལེགས་བྱས་མདུན་དུ་བཞག་།དེ་ལ་མཆོད་རྫས་ནི། །མེ་ཏོག་གདུག་པ་མར་མེ་དྲི། །བཤོས་དང་མཆོད་ཡོན་སོགས་པ་དང། །བཟའ་དང་བཅའ་བར་སྦྱར་བ་ཡི། །གཏོར་མ་སྣ་ཚོགས་བཞག་པར་བྱ། །དེ་ལ་དངོས ་གྲུབ་ཀྱི་རྫས་ནི། །བ་སེར་བའི་མར་སར་དང། །སྦྲང་རྩི་ཁ་རར་བཅས་པ་དག། ཟ་མ་ཏོག་གམ་པ་རུར་བཞག། དེ་ལ་དམ་ཚིག་གི་ཏིང་ངེ་འཛིན་ནི། །བདག་ཉིད་འཇམ་དཔའ་ཨི་རྡོ་རྗེར་གསལ། །ཐུགས་ཀའི་ཉི་མའི་སྙིང་པོ་ལ། །བཟླས་པའི་ཡིག་འབྲུ ་བསམ་པ་ནི། །ཆུ་ཟླ་དག་གམ་གཟུགས་བརྙན་བཞིན། །གཅིག་དང་དུ་མ་བྲལ་བར་བསྒོམ། །དེ་ལ་འཕྲོ་དང་འདུ་བ་ནི། །ཆུ་ཟླ་བས་དག་གམ་ཉི་ཟེར་བཞིན། །འོད་ཟེར་འཕྲོས་པའི་སྦྱོར་བ་ལས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །འོད་ཟེར་ཚུལ་དུ ་བསྡུས་ནས་ནི། །མཚན་མ་འམ་དངོས་གྲུབ་རྟེན་ལ་བསྟིམ། །དེ་ལ་དངོས་གྲུབ་ཀྱི་རྟགས་ནི། །སྐུ་གཟུགས་འཛུམ་དང་མཚན་མ་འབར། །མར་ནི་ཁོལ་བ་མཆོག་ཏུ་བཤད། །དུད་པ་འཐུལ་བ་འབྲིང་ཡིན་ཏེ། །དྲོ་བ་དག་ནི་ཐ་མའོ། །དེ་ལ་དངོས་གྲུབ ་བླང་བའི་ཐབས་ནི། །དང་པོར་མཆོད་རྫས་ལྷ་ལ་དབུལ། །དེ་ནས་སྒྲུབ་རྫས་བདག་ཉིད་བཏུད། །དེ་ལ་དངོས་གྲུབ་ཀྱི་གེགས་ནི། །སེམས་གཡེངས་པའམ་རྨུགས་དང་ཉིད། །དངས་པ་བར་ཆད་གྱུར་པ་འམ། །ཐེ་ཚོམ་སྐྱེས་ན་དངོས་གྲུབ་མེད། །དེ་ལ ་གྲུབ་པའི་དུས་ནི་བསྙེན་པའི་རྫོགས་གྱུར་ཕྱིན་ཆད་ནི། །ཟླ་བ་དྲུག་གིས་འགྲུབ་པར་བཤད། །གལ་ཏེ་གྲུབ་པར་མ་གྱུར་ན། །དེ་བཞིན་ལན་གསུམ་བརྩམ་པར་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །དྲག་ཤུལ་ཚུལ་བཞིན་ཞག་བདུན་བསྒྲུབ། །དེ་ལས ་ཕྱིར་འབད་མེད་པར་བཤད། །དེ་ལ་དྲག་ཤུལ་གྱི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། །ཀྱོ་བ་རྡོ་རྗེ་འབར་བ་ནི། །གནམ་ལྕགས་ཞུན་མ་འདྲ་བ་དག་།རང་གི་སྙིང་ལས་འོད་འཕྲོས་ཏེ། །ཀྱོ་བ་ཡེ་ཤེས་ཐུགས་ནས་དྲངས། །རྡོ་རྗེ་འབར ་བས་དབབ་བྱས་ནས། །ཡང་དང་ཡང་དུ་གཞུག་པར་བྱ། །སྒྲུབ་པའི་ཆོ་ག་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་ལ་སྦྱོར་བར་འདོད་པས།། ་