CLOSE WINDOW

N1602: rdo rje bde rgyas dbyangs can ma'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

མཛད་པས་མཛད་པ་རྫོགས་སོ།། ། !། །རྒྱ་གར་སྐད་དུ། །བཛྲ་གཱི་ཏི་སུ་ཁརྔ?་སྭ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས ་རབ་ཕ་རོལ་ཕྱིན་པ་རྒྱལ་པ་ཀུན་གྱིས་ཡུམ། །དྲི་མ་མེད་པའི་གསུང་ཆེན་རྡོ་རྗེ་དབྱངས་ཅན་མ། །བཏུད་དེ་སངས་རྒྱས་བདེ་ཆེན་རབ་ཏུ་འཕེལ་བྱའི་ཕྱིར། །གསུང་གི་པདྨ་དྲི་མ་མེད་པའི་སྒྲུབ་ཐབས་བཤད། །ནགས་ཚལ་མི་ཕྱེད་དཔོན་པའི་གནས། །ཉམས ་དགའ་བཀྲ་ཤིས་དང་བ་རུ། །འཇམ་པའི་སྟན་ལ་འདུག་ནས་ནི། །ཆུ་བུར་ལྟ་བུའི་ཚུལ་གྱིས་བསྒོམ། །སེམས་ཅན་ཀུན་དོན་ལེགས་བྱས་ནས། །དམ་པའི་འཁོར་ལོ་བསྒོམ་པར་བྱ། །ཕྱག་འཚལ་བསྟོད་དང་བཤགས་པ་དང། །རྗེས་སུ་ཡི་རང ་བསྐུལ་གསོལ་གདབ། །བསྔོ་དང་སྨོན་ལམ་བཏབ་བྱས་ནས། །ཡིད་ཀྱིས་གཤེགས་གསོལ་ཚད་མེད་བཞི། །སྔོན་འགྲོ་སྟོང་པ་བསྒོམ་པར་བྱ། །བསྲུང་བའི་འཁོར་ལོ་འཇིགས་ཆེན་པོ། །མཚོན་ཆ་ལ་དྲུག་པ་ཤིན་ཏུ་བསྒོམ།། ་པདྨ་ཟླ་བའི་སྟེང་ཉིད་དུ། །བྱུ་རུ་བཅག་འདྲའི་དྷོ་དག་ལས། །ཆུ་སྐྱེས་འདབ་བརྒྱད་མཚན་མར་ལྡན། །འཕྲོས་ནས་བསྡུ་བ་བྱ་བ་ནི། །རིགས་ཀྱི་འཁོར་ལོ་མ་ལུས་པའོ། །ོཾ་བཛྲ་རཱ་ག་ར་ཏི་ཨཱཏྨ་ཀོ་ཧཾ། གྱུར་པས་པདྨ་རཱ་གའི་མདོག་།ཞལ་གསུམ་གཡས་གཡོན ་སྔོ་དང་དཀར། །ཕྱག་དྲུག་གྲི་གུག་པདྨ་དང། །རལ་གྲི་ཐོད་པ་འཁོར་ལོ་དང། །གཡོན་བསྐུམ་གཡས་པ་བརྐྱང་པས་གནས། །ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཧཱུཾ་ལས་ཐུགས་ཀྱི་རྡོ་རྗེ་སྟེ། །ཱ(རྒྱུད་འགྲེལ་ལས་རྡོ་རྗེ་ཅན་རྣ་བར། །ཁམ་ལས་ནམ་མཁའ་ཨི་སྙིང་པོ་སྣར། །གཾ་ལས་འཇིག་རྟེན་དབང་ཕྱུག་ལྟེར། །ཀཾ་ལས་སྒྲིབ་པ་རྣམ་སེལ་ལུས། །སཾ་ལས་ཀུན་ཏུ་བཟང་པོ་ཡིད། །རིག་པའི་དབང་བསྐུར་གཤིན་རྗེ་གཤེད། །དགུག་གཞུག་བཅིང་དང་དབང་དུ་བྱ། །མཆོད་པ ་བྷ་གའི་བྱང་ཆུབ་སེམས། །རྡོ་རྗེ་གསུང་ནི་ཡེ་ཤེས་ཆེ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །འདོད་ཆགས་ཆེན་པོ་སྦྱོར་བ། །རྡོ་རྗེ་མཐར་མཛད་ཁྱེད་ལ་བསྟོད། །རྡོ་རྗེ་སྦུ་གུས་བདུད་རྩི་མྱང། །ས་བོན་འཕྲོས་པས་འགྲོ་བ་སྦྱང། །རྡོ་རྗེ་བཟླས་པ་བརྩམ་པར་བྱ། །ཡིད ་གསལ་བ་ནི་མཆོག་ཏུ་གཅེས། །ོཾ་བཛྲ་ར་ག་ར་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མ་ནིང་རྡོ་རྗེ་བཟླས་ནས་ཀྱང། །སྙིང་པོ་ཅན་དངོས་བསྒོམ་པར་བྱ། །འདོད་ཆགས་ཆེན་པོ་སྦྱོར་བ་བཟློག་པའི་ཕྱིར། །བདེ་བ་སེམས་དྲན་སྒྲུབ་ཐབས་འདི་བརྩམས་པས། །གཟུང་དང ་འཛིན་པའི་དྲི་མ་དག་ནས་ཀྱང། །དཀའ་བ་རྣམ་དག་སྨོན་ལམ་སྟོབས་གྱུར་ཤོག། །།རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཀརྨ་བཛྲ་ཎི་གཽ་རཱི་སཱ་དྷ་ནཾ་ནཱ་མ ་