CLOSE WINDOW

N1612: chos kyi sku'i snang ba'i cho ga zhes bya ba
Wyliee-texts based on the ACIP/ALL Input

རུ། མཎྜལ་ཆོ་ག་བསད་སྙོམས་པ་ཡིས་བྱས། །དིང་སང་རྣལ་འབྱོར་ལྷ་སྤྱོད?་ལྡན་པ་ཡིས། །དུས་རྣམས་རྟག་ཏུ་མཎྜལ་འབད་པར་རིགས། །། !། །རྒྱ་གར་སྐད་དུ། དྷརྨཱ་ཀ་ཡ་དཱི་པཾ་བི་དྷི་ན་མ། བོད་སྐད་དུ། ཆོས་ཀྱི་སྐུའི་སྣང་བའི ་ཆོག་ཞེས་བྱ་བ། །དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དང་པོ་སྙིང་རྗེའི་བདག་ཉིད་པས། །སྲིད་པའི་བདེ་ལ་མ་ཆགས་ཤིང། །བདག་འཛིན་དག་ལ་རྒྱབ་ཀྱིས་ཕྱོགས། །བདག་འཛིན་ཡོངས་སུ་དོར་བྱ་སྟེ། བདག་དང་གཞན་དུ་མཉམ་པ་དང། །རང་དང་གཞན་ནི? ་བའི་ཕྱིར། །ཕྱི་ནང་བར་ཆད་སེལ་བའི་མཆོག། ཆོས་སྐུ་རྟེན་མཆོག་གདབ་པའི་ཕྱིར། །གཤིན་རྗེ་གཤེད་ལ་གུས་བཏུད་དེ། །མཆོད་བརྟེན་ཆོ་ག་བཤད་པར་བྱ། །ཟུང་དུ་འཇུག་པའི་རྣལ་འབྱོར་པས། །ཡི་དགའ་བ་ཡིས་ཕྱོགས་སུ། །དུར་ཁྲོད་དགོན་པའི་གནས ་མཆོག་ཏུ། །བཀྲ་ཤིས་ས་ནི་བཟང་པོ་ལ། །བདུད་རྩི་རྣམ་ལྔས་ལེགས་བྱུགས་ཏེ། །སྤོས་དང་དྲི་ཡི་ཚོགས་རྣམས་དང། །གསེར་དང་མུ་ཏིག་བྱི་རུ་སོགས། །རིན་ཆེན་རྣམ་མང་བཅུག་ནས་ཀྱང། །ཁྲུས་བྱས་དག་པའི་རྣལ་འབྱོར་པས། །འཇིམ་པའི་གོང་བུ་དྲིལ ་ནས་ཀྱང། །བདག་ཉིད་ལྷ་རུ་རྣམ་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། །བསྲུང་བའི་འཁོར་ལོ་རྫོགས་བྱས་ལ། །ཆོས་ཀྱི་དབྱིངས་ཀྱི་ཁང་པ་དང། གཞལ་ཡས་ཁང་མཆོག་བསྐྱེད་ནས་ནི། །གཞལ་ཡས་ཁང་གི་དབུས་ཉིད་དུ། སྐྱེ་མེད་སྣང་བ ་ལས་བྱུང་བའི། །ཐབས་དང་ཤེས་རབ་གསལ་ལྡན་བསམ། །གྱུར་པས་རོ་མཉམ་ཐིག་ལེའོ། །དེ་ལ་ཐུགས་ཀྱི་ཡི་གེ་སྟེ། །དེ་ནས་ཐུགས་མཆོག་ཉིད་དུ་འགྱུར། །ང་རྒྱལ་སྐུ་གསུང་ཐུགས་བཅུག་སྟེ། ཞུ་བས་ཆོས་ཀྱི་སྐུ་རུ་གྱུར། །དེ་ཡི་ས་བོན་ཡི་གེ ་ལས། །འཕྲོས་པས་གཤིན་རྗེ་གཤེད་བཀུག་སྟེ། །ཞལ་དུ་ཞུགས་ནས་ཞུ་བར་བསམ། །བདག་ཉིད་ཐིག་ལེ་ཆེན་པོར་བལྟ། །ཕྱོགས་བཅུར་ཐིག་ལེ་བཞི་སྤྲོས་པས། །ཙར་ཙི་ཕག་མོའི་དབྱིངས་ལྡན་མ། །གཽ་རཱི་ལྷ་མོ་བཞིར་གྱུར་ཏེ། །རྗེ་བཙུན་ཐིག་ལེ ་བསྐུལ་བར་བྱ། །རྗེ་བཙུན་བཞེངས་ཤིང་སྙིང་རྗེ་ཁྲོ། །སྲིད་གསུམ་པ་ཡི་མ་རིག་སོལ། །རྗེ་བཙུན་བཞེངས་ཤིང་རྒྱལ་རིགས་བདུད་བཞི་ལས་ནི་རྒྱལ་བའི་སེམས་ནི་གཡེངས། །རྗེ་བཙུན་བཞུགས་ཤིང་འཇིག་རྟེན་སྙན་མནན་སྟོང་པ་ཉིད་ལ་བཞུགས་སམ་རྩི། །ཅི ་ཕྱིར་འཇིག་རྟེན་སྙན་མནན་སྟོང་པ་ཉིད་ལ་སེམས་ཏེ་བཞུགས། །བཅོམ་ལྡན་རྒྱལ་པོས་བསྐུལ་ནས་ཀྱང། །ལྷ་མོ་ཉིད་ཀྱང་ཐིམ་པར་གྱུར། དེ་ལ་ཉི་མ་ས་བོན་བཅས། །གྱུར་པས་རྡོ་རྗེ་མཚན་མ་ཅན། །དེ་ལ་གཤིན་རྗེ་གཤེད་མཆོག ་སྐུ། །རྟོག་པ་བཞིན་དུ་གསལ་བར་བསམ། །དེ་ལས་མཁའ་གསང་བྱིན་བརླབས་ཏེ། །ཡེ་ཤེས་དཀྱིལ་འཁོར་བཀུག་ནས་ཀྱང། །ཞུ་བས་ཁམས་མཆོག་དག་པའི་ནང། །ཐིག་ལེ་བཅུ་བདུན་ཉིད་དུ་གྱུར། །དེ་ལས་ས་བོན་གཟུགས་སུ་གྱུར།། ་ཡཀྵེ་མ་མེད། ཡ་ཙ་ནི་ར། ཛ་ས་ངོ་རུ་ཎ་ཡོ་ནི་རཱ། རྡོ་རྗེ་སྔོ་དང་འཁོར་ལོ་དཀར། །རིན་ཆེན་གསེར་དང་པདྨ་དམར། །རལ་གྲི་ལྗང་གུ་ཐོ་བ་སྔོ། །དབྱུག་པ་གར་གྱི་ཕྱག་རྒྱར་གྱུར། །དེ་ལས་ཡོངས་སུ་རྫོགས་པའི་སྐུ། །དགྲ་ལྔ་ཡུམ་བཞི་བསྒོམ་པར་གྱུར ་མལ་ནས་སྐྱེ་བའི་ཚུལ་ཉིད་དུ། །སོ་སོ་གནས་སུ་དགོད་པར་བྱ། །དེ་ནས་བདག་གི་སྙིང་ག་ནས། །ས་བོན་དག་ལས་འོད་འཕྲོས་པས། །དཀྱིལ་འཁོར་དག་ལ་ཕོག་གྱུར་ཏེ། །འཁོར་ལོ་འཁོར་བའི་ཚུལ་ཉིད་ཀྱིས། །གསལ་བའི་བཟླས་པ་དབུལ་བར་བྱ།། ་ཨོཾ་ཧྲཱི(རྒྱུད་འགྲེལ་ལེ་ནིརྦ་ཎེ། སརྦ་ཏ་ཐཱ་ག་ཏཱ། ཧྲིད་ཡཱ་དྷིཥྛཱ་ནཱ་དྷིཥྛཱི་ཏེ་སྭཱ་ཧཱ། གཙོ་བོ་དག་ལ་ཇི་ལྟར་བཞིན། །གཏི་མུག་སོགས་ལ་རིམ་བཞིན་ནོ། །ོཾ་ཛི་ན་ཛི་ཀ་།ོཾ་རཏན་དྷྲི་ཀ། ཨོཾ་ཨཱ་རོ་ལིཀ་།ོཾ་པྲཛྙཱ་དྷྲིཀ། ཨོཾ་མུངྒ་ར་དྷྲིཀ། ཨོཾ་དཎྜ་དྷྲིཀ། ཨོཾ་པདྨ ་དྷྲིཀ། ཨོཾ་ཁཌག་དྷྲིཀ། ཨོཾ་མོ་ཧ་ར་ཏི། ཨོཾ་དྭེ་ཥ་ར་ཏི། ཨོཾ་རཱ་ག་ར་ཏི། ཨོཾ་བཛྲ་ར་ཏི། ཉི་ཤུ་རྩ་གཅིག་ལྔ་བཅུ་དང། བརྒྱ་དང་བརྒྱ་རྩ་བརྒྱད་དང་ནི། །གཙོ་དང་འཁོར་གྱི་རིམ་པ་ཡིས། །བཟླས་པ་བསྡུ་བའི་ཚུལ་གྱིས་བཞུ། །འོད་ཀྱི་ཕུང་པོར ་བསམས་ནས་ནི། །དེ་ནས་སྐོར་པོར་གཡས་ཐོགས་ཏེ། །གུ་གུལ་ཨ་ཀར་ནག་ལ་སོགས། །དྲི་ཡི་བདུག་པས་གདུག་པར་བྱ། །དེ་ནས་འོད་ཀྱི་གོང་བུ་ལས། །བཅད་ཅིང་སྐུ་གདུང་གདབ་པར་བྱ། །སྙིང་པོར་འབྲེལ་པའི་རྟེན་འབྲེལ་དང། །བཟླས་ཤིང་དཀྱིལ་འཁོར་གྲུབ? ་བར་བྱ། །བཀོད་བའི་ཚུལ་གྱིས་མཁའ་ལ་བཞག་།རྫོགས་ནས་ལྷ་ཡི་དཀྱིལ་འཁོར་ལ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་དང། །སྐུ་གསུང་ཐུགས་དང་དེ་བཞིན་ཏེ། །དབང་བསྐུར་དགུག་གཞུག་མཆོད་བསྟོད་དང། །བདུད་རྩི་མྱང་གིས་སྨིན་པར་མི་བྱ། །དེ་ནས ་གསོལ་བ་གདབ་པ་དང། །བཤགས་དང་བསྔོ་བ་བྱས་ནས་ནི། །སྒྱུ་མའི་བློ་ཡིས་ཟིན་པར་བྱ། །དེ་ནས་སྨོན་ལམ་བཏབ་ནས་ནི། །གནས་ཁང་བཟང་པོར་གཞུག་པར་བྱ། །དུས་རྣམས་ཀུན་ཏུ་མཆོད་པ་དང། །བསྐོར་བ་སོགས་ཀྱིས་མཉེས་པར་བྱ། །ན ་མོ་རཏན་ཏཱ་ཡ་ཡཱ། ཨེ་དྷརྨཱ་ཏེ་ཏུ་པྲ་བྷ་བཱ། ཧེ་ཏུ་ནེ་ཥཱནྟ་ཐཱ་ག་ཏོ། །དྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོདྷ། ཨེ་བཾ་གཱ་དཱི་མཧཱ་ཤྲཱ་མ་ཎ:། གསང་བའི་དཀྱིལ་འཁོར་བཟང་པོ་ལ། །མོས་པའི་བློ་ཡིས་བསྐོར་བར་བྱ། །ན་མོ་བྷ་ག་བ་ཏེ་།རཏན་རྐེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ ་ཡ། ཨཌཧ་ཏེ་སམྱཀསཾ་བུདྡྷ་ཡ། ཏདྱ་ཐཱ་ཨོཾ་རཏནེ་རཏན། མ་ཧ་རཏནེ། རཏན་བཱིརྱ་ཡེ་སྭཱ་ཧཱ། །རྣལ་འབྱོར་སེམས་ལ་གནོད་གྱུར་ནི། །ནམ་མཁའ་དག་ལ་གདབ་པར་བྱ། །ཆོ་གའི་རྣམ་པ་གོང་བཞིན་ཏེ། མཚན་མེད་ཕྱིར་ན་མཆོག་ཡིན་ནོ། །རྐྱེན་རྣམས་ཚོགས་པར ་བ་པའི་ཕྱིར། །ཆུ་དང་མེ་དང་རླུང་དག་ལ། །བཾ་རཾ་ཡཾ་ནི་རྣམ་བསམས་ཏེ། །འཕྲོས་པས་རྒྱལ་བ་སྲས་བཅས་དག་།བསྡུས་ཏེ་ཡིག་འབྲུ་ལ་བསྟིམས་པས། །ཆུ་ལ་དཀར་དང་མེ་ལ་དམར། །རླུང་ལ་ཁྲོ་བ་སྔོན་པོ་བསམས། །ཞུ་བས་འོད་ཀྱི་ཕུང་པོར་གྱུར། །སྐོར་ཕོར ་ཐོགས་ལ་གདབ་པར་བྱ། །རབ་གནས་བྱ་བ་གོང་བཞིན་ཏེ། །དེ་ལས་ཁྱད་པར་ཡོད་མ་ཡིན། །རྣལ་འབྱོར་བསོད་ནམས་བསགས་པ་དང། །བར་ཆོད་མྱུར་དུ་ཞི་བྱའི་ཕྱིར། །བདག་གིས་སྐུ་གདུང་ཆོ་གའི་མཆོག། མངོན་པར་བརྩམ་པའི་དགེ་བ་འདིས། །ཁམས? ་གསུམ་སེམས་ཅན་ཐམས་ཅད་ཀྱི། །རྣལ་འབྱོར་ལཾ་ལ་གནས་པ་རྣམས། །སྒོ་གསུམ་སྡིག་པ་དག་གྱུར་ཏེ། །ཆོས་སྐུ་གཉིས་མེད་ཐོབ་པར་ཤོག། །།རྒྱ་གར་གྱི་མཁན་པོ་ཀ་ལཱ་པ་མཧཱ་ཞེས་བྱ་བས་མཛད་པ། ་མཆོད་རྟེན་གྱི་ཆོ་ག་རྫོགས་སོ།། །།རྣལ་འབྱོར་པ་པྲཛྙཱ་ཛྙཱ་ན་ཡིས་རང་འགྱུར་དུ་བྱས་པའོ། །སོ་མ་པུ་རི་གཙུག་ལག་ཁང་ཆེན་དུ། །ནག་པོ་ཞབས་ཞེས་བྱ་བའི་རྣལ་འབྱོར་པས། །རྣལ་འབྱོར་ཚེ་འཕེས་དེ་པ་བ་ལ ་ཡིས། །ཡབ་མཆོག་དྷརྨཱ་པཱ་ལ་འདས་གྱུར་པའི། །ཆེད་དུ་གསོལ་བཏབ་རྒྱལ་པོའི་ཞལ་སྔ་རུ། །མཆོད་རྟེན་ཆོ་ག་མེ་ཏོག་ཚལ་དུ་མཛད། །སྤྲོས་བཅས་སྤྲོས་མེད་ཚུལ་གྱི་ལམ་མཆོག་འདི། །དེང་སང་རྣལ་འབྱོར་རྣམས་ཀྱིས་གདབ ་པར་རིགས།། །། !། །རྒྱ་གར་སྐད་དུ། ཧོ་མ་བི་དྷིཥྚི་ཤ་ཀྲིཥྚ་ཡ་མཱ་རི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ཀྱི་རོ་བསྲེག་གི་ཆོ་ག་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས ་