CLOSE WINDOW

N1597: gshin rje gshed rin chen 'byung ldan gyi sgrub thabs zhes bya ba
Wyliee-texts based on the ACIP/ALL Input

རྫོགས་སོ།། །།རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །།!། །རྒྱ་གར་སྐད་དུ། རཏན་སཾ་བྷཱ་བ་ཡ་མཱ་རི་སཱ་དྷཱ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན ་གྱི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཞན་དོན་ཡིད་བཞིན་འབྱུང་གནས་རིན་པོ་ཆེ། །རེ་འདོད་སྐོང་མཛད་རིན་ཆེན་འབྱུང་གནས་རྒྱལ། །ཀུན་རྟོག་བྲལ་བ་མཉམ་པ་ཉིད་ཡེ་ཤེས། །སེར་སྣ་འཇོམས་མཛད་དེ་ལ ་ཕྱག་འཚལ་ཏེ། །ང་རྒྱལ་རབ་རྒྱས་སེམས་ཅན་དེ་དོན་དུ། །ཕྲ་མས་པ་མཛད་རབ་ཏུ་བཤད་པར་བྱ། །བྱང་ཆུབ་སེམས་དང་ཤེས་རབ་ནི། །སྙོམས་འཇུག་དྲན་པའི་སྔགས་པ་ཡིས། །སྐད་ཅིག་ལྷ་ཡི་རྣལ་འབྱོར་པས། །སྤྲོ་དང་བསྡུ་བ་རབ་ཏུ་བྱ། །བླ་མ་རྗེ་དཔལ ་མགོན་པོ་དང། །སྡུ་གུ་ལྷ་སོགས་རབ་དམིགས་ཏེ། །ཕྱག་འཚལ་ལ་སོགས་ཁྱད་པར་ནི། །མ་ལུས་ལུས་པ་མེད་པར་བྱ། །སངས་རྒྱས་ཀུན་གྱི་ལམ་གྱུར་པའི། །གོ་རིམས་ཚངས་པའི་གནས་རྣམས་བསྒོམ། །རང་བཞིན་སྟོང་པ་རྐྱེན? ་གྱིས་ཏེ། ཡེ་ཤེས་ཚོགས་རབ་བསག་པར་བྱ། །མ་ཡིག་ཧཱུཾ་གིས་སྣ་ཚོགས་ལས། །སྲུང་བའི་འཁོར་ལོ་འབར་བའོ། །ཆུ་སྐྱེས་ཐབས་དང་ཤེས་རབ་སྟེ། །མ་ལས་རིན་ཆེན་ཟུར་བརྒྱད་པ། །སྤྲོ་བསྡུའི་ང་རྒྱལ་གསལ་བར་བྱ། །ོཾ་རཏན་སཾ་བྷཱ་བ་ཨཱཏྨ ་ཀོ་ཧཾ། དེ་ལས་གྱུར་པའི་རྡོ་རྗེ་ནི། །བཙོ་མ་གསེར་གྱི་མདངས་མཉམ་ཞིང། །རང་འོད་དང་མཚུངས་རིག་མར་ལྡན། །ཞལ་གསུམ་གཡས་གཡོན་སྔོ་དང་དཀར། །སྤྱན་དགུ་མཆེ་གཙིགས་ཕྱག་དྲུག་པ། །གྲི་གུག་ཐོད་པ་རྩ་བའི་ཕྱག་།རིན་ཆེན་རལ་གྲི ་འཁོར་ལོ་པད། །གཡས་དང་གཡོན་ལ་རིམ་གྱིས་སྦྱར། །དབུ་སྐྲ་སེར་བརྫེས་གདུག་པའི་རྒྱན། །ལྔ་བཅུའི་ཕྲེང་དང་དུར་ཁྲོད་སྤྲས། །འོད་ཟེར་རྣོ་མནན་མེ་དཔུང་འབར། །མི་ཕྱེད་རབ་ཏུ་འཁྱུད་པའོ། །ས་བོན་རྫོགས་དང་མིག་ལ་སོགས། །ཀྵིཾ་ཛིཾ་ཁཾ་གཾ་ཀཾ་སཾ ་ལས། །རྫོགས་པ་དྲུག་ནི་བྱང་ཆུབ་སེམས། །ོཾ་ཨཱ(རྒྱུད་འགྲེལ་ཐོད་པ་སྒྲོན་མེ་བཅུ། །བྱིན་བརླབས་བདུད་རྩི་མྱངས་ནས་ཀྱང། །སྤྲོ་བསྡུ་བྱས་ནས་བཟླས་པ་བརྩམ། །ོཾ་རཏན་དྷྲིཀ་དྭེ་ཥ་ར་ཏི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྟོང་གི་ནུས་པ་ཁྱད་པར་རྙེད། །མཁའ་འགྲོ་མ་འང་དེ་དབང་འགྱུར། །ཁྲི་ཡིས་འབྱུང་པོ་ལས ་ཀུན་བྱེད། བྱ་བས་རྒྱས་དང་རླག་འགྱུར་ཏེ། །བྱེ་བ་ལྔ་བཟླས་ཚད་དང་བྲལ། །ཤིན་ཏུ་རབ་ཞི་བསྡུས་པ་ནི། །ཆུ་ཡི་སྙིང་པོ་དེ་བཞིན་དུ། །ཆུར་འགྱུར་རང་གི་རྔོས་དང་བྲལ། །དངོས་མེད་མཉམ་པར་བསྒོམ་པར་བྱ། །བདག་གིས་རབ་ཕྱེ་ལས་སྦྱར་མ ་བཤད་དང། །བྱང་ཆུབ་ལ་མོས་སྒྲུབ་པོ་བག་ཙམ་ལས། །ང་རྒྱལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་བརྩམས། །འདིར་མོས་རྡོ་རྗེའི་ས་ལ་ཐོགས་མེད་ཤོག་།གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ? ་མཛད་ཀྱིས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། །། *། །རྒྱ་གར་སྐད་དུ། ཨ་མི་ཏE་བྷཱ་ཧྲི་ཨུཏྟར་ན?་རཱ་ག་ཡ་མཱ་རི་སཱ་དྷ་ནཱ་མ། བོད་སྐད་དུ། འོད ་