| Wylie | e-texts based on the ACIP/ALL Input |
པོར་དང་སྲིན་ལག། འདི་མང?་?་དུ་འཕྲོ་ཅན་འདུག། །། *། །རྡོ་རྗེ་འཇིགས་བྱེད་རྒྱུད་ཀྱི་དགའ་འགྲེལ་མི་སྐྱོད་པས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས ་རྒྱུད་ཀྱི་དགའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ?་།བླ་མའི་ཞབས་ལ་དད་པས་བཏུད་ནས་ནི། །དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྟོག་པ་འདིར། །མན་ངག་གང་ཡོད་བདག་ཉིད་དྲན་ཕྱིར་ནི། །དཀའ་བའི ་གནས་ཙམ་བདག་གིས་བྲི་བར་བྱ། །བླ་མ་མཆོག་རྣམས་ལེགས་པར་ཡུན་རིངས་དུས་སུ་དཀའ་བས་མཉེས་བྱེད་མི་ནུས་པ། །དབུལ་པོས་གཏེར་ཆེན་ངོ་ཤེས་བརྐོ་བའི་བྱ་བས་ངལ་ཏེ་ཡོངས་སུ་དོར་བ་བཞིན། །དེ་ལྟར་དབུལ་པོ་འདྲ་བའི་བློ ་ངན་རང་ལ་འཚོ་བ་རྡོལ་ལུང་གི་ཚོགས། །ལེགས་བསྲུབས་ལས་བྱུང་མར་གྱི་སྙིང་ཁུ་ལྟ་བུ་རྣར་ཡང་བླུད་མི་བྱ། །ཇི་ལྟར་ཞག་གི་རིམ་པས་ཟླ་བའི་ཆ་ཤས་འཕེལ་ཞིང་བཅོ་ལྔར་མཐར་ཐུགས་པ། །བཅུ་དྲུག་ནས་བརྩམས་འབྲི་ཞིང་འཕེལ་མང་མཁས?་པའི་འགྲོ ་བའི་ཤེས་པ་མངོན་སུམ་ལྟར། །ཡུན་རིང་བསྙེན་བཀུར་དུས་སུ་དེ་ཡི་སྣོད་ནི་རིམ་གྱིས་བླ་མས་སྦྱར་བྱས་ཏེ། །དད་བརྟན་བསྙེན་བཀུར་བྱས་ལ་བླ་མ་དུས་སུ་བྱིན་གྱིས་མ་བརླབས་དེ་ཉམས་འགྱུར། །དེ་ཕྱིར་སློབ་མ་བློ་གྲོས་དམན་པ་འགྲུས་པར་གནས་ལ ་བདག་གིས་ཡིད་དགའ་བས། །རྟོག་པ་འདི་ལས་ཆུང་ཟད་སྙིང་པོ་སྦྱིན་ཕྱིར་རབ་ཏུ་བསྡུས་པའི་གཞུང་འདི་དགོད། །དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ལེའུ་བདུན་དུ་བྱས་པའི་རྟོག་པ་འདི་ནི། ལེའུའི་གྲངས་ཀྱི་གོ་རིམས་དང། བསྡུས་པའི་དོན་དང། ་མན་ངག་གི་གནས་བཤད་པ་སྟེ། ཡན་ལག་གསུམ་གྱིས་འཆད་དོ། །དེ་ཡང་བསྙེན་པ་དང། སྒྲུབ་པ་དང། ལས་རབ་འབྱམས་དག་གི་དབང་བསྐུར་བའི་སྔགས་པས་བྱ་བ་ཡིན་ལ། ལས་དང་པོ་པའི་སྔགས་པས་ནི་ཕལ་ཆེར་རྡུལ་མཚོན་གྱི་དཀྱིལ ་འཁོར་དུ་དབང་བསྐུར་བར་རིགས་པས། །དང་པོ་ཚིག་ཟུང་གྱིས། དབང་བསྟན་པ་དཀྱིལ་འཁོར་གྱི་ལེའུ་གསུངས་སོ། །དབང་བསྐུར་བའི་སྔགས་བས་ནི་བསྒོམས་པ་འམ་བཟླས་པས་བསྙེན་པ་བྱེད་པས་ན་དེ་ནས་ནི་ལེའུ་བཞི་པ་གསུངས་པ་དྲང་པོ། ། ་བསྒོམ་པ་ཡང་རི་མོའི་དམིགས་པ་ལ་བརྟེན་པར་རིགས་པས་ན་དེ་ནས་ལེའུ་ལྔ་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་བར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབས་པ་དམིགས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས ་པར་འགྱུར་ཞིང། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་རྣམས་ཀྱི་ཏིང་ངེ་འཛིན་གསང་ཆེན་བཤད་པར་བྱ་ཡིན་ཉོན་ཅིག ་ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་རི་མོ་ལ་བརྟེན་ནས་དམིགས་པ་ཐོབ་པ་དེ་ནི་ཏིང་ངེ་འཛིན་གྱི་ལས་རྣམས་བྱེད་ནུས་པར་འགྱུར་བས་བསམ་གཏན་ལ་བརྟེན་པའི་ལས་ཀྱི་སྦྱོར་བའི་ལེའུ་བདུན་པ་གསུངས་སོ། །གལ་ཏེ་བཟླས་བརྗོད་ཀྱི་བསྙེན་པ་བྱས་ཀྱང། ་ཏིང་ངེ་འཛིན་མ་ཐོབ་པ་སྲིད་པས་དེ་དག་གི་ཆེད་དུ་ནི་བཟླས་བརྗོད་ལས་བྱུང་བའི་སྦྱིན་སྲེག་གི་བྱ་བ་བསྟན་ཏོ། །གལ་ཏེ་སྦྱིན་སྲེག་གི་ལས་ལ་ཡིད་མི་དགའ་བ་འམ། ཚོགས་པ་མི་རྙེད་པ་དག་གིས་ཕྱིར་ལེའུ་གཉིས་པ་འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ། ། ་གལ་ཏེ་བསྙེན་པ་བྱས་པའི་སྔགས་པ་ལས་ཕྲན་ཚོགས་དེ་དག་ལ་མི་མོས་ཀྱི། །མཆོག་གྲུབ་པར་འདོད་པ་དེ་དག་ལ་ནི་ཡང་ལེའུ་དང་པོའི་མཆོག་བསྒྲུབ་པ་བསྟན་ཏོ། །དེ་ལྟར་བསྙེན་པ་དང་སྒྲུབ་པ་དང། ལས་རབ་འབྱམས་ཐམས་ཅད་དུ་དགོས་པ་ནི ་སྔགས་ཡིན་ལ་སྔགས་དེ་ཡང། མ་དག་པས་ནི་དངོས་གྲུབ་མི་བྱེད་དེ། །ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་ཉམས། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི། །གསང་སྔགས་དངོས་གྲུབ་རྒྱ་ཆེན ་མི་སྟེར?་རོ་ཞེས་གསུངས་ཏེ། །དེ་བས་ན་སྔགས་དག་པར་བྱེད་པའི་ཡི་གེ་བཏུ་བའི་ལེའུ་གསུམ་པ་གསུངས་ཏེ། འདི་ནི་ལེའུ་གྲངས་བདུན་གྱི་གོ་རིམས་དང་མཚམས་སྦྱར་བ་མན་ངག་གིས་གསུངས་པའོ། །གཞན་ཡང་སྒྲུབ་པ་པོ་མཆོག་གི་ཕྱིར ་ནི་དངོས་གྲུབ་དམ་པ་སྒྲུབ་པའི་ལེའུ་དང་པོ་གསུངས་སོ། །དེས་དངོས་གྲུབ་མཆོག་གྲུབ་ན་ལས་ཕྲ་མོ་ལ་འཇུག་སྟེ། །འདི་ཉིད་ལས་གལ་ཏེ་སྔགས་པས་གྲུབ་པར་མ་གྱུར་ན་ཡང་ལས་ཕྲ་མོ་ཐམས་ཅད་ངེས་པར་འགྲུབ་པོ་ཞེས་གསུངས་ཏེ། དེའི ་ཕྱིར་ལེའུ་གཉིས་པ་གསུངས་སོ། །ལེའུ་གཉིས་པའི་ལས་དག་ཀྱང་གསང་སྔགས་དག་པ་ལ་བརྟེན་པ་ཡིན་པས་ན་གསང་སྔགས་དག་པའི་ལེའུ་གསུམ་པ་གསུངས་སོ། །དག་པའི་སྔགས་དེ་ཡང་བསྒོམ་པ་དང་ལྡན་པས་བཟླས་པར་བྱ་བ་ཡིན་པས་ན ་ལེའུ་བཞི་པ་བསྒོམ་པ་གསུངས་སོ། །བསྒོམ་པ་ཡང་བྲིས་སྐུ་ལ་དམིགས་པར་རིགས་པས་ན། །ལེའུ་ལྔ་པ་བྲིས་སྐུའི་ཆོ་ག་གསུངས་སོ། །བྲིས་སྐུ་ལས་དམིགས་པ་ཐོབ་པ་དེ་ནི་ཕྱི་དང་ནང་གི་ལས་རབ་འབྱམ་ལ་དབང་དུ་གྱུར་པས་ན། །སྦྱིན་སྲེག ་དང་བསམ་གཏན་གྱི་ལས་ཀྱི་ལེའུ་དག་གསུངས་སོ། །དེ་བཞིན་དུ་གོ་རིམས་ངེས་པ་དང་མཚམས་སྦྱར་བ་ནི། རྣམ་པ་དུ་མར་རང་གི་བློ་གྲོས་དྲི་མ་མེད་པས་ཤེས་པར་བྱ་ཡང་རུང་ཞེས་གསུངས་སོ། །ཡན་ལག་དང་པོ་མངོན་པར་བརྗོད་པའོ། །གཉིས ་པ་ནི་དེ་ལྟར་ལེའུ་བདུན་པོ་དེ་དག་ལས་ལེའུ་གྲངས་དང་པོས་ནི། སྡུད་པ་པོ་གཞུང་ཡང་དག་པར་སྡང་བའི་དམིགས་གང་ཡིན་པ་ཆེ་བའི་བདག་ཉིད་དང་བཅས་པར་བསྟན་པ་དང། གནས་ཀྱི་ཚུལ་དང་སྔགས་པའི་ཁྱད་པར་དང། ལས་རབ་འབྱམ་དང། ་སློབ་དཔོན་གྱི་ཚུལ་དང། དཀྱིལ་འཁོར་གྱི་བདག་ཉིད་ཆེ་བ་དང། མཆོད་པ་དང། ཉེ་བར་སྤྱད་པའི་ཡོ་བྱད་དང། སྒྲུབ་པ་པོ་བསྒྲུབ་ཅིང་མཆོད་པ་དང། བསྒྲུབ་པའི་ཚུལ་དང། དངོས་གྲུབ་བླང་བ་དང། དངོས་གྲུབ་ཆེན་པོ་མ་འགྲུབ་ན་ཡང། ཕྲ་མོ་འགྲུབ ་པར་འགྱུར་པ་རྣམས་བསྟན་པའོ། །ལེའུ་གཉིས་པ་ལས་ནི་ལེའུའི་མཚམས་སྦྱར་བ་དང། གསང་བའི་ལས་རྣམ་པ་དྲུག་དང། བསྒྲད་པའི་ལས་རྣམ་ལྔ་དང། དབྱེ་བའི་ལས་རྣམ་པ་བཞི་དང། རིམས་ཀྱིས་གཟུང་བ་དང། རེངས་པར་བྱ་བ་དང། མནན ་པ་དང། དབང་དུ་བྱ་བ་དང། དགུག་པ་དང། སྨྱོ་བར་བྱ་བ་དང། བུ་མོ་དབང་དུ་བྱ་བ་དང། ཞི་བའི་བྱ་བ་མདོར་བསྟན་པ་དང། འཁྲུལ་འཁོར་སྦ་བའི་གནས་དང། སྦྱོར་བ་དགྲོལ་བ་དང། ལས་དེ་དག་གི་བྱ་བ་གསལ་བར་བྱེད་པ་རྣམས ་བསྟན་པ་ཡིན་ནོ། །ལེའུ་གསུམ་པ་ལས་ནི། རྩ་བའི་སྔགས་བཏུ་བ་དང། ལས་ཀྱི་སྔགས་བཏུ་བ་དང། སྙིང་པོའི་སྔགས་བཏུ་བ་དང། དེ་དག་གི་བཟླས་པའི་ཚད་དང། ཡི་གེ་བཏུ་བའི་དམ་ཚིག་རྣམས་བཏུ་བ་རྣམས་བསྟན་ཏོ། ། ་ལེའུ་བཞི་པ་ལས་ནི། ལེའུ་མཚམས་སྦྱར་བ་དང། བཅས་ཏེ་མངོན་དུ་བྱ་བ་རྣམས་བསྟན་པ་དང། གདན་བསམ་པ་དང། རྒྱུའི་ལྷ་བསྐྱེད་པ་དང། འབྲས་བུའི་ལྷ་བསྐྱེད་པ་དང། འབྲས་བུའི་ལྷ་དེའི་གཟུགས་ལ་སོགས་པའི་མཚན་ཉིད་དང། བསྙེན་པའི ་གནས་དང། བཟླས་པ་ལ་སོགས་པའི་མཐུ་དང། གནས་དང་ཁ་ཟས་དང། ལས་གྲུབ་པའི་རྒྱུ་རྣམས་བསྟན་ཏོ། །ལེའུ་ལྔ་པ་ལས་ནི། ལེའུ་མཚམས་སྦྱར་བ་དང། བྲིས་སྐུའི་རས་དང། འབྲི་མཁན་དང། ཡོན་དབུལ་བ་དང། གནས་དང། མི་གཡེང་བར་བྱ ་ཞིང་གསང་བ་དང། རི་མོ་ཇི་ལྟ་བར་བྲི་བ་དང། བྲིས་སྐུ་དབེན་པའི་མཆོད་པ་དང། སྐུའི་སྤྱན་སྔར་བསྙེན་པ་བྱ་བ་དང། ཕྲེང་བའི་མཚན་ཉིད་དང། ཐུན་མཚམས་ངེས་པ་དང། བྲིས་སྐུ་སྤ་བ་དང། ཁ་ཟས་ཀྱི་ཚུལ་དང། བདུག་སྤོས་དང་ཆོག་དེ་དག་གིས ་མཆོག་འགྲུབ་པར་འགྱུར་བ་རྣམས་བསྟན་ཏོ། །ལེའུ་དྲུག་པ་ལས་ནི། །ལེའུའི་མཚམས་སྦྱར་བ་དང། སྤྱིར་སྦྱར་བའི་ཆོ་ག་དང། བསང་པའི་ལས་གཉིས་དང། དབྱེ་བ་དག་དང། བསྐྲད་པའི་གཞི་དང། མནན་པ་དང། ལས་ཀྱི་དམ་ཚིག་དང། བུ་མོ ་དབང་དུ་བྱ་བ་དང། ཞི་བར་བྱ་བ་དང། རྒྱས་པར་བྱ་བ་དང། དགུག་པར་བྱ་བ་དང། སྨྱོ་བར་བྱ་བ་དང། ནོར་ལ་དབང་བསྒྱུར་བ་དང། ཡུལ་དབང་དུ་བྱ་བ་དང། དབང་དུ་བྱ་བ་དང། འབྱོར་པ་བསྐྱེད་པ་དང། རྒྱལ་པོ་དབང་དུ་བྱ་བ་དང། འཇིག་རྟེན་དབང ་དུ་བྱ་བ་དང། བུད་མེད་དབང་དུ་བྱ་བ་དང། དབང་དུ་བྱ་བའི་མཆོག་དང། དགུག་པའི་མཆོག་དང། ལས་རབ་འབྱམ་གྱི་དམ་ཚིག་རྣམས་བསྟན་ཏོ། །ལེའུ་བདུན་པ་ལས་ནི། ལེའུའི་མཚམས་སྦྱར་བ་དང། གསང་བའི་ལས་དག་དང་དབྱེ་བ་དང། བསྐྲད་པའི ་ལས་དག་དང། དགུག་པ་དང། དུག་བསལ་བ་དང། བུད་མེད་དབང་དུ་བྱ་བ་དང། སྐྱེས་བུ་ཆེན་པོ་དབང་དུ་བྱ་བ་དང། དམ་ཚིག་རྣམས་བསྟན་ཏོ། །ཡན་ལག་གཉིས་པ་མངོན་པར་བརྗོད་པའོ། །ད་ནི་ཡན་ལག་གསུམ་པ་ལ་འཇུག་པར་བྱ་སྟེ། དེ་ནས་ཞེས ་བྱ་བ་ནི་བཀྲ་ཤིས་པ་འམ། དེ་མ་ཐག་པ་འམ། དབང་དུ་བྱ་བའོ། །བསྒྲུབ་པ་སྟེ་ཞེས་བྱ་བ་ནི། ལེའུ་དང་པོ་ནི་སྒྲུབ་པ་འགའ་ཞིག་སྟོན་པ་ཡིན་ལ་རྟོག་པ་རིལ་ཡང་སྒྲུབ་པ་གཙོར་གྱུར་པ་སྟེ། ལས་རབ་འབྱམ་ཡང་སྒྲུབ་པས་བསྡུས་པའོ། །ཐམས་ཅད་ཀྱི་ཞེས ་བྱ་བ་ནི། དེ་དག་གི་ནང་ནའོ། །རབ་ཏུ་འཁྲུགས་པ་ཞེས་བྱ་བ་ནི་ལྷག་པའི་བདག་ཉིད་དོ། །འཇིགས་བྱེད་ཅེས་བྱ་བ་ནི་ཕྱི་རོལ་ལོ། །ཡང་ན་རབ་ཏུ་འཁྲུགས་པས་འཇིགས་བྱེད་པའོ། །གང་ཡང་རུང་བའི་གནས་ཞེས་བྱ་བ་ནི་འཆད་པར་བྱེད་པ་རྣམས་ལའོ། ། གནས་རྣམས་ཞེས་བྱ་བ་ནི་བསྒྲུབ་པའི་གནས་ངེས་པའོ། །འཐབ་མོའི་གནས་ཤེས་བྱ་བ་ནི། རྒྱལ་པོའི་གཡུལ་འགྱེད་པའི་སའོ། །དབང་བསྐུར་ཐོབ་པ་ཞེས་བྱ་བ་ནི། གཤིན་རྗེ་དགྲ་ནག་པོའི་རྒྱུད་འདི་ཉིད་དང་རྗེས་སུ་མཐུན་པའི་རྒྱུད་དེ་ལས་འདིར་དབང་བསྐུར ་བའི་ཚུལ་དང་གཏོར་མ་དང། འཁྲུལ་འཁོར་གྱི་བྱ་བ་དང། བསྟོད་པ་ལ་སོགས་པ་དྲང་བར་བྱ་སྟེ། དེ་བས་ན་དེ་ལྟར་དབང་བསྐུར་བའི་རྣལ་འབྱོར་པ་དེས་དབང་དུ་བྱ་བ་ལ་སོགས་པ་བསྒྲུབ་སྟེ། །ཁ་ཅིག་ནི་རྒྱུད་འདི་ཉིད་ལས་གསུངས་ལ། རལ་གྲི་ལ་སོགས ་པ་ཁ་ཅིག་ན་རྒྱུད་གཞན་གྱི་ལུགས་སུ་བསྒྲུབ་པོ། །དེ་ལྟར་ཡང་གང་ཉིད་དུ་ནི་རང་ཉིད་ཀྱི་།ལས་ཀྱི་ཆོ་ག་རྣམས་མེད་པ། དེ་ནི་སྤྱི་རྒྱུད་ལས་གྲགས་པའི་ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་སུ་གནང་ངོ། །རོ་བསྲེགས་པའི་ཐལ་བས་ཞེས་བྱ་བ་ནི། འདིར ་བྲག?་ཤུལ།?་བཅས་པ་གཙོ་བོར་གྱུར་པས་ལྷའི་ཚོན་གྱི་གོར་ཐལ་ཆེ་བཤད་པ་ཡིན་ལ། དེ་ཉིད་ཀྱིས་རི་མོ་ཡང་གཅིག་ཁོ་ན་ལྔའི་གོར་སྦྱར་རོ། །ཐལ་ཕྱེར་གང་དག་བཤད་པ་ནི། །དེ་དག་ཐམས་ཅད་རི་མོ་གཅིག། ཅེས་གསུངས་པས་སོ། །ཟླུམ་པོ་ཞེས་བྱ ་པ་ནི། ནང་གི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །སྒོ་རྣམས་གཞན་ནི་གཅད་པར་བྱ། །ཞེས་བྱ་བ་ནི། ལྷོ་ཕྱོགས་ལས་གཞན་པ་གསུམ་གཅད་པ་སྟེ། ཇི་སྐད་དུ། ཆབ་སྒོ་ཆེན་པོ་ཏེགས་བུར་བཅས། །རྣམ་པ་ཅུང་ཟད་གཅིག་ནི་ལྡན། ་པར་བྱ། །ཆབ་སྒོ་གཞན་རྣམས་གཅད་པ་ནི། །མེ་མ་དཀར་པོ་དག་གིས་སུ། །སྒོ་ཡི་དབུས་གྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཞེས་གསུངས་པའོ། །རོ་བྲིའོ་ཞེས་བྱ་བ་ནི་གདན་སྟེ། ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་དག་གི་ཆོ་ག་ནི། རྣམ་པ ་གསུམ་པོ་མ་ལུས་པར། །ལྷ་རྣམས་ཐམས་ཅད་དགོད་པ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །དང་པོར་གཟུགས་སུ་བྲི་བར་བྱ། །གཉིས་པ་ཕྱག་རྒྱའི་གཟུགས་སུ་བྲི་།གསུམ་པ་གནས་དང་སྟན་དག་ཏུ། །བྲི་བའི་ཆོ་ག་ཡོངས་སུ་བསྒྲགས་ཞེས་སོ། །འོན ་ཀྱང་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་ནི། །ཕྱག་མཚན་ཇི་སྙེད་པ་དགོད་པར་བྱ་བ་ཡང་ཡིན་པས་ན། །ཤར་དུ་ནི་མགོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་མས་མེ་ཏོག་བོར་ན་ནི་སྙིང་པོའི་གནས་དགུ་པོ་གང་དུ་ལྷུང་ཡང་དངོས་གྲུབ་མཆོག་ཏུ ་འགྱུར་ཏེ། སྙིང་པོར་མེ་ཏོག་བབ་ན་ནི། །རྟག་ཏུ་དོན་མེད་མི་འགྱུར་བཤད། །ཅེས་གསུངས་པའོ། །བྱང་གི་སྣམ་བུའི་མཚམས་མ་ལ་བབ་ན། །ཞི་བའི་ལས་འགྲུབ་པོ། །ལྷོར་ནི་ཚར་བཅད་པ་རྣམས་སོ། །ནུབ་ཏུ་ནི་དབང་དུ་བྱ་བ་དང་དགུག་པའོ། །ཤར ་དུ?་ནི་རྒྱས་པའོ། །རི་མོའི་ཕྱི་རོལ་ལམ་མཚན་མ་གཉིས་ཀྱི་བར་མཉམ་པར་ལན་གསུམ་བབ་ན་དབང་མི་བསྐུར་རོ། །སྒྲུབ་པ་པོས་ནི། རོའི་སྟེང་དུ་བདག་པོའི་ལུགས་མ་འམ་བྲིས་སྐུ་འམ། བརྐོས་པའི་སྐུ་བཞུགས་པ། མེ་ཏོག་དོར་བ་བྱས་ལ་བདག་ཉིད ་དབང་བསྐུར་ཏེ། དབུས་ཀྱི་ལྷ་གསལ་བའི་གནས་སུ་འདུག་པ་ལས་རྫས་འགྲུབ་པ་འམ། རྒྱུད་ལས་ཇི་སྐད་གསུངས་པ་ལྟར་མཆོག་གསོལ་བར་བྱའོ། །ཕྱོགས་ཐམས་ཅད་དུ་ཡང། སོགས་པའི་སྒྲས་བསྡུས་པ་གླང་པོ་ཆེའི་པགས་པ་རེ་རེའམ། ་ཡང་ན་རྐང་ལག་གི་ཆའི་པགས་པ་བྲིའོ། །གཞན་དག་ནི་སོགས་པ་ཞེས་བྱ་བའི་སྒྲས་མཚོན་ཆ་གང་ཡང་རུང་བ་དྲི་བར་འཆང་ངོ། །ཐབས་དང་ཤེས་རབ་ཕུལ་དུ་རྒྱུད་པ་དབྱེར་མེད་པའི་ཚུལ་དུ་འགྱུར་པ་ན། ཕྱག་གཉིས་གླང་པོ་ཆེའི་པགས་པ་དང་བཅས་པ་ཡིན་ལ། དེ ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་སུམ་ཅུ་གཉིས་ཉིད་ནི། ཕྱག་གི་མཚོན་ཆ་དང་བཅས་པ་ལྷག་མས་སྟོན་པས་ན། །མཚོན་ཆ་གཞན་གང་ཡང་རུང། བྲི་བ་ནི་མི་འཐད་པ་ཉིད་དོ། །རོ་ལངས་ཆེན་པོ་བརྒྱད་ཅེས་བྱ་བ་ནི་གཅེར་བུ་སྐྲ་གྲོལ་བ་སོ་རྣོ་བ་ནག ་པོ་སྲེན་པོ་ལྟ་བུ་གྲི་གུག་དང། ཐོད་པ་ཐོགས་པ་རྣམས་སོ། །འདི་དག་ནི་སྒྲུབ་པ་པོའི་གྲོགས་སུ་གྱུར་པ་འདོད་པའི་ལས་འགྲུབ་པའོ། །བཟའ་སྟོན་ནི་དཀྱིལ་འཁོར་དུ་འཇུག་པ་ན་ཚོགས་ཀྱི་འཁོར་ལོ་བྱ་བའོ། །སྦྱིན་སྲེག་ནི་འཇུག་པ་ནའོ། །གཏོར་མའི་ལས་ནི ་ཞེས་བྱ་བ་ནི་སྒྲུབ་པ་པོས་སྲོད་ལ་སྦྱིན་ཏེ། སློབ་མ་དབང་བསྐུར་བ་ལ་ནི་དཀྱིལ་འཁོར་བ་སྒྲུབ་པར་བྱས་ལའོ། །ཡང་ན་གཉིས་ཀར་ནམ་ཕྱེད་ནའོ། །དབུས་སུ་བསྒྲུབ་བྱ་དམིགས་ལ་ཞེས་བྱ་བ་ནི། །སངས་རྒྱས་ཀྱི་བསྟན་པ་ལ་འཁུ་བ་གང་སུ་ཡང་རུང་བ་ཞིག་གདན ་དུ་དམིགས་པར་བྱའོ། །གཞན་ཡང་དབུས་སུ་བསྒྲུབ་བྱའི་གཟུགས་སུ་འཁྲུལ་འཁོར་དང་བུ་ཏ་ལིང་ག་བཅས་པའི་ཡ་མ་པུ་ཏ་ཤ་གཞག་ལའོ། །འདིར་ཞི་བ་དང། རྒྱས་པ་ལ་ནི་མདུན་དུའོ། །གཞན་དུག་ནི་སྔར་གསུངས་པའི་སྡོམ་གྱི་ལས་མ་ལུས་པ་ལ ་འདི་དག་བསྒྲུབ་པར་བྱ་བ་མིན་པས་ན། གསང་པར་བྱ་བ་གདན་དུ་བརྟགས་ཏེ་བཟླས་བ་བྱ་བར་འདོད་དེ། །དངོས་གྲུབ་མཆོག་སྒྲུབ་པ་དག་མ་ཡིན་པ་ལ་དཀྱིལ་འཁོར་བྲི་བ་ནི་གང་དུ་ཡང་མི་འགྱུར་བས་ན་དེ་ནི་མ་རིགས་ཏེ། སྔར་བསྟན་པ་ལྟར་ཏིང་ངེ་འཛིན ་གྱིས་ནི་རུང་ངོ། །ཡི་གེ་བཅུ་པའི་གསང་སྔགས་ཞེས་བྱ་བ་ནི། བྱ་བ་ཐམས་ཅད་ལ་དེ་ཉེ་བར་གནས་པ་ན་སྟེ། རྩ་བའི་སྔགས་ནི་འཁྲུལ་འཁོར་གྱི་བྱ་བ་ཙམ་ལ་གནས་ལ། སྙིང་པོའི་སྔགས་ཀྱང་ལྷ་ཉེ་བར་གྱུར་བ་ཙམ་ལ་གཙོ་བོར་འགྱུར་བས་སོ། །རིགས་ ་སྔགས་འཆང་གིས་གསོལ་བ་བཏབ་པ་ཞེས་བྱ་བ་ནི་ཁྲག་ཆེན་པོའི་ཡོན་ཆབ་ཡུལ་ནས་གུས་པར་བྱས་ཏེའོ། །གཞན་ཡང་ཡིད་ལ་གང་འདོད་པ་ཞེས་བྱ་བ་ནི་རང་གི་སྦྱངས་པ་དང། མཐུན་པ་ཙམ་ལས་གང་འདོད་པ་སྟེ། །བསྟོད་དང་བཅས་ནས ་མཆོད་ཡོན་རྒྱུན་སྒྲེངས་ནས། །རྩེ་གཅིག་སེམས་ཀྱིས་གདོད་སྡུད་ཕྱག་བྱས་ཏེ། །དད་དང་འབད་པའི་རྗེས་མཐུན་དམ་པ་བླང། །དམ་པ་ཐོབ་ན་དགའ་བས་ཕྱག་བྱས་ཏེ། །དད་པས་བསྟོང་ནས་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང ་གཤེགས་སུ་གསོལ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ལས་ཕྲ་མོ་བྱ་བ་ནི། འཁྲུལ་འཁོར་དང། སྦྱིན་སྲེག་དང། བསམ་གཏན་གྱིས་བསྒྲུབ་པར་བྱ་བ་འཆད་པར་འགྱུར་བ་རྣམས་སོ། །དཔལ་འཇམ་པའི་མཆོག་ཅེས་བྱ་བ་ནི། །རྒྱུད་ཆེན་པོའི ་མཚན་དུ་བསྒྲག་གོ་།དཔལ་འཇམ་པའི་མཆོག་གིས་བཤད་པ་འམ། །དེའི་ཁྲོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་བཤད་དོ། །འཁོར་ལོའི་རྣལ་འབྱོར་ཞེས་བྱ་བ་ནི་བསྒྲུབ་པའི་དཀྱིལ་འཁོར་གྱི་སྦྱོར་བ་བསྟན་པའོ། །སྦྱོར་བའི་རྒྱུད་ཅེས ་བྱ་བ་ནི་རྒྱུད་འདིར་ཕྱི་རོལ་གྱི་སྦྱོར་བ་རབ་ཏུ་མེད་པས་ནའོ། །དེ་ལྟར་ན་འདི་བྱ་བའི་རྒྱུད་ཅེས་བརྗོད་དོ་ཞེ་ན། བསམ་གཏན་འབའ་ཞིག་གི་བྱ་བ་སྟོན་པའི་ལེའུ་བདུན་པ་འབྱུང་བ་དང། ཕྱི་རོལ་གྱི་སྦྱོར་བའི་བྱ་བ་ཐམས་ཅད་ལ་ཡང་ཤིན་ཏུ་མཉམ ་པར་བཞག་པས་བྱའོ་ཞེས་ནང་གི་རྣལ་འབྱོར་རབ་ཏུ་ཡང་གཅེས་པར་སྟོན་པས་ན། བྱ་བའི་རྒྱུད་ནི་མིན་ཏེ། འོན་ཀྱང་ཕྱི་རོལ་གྱི་སྦྱོར་བ་རྒྱ་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་དོ། །གཞན་དག་ནི་འདིར་ཡོ་ག་ཞེས་བྱ་བ་ཡུ་ཛིར་མི་འདྲེན་ཏེ། ཡོ་ནི་ཤ་ཉིད ་དུ་འདྲེན་ན་དེ་ནི་མ་ཡིན་ཏེ། འདིར་ཡུ་ཛིར་ཉིད་ཤས་ཆེ་བའི་ཡོ་ནི་ཤ་ནི་ལེའུ་བདུན་པ་ཙམ་ལས་མེད་ཅིང། ལྷའི་སྐུ་བསྒྲུབ་པ་ལ་ནི་བྱ་བའི་རྒྱུད་ལས་ཡང་ཡོ་ནི་ཤ་ཡོད་པའི་ཕྱིར་རོ། །ལེའུ་དང་པོའི་བཤད་པའོ།། །། ་དེ་ནས་ཞེས་བྱ་བ་ནི། དང་པོའི་བསྟན་མ་ཐག་ཏུའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་ལས་ཕྲ་མོ་རྣམས་ཏེ། དེ་དག་ནི་དངོས་གྲུབ་ཏུ་བཞག་པ་ཕལ་པ་རྣམས་ཀྱི་ཡིན་ལ། གྲུབ་པ་རྣམས་ཀྱི་ནི་འཕྲིན་ལས་བཞག་པ་ཡིན་པས་སོ། །སྔོན་དུ་ཇི་ལྟར་བརྗོད ་པ་བཞིན་ཞེས་བྱ་བ་ནི་སྡོམ་དུ་དབང་དང་དགུག་དང་ཞེས་བྱ་བ་ལ་སོགས་པས་སོ། །གནོད་མཛེས་ཀྱི་གསང་སྔགས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཞི་བའི་སྔགས་སོ། །བཟླས་ཏེ་ཞེས་བྱ་བ་ན་འཁྲུལ་འཁོར་འབྲི་བ་ན་བསྲུང་བའི་ཕྱིར་ལན་བདུན་ལ་སོགས་པར ་རོ། །གཞན་དག་ནི་ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི། ཞེས་བྱ་བས་བསྲུང་བར་འདོད་དོ། །གང་ཡང་རུང་སྟེ་དེ་བཞིན་གཤེགས་པའི་རིགས་ཀྱི་བསྲུང་བ་ལ་འདི་ཉེ་བར་གནས་པས་སོ། །སྦྱོར་བའི་རྒྱུད་ཀྱི་གཙོ་བོ་ཞེས་བྱ་བ་ནི། ཇི་ལྟར་རྒྱུད་འདི་ནས་ཚར་གཙང ་བའི་སྦྱོར་བ་བསྟན་པ་ལྟར་སྦྱོར་བ་རྒྱུད་གཞན་ལས་དེ་ལྟར་ལྷུར་མ་མཛད་པས་ནའོ། །ལྷའི་རྣལ་འབྱོར་ཇི་ལྟ་བ་དང་ལྡན་པའི་རྣལ་འབྱོར་པས་ཞེས་བྱ་བ་ནི། ལྷའི་གཟུགས་ཚུལ་བཞིན་ཡིད་ལ་བྱེད་པས་ཐོབ་པར་བྱའི། །གལ་ཏེ་རྣམ་པར་གཡངས་ན ་སྦྱོར་བ་མི་འགྲུབ་སྟེ། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །དུས་ནི་དང་པོར་བྱས་འགྱུར་ཀྱང། གཞན་སེམས་པ་དང་གཞན་པས་ནི། དེ་དག་ཐམས་ཅད་དོན་མེད་འགྱུར། །ཞེས་གསུངས་པས་སོ། །འཁོར་ལོ་རེའུ་ཆ་བཅུ་དྲུག་པ་ཞེས་བྱ་བ་ནི། རིམ ་གསུམ་ལས་རིམ་པ་ཕྱི་རོལ་མའོ། །དེ་བཞིན་དུ་བར་མ་ནི་བཅུ་གཉིས་པའོ། །ནད་མ་ནི་དགུ་པ་སྟེ། དེ་ལྟར་ནི། མཁས་པས་ཆོ་ག་བཞིན་བྲི་བ། བརྒྱད་དང་བཅུ་གཉིས་བཅུ་དྲུག་ཏུ་ཞེས་གསུངས་པ་སྟེ། བརྒྱད་ཅེས་བྱ་བ་ནི་རེའུ་མིག་དབུས་མ་དོར ་བའོ། །མེ་གཉིས་ཀྱིས་དབུས་སུ་བསྒྲུབ་བྱའི་མང?་སྨོས་ཤིང་ཞེས་བྱ་བ་ལ། ལེ་ནི་ཡི་གེ་ཕཊ་ཡིན་ཏེ། མེ་དང་འདྲ་བའི་ཕྱིར་ནི་སྲེག་པ་མཐར་ནི་གཞན་ཞེས་གཞན་ལས་བསྟན་ཏོ། །ཇི་ལྟར་སྨོས་ཤེ་ན་ཕཊ་ཨ་མུ་ཀཾ་མཱ་ཡ་ཕཊ་ཅེས་སོ།། ་རྒྱུད་གཞན་ལས་ཊ་དང་ཕའི་བར་དུ་མིང་བཅུག་ཏེ་ཞེས་གསུངས་པ་ཉིད་འདིར་མི་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་སྨོས་པའོ་ཞེས་གཞན་ཁ་ཅིག་འདོད་དོ། །ཡི་གེ་བཅུ་པས་དེ་བསྐོར་ལ་ཞེས་བྱ་བ་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་བ་ལ་སོགས་པ་ཡང་རེའུ་མིག་བཅུ་དྲུག་པའི་རིམ་པ་དེ་ལ་དགོད་པའོ། །འདི་སྐད་བསྟན་ཏེ། ལྷོ་ནས་བརྩམས་པའི་རེའུ་མིག་བརྒྱད་བུར་དུ་དོར་བ་ལ། ཨོཾ་ཧྲཱི(རྒྱུད་འགྲེལ་ཞེས་པ་དང། ཕཊ་ཅེས་པ་བྲིས་ཏེ། བར་བར་དུ་དོར་བ་བརྒྱད་ལ་སྔ་མ་རྣམས་བྲིའོ། །དེ་ནས་བར་མའི་རེའུ་མིག་བཅུ་གཉིས་དང། དབུས་ཀྱི་རེའུ་མིག་ལྔ་ལ་ཡི་གེ་བཅུ་བདུན་བྲིས་ཏེ། དབུས་སུ་ཡི་གེ་ཡའོ། །ལྷོར་ནི་མའི་ཡི་གེའོ། །ནུབ་ཏུ་ཡི་གེ ་ནེའོ། །བྱང་དུ་ནི་ཡི་གེ་ངའོ། །ཤར་དུ་ནི་ཡི་གེ་ཀྵེའོ། །མ་དང་འབྲེལ་པའི་རེའུ་མིག་བར་མ་ནས་བསམས་ཏེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡཙྪ་ནི་ཞེས་བྱ་བ་རྣམས་བྲིའོ། །དེ་ལྟར་དབུས་སུ་རེའུ་མིག་ཆ་བཞི་མཚམས་སུ་གནས་པ་དེ་དག་ལ་ཅི་ཞིག་བྲི ་བར་བྱ་ཞེ་ན། དེའི་ཕྱིར་ཡི་གེ་ཧཱུཾ་བརྒྱད་བྲིའོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་མཚམས་རེ་རེར། ཧཱུཾ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཞེས་བྲིས་པས་ནི་ཧཱུཾ་བརྒྱད་དུ་འགྱུར་དེ་ཇི་སྐད་དུ། བསྒྲུབ་པར་བྱ་བའི་མིང་གཟུང་སྟེ། ཧཱུཾ་གཉིས་དང་ནི་སྤེལ་ནས་སུ། ཕྱོགས ་བྲལ་སྟོང་པར་གཟུང་བྱས་ཏེ། དགོས་པ་ཐམས་ཅད་འགྲུབ་པར་བྱེད། ཅེས་གསུངས་པ་ལྟ་བུའོ། །ལྷག་མ་ཕྱི་རོལ་དབྱངས་དང་གསལ་བྱེད་བསྐོར་བ་དང། གཤིན་རྗེའི་ལྟོ་བར་གཞག་པ་ལ་སོགས་པ་ནི། འདི་ཉིད་ཆ་མཐུན་པའི་རྒྱུད་ལས་ཤེས་པར ་བྱའོ། །ཞེས་སྔར་སྨོས་སོ། །ཚ་བའི་མར་ཁུ་ཞེས་བྱ་བ་ནི། སྐེ་ཆེའི་མར་ཁུ་འམ་ཡུངས་མར་རོ། །ཐོད་པ་གཉིས་ཞེས་བྱ་བ་ནི་དུམ་བུ་བཞི་པ་སྟེ། གསུམ་པ་ཡང་མང་ངོ། །བསྲོས་ལ་ཞེས་བྱ་བ་ནི་པུ་ཏ་ལིང་གའི་སྙིང་གའི་འཁྲུལ་འཁོར་བྲོས་པ ་ཙམ་དུ་སྟེ། འདིས་དགྲ་བོ་ཚ་བའི་རིམས་ཀྱིས་བཏབ་ནས་འཆི་བར་འགྱུར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཡི་གེ་བཅུ་པའི་གསང་སྔགས་བཟླས་ན་ཞེས་བྱ་བ་ནི། ཡི་གེ་སུམ་ཅུ་རྩ་གཉིས་ཟློས་པ་དགས་པའི ་ཕྱིར་སྨོས་པ་སྟེ། དེ་ནི་བསྙེན་པ་བྱས་ལ་འཁྲུལ་འཁོར་འབྲི་བའི་ཚེ་བཟླས་པར་བྱའི་གཞན་དུ་མ་ཡིན་པས་སོ། །དུར་ཁྲོད་ཀྱི་མེ་ལ་བསྲོས་ན་ཞེས་བྱ་བ་ནི་སྤྲོ་བ་ཙམ་སྟེ། ཨ་མུ་ཀ་བཛྲ་ར་བུད་པ་ད་ཡ་ཞེས་བསྐུལ་བ་སྨོས་ཏེ་བཟླས་སོ། །ཡི་གེ་སུམ་ཅུ་རྩ་གཉིས་པའི ་སྔགས་སྨོས་ཤིག་ཞེས་བྱ་བ་ནི་སྔར་འཁྲུལ་འཁོར་ལ་རྩ་བའི་སྔགས་བཀོད་པ་མ་གསུངས་པས་དེ་བསྟན་པའོ། །ཡི་གེ་བཅུ་པའི་གསང་སྔགས་དང་ཡང་བསྒྲུབ་བྱའི་མིང་ལྷན་ཅིག་སྨོས་ཏེ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྟན་པའི་བསྐུལ་བ་སྨོས་པས་མཆོག་པར ་རྟོག་པ་ལས་དགག་སྟེ། ཧཱུཾ་དང་ཕཊ་ཀྱི་དབུས་སུ་ཡང་དེ་བྲིའོ། །དེ་བས་ན་སྔར་བསྟན་པ་ལས་ཁྱད་པར་ཅུང་ཟད་ནི་དེ་ཡིན་ནོ། །སྦས་ན་ཞེས་བྱ་བ་ནི་དོང་ཁྲུ་བཞི་པའི་གཏིང་དུའོ། །གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དོ། །གནས་ལྔར་ཞེས་བྱ་བ་ནི། རྡོ་རྗེ ་ཡི་ནི་ཕུར་བུ་ཡིས། གཟུགས་བརྙན་གྱི་ནི་གནས་ལྔ་པོ། །དཔྲལ་བ་མགྲིན་པ་སྙིང་ཀ་དང། །དེ་བཞིན་དཔུང་བ་གཉིས་སུ་གདབ། །ཅེས་གསུངས་པའོ། །གཤིན་རྗེའི་གཟུགས་ཞེས་བྱ་བ་ནི་ཚར་གཅད་པ་ཐམས་ཅད་ལའོ། །ཁྱིམ་དུ་ཡང་ནི་འོངས་ནས ་ཤེས་བྱ་བ་ལ་སོགས་པས་ནི་ལེགས་པར་མ་བྱས་པའི་རྣལ་འབྱོར་པ་ཡིས་སོ། །ཚུ་ཚུན་ད་རིའི་པགས་པ་ཞེས་བྱ་བ་ནི་གསོབ་བཤུས་པའོ། །ཡི་གེ་བཅུ་པའི་གསང་སྔགས་ཞེས་པ་ནི་འཁྲུལ་འཁོར་ཉེ་བར་མཚོན་པའོ། །ས་བླངས་པས་དགང་ཞིང ་ཞེས་བྱ་བ་ནི་པུ་ཏ་ལིང་ག་དང། སས་དགང་བའོ། །དེའི་སྐྲས་བཅིང་ངོ་ཞེས་བྱ་བ་ནི། པགས་པ་གྲུལ་བ་དང། ཡན་ལག་དང་རོ་སྨད་ཀྱི་ཆའོ། །དེ་ནས་པོད་བུའི་ཆུ་ངན་དང། དྲི་ཆེན་དུ་སྦྱར་ཏེ་ཞེས་བྱ་བ་ནི། །ཇི་ལྟར་རྗེས་སུ་གཟུང་བའི་འཁྲུལ་འཁོར་ལ་ཆག ་དང་སྦྲང་རྩི་ལྟ་བུ་སྟེ། ཚར་གཅད་པའི་རི་ལུའོ། ཁམ་ཕོར་དུ་བཞག་ལ་ཞེས་བྱ་བ་ནི་ཐོད་པ་གཉིས་ཀ་ལ་དེས་གླན་ཏེ། པུ་ཏ་ལིང་ག་མི་འགྱུར་བར་དགང་ངོ། །དེར་སྦྱོར་བ་དེ་གཞག་ནས་ཤེས་བྱ་བ་ནི་པགས་པ་དེའོ། །དེ་གཉིས་ཀྱི ་སྙིང་གར་གསང་སྔགས་བཅུག་ནས་ཤེས་བྱ་བ་ནི་འཁྲུལ་འཁོར་ཅན་གྱི་པུ་ཏ་ལིང་ག་གཅིག་གི་སྟེང་དུ་གཅིག་གཞག་ནས་ཤེས་བྱ་བ་ནི་གང་ཡང་རུང། །བའི་སྟེང་དུ་གཞག་གོ། ཡང་ན་འཐབ་པ་ལྟར་གཅིག་གི་སྟེང་དུ་གཅིག ་འགྲོ་བར་སྤྲོ་བར་བྱའོ། །གཞན་གཤིན་རྗེའི་སྐྱེས་བུ། ཞེས་བྱ་བ་ནི་ཡི་གེ་ཡ་ལས་འབྱུང་ངོ། །སྦྱོར་བ་གཞན་ཡང་ཞེས་བྱ་བ་ནི་འཁྲུལ་འཁོར་ལས་གཞན་པའི་སྦྱོར་བ་སྟེ། ཞར་ལ་བསྟན་པ་ཙམ་ཡིན་གྱི་འདི་གཙོར་མ་གྱུར་བས་སོ། །གྲོ་གའི ་ཤུན་བ་ལ། ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་འཁོར་གྱི་སྦྱོར་བ་སྟེ། ཁ་ཅིག་ནི་འདི་ཡང་སྦྱོར་བ་གཞན་དུ་རྟོག་གོ། འདིར་སྦྱོར་བ་གཞན་ནི། ཞེས་པའི་སྒྲས་ནི་འཁྲུལ་འཁོར་མི་འགེགས་ཀྱི་དོན་ལས་སོ། །གཞན་དག་ནི་འདིར་འཁྲུལ་འཁོར ་དང་བྲལ་བའི་སྦྱོར་བ་དག་ལས། ཡང་རྗེས་ལ་འཁྲུལ་འཁོར་མནན་ལ། དེ་གྲོགས་སུ་དེ་དག་གི་སྦྱོར་གྱི། གཞན་དུ་ན་སྐབས་མ་ཡིན་པར་ག་ལ་འབྱུང་ཞེས་འདོད་དོ། །རྒྱལ་མཚན་གྱི་རས་ལ། ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་འདི་ནི་སྨྱོ་བར ་འགྱུར་བའི་བསྐྲད་པའི་སྦྱོར་བའོ། །མེ་ཏོག་དམར་པོས་མཆོད་ཅིང། །ཞེས་བྱ་བ་འདི་དཔལ་རྡོ་རྗེ་འཇིགས་བྱེད་ཉིད་ལ་སྟེ། མེ་ཏོག་ནི་ཉེ་བར་མཚོན་པ་ཡིན་པས་མཆོད་པ་ཁ་དོག་དམར་པོ་ཡོན་ཆབ་དང་བཅས་པ་དབུལ་ལོ། །ཁ་ཅིག་ནི་འཁྲུལ ་འཁོར་མཆོད་པར་འདོད་དོ་དེ་ནི་མི་འཐད་དེ། དེས་དོན་དུ་མི་འགྱུར་རོ། །གསང་སྔགས་ཉིད་ལ་མཆོད་པས་དོན་དུ་འགྱུར་བའོ་ཞེ་ན། ཀྱེ་མ་རྒྱལ་པོ་བཞུགས་བཞིན་དུ་སྣ་ཆེན་པོ་ལ་གཏོགས་པ་མཆོད་པ་ལྟ་ག་ལ་རིགས་དེ་ནི་མི་བརྗོད་དོ། །སེང ་ལྡེང་གི་མེ་ལ་བསྲོས་ན། །ཞེས་བྱ་བ་ནི་གལ་ཏེ་ཞག་བདུན་གྱིས་མ་བྱུང་ན། །པུ་ཏ་ལིང་ག་ཐོད་པ་ནས་བྱུང་སྟེ་བསྲོའི་དང་པོ་ན་ནི་མ་ཡིན་ནོ། །ཞག་བདུན་གྱིས་འཆི་བར་འགྱུར་རོ། །ཞེས་བྱ་བ་ནི་ཞག་བདུན་དུ་རྫས་སྨྱོ་བ་བཞིན་ནའོ། །གཞན་ཁ་ཅིག་ནི། ་གལ་ཏེ་སླར་མ་བཀྲོལ་ནའོ་ཞེས་འདོད་དེ། འདི་ནི་ཐང་ཁྲོམ་དང་སྦྱར་བའི་མུ་ཟིས་དྲིལ་ལོ། །སྦྱིན་སྲེག་བྱས་ན། ཞེས་བྱ་བ་ནི་རླུང་གི་མེའི་དབུས་སུ་བཞུགས་པའི་བཅོམ་ལྡན་འདས་ལའོ། །བྱ་རོག་དང་འུག་པའི་རུས་པ་ཞེས་བྱ་བ་ནི་བརླ་འམ་རྗེ་དར་གྱིས ་རྐང་ངོ། །སྦལ་བའི། ཞེས་བྱ་བ་ནི་སྤྲ་ཚིལ་ལ་རྩོ་བྱས་པའོ། །བུ་མོ་རྨོངས་པར་བྱ་བ་ནི། མྱོས་པར་འགྱུར་བས་ཅི་དགར་ལོངས་སྤྱད་པར་བྱ་བའི་ཕྱིར་རོ། །སྨྲ་བར་མི་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་བྱིས་པའི་རང་བཞིན་ཅན་དེ་དག་གིས་ཤེས་ནས ་ཐུབ་པ་ཆེན་པོའི་དགོངས་པ་ཅི་ཡིན་པ་མི་ཤེས་པར་སྡང་བ་ལས་དེ་དག་བྱེད་པར་འགྱུར་བས་དེ་དམྱལ་བར་ལྟུང་སྟེ། ཞུ་བའི་རྟིང་ལ་ཟ་བ་ནི། མར་གྱི་ཉིང་ཁུ་སྦྲང་རྩི་དང། ཁ་ར་རྣམས་ནི་བདུད་རྩི་བཞིན། མ་ཞུ་ཟས་ནི་དུག་འགྱུར་རོ། །དེ་བཞིན ་རབ་རྒྱས་བདུད་རྩིའི་ཆོས། །དགོངས་པའི་ཚིག་ལ་མི་མཁས་ཤིང། །བྱས་པའི་བློ་དང་ལྡན་རྣམས་ལ། །མི་བཟད་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་སོ། །འོ་ན་འདི་ལས་དགོངས་པ་གང་ཞེ་ན། དེའི་ཕྱིར། དཀོན་མཆོག་གསུམ་ལ་བརྙེས་བྱེད་དང། ཞེས ་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ལེའུ་གཉིས་པའི་བཤད་པའོ།། །།གཙང་མའི་གནས། །ཞེས་བྱ་བ་ནི་དཔེན་པ་སྟེ། ཙས་ཀྱང་དབེན་པ་ནི་ངེས་པར་ཆེས་གཙང་བས་སོ། །གསང་སྔགས་བཏུ་བ། ཞེས་བྱ་བ་ནི་ས ་?་ལ་སྦྱར?་ཚུལ་བྱས་ལ། བད་ཏི་ཀྵ་རས་དང་པོར་བཞིའི་ཡི་གེ་གོ་གཉིས་པར་བྲིས་ལ་དག་པ་ན་དབྱངས་རྣམས་སྦྱིན་ཞིང། དེ་ནས་དག་པ་ན་བྲི་བ་འམ་བཟླས་པ་བྱའོ། །འབུམ་ཕྲག་གཅིག་ཅེས་བྱ་བ་ནི་ཤིན་ཏུ་མཉམ་པར་བཞུག་པས་སོ། །ལས་ཀྱི ་སྔགས་ཞེས་བྱ་བས་ནི་ལས་རབ་འབྱམ་ལ་རབ་ཏུ་བསྔགས་པའི་ཕྱིར་དང། འཁྲུལ་འཁོར་ཡང་འདིས་རྫོགས་པར་བྱེད་པས་སོ། །འབུམ་ཕྲག་གསུམ་ཞེས་བྱ་བ་ནི་སྔགས་པ་བར་མའི་ཕྱིར་བསྟན་པའོ། །སྙིང་པོའི་གསང ་སྔགས། ཞེས་བྱ་བ་ནི་ཕལ་ཆེར་བསྒོམ་པ་ལ་དགའ་བའི་རྣལ་འབྱོར་པ་ལ་བསྟན་པ་ཡིན་པས་ན། །འདི་ནི་ཟློས་པ་པོས་ནི་ངེས་པར་སྙིང་གར་བསྒོམ་པར་བྱ་བས་ན་སྙིང་པོ་ཞེས་བྱ་སྟེ། གསང་སྔགས་རྣམས་ནི་བཟླས་པས་ཀྱང་བྱ་བ་དེ་བྱེད་སྲིད་ཀྱི། ་སྙིང་པོ་རྣམས་ནི་ངེས་པར་བསྒོམས་པས་དོན་དེ་རྫོགས་པར་བྱ་བ་ཡིན་ཏེ། དེས་ན་སྙིང་པོ་ཤེས་པར་ཏིང་ངེ་འཛིན། གང་དུ་མཚུངས་པར་ལྡན་པའི་སེམས། ཞེས་བཤད་དོ། །ཡི་གེ་འབུམ་ཞེས་བྱ་ལྔ་ཡི་གེ་ནི་སྙིང་པོའི་ཡི་གེའོ། །འབུམ་ཞེས་བྱ་བ་ནི་ལེ ་ལོ་ཅན་རྣམས་གཞུག་པའི་ཕྱིར་རོ། །ཡང་ན་ཡི་གེ་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འབུམ་ཕྲག་སྟེ། མཁས་པས་གསང་སྔགས་ཡི་གེ་ནི། །བཅོས་ལྔ་མན་ཆད་གྲངས་རྣམས་ལ། །ཡི་གེའི་སྡོམ་ནི་ཇི་སྙེད་བ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཞེས ་གསུངས་པས་སོ། །གཞན་ཁ་ཅིག་ནི་འདི་ནི་བསྒོམ་པ་བྱང་བར་བྱས་པས། སྒྲ་ཇི་བཞིན་པའི་བཟླས་པར་འདོད་དོ། །ལས་དེ་དང་དེ་དག་ཅེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་སྔགས་ཀྱི་གོར་སྦྱར་དུ་རུང་བར་སྟོན་པའོ། །འོན་ཀྱང་འཁྲུལ་འཁོར་ནི་མ ་ཡིན་ནོ། །ལེགས་པར་མཉམ་པར་བཞག་པ་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་རལ་གྲི་འཛིན་པའི་མི་དག་གིས། ལེགས་པར་མ་བཟུང་ལག་པ་འཆད་པར་འགྱུར། །དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་དམ་ཡང་ན ་མ་རུངས་འགྱུར། །ཞེས་གསུངས་པའི་གནས་སྐབས་སྤང་བའི་ཕྱིར། ཡི་གེ་བཏུ་བརྩོམ་ན། དེའི་ཚེ་སེམས་གཞན་དུ་བྱེད་པ་ནི། རབ་ཏུ་སྨད་དེ། ཁྲུས་བྱེད་པ་དེ་ཡང་བཤད་གཅི་བྱེད་པ་བཞིན་དུ་དེ་དགག་པའི་ཕྱིར་རོ། །ལེའུ་གསུམ་པའི་བཤད་པའོ།། ། ་ཆོས་ཀུན་བདག་མེད་སྔོན་བྱས་ནས། །ཞེས་བྱ་བ་དང། ལྷའི་དམིགས་པ་བྱ་བའོ། །ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་དག་ནི་དང་པོར་རེ་ཞིག་སྭཱ་བྷཱ་བ་ཤུདྷ(རྒྱུད་འགྲེལ་བསྟན་ཏོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དོ། །དེ་དག་བདག་མེད་པའི་བདག་ཉིད་དུ་བྱས་ནས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པས་དཔེན་པ་རང་བཞིན་གྱིས་འོད་གསལ་བར་འགྱུར་བའོ། །དེའི་འོག་ཏུ་དེ་ཉིད ་ནམ་མཁའ་ཨི་དཀྱིལ་དུ་ཡི་གེ་ཡི་སྔོན་པོ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་དུ་བསམས་ཏེ། འདི་ནི་ཁྲོ་བོ་ཆེན་པོའི་གདན་ཏེ། རྒྱུད་འདི་ནི་མངོན་སྤྱོད་གཙོ་བོར་བྱས་པ་ཡིན་པས་ན། གདུག་པ་རྣམས་རབ་ཏུ་འཐོར་བྱེད་པ་ཡིན་ཏེ། ཕོ་ཉ་ལ ་སོགས་བྲན་རྣམས་དང། །ཁྲོ་བོའི་མིང་དུ་གང་འདོགས་པ། །ཀུན་ཏུ་ཐོགས་མེད་སྤྱོད་པ་རྣམས། །ཀུན་གྱི་དཀྱིལ་འཁོར་མེ་དང་རླུང། །ཞེས་གསུངས་པས་སོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི། །འཕགས་པ་འཇམ་པའི་དབྱངས་ཀྱི་གདན་ཏེ། དེ་ནི ་ཡོངས་སུ་བསྒྱུར་བར་བྱ་བ་ཡིན་ན། སྔ་མ་ནི་བརྟན་པར་གནས་པོ་ཡིན་ནོ། །དེའི་སྟེང་དུ་ཡི་གེ་དྷཱི(རྒྱུད་འགྲེལ་པར་གཟིགས་ཏེ། ཐུགས་ཀར་ཉི་མ་གནས་པར་བྱ་སྟེ། དེའི་འོད་ཟེར་གྱིས་སྡང་བ་རྣམས་བསྡིགས་ཏེ། འོན་ཀྱང་རབ་ཏུ་སྡང་བ་དག་མི་འདུལ་པར་གཟིགས་ནས་ཡང་དག་ཉིད་དང་ཉི་མར་བཅས་པ། རྡོ་རྗེ་འབར་བར་བྱིན་གྱིས་བརླབས་ཤིང་དེའི་སྤྲུལ་པ་རྣམས ་འདུལ་བ་དེ་དག་གི་སྤྱི་བོའི་སྟེང་དུ་གནས་ཏེ་བསྡིགས་པ་ན་ཡང་ཤིན་ཏུ་སྡང་བ་རྣམས་འདུལ་བ་མ་ཡིན་ནོ། །དེ་ནས་ནི་ཡང་འཇིགས་བྱེད་ཆེན་པོའི་སྐུ་འཛིན་པར་གྱུར་པས། དེ་དག་ཚར་བཅད་དེ། དེ་དག་རྣལ་འབྱོར་པ་དེས་ཀྱང་རྗེས་སུ་སྤྱོད་པ་ཙམ ་ཡིན་པས་ན། བསྡུ་བའི་ལྷ་རྣམས་ཀྱང་འདུལ་བ་གཉིས་ཀྱང་ཡིན་ལག་ཤིན་ཏུ་རབ་སྡང་བདེ་རྣམས་ནི། ཚངས་པ་དང། བརྒྱ་བྱིན་དང། དབང་ཕྱུག་དང། གཞོན་ནུ་རྣམས་གསོལ་བར་མཛད་པ་ཞེས་འཆད་པར་འགྱུར་བའོ། །ཞལ ་འགུག་པ་ཞེས་བྱ་བ་ནི། དབུས་དང་དེ་འབྲེལ་བ་ནས་བརྩམ་པའི་གཡས་པ་གསུམ་དང་དེ་བཞིན་དུ་གཡོན་པ་གསུམ་དང། སྟེང་དང་དེའི་སྟེང་རྣམས་རིམ་པ་བཞིན་དུ་སངས་རྒྱས་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །འཇིག་རྟེན ་གསུམ་ཞེས་བྱ་བ་ནི་དེའི་བདག་པོ་སྟེ། རྒྱལ་བར་བྱེད་པ་དང། སྦྲང་རྩིར་བྱེད་པ་དང། དོན་ཀུན་འགྲུབ་པའོ། །ཞབས་བཅུ་དྲུག་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །དེ་ཉིད་ཀྱི་ཕྱིར་མི་རོ་ལ་སོགས་པ་བཅུ་དྲུག་ནི་ཕྱི་རོལ་དང་ནང་ལ་སོགས ་བའི་དངོས་པོར་འཛིན་པ་བཅུ་དྲུག་གི་མཚན་མར་མཛད་པ་ཡིན་པ་ཡིན་ལ། དེ་དག་སྟོང་པ་ཉིད་བཅུ་དྲུག་གིས་བཅོམ་པ་ཡིན་པའི་ཕྱིར་ཞབས་བཅུ་དྲུག་པ་རྫིས་པའོ། །གཅེར་བུའི་སྐུ་ལ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་སྤངས་པ་དང། ངོ་ཚ་ཤེས་པ་དང། ་ཁྲེལ་ཡོད་པའི་ཕྱིར་གོས་ཡིན་གྱི། རས་ལ་སོགས་པས་བཀབ་པ་ནི་བྱིས་པའི་གོས་ཡིན་པར་བསྟན་པའི་ཕྱིར་ཏེ། བྱིས་པ་གོས་རྣམས་གྱོན་ཡང་རྟག་པར་གཅེར། མཁས་པ་གཅེར་བུ་འདུག་ཀྱང་གོས་དང་བཅས། །ཞེས་བཤད་པས་སོ། །མཚན ་འགྲེང་ཞེས་བྱ་བ་ནི། འདི་ལྟར་ཆེན་པོ་དང་འདྲ་བར་བསྟན་པས་དེ་འདུལ་བའི་ཕྱིར་ཏེ་།དེ་ནི་ལྷག་པར་ཆགས་པ་ཅན་ཡིན་པས་ན། །ལོ་གསུམ་དུ་དཀའ་ཐུབ་བཟློག་མ་དང་གཉིས་ཀྱིས་གཉིས་སུ་བདེ་བས་བདེ་བ་མ་ཚིམ་ཞིང་རྟག་ཏུ་མཚན་མ་ལས་སུ ་རུང་བའི་ཞེས་གྲག་གོ་།དེ་བས་ན་ཆགས་དང་ལྟ་པ་ཞེ་སྡང་བའོ། །ལྷ་ཆེན་ཚངས་པ་ཁྱབ་འཇུག་འདུལ་ཞེས་བཤད་དོ། །ཟུར་ཕུང་ལྔ་པ་ཞེས་བྱ་བ་ནི་ཡེ་ཤེས་ལྔ་དང་བཅས་པར་སྟོན་པའོ། །ཞལ་ཐམས་ཅད་ཀྱང་སྤྱན་གསུམ་དང་ལྡན་པའོ། །ཞེས་བྱ ་བ་ནི་སེམས་ཅན་གྱི་ཕྱིར་སྣང་བ་སྟོན་པའི་སྒོ་ཇི་སྙེད་པ་ལས་ཡང་རྣམ་པར་ཐར་པ་གསུམ་གསུམ་ལས་བྱུང་བའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་ཨ་དམར་པོ་ལས་བྱུང་བའོ། །དེ་ལ་རང་གི་གསང་སྔགས་དམིགས་ལ་ཞེས་བྱ་བ་ནི ་དབུས་སུ་ཡཾ་སྔོན་པོ་འམ་ཧཱུཾ་སྔོན་པོའི་ཡི་གེ་སྟེ། ཐ་མར་སྔགས་གསུམ་གྱི་ཕྲེང་བ་གཡས་སྐོར་དུ་བསྒོམ་མོ། །གཡེངས་པ་མེད་པའི་ཡིད་ཀྱི་ཞེས་བྱ་བ་ནི་ཐ་ན་སྟོང་པ་ཉིད་ཀྱང་མི་བསམ་སྟེ། །རིག་སྔགས་ལྟ་ནི་མ་གཏོགས་པར། །བསྒོམ་པ་མཆོག་ཏུ ་གྱུར་བ་ཡང། །ཟློས་པས་བཟླས་བརྗོད་བྱེད་པའི་ཚེ། །ཀུན་རྟོག་བཟུང་ནས་མིང་བསམ་མོ་ཞེས་གསུངས་སོ། །བཟླས་བརྗོད་བྱའོ་ཞེས་བྱ་བ་ནི། །སྔོན་བཞིན་སྤྲོ་བསྡུ་བྱ་སྟེ་སྐྱོ་ནའོ། །འཐབ་མོའི་གནས་ཞེས་བྱ་བ་ནི་སྔོན་བཞིན་ནོ། །འདིར་ནི་བསྙེན་པའི ་གནས་སོ། །ངེས་པ་ཁོ་ན་མ་ཡིན་པས་ན། །དུར་ཁྲོད་ལ་སོགས་པ་ཞེས་སྨོས་ཏེ། སྔར་བསྟན་པ་རྣམས་ལས་ཡིད་གང་དགའ་བར་གནས་སོ། །དམ་ཚིག་གི་རྫས་ཤེས་བྱ་བ་ནི། ཤ་ཆེན་པོ་དང་རྡོ་རྗེ་ཆུ་ལ་སོགས་པ་སྟེ། འདི་ནི་རེ་ཤིག་སེམས ་སྦྱངས་པས་བྱའོ། །ལེའུ་བཞི་པའི་བཤད་པའོ། །འཁོར་ལོ་བྲི་བར་བྱའོ་ཞེས་བྱ་བ་ནི། འདི་ནི་མི་མ་ཡིན་པའི་ཚོགས་ཀྱིས་བསྐོར་བ་འམ། དཀྱིལ་འཁོར་གྱི་ཚུལ་ལས་ཕྱག་རྒྱ་མི་བྲི་བར་རྡོ་རྗེར་བ་ལ་སྒོ་གདོང་བའོ། །ལྷག་པའི་ཡོན་ནི་ཞེས་བྱ་བ་ནི། ་འབྲི་མཁན་གྱི་ཚད་ལས་རྒལ་བའོ། །སྲིན་པོ་ཞེས་བྱ་བ་ལ་སོགས་པ་ནི། བདུར་ཁྲོད་ཀྱི་དེ་ཁོ་ན་ཤེས་པར་འགྱུར་རོ། །སྒྲུབ་པོ་ཞེས་བྱ་བ་ནི། ཇི་ལྟར་བསྟན་པ་ལས་ཤ་ཚུགས་ལ་སོགས་པ་རབ་ཏུ་འདྲ་བར་བྲིའོ། །ཤ་ཆེན་པོའི་བདུག་སྤོས་ཕུལ་ཏེ ་ཞེས་བྱ་བ་ནི། དང་པོར་སྤྱན་ཕྱེ་ལའོ། །གཞན་ལ་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། གླེགས་བམ་དང་ནི་བྲིས་སྐུ་དང། །རྨོངས་པ་དག་ནི་བསྟན་བྱས་ནས། ཚེ་འདིར་དངོས་གྲུབ་མི་འབྱུང་སྟེ། །ཚེ་རབས་གཞན་དཱུང་དངོས་གྲུབ་མེད་ཅེས་གསུངས ་པས་སོ། །རྟག་ཏུ་ནུབ་མོ་ཟ་བར་བྱའོ་ཞེས་བྱ་བ་ནི། གཅིག་ཏུ་འང་གསང་བར་བྱ་བའི་ཕྱིར་མཚན་མོ་མི་ཉལ་ཙམ་ན་དམ་ཚིག་རྫས་དག་??་དུབ་པ་བསལ་པ་ལ་སོགས་པའི་ཕྱིར་བཟའ་ཨོ། །ཉིན་པར་མིའི་ཤ་ལ་སོགས ་པ་བཟའ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འགྲོ་བ་སྐུར་པ་སྨྲ་བའི་མཛའ་ལ་ཐུག་པར་འགྱུར་ཞིང་བདག་ཉིད་ཀྱང་ཅེ་སྤྱང་གི་ངར་འབྱུང་པོའི་ཁོངས་སུ་འཇུག་པའི་ཕྱིར་རོ། །གང་ཞིག་དངོས་གྲུབ་མཆོག་འདོད་པ་ཞེས་བྱ་བ་ནི། ངན་པའི ་སྤྱོད་པ་འདི་དག་ནི་སེམས་དག་པས་བྱའི་གཞན་དུ་མ་ཡིན་ལ། དངོས་གྲུབ་ཆེན་པོ་རྣམས་ནི་སེམས་དག་པས་ཐོབ་ཀྱི། མི་གཙང་བ་ལོངས་སྤྱོད་པས་ནི་མ་ཡིན་ཏེ། ཕག་ལ་སོགས་པ་བཞིན་ནོ། །སེམས་དག་པ་ནི་འབྲས་སཱ་ལུའི་ཆན་དང། མིའི ་ཤ་དང། བཤད་བའི་དྲི་དང། ག་པུར་གྱི་དྲི་དག་ལ་འདོད་པའི་ཡོན་ཏན་དུ་མཉམ་པར་འགྱུར་ཏེ། དེ་བས་ན་གང་དག་དགའ་བ་དེ་ལ་དབུལ་ཏེ། འདི་ལྟར་ཆང་དང་དེ་བཞིན་དྲི། །ཇི་ལྟར་བཟའ་བ་དེ་བཞིན་བཤད། །ཇི་ལྟར་དྲི་བཟང་ག་པུར་དག ་དེ་བཞིན་བཤད་པ་ལས་བྱུང་དྲི། །ཞེས་གསུངས་པ་ལྟ་བུའོ། །ལེའུ་ལྔ་པའི་བཤད་པའོ།། །།སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ནི། རབ་ཏུ་བསྡུས་ལ་བཤད་པར་བྱ། རྒྱས་པར་འདི་དང་ཆ་མཐུན་པའི་རྒྱུད་ལས་ཤེས ་པར་བྱ་ཞིང། གཞན་ཡང། ཞི་བ་དང་ནི་རྒྱས་པ་དག། ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་དྲག་ཤུལ་སྦྱར་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །བྱང་དུ་ཁ་བལྟས་ཞི་ཐལ། དེ་བཞིན་རྒྱས་པ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས ་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསང་བ་ཉིད་ལ་མེ་ཕྱོགས་སུ། །དབྱེ་བ་ལ་ནི་སྲིན་པོའི་ཕྱོགས། །གནས་ནས་བསྒྲང་པ་རླུང་ཕྱོགས་སུ། །མནན་པ་ལ་ནི་དཔང་ལྡན་ཕྱོགས། །ཞི་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོར་བྱ། །དབང་དང་དགུག་པ་དག་ལ་དམར། །གསང་བ ་ཁ་དོག་ནག་པོའོ་།ཞི་ལ་བྱམས་པའི་སེམས་ཀྱིས་བྱ། །རྒྱས་ལ་དགའ་བའི་སེམས་ཀྱི་བྱ། །དབང་དང་དགུག་པ་ཆགས་སེམས་ཀྱིས། །གསང་པ་ལ་ནི་ཁྲོ་སེམས་ཀྱིས། །ཞི་བ་སྲོར་ལ་ཕང་ཆེར་བྱ། །རྒྱས་པ་དེ་བཞིན་སྔ་དྲོ་བྱ། །དབང་དང་མངོན་སྤྱོད ་དག་གི་ལས། །ཉི་མ་གུང་དང་ནམ་ཕྱེད་ན། །ཞེས་གསུངས་པ་སྦྱར་རོ། །འབྲུ་མར་གྱིས་ཞེས་བྱ་བ་ནི། །སྐེ་ཚེ་འམ་ཡུངས་མར་གྱིས་སོ། །བརྫིས་ཏེ་ཞེས་བྱ་བ་ནི། །ཆུ་བོའི་འགྲམ་གཉིས་ཀྱིས་དང། །བསྒྲུབ་བྱའི་རྐང?་རྗེས་ཀྱི་ས་དང་བརྫིས་ཏེ། དགྲའི ་པུ་ཏ་ལིང་ག་བྱས་ཏེ། དེའི་སྙིང་གར་ལས་ཀྱི་སྔགས་བསྐུལ་བ་སྨོས་པ་བྲིས་ཏེ། མཚོན་རྣོན་པོས་གཏུབ་ཅིང་བསྲེག་གོ་།དུར་ཁྲོད་མེ་ལ་ཞེས་བྱ་བ་ནི། །དུར་ཁྲོད་ནས་བྱུང་བའི་མེ་ལའོ། །ཡིད་དུ་མི་འོང་བའི་རླུང་གི་མེ་ཞེས་ནི་མི་བསམ་སྟེ། མངོན ་སྤྱོད་ལ་ནི་དུར་ཁྲོད་ལས་བླངས་པའི་མེ་ཞེས་གསུངས་པ་དེ་ཡང། རྟོག་པ་དེ་མ་འབྲེལ་བའི་ཕྱིར་རོ། །བས་མཛའ་ཞེས་བྱ་བ་ནི་གང་ནས་གྲོང་གི་སྒྲ་ཆེན་པོ་ཡང་མི་ཐོས་པའོ། །སྨེ་ཤ་ཅན་ཞེས་བྱ་བ་ཡང། སྨེ་ཤ་ཅན་ལས་བཙལ་བའི་མེ་སྟེ། དེ་ལྟ ་མ་ཡིན་ན་སྦྱོར་བ་འདི་གཉིས་དང་བཟློག་པའི་ཉེས་པར་ཇི་སྟེ་མི་འགྱུར། བྱ་རོག་ལ་སོགས་པ་ནི་ཟུང་རེ་རེས་འགྲུབ་པས་ན་འམ། ཞེས་བྱ་བ་སྨོས་སོ། །ཁྱིམ་དུ་འདུག་ནས་ཞེས་བྱ་བ་ནི་འདི་ལྟར་ན་ཡང་གྲུབ་ན་དུར་ཁྲོད་ལ་སོགས་པར་ལྟ་ཅི་སྨོས་པའོ། ་རྡོ་རྗེ་འཆང་ཞེས་བྱ་བ་ནི། སྔགས་པ་གང་ཡང་རུང་བ་ལ་དགོངས་པས་གསུངས་པའོ། །རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བ་ནི། ཐབ་ཟླ་བ་ཕྱེད་པ་ལྟ་བུ་འམ། །གྲུ་གསུམ་པའི་དབུས་སུ་དེ་ལྟར་བྲི་བའོ། །གྲུ་བཞི་དཀྱིལ་འཁོར་ཞེས་བྱ་བ་ནི་ཐབ ་ཁུང་སེར་པོ་དབང་ཆེན་གྱི་དཀྱིལ་འཁོར་ལྟ་བུའོ། །ལས་དང་མཐུན་པའི་རྣལ་འབྱོར་ཞེས་དམིགས་ཏེ་ཞེས་བྱ་བ་ནི། སྔར་བརྗོད་པ་དང་མེ་ལྷ་དང་ལྷན་ཅིག་པའི་ལྷ་རྣམས་སོ། །བྱི་ལའི་མུ་ཏྲ་དང་སྦྱར་ལ། ཞེས་བྱ་བ་ནི་རྫས་དེ་དག་རེ་རེ་ནས་བསྲེགས་པ ་བཀང་བའོ། །ལེགས་པར་མཉམ་པར་བཞག་པར་བྱ། ཞེས་བྱ་བ་ནི་སྙིང་རྗེས་རབ་ཏུ་བརླན་པར་བྱའོ། །ཁྲག་གིས་བརྫིས་ཏེ། ཞེས་བྱ་བ་ནི་ཁྲག་སྡིག་མེད་པ་གང་ཡང་རུང་བའི་བརྫིས་ལ་བུ་བོའི་བཟུགས་བརྙན་སྙིང་ཀར ་སྔགས་བསྐུལ་བ་སྨོས་ལ་གཞག་པ་བྱས་ན་དེ་བཅད་ཅིང་བསྲེགས་པའོ། །ཞི་བར་དམིགས་པའི་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་ལྷ་དང་མེའི་ལྷ་དང་རྫས་རྣམས་ཁ་དོག་དཀར་པོར་བསམས་ཏེ། གསང་བ་ཡི་བདག་པོ་དེ་ལྟར། །མེ་ཡི ་གཟུགས་ནི་བྱིན་བརླབས་ཏེ། །བདག་གི་རང་གི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ་།ཞེས་གསུངས་པས་སོ། །མཉམ་པར་བཞག་བའི་ཡིད་ཀྱིས། །ཞེས་བྱ་བ་ནི་རིན་པོ་ཆེ་དང། ནོར་སྣ་ཚོགས་ཀྱི་ཆར་དབབ་པའི་ཏིང་ངེ་འཛིན་པའོ། །སྐེ་ཚེ ་ལས་ཞེས་བྱ་བ་ནི། སྐེ་ཚེ་བཏགས་པ་ལས་སོ། །བྱ་རྒོད་ཆེན་པོའི་ཚད། །ཅེས་བྱ་བ་དེ་ནི་ཅི་བསགས་པའི་ཚད་བྱེ་བྲག་མི་བྱ་བར་རོ། །ནོར་མ་ཡིན་པར་འགྱུར་ཏེ། ཞེས་བྱ་བ་ནི་ཨ་མུ་ཀ་ན་མ་ཏྲ་བྱ་ཨ་ཏྲ?་བྱ་ཀུ་རུ་ཞེས་བསྐུལ་བ་སྨོས་པས་སོ། །བཅོམ ་ལྡན་འདས་ཀྱི་སྤྱན་སྔ་ཉིད་དུ། །ཞེས་བྱ་བ་ནི་དེ་བཞུགས་པའི་གནས་སུ་དེའི་སྤྱན་སྔར་ཏེ། འདི་ནི་གནས་འདིར་བསྟན་པའོ། །ཁྲག་ཅེས་བྱ་བ་ཡང་བ་ལང་ཉིད་ཀྱིའོ། །རྡོ་རྗེ་ཆུ་ནི་རང་གི་མུ་ཏྲའོ། །རྒྱལ་པོའི་ཕོ་བྲང་འཁོར་ཞེས་བྱ་བ་ནི་གཞན་གྱི ་ཚོགས་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ་།བདག་ཉིད་གཅིག་པུ་བྱ་བ་ཡིན། །ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གྲོགས་རྙེད་པར་དཀའ་བའི་ཕྱིར་ཏེ། བྱིས་པས་གྲོགས་སུ་མི་འགྱུར་ཕྱིར། །གཅིག་པུ་སྤྱོད་པ་བྱེད་སླ་བས། །མ་བཏང་མགོན ་པོའི་གླང་པོ་བཞིན། །སེམས་ཁྲལ་བསྒྲུབས་ཏེ་གཅིག་པུ་སྤྱད། །ཅེས་གསུངས་པ་ལྟ་བུའོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི། ལས་ཀྱི་རྣམ་གྲངས་མང་པོ་སྟེ། གཞན་ནི་འདིར་ནི་རབ་ཏུ་བསྡུས་པས། །རྒྱུད་བཞིན་ལ་བལྟོས་པའི་ཕྱིར་རོ། །ལེའུ་དྲུག ་པའི་བཤད་པའོ། །བསྙེན་ཅིང་ཞེས་བྱ་བ་ནི་བསོད་ནམས་ཡེ་ཤེས་སྐྱེས་པས་སོ། །དེ་བས་ན་ངེས་པར་སེམས་ལས་སུ་རུང་བར་སྦྱངས་པ་སྟེ་དེས་སོ། །བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པའི་ནི་ཇི་སྐད་བསྟན་པ་ལས་སྤྱི་ཚུགས་སུ་གནས་པར ་རོ། །དཔག་ཆད་བརྒྱ། ཞེས་བྱ་བ་ནི་བྱིས་པ་ལྟ་བུའི་སྒྲུབ་པ་པོ་དེ་རྣམས་རིང་བར་གནས་པ་ལ་རེ་བ་ཆད་པས་བསྒྲུབ་པར་དཀའ་མོད་ཀྱི་ཞེས་པའོ། །སྙིང་གར་ཞེས་བྱ་བ་ནི་མཆོད་སྡོད་ལ་འཇོག་པའི་སྐྱེས་བུའི་ཕྱིར་བལྟ་བ་ལྟར་ལག་པ་གཡས་བདག་མོ་ཆེན ་ཆའི་མཆོག་འཛིན་པར་རོ། ། ལས་སྒྲུབ་པའི་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བྱུ་རུའི་མདོག་འདྲ་བར་རོ། །ས་གསུམ། ཞེས་བྱ་བ་ནི་ས་འོག་དང་མ་ཡུལ་དང་ས་བླའོ། །དེས་ཀླུ་ལྷག་མ་ཅན་གྱི་གཟུགས་དཀར་པོ། །ཞེས་བྱ་བ་ནི་འདི་ཀླུའི་རྒྱལ ་པོ་རྒྱ་མཚོ་ཆེན་པོའི་ཕྱག་རྒྱ། དུག་ཐམས་ཅད་སེལ་བ་སྟེ། བདག་ཉིད་ཁ་དོག་དཀར་པོ་ཞི་བར་བསམས་པའི་སྙིང་གར་པི་གྱི་ཡི་གེ་དཀར་པོ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྐྱེད་ལ་དེའི་ལྟེ་བར་ཡི་གེ་ཨི་དཀར་པོའོ། །དེ་ལས་ཀྱང་ནོར་བུ ་?་དཀར་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་ནི། སྤྲུལ་དཀར་པོ་གཉིས་ཕན་ཚུན་མཇུག་མ་འབྲེལ་ཅིང་ལངས་ནས་བསྒྱིངས་ཏེ། མིག་རྩ་བསྒྲིམས་ནས་གཅིག་ལ་གཅིག་སྡིགས་པ་ལྟར་འདུག་པའི་བར་མཇུག་མའི་སྟེང་ནས་རྩེ་མོ་གསུམ་གསུམ་པའི་རྡོ་རྗེ་ཁ ་གཉིས་པ། སྲང་སྐྱེས་ནས་འབྲས་འདྲ་བ་གནས་པ། གཅིག་ལ་གཅིག་བལྟ་ཞིང་ལྕེ་འབྱིན་པ། གཉིས་ཀའི་མགོ་ལ་ཡི་གེ་ཧི་ལྟ་བུའི་ནོར་བུ་འོད་འབར་བ་འཛག་པར་བསམས་ཏེ། དེ་ནས་དེ་གཉིས་ཀྱི་མག་བསྒྲུབ་བྱའི་མགོའི་སྟེང་དུ་གནས ་པར་བྱ་སྟེ། ནོར་བུའི་ཡི་གེ་ཨ་དང། འཆི་མའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས་ཇི་སྐད་གསུང་བ་དེར་འགྱུར་རོ། །གཞན་ལག་དང་གཉིས་ཕན་ཚུན་བསྣོལ་ཏེ། དཀྲིས་ལ་ལག་པ་གཉིས་ཀྱིས་མཐེ་བོར་མཐེའུ་རྣམས་ལུ་གུ་རྒྱུད་དུ ་སྦྲེལ་ནས། སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ལས་སྦྲུལ་མགོ་གདེངས་ཀ་ལྟར་བྱས་ཏེ། ནས་རེ་རེ་ཙམ་དུ་བར་ད་བྱས་པ་འདི། ན་མོ་བཛྲ་པཱ་ཎི། ཨོཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། སྦྲུལ་ཅན ་ལ་བསྟན་ན་ཐོགས་པ་མེད་པར་དེའི་དུག་འཇོམས་ཏེ། མི་སྣང་བའི་ཀླུ་དུག་ཅན་རྣམས་ཀྱང་ངོ། །མངར་སྣ་གསུམ་གྱི་གཏོར་མ་ཡང་ཕྱག་རྒྱའི་ལྷ་ལ་དབུལ་ལོ། །འདི་ནི་བདག་གི་ཞར་ལ་བཤད་པ་ཡིན་གྱི། གནས་སྐབས་ཀྱི་བྱ་བ་ནི་མ་ཡིན་ནོ། །བཞུ ་བ། ཞེས་བྱ་བ་ནི་ཆགས་པ་ཆེན་པོས་ལུས་བཞུབ་ཙམ་དུ་གདུངས་པར་འགྱུར་བའི་དབང་དུ་བྱ་བའི་སྦྱོར་བའོ། །དེ་ཡང་དངོས་སུ་ནི་འཛག་པ་ཉིད་ཞུ་བའོ། །མྱོས་པ་ཞེས་བྱ་བ་ནི་ཆགས་པས་སེམས་འཁྲུག་པར་གྱུར་པའོ། །དེའི་སྙིང་གར་ཞེས་བྱ ་བ་ལ་སོགས་པ་ནི་སྦྱོར་བ་གཞན་སྟོན་ཏེ། ཡི་གེ་བཅུ་པའི་གསང་སྔགས་ཞེས་བྱ་བ་ནི་མདོག་དམར་བའོ། །ཡེ་ཤེས་ཀྱི་ཡི་གེའི་གཟུགས་ཞེས་བྱ་བ་ནི་བསྒྲུབ་བྱའི་སེམས་ཀྱི་ཡི་གེ་དམར་པོར་གྱུར་པའོ། །ཡི་གེ་དེ་ལ་བཞུགས་ཏེ། ཞེས་བྱ ་བ་ནི་བདག་གིས་སྤྲོས་པ་ལ་སྟེ། དེའི་ཕྱིར་གཅིག་ཏུ་འདྲེས་པར་བསམ་མོ་ཞེས་གསུངས་སོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། བདག་ཉིད་ཁ་དོག་དམར་པོའི་ལྷ་ཉིད་དུ་འོང་བའི་རྣལ་འབྱོར་གསལ་བར་བསམས་ལ། དེའི་སྙིང་གར་ཡི་གེ་བཅུ་པ་དམར ་པོ་ཟླ་བ་དམར་པོས་བསྐོར་བར་བསམས་ལ། དེ་ནས་སྔགས་བསྐུལ་བ་མོས་པས་རྡོ་རྗེའི་བཟླས་པར་བརྗོད་པས། ཡི་གེ་དེ་དག་སྙིང་ག་ནས་བྱུང་སྟེ། བསྒྲུབ་བྱའི་སྙིང་གར་གནས་ཤིང། དེར་ཡང་དེའི་སེམས་ཀྱི་རང་བཞིན་ཡི་གེ་བཅུ་དམར་པོའི་མདོག ་ཏུ་གྱུར་ཏེ། ཡང་དག་འདྲེས་ཏེ། སླར་ཐིག་དེ་དག་གི་སྙིང་གར་ཟླ་བ་དམར་པོའི་ཡི་གེ་ཡ་དམར་པོ་ལ་བསྟིམ་མོ། །འདི་ལྟ་བུའི་རྣལ་འབྱོར་ནི་མཆོག་ཡིན་པས་ན། རྣལ་འབྱོར་འདི་ནི་ཉི་མ་བདུན་ན་འཁོར་ལོས་སྒྱུར་བ་ཡང་དབང་དུ་འགྱུར་ཏེ། ་ཇི་སྲིད་འཚོ་བའི་བར་དུ་དབང་དུ་འགྱུར་རོ་ཞེས་གསུངས་སོ། །ལས་དེ་དག་ནི་བསམ་གཏན་མ་ཡིན་པས་འགྲུབ་པར་མི་འགྱུར་བས་ན། སྔགས་པ་ཤིན་ཏུ་མཉམ་གཞག་ཅིང། །བསམ་གཏན་ལ་ནི་བརྟན་པར་བྱ། །ཞེས་གསུངས་སོ། །རྒྱུད་མ ་བྱ་བ་ནི་རྟོག་པ་རྫོག་པ་གསང་བའོ། །ལྷག་མ་རྣམས་ནི་ཕྱོགས་འགའ་ཞིག་སྦྱིན་པ་ཡང་དགག་པའོ། །སྔགས་ཀྱང་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་ཡི་གེར་བྲིས་པ་ཙམ་ཡང་ངོ། །རྣལ་འབྱོར་མ་བཟང། ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་སྟོང ་ཕྲག་ཉི་ཤུ་རྩ་ལྔའོ། །མཁའ་འགྲོ་མ། ཞེས་བྱ་བ་ནི་ཞིང་བསྲུང་བ་ལ་སོགས་པའོ། །འཁོར་ལོ། ཞེས་བྱ་བ་ནི་དཀྱིལ་འཁོར་དང་འཁྲུལ་འཁོར་དག་འདིར་གཙོ་བོར་གྱུར་པས་སོ། །རྟོག་པ་ཞེས་བྱ་བ་ནི་ཆོ་གའི་ཚོགས་སོ། །ཕྱོགས་གཅིག་པ། ཞེས ་བྱ་བ་ནི་ཀུན་ལས་བཏུད་པའི་མན་ངག་གི་ཕྱོགས་གཅིག་ཏུ་བྱས་པའོ། །བཀླགས་པས་འགྲུབ་པ། ཞེས་བྱ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱིས་སོ། །ཡན་ལག་གསུམ་པ་མངོན་པར་བརྗོད་པའོ། །བླ་མ་མ་བསྟན་མན་ངག་གཏམ་བྲལ་བར། །མི ་མཁས་དག་ནི་ངེས་པར་མཆོག་ཡིན་ཞེས། །རྒྱུད་དོན་ལོག་པར་འཆད་ཅིང་བྱས་པ་བསླུ། །དེ་དག་བསླུ་བ་ཤེས་བྱེད་འདི་བྱས་སློབ་མའི་ཕྱིར། །སྦྱོར་བ་རྒྱ་ཆེན་ཇི་སྐད་བླ་མས་སྨྲས་པ་བཞིན། །འོན་ཀྱང་དགེ་བ་འདི་འགྲོ་ཐུབ་པའི་དབང་པོར་གྱུར། ། ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འབྲེལ། །རྡོ་རྗེ་སློབ་དཔོན་མི་བསྐྱོད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང། ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ།། །།*། །དཔལ་རྡོ་རྗེ་འཇིགས་ཀྱི་མདོར་བཤད་སློབ་དཔོན་བོ་ན་ཤྲཱིས་མཛད་པ་བཞུགས་སོ། །*། །རྒྱ་གར་སྐད་དུ། ཤྲཱི་བཛྲོ་བྷེ་ར་བ་ཏནྟྲ་ཏ་པ་ནེ་ཀ་ར་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མདོར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་ ་