CLOSE WINDOW

N1622: gshin rje gshed nag po'i sbyin sreg gi cho ga
Wyliee-texts based on the ACIP/ALL Input

བ་བྱ་རྒོད་གཟུགས་ཅན་གྱིས། །ནད་ཁྲོལ་ཕྱུང་ཁྱེར་ཁར་སོང་བསམ། །ལས་ངན་བྱེད་དེ་དམྱལ་བར་འགྲོ། །མི་གདུང་བྱ་ཕྱིར་དེ་ཡི་སེམས། །རྒྱལ་བའི་གཟུགས་སུ་རང་སྙིང་གི་།འོད་ཀྱིས་བསྡུས་ཏེ་རྒྱལ་བ་ཡི། །ཞིང་སར་ཁྱེར་ནས་བཀོད་པར ་བསམ། །དེ་ལྟར་ལས་ཀྱི་ཚུལ་དེ་ནི། །སྡིག་པ་ཅན་ལ་དགོངས་པས་གསུངས། །ཡང་ན་གཤིན་རྗེའི་བསྒོམ་ལུགས་གཞན། །ཞལ་ཅིག་ཕྱག་གཉིས་གཡས་ཞགས་པ། །གཡོན་པ་སྡིགས་མཛུབ་ལྡན་པ་ལ། །དབུ་རྒྱན་རང་རང་རིག་བདག་གོ་།སོ ་སོའི་སྔགས་ཀྱི་དབྱེ་བ་ནི། །གསལ་བར་བྲིས་བ་འདི་ཡིན་ནོ། །ོཾ་ཧྲཱི(རྒྱུད་འགྲེལ་ཥྚརཱི(རྒྱུད་འགྲེལ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧྲཱི(རྒྱུད་འགྲེལ་ལཾ། དྲག་པོའི་འཁོར་ལོ་འོག་མའི། ཨོཾ་ཧྲཱི(རྒྱུད་འགྲེལ་གེ་མོ་ལཾ། ཧོ་ཆེ་གེ་མོ་ཧོ། ཛ(རྒྱུད་འགྲེལ་དྲུག་སྤེལ་ལོ། །གཤེད་ནག་འཁོར་ལོའི་མན་ངག་།སློབ་དཔོན་ཆེན་པོ་ནཱ་ག་བོ་དྷི་ས་མཛད་པ་རྫོགས་སོ།། །།ལོ་ཙྪ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར།། །དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྦྱིན་བསྲེག ་གི་རིམ་པ་ནི། སའི་ཆོ་ག་དང་སྟ་གོན་དང། ཐིག་རྣམས་ཚུལ་བཞིན་བྱས་ལ། ཐབ་ཁུང་དང། ལུགས་མཐུན་པར་བྲུས་ཏེ། ས་ནག་པོས་བྱུག་གོ་།རྔ་མོ་དང་བོང་བུའི་སྦ་གནས་དང། ཕུབ་མ་དང་མེ་ཏོག་ནག་པོ་དྲི་མི་ཞིམ་པས་བྱུགས་ལ། །ཤིན་ཏུ་རྩུབ་པ ་དང་ཚ་བ་དང་དུར་ཁྲོད་ཀྱི་ཐལ་བས་ཀྱང་བྱུགས་ལ། ཡམ་ཤིང་ཡང་དེ་ཉིད་ལས་བྱུང་བ། རྩེ་མོ་ཁྲག་དང་དུག་དང་ཡུངས་མར་ལ་སོགས་པ་དང། དྲག་པོའི་སྲེག་རྫས་ཇི་ལྟར་འོས་པ་བསག་།བདག་ཉིད་ཀྱི་ཆས་གོས་ཀྱང་དུར་སར་དང་གཡང་གཞི་དང་གོས ་ནག་པོ་ལ་སོགས་པ་ཤམ། དེ་ནས་རྫས་རྣམས་གཡོན་དུ་བཞག་།མཆོད་ཡོན་ལ་སོགས་པ་གཡས་སུ་གཞག་།དེ་ནས་བདག་ཉིད་སྟན་མེད་ཅིང་སྲ་བ་ལ་རུས་སྦལ་གྱི་འདུག་སྟངས་ཀྱིས་འདུག་ལ་ཁ་ལྷོར་བལྟས་ཏེ་རྒྱན་ཆ་གྱོན་ཏེ། ཁྲོས་པའི་སེམས་ཀྱིས་སོ། ། ་བཅའ་ཞིང་རྣལ་འབྱོར་གཉིས་བྱས་ལ། །རྗེས་སུ་རྣལ་འབྱོར་ལ་རང་འདྲ་གཞུག་།རྫོགས་པའི་རྣལ་འབྱོར་བྱ་བ་དེ་ལ། རྣལ་འབྱོར་ཆེན་པོ་རྫོགས་བྱས་ལ། དེ་ནས་ཐབ་ཡིག་ཨ་བྱུང་བ་ནག་པོ་འོད་ནག་པོ་འཕྲོ་བ། །མཐོང་བ་ཙམ་གྱིས་ཀྱང ་གསོད་པས་ནུས?་པར་བསམ། །ཡོ་བྱད་ཀུན་ཀྱང་ཡེ་ཡིས་བྱིན་གྱིས་བརླབ་ལ། །རྫས་རེ་རེའང་འོད་ནག་པོ་འཕྲོ་བ། གང་གིས་མཐོང་བ་འམ། རེག་ན་འང་གསོད་ཅིང་འཇིགས་པ། ལྷ་རྣམས་ལ་ཕུལ་བས་ཀྱང་ཁྲོ་བ་དང་གཏུམ་བར་འགྱུར་བར ་བསམ། ཡི་གེ་བཅུ་བཞི་པས་ཐབས་དང་རྫས་ཀུན་བསངས་ལ། བབ་ཏུ་ཤིང་རྩིག་།དེ་ནས་མེ་གཉེར་ཏེ། རིགས་ངན་གྱི་ཕྱི་མ་ནས་བྱུང་བ་འམ། རྡོ་བྲུང་པ་ལས་བྱུང་བ། ཡམ་ཤིང་ལ་མེ་སྦར་ཏེ། ཡི་གེ་བཅུ་བཞི་པས་བསངས་ལ་?་ཏུ་མེ ་སྦར་དེ་ལ་ཡུངས་མར་གང་ཕུལ་ལ་རླུང་ཡབ་ཀྱིས་གཡབ་ཅིང་བཟླས་ཏེ། ཛཝཱ་ལ་རཾ་ཛཝཱ་ལ་རཾ། དེ་ལས་མཚན་མ་བརྟག་པར་བྱ། ལྟས་བཟང་བ་དང་མེ་ལྷ་བསྐྱེད་དེ། དང་པོར་མངོན་པར་བྱང་ཆུབ་པས་རྡོ་རྗེ་སེམས་དཔའ་བསྐྱེད་དེ་འོད་དུ་ཞུ་བའི་གོང་བུ་ལས་ལྷ་མོ ་བཞི་ཆད་དེ། དེས་བསྐུལ་བས། རཾ་ནག་པོ་དེ་ལས་བྱུང་བའི་རྡོ་རྗེ་ལས། མེ་ལྷ་ཁྲོས་པ་ཞེས་བྱ་བ་ཞལ་ལ་སོགས་པ་གཙོ་བོ་ཉིད་འདྲ་བ་ཅིག་བསམ། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་ཙར་ཙི་ཀས་དགུག་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་ཤེག་ཚུར ་ཤེག་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག་།སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་བཞུགས་སུ་གསོལ། །སྔགས་ནི། ཀྲོ་དྷ་ཨ་གིན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་དེ་ལ་ཞབས་བསིལ་ཕུལ་ལ། ཡི་གེ་བཅུ་བཞི་པའི་གཞུག ་