| Wylie | e-texts based on the ACIP/ALL Input |
ཤེག་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག་།སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་བཞུགས་སུ་གསོལ། །སྔགས་ནི། ཀྲོ་དྷ་ཨ་གིན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་དེ་ལ་ཞབས་བསིལ་ཕུལ་ལ། ཡི་གེ་བཅུ་བཞི་པའི་གཞུག ་ལ། ཨརྒྷི་པྲཾ་ཏིཙྪ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སོ། །ཞབས་བསིལ་ཡང་སྔགས་ཀྱི་མཇུག་ལ། །ནི་རི་ཁམ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མཐོར་འཐུང་ཡང་སྔགས་ཀྱི་མཇུག་ལ། ཕྲ་བར་སཏ་ཀཱ་ར་པྲ་ཏིཙྪ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བརྗོད་དོ། །དེ་ནས་སྒོ་བ ་བཞིས་དགུག་གཞུག་བྱ། །དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ལུས་ངག་སེམས་ཀྱང་བྱིན་གྱིས་བརླབ། དེ་ནས་དབང་བྱིན་དེ་ནས་ཞབས་བསིལ་ལ་སོགས་པ་དང། རྣམ་པ་ལྔ་དང། རང་གི་སྔགས་ཀྱི་མཇུག་ལ་བསྐུལ་ཚིག་དང་བཅས་པས་སོ། །དེ་ནས་མར་དང་ཡམ་ཤིང་དེ ་ནས་ཏིལ། དེ་ནས་འབྲས་དེ་ནས་དུག་དང། རྫས་ཀུན་ཡི་གེ་བཞི་པའི་མཛུབ་ལ་བསྐུལ་ཚིག་དང་བཅས་པས་སོ། །དེ་ནས་མཆོད་དང་བསྟོད་བདུད་རྩི་མྱང་བ་བྱ། དེ་ནས་ཁ་ལག་བཤལ། དེ་ནས་མེ་ལྷ་མེ་འབར་བའི་རྣམ་པར་འགྱུར་བར་བསམས་ལ། ཡང ་ཐབ་དང་རྫས་བསངས་ལ། འབར་བའི་ནང་དུ་དཀྱིལ་འཁོར་རྫོགས་པའི་རྣལ་འབྱོར་གྱི་ཚུལ་དུ་སྟོན་ཏེ། དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ལུས་ལ་སོགས་པ་བྱིན་གྱིས་བརླབས་ཏེ། དབང་སྐུར་བ་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱས་ལ་དང་པོ་ཞེ་སྡང་རྡོ་རྗེར ་མཐུན་མོང་གི་མཆོད་པ་བྱས་ལ། དེ་ནས་བསྲེག་རྫས་ཀུན་ཡི་གེ་བཅུ་བཞི་པའི་སྔགས་བསྐུལ་ཚིག་དང་བཅས་པས་དབུལ་ཏེ། དེ་ནས་མཆོད་བསྟོད་བདུད་རྩི་མྱང་བར་བྱ། །དེ་ནས་ཡང་ཐབས་བསངས་ལ། ཡང་གཏི་མུག་རྡོ་རྗེ་དང། དེ་དེ་བཞིན་དུ་རིམ་པས ་དབུལ། ཐ་མར་མིང?་ག་ལ་བཀུག་འདྲེན་བྱས་ལ། དེ་ནས་གཏུབ་ཅིང་བསྲེག་།དེ་ནས་ཡེ་ཤེས་གཤེགས་སུ་གསོལ། དམ་ཚིག་བདག་ལ་བསྡུ། ཡང་མེ་ལྷ་བསྐྱེད་དེ། བསྲེག་རྫས་ལྷག་མ་ཀུན་དབུལ་ཏེ། དེ་ནས་ཁ་ལག་བཤལ། །ཡེ་ཤེས་ཀྱི་མེ་ལྷ་གཤེགས ་བསྐྱེད་བདག་ལ་བསྡུ། དེ་ནས་བསྔོ་བ་དང་སྨོན་ལམ་བྱ། །སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། །།འཆི་བདག་ཡི་དགས་རྒྱལ་པོ་ནི། འཆི་བདག་བདུད་ཅེས་བྱ་བ་ནི། །འགྲོ་བ་ཀུན་གྱི་ལུས་ཀྱི་བདུད། ། ་ལུས་དང?་གྲིབ?་མའི་ཚུལ་བཞིན་དུ། །འགྲོ་བ་ཀུན་ལ་སྣང་བ་སྟེ། །ཕུང་པོ་ཉིད་མཚམས་སྦྱོར་བ་པོ། །འཇིགས་པ་དེ་ཡི་གཟུགས་མཐོང་ན། །ཡ་མ་དེ་ཡི་དྲི་ངན་འབྱུང། །དེ་ནས་རང་གི་སྲོག་གི་བདུད། །ལྷག་པའི་ཕྱོགས་ན་གནག་པ་སྟེ། །གཙིགས་པ་ཅན ་ལ་ཕྱག་འཚལ་ལོ། །དེ་ལ་འཆི་བདག་སྐྱེས་བུའི་གཟུགས། །ཁྲུ་གང་ཡི་དགས་གོས་ལ་བྲི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །འཇིགས་པ་རལ་པ་མཆེ་བཞི་གཙིགས། །རྒྱན་མེད་རུས་པའི་ཕྲེང་བ་ཅན། །གཡས་པ་ཡ་མའི་དབྱུག་པ་འཛིན། །སྡིགས་མཛུབ ་ཞགས་པ་གཡོན་ན་བསྣམས། །མ་ཧེ་དག་ལ་གནས་པ་བྲི། །དེ་ལ་རྣལ་འབྱོར་ཆེན་པོ་ཡི། །མདུན་དུ་གནས་ལ་ཞི་གནས་བྱ། །ཡང་ན་ས་མ་ཏི་རྣམས་གསུམ་ལས། །ཧཱུཾ་ལས་ནག་པོ་ཆེན་པོ་སྟེ། །ཡི་གེ་བཅུ་གཅིག་བརྗོད་བྱས་ལ། །རས་ལ་བྲིས་པ? ་བཞིན་དུ་བསྒོམ། །ོཾ་ཀཱ་ལ་རུ་པཱ་ཡ་མ་རཱ་ཛ་ཧཱུཾ་ཕཊ། དེ་ནས་བསྙེན་པ་བྱ་བ་གསུངས། །དུར་ཁྲོད་ནག་ཚལ་སོང་བྱས་ལ། །བཟླས་བརྗོད་བྱས་པའི་ཚུལ་དག་གིས། །ཧ་ཧ་བཞད་ཅིང་འོང་བར་རིགས། །མངོན་དུ་གྱུར་ནས་?་སྦྱིན། ། ་དེ་ལ་བསྙེན་པའི་སྙིང་པོ་འདིའོ། །ོཾ་ཀཱ་ལ་རུ་བ་བྷཱི་མ་ཡཀྵ་ཧཱུཾ། མ་ཧ་རོ་ཥ་ཎཾ། ན་ར་སིདྡྷ་ཡ། སརྦ་བྷཱུ་ཏ་ཨ་དྷི་བ་ཏ་ཡ། ཡ་མ་རཱ་ཛཱ་ཡ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐོག་མ་དབུས་མཛའ་ཡང་དག་ལྡན། །བཅུ་བཞི་ཕྱེ་བ་བསྙེན་པ་ཡིན། །རིམ་པ་བཞིན་དུ་མ་ཕྱེ་བ། ་ཉེ་བའི་བསྙེན་བ་ཡིན་པར་ཤེས། །གྲུབ་སྟེ་མངོན་དུ་གྱུར་པ་ན། །ཤ་ཆེན་གཏོར་མ་ཆེན་པོ་སྦྱིན། །ོཾ་ཀཱ་ལ་རུ་པ་ཡ་མ་རཱ་ཛ་ཧཱུཾ་ཡི་དི་བ་ལི་གྲིཧྞ་ལ་ཁ་ཁཱ་ཧི་ཁཱ་ཧི། ཚོགས་ལ་སོགས་པ་མངོན་དུ་སྦྱིན། །དེ་ལྟར་གྲུབ་ན་ལས་བྱ་སྟེ། །བནདྷ་མཚན་ངན?་བཟང ་པོ་བཙལ། །དུམ་བུ་གཅིག་གམ་གཉིས་པ་ལ། །དཔྲལ་བའི་ངོས་ནས་ལྷག་པར་དྲང། །མི་ཐོད་དག་པ་རོ་ནས་ལི། །གནོད་སྦྱིན་བཻ་བ་སོ་ཏའི་གཟུགས། །སྣག་ཆ་བྱ་རོག་ཁྲག་དང་ནི། །དུར་ཁྲོད་སོལ་བ་གོང་བུའི་ཆུས། མི་རྐང་སྨྱུ་གུས་ལེགས་པར་བྲི། །སྤྱི ་བོའི་ངོས་ཀྱི་ཕྱོགས་དག་ལ། །རས་ལ་འཁོར་ལོ་བྲི་བར་བྱ། །རིམ་པ་བསྐོར་གསུམ་ལྡན་པ་ལ། །རིམ་པ་གཉིས་བ་དག་ལ་ནི། །རྩིབས་གཉིས་གཉིས་ཀྱི་ཚད་ལ་བྲི། །དེ་ལ་གསང་སྔགས་དགོད་པ་ནི། མ་མ་ཤ་ཏྲུཾ་ཨ་མུ་ཀཾ། འཁོར་ལོ་ལྟེ་བའི་དབུས་སུ ་བྲི། །ཤར་ནས་བརྩམས་ནས་འདི་ལྟ་སྟེ། །ཏྲཱ་ས་ཡ་ཏྲཱ་ས་ཡ། ཨཱ་ཀ་ཌ་ཌཧཡ་ཨཱ་ཀ་ཌ་ཌཧཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནདྷ་བནདྷ། ཙཱུརྞ་ཙུའརྞ། རིམ་པ་ཐ་མ་དག་ལ་ནི། །ཤར་ནས་བརྩམས་ནས་འདི་ལྟར་བྲི། ཙཀྵ་བཛྲ་ན་གྷོ་ར ་བ་ཏྲ་མ་ཀྵེ་ཏྲ་པཱ་ལ་ཡ། ཙྪིནད་ཙྪིནད་མི། བྷིནད་བྷིནད། ཐཱ་ཀཾ་བཛྲཱ་པྲ་དྷི། རུ་དྷི་ར་ཨརྒྷ་ས། ཨོཾ་མཱ་ར་ཡ་བཛྲ་ཡེ་སྟཝཾ་བྷ་ཡ་ཧཱུཾ་ཕཊ། བར་དུ་དགྲ་ཡི་མིང་རུས་བྲི། །རྒྱབ་སྲུབས་དག་ལ་གསང་སྔགས་བྲི། །སྐུ་བ་སྔོན་པོ་ནག་པོ་ཡིས། །ཐོད་པ་དེ་ནི་བསྣམས་པར་བྱ། ། ་རོ་ཤིན་མེ་ལ་བནདྷ་བསྲོ། །དེ་ལ་ཞལ་གསུམ་བྱས་ནས་ཀྱང། །ལས་ཀྱི་འཆི་བདག་ཁྲུ་གང་ལ། །ཞལ་ཅིག་མཆེ་གཙིགས་ཕྱག་གཉིས་པ། །བདུན་པོར་ས་དང་རྣམ་སྣང་དང། དུར་ཁྲོད་སོལ་བའི་རྒྱུ་དགྲ་ལ། །གོང་བུའི་ཆུ་ཡིས་གཟུགས་བྱས་ཏེ། །དེ་ཡི་སྙིང་གར་? ་གཞུག། འཁོར་ལོ་ལ་བྲིས་སྔགས་བཟླས་ཏེ། །མར་ཚེས་བཅུ་བཞི་དང་བརྒྱད་ལ། །དུར་ཁྲོད་རོ་ཁང་དག་ཏུ་མནན། །དེ་ལྟར་ལས་ནི་རྫོགས་གྱུར་ནས། །གང་ལ་བྱ་བའི་དངོས་པོ་དེ། །རང་གི་གཞུང་ཀྱི་དབང་དུ་གྱུར། །འཆི་བདག་ཡི་དགས་རྒྱལ་པོ་?་?་? ་མཚོ་ཡི་འབྲི་དཀྱིལ་ལ། །རི་ནག་པོ་ཡི་ཕ་མཛའ་སྟེ། །སྤོས་དང་རི་བོའི་བར་དག་ན། །ཆུ་དང་ཞེང་དུ་ཆ་མཉམ་མཚོ། །དེ་འོག་དཔག་ཆད་ལྔ་བརྒྱའི་འ?་འཆི་བདག་ཡི་དགས་རྒྱལ་པོའི་གནས། །འགྲོ་བའི་བལྟག་པའི་ཕྱོགས་ན་གནས། །དེ་ཡི་ཡུམ་དེ ་ཙ་མུཎ་ཌི། །རབས་ཆད་ཕ་མོའི་ཐོད་པ་ལ། །ཡ་གཉིས་དག་གི་བར་དུ་ཡང། །རོ་རས་དག་ལ་གཟུགས་བྲི་བ། །ཞལ་དང་ཕྱག་ཞབས་མངོན་བཞིན་བྲི། །དེ་ལ་འཆི་བདག་ཙ་མུཎ་ཌི། །ནག་མོ་མིག་གསུམ་ཁྲོ་གཉེར་ཅན། །ཁ་གདངས་སྒྲ་བརྫེས་?་མ་འཚང།། ་གསུས་ཆེན་དུད་འགྲོའི་གོས་གྱོན་མ། །གཡས་ན་ཏྲི་ཤཱུལ་གཡོན་ཐོད་པ། །མི་ཡི་ཐོད་པ་དང་སྦྱར་བ། །མི་ཡི་རྒྱུས་པས་བསྡམས་པ་ཡི། །བར་དུ་འཁོར་ལོ་གཞུག་པར་བྱ། །དེ་ལ་འཆི་བདག་འཁོར་ལོ་ནི། །སྔ་མ་བཞིན་དུ་བྲི་བར་བྱ། །དེ་ལ་མ་མོའི་འཁོར ་ལོ་ནི། །རས་ལ་འཆི་བདག་ཚུལ་བཞིན་དུ། །རྩིབས་བརྒྱད་གཉིས་དང་ལྡན་པ་ལ། །དབུལ་ནས་བརྩམས་ཏེ་དེ་བཞིན་བྲི། །མ་མ་སརྦ་ཤ་ཧཱུཾ། ལྟེ་བའི་དབུས་སུ་བྲི་བར་བྱ། །ཤར་ནས་རིམ་པ་འདི་བཞིན་དུ། ། མུ་ཀ་སྱ། དྷུ་ན་དྷུ་ན། བནདྷ་བནདྷ། མ ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧཱུཾ་ཛཝ་ར་ཛ། ཛ་རོ་ན་བྱ། དྷི་རི་གེ་ནི། རིམ་པ་ཐ་མ་དག་ལ་ནི། །ཤར་ནས་བརྩམས་ནས་འདི་ལྟ་སྟེ། ནི་ག་ན་ཤི་བཾ་ཧཾ་ཡཾ་རི་ཚུ་ས་ཡ། ཨ་བི་ཤ་ཡ། ཛཾ་བཾ་ཧྲི་ད་ཡཾ་ཚིན་ད་མ་དེ་བ་ཤི་གཾ་མཱ་ར་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ། །འཁོར་ལོ ་གཉིས་ཀྱི་བར་དུ་ཡང། །གང་ལ་བྱ་བའི་མིང་གཟུགས་སུ་གཞུག་།བླ་མས་འཆི་བདག་བསམས་བྱས་ཏེ། །སྲོག་གི་སྙིང་པོ་བཟླས་པར་བྱ། །གོས་སྔོན་གྱོན་པ་དེ་བཞིན་དུ། །ཡུམ་མམ་ལས་མཁན་དཔའ་བོ་བཞིན། །ཡུམ་གྱི་སྲོག? ་སྙིང་བཅུ་པོ་དགོད། །ོཾ་ཧྲཱི(རྒྱུད་འགྲེལ་ཀྱིས་གཟུང་བྱས་ནས། མཎྜལ་སྟེང་བཞག་བཟླས་པ་བྱ། །འཁོར་ལོ་སྟེང་འོག་ལས་སྔགས་ལ། །གཙོ་དང་གཟུངས་ཀྱི་འབུམ་ཕྲག་བཟླས། །དེ་ནས་བཟླས་པ་རྫོགས་ནས་ཀྱང། །དུར་ཁྲོད་ལྷ་ཁང་རོ་ཁང་དམ། །ལྷ་ཀླུ་དྲག་པོའི་གནས་སུ་མནན། །ལྷ་ལ ་སོགས་པ་ཤི་བར་བསྟན། །དེ་ཡི་བསྒྲུབ་པའི་གནས་རྣམས་ཀྱང། །དབེན་པའི་གནས་སུ་བྱས་ནས་ནི། །བླ་མ་ཕ་མ་མཆོད་པ་ཡིན། །གང་བྱུང་ཡང་ནི་བསྒྲལ་བ་ཡིན། །དེ་ཚེ་བསྒྲལ་བ་མ་བྱས་ན། །དེ་ཚེ་རང་ཉིད་འཆི་བར་གྱུར། །གསང་བ ་གཞན་ལ་བསྟན་མི་བྱ། །འཆི་བདག་ཡི་དགས་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །ལག་པའི་མཆོད་པ་ནི། །ཡང་རང་ཉིད་ཡི་དམ་དུ་བསྒོམས་ལ ་