| Wylie | e-texts based on the ACIP/ALL Input |
གཉིས་ཀྱི་བར་དུ་ཡང། །གང་ལ་བྱ་བའི་མིང་གཟུགས་སུ་གཞུག་།བླ་མས་འཆི་བདག་བསམས་བྱས་ཏེ། །སྲོག་གི་སྙིང་པོ་བཟླས་པར་བྱ། །གོས་སྔོན་གྱོན་པ་དེ་བཞིན་དུ། །ཡུམ་མམ་ལས་མཁན་དཔའ་བོ་བཞིན། །ཡུམ་གྱི་སྲོག? ་སྙིང་བཅུ་པོ་དགོད། །ོཾ་ཧྲཱི(རྒྱུད་འགྲེལ་ཀྱིས་གཟུང་བྱས་ནས། མཎྜལ་སྟེང་བཞག་བཟླས་པ་བྱ། །འཁོར་ལོ་སྟེང་འོག་ལས་སྔགས་ལ། །གཙོ་དང་གཟུངས་ཀྱི་འབུམ་ཕྲག་བཟླས། །དེ་ནས་བཟླས་པ་རྫོགས་ནས་ཀྱང། །དུར་ཁྲོད་ལྷ་ཁང་རོ་ཁང་དམ། །ལྷ་ཀླུ་དྲག་པོའི་གནས་སུ་མནན། །ལྷ་ལ ་སོགས་པ་ཤི་བར་བསྟན། །དེ་ཡི་བསྒྲུབ་པའི་གནས་རྣམས་ཀྱང། །དབེན་པའི་གནས་སུ་བྱས་ནས་ནི། །བླ་མ་ཕ་མ་མཆོད་པ་ཡིན། །གང་བྱུང་ཡང་ནི་བསྒྲལ་བ་ཡིན། །དེ་ཚེ་བསྒྲལ་བ་མ་བྱས་ན། །དེ་ཚེ་རང་ཉིད་འཆི་བར་གྱུར། །གསང་བ ་གཞན་ལ་བསྟན་མི་བྱ། །འཆི་བདག་ཡི་དགས་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ལག་པའི་མཆོད་པ་ནི། །ཡང་རང་ཉིད་ཡི་དམ་དུ་བསྒོམས་ལ ་ལག་པའི་མཐིལ་ལས་ནི་པདྨ་འདབ་མ་བརྒྱད་པ་བསམས་ལ། དེ་ལ་གཤིན་རྗེའི་ལྷ་ཚོགས་བསམས་ལ། དེ་ལ་དགུག་གཞུག་བྱས་ལ། དེ་ལ་ལག་པ་གཡས་པ་བདག་གྲི་ཐུགས་ཀ་ནས་བཏོན་ལ། སྲིན་མཐེབ་ཀྱིས་བདུད་རྩི་གཏོར་ཞིང། ཨོཾ་ཨཱ: ་བརྗོད་པས་ལྷ་མཉེས་པར་བསམས། དེ་ནས་ལྷ་རྣམས་རང་གི་སྤྱི་བོ་ན་མར་ཐིམ་པར་བསམས། ལག་པའི་ཆད་དེ་སྣོད་དུ་གཏིག་གོ་།ཚོགས་ཀྱི་ཕུང་རྣམས་གཏོར་མ་བྱ་ཞིང། ལྷག་མ་རྣམས་ལ་བདུད་རྩིར་གྱུར་པའི་ཆོ་ག་བྱས་ལ། གཏོར་མ་རྣམས ་འབྱུང་པོ་རྣམས་ལ་དབུལ་ལོ།། །།དེ་ནས་རྣལ་འབྱོར་པ་རྣམ། རང་རང་གི་ཐུགས་དམ་ཆོད་ཅིང་བསྒོམ་པ་དང། བཟླས་པ་བྱས་ནས་ལས་ཀྱི་སློབ་དཔོན་གྱིས་གཟིགས་ཤིག་ལ་སོགས་པའི་མ་ངན་དང། ལྕགས་ཀྱུའི་འདྲེན་པར་བྱའོ། །དེ ་ནས་ཚོགས་ལ་རོལ་ལོ། །དེའི་བར་དུ་གླེང་མོ་དང་འཐབ་རྩོད་དང། དྲི་བ་མི་བྱའོ། །འགྲོ་ན་ཕྱག་གསུམ་བཙལ་ལ་ཞུས་ལ་འགྲོའོ། །དེ་ནས་ལྷག་གཏོར་བཏང་ངོ། །ལག་པའི་མཆོད་པ་ནི་དཱ་ན་ཤཱི་ལས་བསྒྱུར་བ་རྫོགས་སོ།། ། །། ་*། (།དཔལ་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་ལ་བསྟོད་པ་ཨཱ་ཙརྱ་ཀཱིརྟིས་མི་མཛད་པ་བཞུགས་སོ། །)་!། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་མཎྜལ་སྟུ་ཏེ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ། བཅོམ་ལྡན་འདས ་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །ཙར་ཙིཀ་སོགས་བྱམས་སོགས་པས། །འཁོར་ལོའི་གཙོ་བོ་བསྐུལ་བར་བྱེད། །རྡོ་རྗེ་གླུ་ཡི་ངོ་བོ་ཉིད་དུ། །ཕུན་ཚོགས་ཉམས་འདྲལ་མཐོང་ནས་ནི། །ཁུ་བའི་གཟུགས་ནི་ཡོངས་གྱུར་ནས། །མཾ་སྔོན་ཉི་མ ་ལས་བྱུང་བ། །མི་བཟད་ཁྲོ་བཅས་མདོག་སྔོན་པོ། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །ར་རྣོ་འབར་ཞིང་སྤུ་སེར་སྐྱ། །རྨིག་པ་བརྐོ་ཞིང་འཇིགས་སྦྱིན་པ། །མ་ཧེ་ཡི་ནི་རྒྱབ་གནས་པ། །རྡོ་རྗེ་སྔོན་པོ་འོད་དང་བཅས། །ས་བོན་བཅས་པ་དང་ཉིད ་དུས?་ནི་འཇིགས་བྱས་ནས། །བདག་ཉིད་ལ་ནི་ཡང་དག་བསྡུས། །འཇིགས་ཆེན་པོ་ཡང་འཇིགས་པར་བྱེད། །མ་ཧེ་རྡོ་རྗེའི་རྣལ་འབྱོར་ཏེ། །རྣམ་ཤེས་ཕུང་པོ་རྣམ་དག་ལས། །དཀྱིལ་འཁོར་གཙོ་བོ་གཤིན་རྗེ་གཤེད། །འཇིག་རྟེན་གསུམ་གྱི་བདུད་ཀྱི་འཁོར ་འོད་ཟེར་དྲག་པོ་སྤྲོས་པས་བསྐྲོད། །དྲག་པོ་མུན་འདྲའི་གཟུགས་དྲག་པོ། །འགྲོ་བ་ཀུན་གྱི་ཉོན་མོངས་པའི། །དྲི་མ་བསྡུས་པས་ནག་པོ་ཉིད། །རྟག་པའི་འཁོར་བ་མྱ་ངན་འདས། །གཤིན་རྗེ་དེས་འདུལ་གཤིན་རྗེ་གཤེད། །ཞི་བས་མི་འདུལ་དེས་འདུལ་བས།། ་