CLOSE WINDOW

N1614: tshogs kyi 'khor lo'i cho ga zhes bya ba
Wyliee-texts based on the ACIP/ALL Input

རྗེ་གཤེད་ཀྱི་རོ་བསྲེག་གི་ཆོ་ག་ཞེས་བྱ་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། རྗེ་བཙུན་མགོན་ལ་ཕྱག་འཚལ་ལོ།། ་བསོད་ནམས་ཁྱད་པར་བསགས་པ་དང། །དམ་ཚིག་ཉམས་པ་བསྐད་པ་དང། །བགེགས་རྣམས་ཉེ་བར་ཞི་བྱའི་ཕྱིར། །བདག་གིས་ཚོགས་འཁོར་བཤད་པར་བྱ། །ཡིད་དང་མཐུན་པའི་ས་ཕྱོགས་སུ། །ཚོགས་ཀྱི་ཁང་པ་ཡིད་འོང་བ། །འཁོར ་ཁང་རིམ་གསུམ་རན་པར་གཙིག་།དེ་ནས་ཙནདན་གུར་ཀུམ་དང། །དྲི་ཡི་ཚོགས་ནི་བསྒོས་ནས་ཀྱང། །ས་བཞི་བཟང་པོ་ལེགས་བྱས་ཏེ། །རྣམ་ལྔས་སྐྱང་ནུལ་བྱས་ནས་ཀྱང། །གཞུང་དང་མཐུན་པའི་མཎྜལ་ལ། །མཛེས་པའི་མེ་ཏོག་ལེགས ་བཀྲམ་སྟེ། །མཆོད་པའི་ཚོགས་རྣམས་ཚད་བར་བསག་།འབྱོར་པའི་ཡོ་བྱད་ལྡན་པ་དང། བསྡུ་བར་འོས་པའི་རྣལ་འབྱོར་ཚོགས། །མ་ལུས་པར་ནི་བསྡུས་ནས་ཀྱང། །སློབ་དཔོན་ལ་ནི་ཞུ་བ་དབུལ། །ལས་ཀྱི་བུམ་པ་བྱིན་བརླབ་ནས། །མཆོད་པའི་བུམ་པ ་བསགས་ནས་ཀྱང། །མཛེས་པའི་མེ་ཏོག་ལེགས་བཏང་སྟེ། །ཚིག་འདིས་གསོལ་བ་གདབ་པར་བྱ། །ཁྲོ་བོ་སྔོན་པོ་མཛེས་པ་ཆེ། །ཁྱོད་ནི་དམ་ཚིག་ཡིད་དུ་འོང། །ནོར་བུ་རིན་ཆེན་ཆེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ནི ་འཁོར་བ་ལས་བསྒྲལ་ཕྱིར། །དཔའ་བོས་གནང་གིས་བཏང་དུ་གསོལ། །རྣལ་འབྱོར་མ་ཡི་ཚོགས་དབུས་སུ། །བཟང་པོའི་སྒོ་ནི་རྣམ་པར་དབྱེ། །གསོལ་བ་བཏབ་ནས་ནང་བཀུག་སྟེ། །ལས་ཀྱིས་བུམ་པས་ཆུ་གཏོང་ཏེ། །མནཱ་ཆུ་བླུད་ལ་བྲལ་ལ་དགོད། །དེ་ནས་རྡོ་རྗེ་སློབ ་དཔོན་ལ། །མེ་ཏོག་ཕུལ་ཏེ་གསོལ་བ་གདབ། །དེ་ནས་རྣལ་འབྱོར་ཕོ་མོ་ལ་མེ་ཏོག་གཏོར་མ་བསྐུལ་བར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ལྷར་བསྒོམ་ལྕེ་ལག་བྱིན་གྱིས་བརླབ། །ཕྱག་རྒྱ་བྱིན་བརླབ་མངོན་རྟོགས་བརྗོད། །ཧཱུཾ་ཐོག་མཛའ་མེད་པའི་སེམས ་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་པོའི་གཙོ། །ོཾ་མཧཱ་བཛྲ་ཧཱུཾ། ཨ། སྲིད་པ་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱི་གདོད་ནས་དག་།རང་བཞིན་དག་པའི་སེམས་དཔའ་ཡིས།། ་སྲིད་པ་དམ་པ་མཆོག་ཏུ་བྱེད། །ོཾ་ཧྲཱི(རྒྱུད་འགྲེལ་བསིལ་ཞབས་བཀྲུ?་དབུལ?། །མཆོད་པའི་ཚོགས་ཀྱིས་རབ་མཆོད་ནས། །དེ་ཁོ་ན་ཉིད་བསྟོད་པ་བྱ། །ོཾ་ཧྲཱི(རྒྱུད་འགྲེལ་དྱེ་ཤཔད། ཨོཾ་ཨཱ(རྒྱུད་འགྲེལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ང་རྒྱལ་རྡོ་རྗེ་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རིན་ཆེན་རྡོ་རྗེ་ངོ་བོ་ཉིད། །འདོད་ཆགས་རྡོ་རྗེ་གཙོ་བོ་ཁྱོད། །འདོད་ཆགས་ཆོས་ཀྱི་རྣམ་པ་བསྙེམས། །ཐམས་ཅད་དབྱངས་ནི་མཆོག་གི ་མཆོག་།རྡོ་རྗེ་གསུང་མཆོག་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེ་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་འདྲ་བ། །རལ་གྲི་ཕྱག་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག ་ཏུ་བསྡུས། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །བདག་གིས་ཉོན་མོངས་ཚོགས་རྣམས་ལས། །བྱུང་བའི་སྡིག་པའི་ཚོགས་རྣམས་ནི། །རྗེ་བཙུན་འཇམ་དབྱངས་སྤྱན་ལྔ་རུ། །དེ་དག་ཐམས ་ཅད་བཤགས་པར་བགྱི། །རྫོགས་པའི་སངས་རྒྱས་ཉིད་དང་ནི། །བྱང་ཆུབ་སེམས་དཔའ་དགེ་འདུན་མཆོག་།སློབ་སོགས་དགེ་བ་ཐམས་ཅད་ལ། །རྒྱ་ཆེར་བདག་ནི་རྗེས་ཡི་རང། །ཁམས་གསུམ་རྣམ་རྟོག་དྲ་བ་ཡིས། །མངོན་པར་གཏིབས་པ་མུན ་ནག་ལ། ཐེག་པ་ཆེན་པོའི་ཡེ་ཤེས་ཆེ། །ཆོས་ཀྱི་སྒྲོན་མས་འོད་སྣང་མཛོད། །རྫོགས་སངས་འཁོར་བའི་ཆོས་རྣམས་ལས། །ཆོས་སྐུར་མྱ་ངན་འདའ་བཞེད་པ། །འཁོར་བ་ཇི་སྲིད་གནས་པར་དུ། །སེམས་ཅན་དོན་མཛད་བཞུགས་སུ་གསོལ ་བསོད་ནམས་ཚོགས་ལས་མངོན་བྱུང་བའི། །དགེ་བའི་བསོད་ནམས་མ་ལུས་ཀུན། །སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །མཆོད་པ་ཉི་ཤུའི་ཚོགས་རྣམས་ཀྱང། །དེ་སོགས་རོལ་མོའི་ཚོགས་རྣམས་ནི། །རྣལ་འབྱོར ་པ་ཡིད་འབད་པ་ཡི། །རྡོ་རྗེ་ཆེན་པོ་མཆོད་བྱས་ལ། །དེ་ནས་བློ་ཡིས་ཤེགས་སུ་གསོལ། །དེ་ནས་སྟོང་པ་ཉིད་བསྒོམས་ཏེ། །སྙིང་རྗེས་ཟིན་པའི་གསལ་བར་བྱ། །དེ་ནས་བསྲུང་བའི་འཁོར་ལོ་ནི། །རྡོ་རྗེ་ས་གཞིར་བ་དང། །འཕར་བའི་ཁང་པ་དྲག་པོ་ལ། ། ་མཚོན་ཆ་ཚོགས་ཀྱིས་སྤྲས་པར་བསམ། །ནང་དུ་ཆོས་འབྱུང་དཀར་པོ་ནི། །གྲུ་གསུམ་མཚོན་ཆ་དང་བཅས་པ། །རྡོ་རྗེ་གཞལ་ཡས་ཁང་བསྐྱེད་ལ། །རྣལ་འབྱོར་བཞི་ཡི་ཚུལ་དག་གིས། །དེ་ཉིད་དཀྱིལ་འཁོར་སྨིན་པར་བྱ། །དེ་ནས་བདུད་རྩི་བྱིན་བརླབས ་ཏེ། །རྩ་བའི་དཀྱིལ་འཁོར་རིམ་བཞིན་མཆོད། །དེ་ནས་མཐེ་བོང་སྲིན་ལག་གིས། །བླངས་པའི་བདུད་རྩི་བྱུགས་པ་ཡིས། །ཆོས་འབྱུང་གྲུ་གསུམ་དཀར་དམར་བྲི། །དེ་ནས་བདུད་རྩིའི་ཐིག་ལེ་ཡིས། །མཛེས་པའི་མེ་ཏོག་ལེགས་བཀྲམ་སྟེ། །སྐད ་ཅིག་བསྐྱེད་དང་དགུག་གཞུག་བྱ། །དེ་ནས་བདུད་རྩི་ཕུལ་ནས་ཀྱང། །བདག་ཉིད་ལ་ནི་མཆོད་པར་བྱ། །ཐབས་དང་གསང་བས་བླངས་ནས་ཀྱང། །ལྕེ་རྩེ་སྨིན་མཚམས་སྤྱི་བོར་གཏོར། །དེ་ནས་དེ་དག་མི་དམིགས་བསྒོམ། །རྩ་བའི་དཀྱིལ་འཁོར་ཉིད་ལ་ནི། །གསང་བའི་དཀྱིལ་འཁོར ་??་ནས་ཀྱང་བསྟོད་ཅིང་བདུད་རྩི་མྱངས་ནས་ཀྱང། །གསལ་བར་དམིགས་ནས་བཞུགས་སུ་གསོལ། །དེ་ནས་ཞིང་སྐྱོང་འཁོར་བཅས་ལ། །གཏོར་མ་རྒྱ་ཆེན་བཏང་བ་ནི། །ཡི་གེ་གསུམ་གྱི་ངོ་བོ་ཡིས། །བསྲེགས་དང་སྦྱངས་དང་གཏོར་བྱས་ལ། །མཎྜལ་བཟང་པོ ་ཡིད་འོང་སྟེ། །ཐིག་ལེ་ལེ་རྩེ་དགུ་བྱས་ཏེ། །དབུས་ལ་ཡེ་ཤེས་འཁོར་ལོ་བསམ། །ཕྱོགས་དང་མཚམས་ལ་ཞིང་སྐྱོང་བརྒྱད། །མ་མོ་སུམ་ཅུ་རྩ་གཉིས་དང། །བཅས་པ་སྤྱན་དྲངས་མཆོད་པ་བྱ། །ོཾ། ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་པོ་དང་ནི་རི ་སུ་ལ་ཕུག་།གྲོང་དང་བཞི་མདོ་དག་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང། །གདོལ་པའི་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་པོ་ཆེ། །ལྷས་བྱིན་མཉམ་དུ་བསྟེན་པ་དང། །ནག་པོ་གཙིགས ་དང་མི་སྡུག་དྲག་།རྒ་ལས་འདས་དང་ལོག་འདྲེན་རྣམས་རྒན་བྱང་མོ་དང་དྲག་མོ་དང། །མི་སྡུག་མ་དང་ཨུ་མ་དང། །རྒྱལ་བ་རྣམ་པར་རྒྱལ་མ་དང། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། ། ་དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེམ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་དྲག་ཆེན་མོ། །མཆེ་བ་གཙིགས་པའི་ཐོད་ཆེན་མོ། །ཐོད་འཕྲེང་ཕྲེང་ཅན་ཁ་ཊཝཱཾ་མ། །སྤྲུལ ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་བཞིན་ཆེན་མོ་མཁའ་འགྲོ་མ། །ལས་ཀུན་རྗེས་སུ་གྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེ་སྟེ། ་རྡུལ་བྱེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཤིག་།ོཾ་ཀཀྐ་ཌཧ་ན་བབབ་ན་དྷ་ན། ཁ་ཁྑ་ཁ་ད་ན། སརྦ་དུཥྚཱན། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡཱ་མོ་ཀ་སྱ་ཧཱུཾ། ཞེས་པས་བཀུག་ལ། པདྨའི ་གདན་ལ་གནས་པར་བསམས་ལ། །མཆོད་པ་ལྔར་བྱིན་གྱིས་བརླབས་པ་དེ་ཉིད་དབུལ་ཏེ། །སྔགས་དེ་ཉིད་ཀྱི་མཇུག་ལ། ། མོ་ཀ་སྱ་ཤཱནྟི་དཱུ?་རུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་དབུལ་ཏེ། སོ་སོའི་ལྕེ་ལ་ཧཱུཾ་ལས་རྡོ་རྗེར་བྱིན། །བྱིན་གྱིས་བརླབ་པར་བསམས ་པའི་སྦུ་གུའི་འོད་ཀྱིས་དྲངས་ཏེ་མཆོད་པར་བསམས་ལ། །དེ་ནས་ཆོས་བཤད་དེ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསོལ་ལ་ཞེས་བྱ་བ་བརྗོད་ནས། །སྨོན་ལམ་བཏབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང། ། ་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།གང་གི་ལམ་ནས་འགྲོ་བ་ཡིས། །སངས་རྒྱས་ཉིད་དང་ཕྲད་པར་ཤོག་།མ་བསྒྲལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་སྟན་བཅོས་གནས་ལ་དབང?།། ་ཅེས་བྱ་བས་བསྔོ་བར་བྱས་གཤེགས་སུ་མི་གསོལ། །དེ་ནས་རྣལ་འབྱོར་ཕོ་མོ་ཀུན་ལྷའི་དཀྱིལ་འཁོར་དུ་བལྟས་ལ། །དད་ལ་དྲི་ཡིས་མཆོད། དེ་ནས་མེ་ཏོག་དང་བདུག་པ་དང་མར་མེ་དང། ལྷ་བཤོས་ཀྱིས་ཚུལ་བཞིན་དུ་མཆོད་ལ། །དེའི་འོག་ཏུ་བདུད ་རྩི་དང་བཅས་པའི་ཆང་གིས་མཆེད་དེ། །ལག་པ་གཡོན་པས་ཆད་བཟུང་ནས། །གཡས་པས་རྩེ་གསུམ་པ་བྱས་ལ། །ཚིགས་སུ་བཅད་པ་འདིས་སྦྱིན་ཏེ། །ལྟོས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ ་པ་གསུམ། །རང་བཞིན་གཅིག་ཏུ་རྟོགས་པར་བཟའ་། །ཞེས་བྱ་བས་དྲང་ངོ། །ལེན་པ་པོས་བརྗོད་པ། འདོད་ཆགས་དྲི་མ་བྲལ་བ་ཡི། །རིན་ཐང་མེད་ལས་ལེགས་འོངས་ཆོས། །བཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་བདག་ཕྱག་འཚལ ་ཞེས་པས་པདྨའི་སྐོར་བ་དང་བཅས་པས་བླང་ངོ། །འོག་མ་རྣམས་ལ་དྲང་བ་ལ་འདི་སྐད་བརྗོད། །སྦྱོར་བའི་དུས་ན་དངོས་གྲུབ་ནི། །སྦྱོད་ཀུན་དེ་ཉིད་དེ་བཞིན་དུ། རྣལ་འབྱོར་པས་ནི་ཀུན་ཏུ་སྤྱད། །ཇི་ལྟར་བདེ་བར་སྤྱད་པར་བྱ། །ཞེ་བྱ་བ་བརྗོད་ལ་བྲིམ་མོ།། ་དེའི་འོག་ཏུ་ཤ་ལུ་དང་གུར་མར་གྱིས་མཆོད། །དེ་ནས་ལྟ་བཤོས་སོ་སོར་དྲངས་ལ། །དེ་ནས་ཀུན་གྱིས་ཕུད་བསྡུས་ལ། །སློབ་དཔོན་ལ་ཕུལ་ནས། །སློབ་དཔོན་གྱིས་ཆ་གཉིས་སུ་དགོས་ཏེ། །ཆ་གཅིག་གཡོན་གྱི་ཕྱོགས་སུ་བགོས་ལ་བྱིན་གྱིས་བརླབས ་ལ། །དཀྱིལ་འཁོར་གྱི་ལྷ་ལ་དབུལ། །ཆ་གཅིག་གཡས་སུ་བཞག་ལ། །བྱིན་གྱིས་བརླབ་ལ་ཕྱོགས་སྐྱོང་ལ་དབུལ་ཏེ། །ོཾ་ཨ་ཀཱ་རོ་མུ་ཁམ་ཞེས་པའི་སྔགས་ཀྱིས་མཆོད། །དེ་ནས་ཅི་བདེར་རོལ་ཅིང་ལོངས་སྤྱོད། སྐབས་དེར་བཀྲ་ཤིས་བྱའོ། །། ་དེ་ཉིད་ཡང་དག་སྤྱོད་པ་ཡིས། །རྣལ་འབྱོར་པ་ནི་ཀུན་ནས་བདག་།ཇི་ལྟར་བདེ་བར་བརྗོད་པར་བྱ། །སྒྱུ་མ་ལྟ་བུར་མཛེས་པ་ཡིས། །གཉིས་སྤྲོད་ཀུན་ཁྱུད་སོགས་སྦྱོར་བ། །ལུས་ཅན་དོན་དུ་ཡང་དག་སྤྱད། །དངོས་པོ་བྲལ་ལ ་ཕྱག་འཚལ་ལོ། །དེ་ནས་ལྷ་དང་ཕྱོགས་སྐྱོང་ལ་གནང་བ་ནོད་པ་དང། བཟོད་པར་གསོལ་བ་བྱས་ཏེ། བཛྲ་སཏྭས་བཟོད་གསོལ་བྱས་ཏེ། བཛྲ་མུ(རྒྱུད་འགྲེལ་ཞེས་བསྡུའོ། །ོཾ་བཛྲ་དུ་པེ་གྲིཧྞ་གཙྪ་ཧཱུཾ། ཞེས་བྱ་བས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་ལྷག་མ་བསྡུས་ཏེ། དེ་ལ་ཡང་གཉིས་ཏེ། རྣལ་འབྱོར་ཕོ་མོའི་ལྷག་མ་ནི་ཕྱི་རོལ་གྱི་ཤ་ཟ་ལ་སོགས་པ་མི་མ་ཡིན་པ་རྣམས་ལ་བཏང་སྟེ། ཕྱི ་སྒོར?་གཏོན་ལ་བཏང་ངོ། །ཁྱིམ་པའི་ལྷག་མ་ནི་ཁྱིམ་པ་དེ་ཉིད་ཀྱི་མི་མ་ཡིན་པ་ལ་བསྔོའོ། །ལྷག་མ་དེ་ལྟ་བུའི་སྐལ་པ་མེད་པ་ལ། སློབ་དཔོན་གྱི་ཁ་ནས་བདུད་རྩིར་བྱས་ལ་སྦྱིན་ནོ། །དེ་ནས་ཡིན་བདག་དང་འཁོར་ལ་བཀྲ་ཤིས་དང་སྨོན་ལམ་གདབ ་པོ། །དེ་ནས་གཏོར་སྐྱེལ་དེ་ལོག་པ་དང། ཚོགས་ཀྱི་ཁང་སྒོར་མེ་ལོང་དང་དུང་བུད་པ་དཀྲོལ། །ཆུ་ཅན་གྱི་ཟན་ནི་མཆོད། དེ་ནས་ནང་དུ་ལོག་ནས་རྣལ་འབྱོར་ཕོ་མོ་ལ་ཡང་དེ་བཞིན་མཆོད་པ་བྱའོ། །མ་འོངས་སྐྱེ་བོའི་ཚོགས་རྣམས་བསགས་པར་འདོད་པ ་དང། བསླབ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ། །དོན་དུ་དྲི་མེད་ལུང་དག་བླ་མའི་མན་ངག་ལྟར། །མ་ནོར་བཟུང་སྟེ་བདག་དང་གཞན་ལ་ཕན་ཕྱིར་བྲིས་པ་ཡིན། །ཚོགས་ཀྱི་འཁོར་ལོའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །། ་