| Wylie | e-texts based on the ACIP/ALL Input |
དྷིཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྱག་རྒྱ་བཀྲོལ་ནས་ངལ་སོབ?། །གཅིག་དང་དུ་མ་ལས་གྲོལ་བ། །རང་བཞིན་མེད་པའི་སྙིང་པོ་ཙམ། །ཆོས་ཀུན་གྱི་ནི་བདག་པོ་ཅན། །སེམས་ཀྱི་བསྐལ་པར་བསྒོམ་པར་བྱ། །བདག་གིས་རྒྱུ་དང་བླ་མ་ལས། །། ་རྙེད་པའི་དྲིན་འདི་ཐོབ་པ་དེས། །སྐུལ་ནས་སྒྲུབ་ཐབས་འདི་བྱས་པས། །ཐམས་ཅད་འབྲས་བུ་མངོན་རྙེད་ཤོག་།ཁྲོ་བོ་ཐོགས་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །། ་!། །རྒྱ་གར་སྐད་དུ། དཎྜ་དྷྲིཀ་བི་དཱ་ར་ཡ་མ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་དེ་ཉིད་གཙོ་དང་མཚུངས ་པ་ཡི། །ལྷ་ནི་བདུད་དགྲ་དབྱུག་པ་གཤིན་རྗེ་གཤེད། །ལས་རྣམས་ཐམས་ཅད་མཐར་མཛད་ལ་གཏུད་དེ། །མཆོག་གི་དངོས་གྲུབ་བསྒྲུབ་ཕྱིར་བཤད་པར་བྱ། །རང་ལུས་ཕྱག་རྒྱ་ཆེན་པོར་དྲན། །ཐེག་བ་ཆེན་པོའི་བློར་བྱས་ནས། །བླ་མ་རྗེ ་བཙུན་རྣམས་ལ་ནི། །བསོད་ནམས་ཚོགས་རབ་བསགས་པར་བྱ། །གཉིས་མེད་སངས་རྒྱས་གཉིས་སུ་མེད། །རྐྱེན་སྐྱེས་ཆོས་ཀུན་ཆུ་ཟླ་འདྲ། །དེ་ཉིད་སྐྱེ་མེད་ཤེས་བྱའི་ཕྱིར། །དག་པའི་སྔགས་ཀྱིས་བསྐུལ་ལ་བསྒོམ། །ཚད་མེད་རྒྱུན་ཆད་མེད ་པར་སེམས། །ནམ་མཁའ་ཨི་ཐིག་པ་དེ་ཉིད་ལས། །བསྲུང་བའི་འཁོར་ལོ་གདན་བསམས་ཏེ། །ང་ལས་དབྱུག་པ་དཀར་དང་སྐུ། རྩ་ཞལ་དཀར་ལ་སྔོ་དམར་ཞལ། །རང་གི་རིག་མར་མཚུངས་པའི་ལུས། །གྲི་གུག་དབྱུག་པ་རལ་གྲི་དང། ཐོད་པ ་འཁོར་ལོ་ཆུ་སྐྱེས་འཛིན། །གཡས་བསྐུམ་གཡོན་བརྐྱང་བ་ཡི་ཞབས། ཆུ་སྐྱེས་འོད་ཟེར་རྣོན་པོ་མནན། །མི་བགོའི་ཕྲེང་སྦྱངས་སྟག་ལྤགས་མནབས། །ཀླུ་དང་རུས་བརྒྱན་དབུས་མཛེས་པ། །བསྐྱེད་ལ་ལུས་ངག་ཡིད་གསུམ་དང། སྐྱེ་མཆེད་རྣམས ་ལ་འདིས་བྱིན་བརླབ། །ོཾ་ཨཱ(རྒྱུད་འགྲེལ་ཏུ་བཟང། །མཉམ་པའི་རྡོ་རྗེ་མི་བསྐྱོད་པ། །རྡོ་རྗེ་གསང་བ་དབྱིངས་ཆེན་པོ། །ཡེ་ཤེས་རྡོ་རྗེ་ཕྱག་འཚལ་བསྟོད། །ཡིག་འབྲུ་གསུམ་གྱིས་བྱིན་བརླབས་པའི། །བདུད་རྩི་རྡོ་རྗེ་ལྕེ་ཡིས་མྱང། །སྤྲོ་དང་བསྡུ་བ་བྱས་ནས་ཀྱང། །གསང་སྔགས་ཁྲི་རུ་བཟླས་བ ་བྱ། །ོཾ་བཛྲ་དཎྜ་དྷྲིཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ས་ཆུ་མེ་རླུང་འབྱུང་བའི་རིམ། །ཡེ་ཤེས་ཐིག་ལེར་བྱས་ནས་ཀྱང། །གཟུགས་ནི་སྒྲ་ཉིད་རང་བཞིན་དག། བདག་མེད་སྙིང་པོ་བསྒོམ་པར་བྱ། །མ་རིག་མུན་པ་འཇོམས་བྱེད་སྒྲོན་མའི་མཆོག། བདུད་དགྲ་ཁྲོཾ་བོའི་རྒྱལ ་པོའི་སྒྲུབ་ཐབས་འདིས། །འགྲོ་པའི་འཇིགས་ཆེན་ངེས་དགྲ་བཅོམ་ནས་ཀྱང། །ཐམས་ཅད་གཤིན་རྗེ་གཤེད་པོ་ཉིད་མཚུངས་ཤོག་།དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་རས་མཛད་པ ་རྫོགས་སོ།། །།རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། !། །རྒྱ་གར་སྐད་དུ། ཙཎྜ་ཁཌག་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རལ་གྲི་གཤིན་རྗེ་གཤེད་གཏུམ ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོང་པ་བཞི་བ་ལས་ནི་རྡོ་རྗེའི་སྐུ། །བདུད་མཐར་མཛད་པ་རབ་ཏུ་གཏུམ་པའི་ཞལ། །སེམས་ཅན་རྗེས་འཛིན་ཐུགས་རྗེས་ཆེན་པོར་ལྡན། །རལ་གྲི་ཆེ་ལ་བཏུད་དེ་བཤད་པར་བྱ། ། ་སྐད་ཅིག་དྲན་པའི་ལྷར་བསྐྱེད་ནས། །དམ་པ་དམིགས་ལ་ཚོགས་བསག་བྱ། །ཚངས་པའི་གནས་བཞི་སྔོན་འགྲོ་བས། །སྟོང་པ་དང་ནི་འཁོར་ལོ་བསྒོམ། །པདྨ་འོད་ཟེར་རྣོན་པོ་སྟེ། །རང་ལས་ཤུགས་ཅན་གྱུར་པའི་སྐུ། །མར་ཀ་ཏ་ལྗང་ཁུའི་མདོག་འདྲ་ལ། ། ་