| Wylie | e-texts based on the ACIP/ALL Input |
ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། *། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སྭ་དྷ་ནི་ན་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་ཞེས་བྱ་བ། །མགོན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བླ་མ་ལ ་གུས་དེ་རྗེས་ལ། གཤིན་རྗེ་གཤེད་ནག་རྡོ་རྗེ་ནི། །རང་འོད་ཡན་ལག་འདུས་པ་ཡི། །བདེ་བ་རྒྱས་ལ་ཕྱག་འཚལ་ཏེ། །གཤིན་རྗེ་གཤེད་ནག་སྒྲུབ་པའི་ཐབས། །དེ་ཉིད་བློ་ཡིས་བཤད་པར་བྱ། །བདེ་བའི་སྟན་ལ་འདུག་ནས་ནི། །སྙིང་རྗེས་སྐད་ཅིག་ལྟར་བསྐྱེད་ལ། །སྙིང་གར ་པདྨ་ཡ་ཡིག་དགོད། །འོད་འཕྲོས་སྦྱངས་ཏེ་བླ་མ་དགུག་།བཀོད་པ་བསམས་ལ་ཕྱག་དང་ནི། །མཆོད་པ་ལ་སོགས་ཚོགས་བསགས་ཏེ། །བློ་ཡིས་མཁའ་ལ་གཤེགས་སུ་གསོལ། །དེ་ནས་ཚངས་པའི་གནས་བཞི་བསྒོམ། །རང་བཞིན་རྣམས་དང ་བྲལ་བས་རྒྱུ། །འདི་ལྟར་ཡང་ན་མཚན་མ་ནི། །རྣམ་པར་དཔྱད་པས་མེད་པས་ན། །འདི་ལྟར་སྨོན་ལམ་རྣམ་པར་སྤངས། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཚོགས་ཧཱུཾ་ལས་རྒྱ་གྲམ་བསམ། །ཧཱུཾ་ལས་འོད་འཕྲོས་ར་པའོ། །དེ་དཀྱིལ་པཾ་ལས་པདྨ་ནི། །དམར་པོའི་སྟེང་དུ་ཟླ་བ་སྟེ། །དེ་ལས་དབྱངས་ཡིག་རྣམ་པར་བསམ། །དེ་སྟེངས་རཾ་ལས་ཉི་མ་སྟེ། །གསལ་བྱེད་བཀོད་ལ་གསལ་བར་བྱས། །དེ་ལས་གོང་དུ་ཧཱུཾ་དུ་གྱུར། །དེ ་ལས་རྡོ་རྗེ་ཧཱུཾ་ལྡན་བསམ། །དེ་ལས་རྡོ་རྗེ་སེམས་དཔའ་ནི། །ཞལ་གཞན་གཤིན་རྗེ་གཤེད་དང་འདྲ། །རྩ་བའི་ཞལ་ནི་དཀར་བར་བསྒོམ། །ཐུགས་ཀར་ས་བོན་གསལ་བ་ལས། །འོད་འཕྲོས་བཀུག་ལ་ཞལ་བཞུགས་པས། །སྙིང་གར་ཞུ་ནས་ཐིམ་བྱས་ལ། ། ་མཁའ་གསང་སྦྱངས་ལ་ཧོ་དམར་བསམ། །ཞུ་བས་སྐར་མདའ་ལམ་ཞུགས་བཞིན། །མཁའ་གསང་ནང་དུ་བབས་གྱུར་པས། །བདག་ཉིད་ཡུམ་དང་བཅས་པ་གཞུ། །དེ་ལས་ཐིག་ལེ་བཞི་འཕྲོས་པས། །ལྷ་མོ་བཞི་ཡིས་བསྐུལ་བར་བསམ། །རྗེ་བཙུན་སྟོང ་ཉིད་ལ་བཞེངས་ལ། །ཁམས་གསུམ་ཀུན་གྱི་གཏི་མུག་སོལ། །རྗེ་བཙུན་ཆོས་ཉིད་ལ་བཞེངས་ལ། །སྙིང་རྗེས་སེམས་ཅན་དོན་མཛོད་ཅིག་།དེ་རྗེས་དེ་ཡང་ཐིམ་གྱུར་པས། །ཐིག་ལེའི་ངོ་བོར་བལྟ་བྱས་ལ། །ཞུ་བས་ཡོངས་སུ་གྱུར་པ་སྐྱེས། །ཡ་ཡིག ་སྔོན་པོ་ཉི་དཀྱིལ་འཁོར། །དེ་ལས་རྡོ་རྗེ་ས་བོན་བཅས། །འོད་འཕྲོས་བསྟིམས་ཏེ་གྱུར་པ་ལས། །བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད། །རྩ་བའི་ཞལ་ནི་སྔོན་པོ་ལ། །གཡས་དཀར་གཡོན་པ་དམར་བ་སྟེ། །རང་གི་ཡུམ་དང་ལྡན་པའི་ལུས། །རྡོ་རྗེ་རལ ་གྲི་འཁོར་ལོ་དང། །ཆུ་སྐྱེས་གྲི་གུག་ཐོད་པའི་ཕྱག་།མ་ཧེའི་གདན་བཅས་གསུས་པོ་ཆེ། །གླང་པོ་སྟག་གི་པགས་པ་མན་བས། །མཆེ་གཙིགས་སྦྲུལ་གྱི་ཚད་ལྡན་བསྐྱེད། །སེམས་ཅན་འོད་འཕྲོས་ཡེ་ཤེས་དགུག། ཛ(རྒྱུད་འགྲེལ་ལྕེ་དང་ལུས་ཡིད་རྣམས་ལ་ཡང། །མངོན་ཤེས་བསྒྲུབ་ཕྱིར་ལྟ་བསྒོམ་བྱ། །ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ། དེ་ནས་སྐུ་གསུང་ཐུགས་གསུམ་ལ། །ོཾ་ཨཱ(རྒྱུད་འགྲེལ་བསྐུར་བས་རྡོ་རྗེ་འཛིན་པ་སྤྱི་བོར་བལྟ། །དེ་ལས་ས་བོན་ཡི་གེ་ལས། །འཕྲོས་པས་ཡི་གེ་ཉི་མར་བསྡུ། །དེ་ནས་རྡོ་རྗེའི་བཟླས་པ་ནི། །ཞི་རྒྱས་དབང་དང་དྲག་ཚུལ་དང། །གཏོར་མ་ལྡན་པས་བཟླས་པ་བྱ། །དེ་ནས་ལྡང་བར་བཅས་པ་ནི།། ་སེམས་ཅན་དོན་ལ་སེམས་པ་ཡི། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །ོཾ་ཨཱ(རྒྱུད་འགྲེལ་ཕཊ་སྭཱ་ཧཱ། འདིས་ནི་ལས་ཀུན་བྱེད་བ་སྟེ། །འདོད་པ་ཐམས་ཅད་ཡིད་བཞིན་འགྱུར། །ཡཾ་ལས་རླུང་སྟེ་རཾ་ལས་མེ། །ཀཾ་ལས་ཐོད་པ་ཨ་ལས་སྣོད། །འདབ་བརྒྱད་ཤ་ལྔ་བདུད་རྩི་ལྔ། །ཧཱུཾ་ལས་ཁ་གདབ་ཨོཾ་ཨཱ(རྒྱུད་འགྲེལ་བསྡུ། །སྦྱངས་ཏེ་ཨོཾ་ལས་འོད་འཕྲོས་པས། །ཡེ་ཤེས་བཀུག་ལ་བསྟིམས་བྱིན་བརླབ། །སྤུ་གུས་དྲངས་ནས་གསོལ་སྦྱིན་བྱ། །ལྷ་ལ་སོགས་པའི་ཚོགས་བཅས་རྣམས། །ལྷ་རྫས་རྡོ་རྗེ་ཡོངས་སུ་དག་པའི་གཏོར་མ་འདི། །གྲིཧྣ་ཁཱ་ཧི་གྲིཧྣ་ཁ་ཧི་མ ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འགྲོ་འཆག་ཉལ་འདུག་ལ་སོགས་ལ། །དཔའ་བོའི་ང་རྒྱལ་བཏང་མི་བྱ། །དངོས་པོ་དངོས་བྲལ་སྐྱེ་དང་བྲལ། གཡོ་བོ་གཡོ་མེད་བདེ་བ་ཅན། །ཐབས་དང་ཤེས་རབ་ལས་འབྱེད་ཅིང། །དོན་གསུམ་གཉིས་སུ་མེད་ལ་བཞག། བདག་གི ་སྒྲུབ་ཐབས་སྦྱར་བ་འདིས། །འགྲོ་ཀུན་གཤིན་རྗེ་གཤེད་ཐོབ་ཤོག།། །།དཔལ་གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས་ཤེས་བྱ་བ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྣལ ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། !། །རྒྱ་གར་སྐད་དུ། མུངྒ་ར་ཀྲོ་དྷ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཁྲོ་བོ་ཐོ་བ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཞེས་བྱ ་