CLOSE WINDOW

N1592: gshin rje'i dgra nag po'i sgrub pa'i thabs ku mu da kha bye ba zhes bya ba
Wyliee-texts based on the ACIP/ALL Input

བསྒྱུར་བའོ།། ། !། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ན་གོན་ཕུལ་ལ་ཀུ་མུ་ཏ་ནཱ་མ། བོད་སྐད་དུ། གཤིན་རྗེའི་སྒྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་ཏ་ཁ་བྱེ་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །འབར་བའི ་འོད་ཟེར་ཕྲང་འཁྲུགས་པས། །འགྲོ་བའི་མུན་སེལ་གཤིན་རྗེའི་དགྲ། རབ་སྣང་བཙུན་མོ་དགའ་མཛད་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །དང་པོ་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ ་འཁོར་རྣམ་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཨཾ་སྔོན་པོ་བལྟའོ། །དེ་མ་ཐག་ཏུ་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང་བཏང་སྙོམས་རྣམ་པར་བསྒོམ་སྟེ། དེའི་འོག་ཏུ་སྙིང་གའི་ཡི་གེ་ཡཾ?་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱིས། བླ་མ་དང་སངས ་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དཔལ་གཤིན་རྗེའི་དགྲ་ནམ་མཁའ་ལ་སྣང་བར་བྱས་ལ། །དེ་རྣམས་ལ་མངོན་པར་འདུད་བ་དང། མཆོད་པ་དང་མདུན་དུ་སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། དེ་ཡོངས་སུ ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། རྒྱལ་བའི་ལམ་ལ་བརྟེན་པ་དང། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང། སླར་བཏང་བའི་བར་དུ་བསྒྲུབ་པོ། །དེ་ནས་ཡང་རྣམ་པར་ཐར་པའི་སྒོ ་གསུམ་དྲན་པས་སྟོང་པ་ཉིད་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ་།ཞེས་བྱ་བའི་སྔགས་བརྗོད་དེ། འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔལ་གཤིན་རྗེའི་དགྲ་བསྐྱེད་པར་བྱེད་པའོ། །དེ་བཞིན་དུ་རང་བཞིན་གྱི་ལུས་དང་ངག་དང་ཡིད ་དག། ཨོཾ་ཨཱ(རྒྱུད་འགྲེལ་མེད་པའི་སེམས་ཀྱིས་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་དབུས་ན་ལཾ་ལས་བྱུང་བའི་པདྨ་སྣ་ཚོགས་དང། ཁམ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཅན་བསམས་ཏེ། དེའི་ཟླ་བ་ལ་ཡི་གེ ་བྷུཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་བྷྲུཾ་གྱིས་བྱིན་གྱིས་བརླབས་པའོ། །དེ་ཡོངས་སུ་གྱུར་པས་ལས་སྐྱེས་པའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པའི་ཡན་ལག་ལས་བྱུང་བའི་ཁང་པ་བརྩེགས་པ། གྲུ་བཞི་སྒོ་བཞི་པ། རྟ་བབས་བཞི ་དང་ལྡན་པ་དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ། སྣ་ཚོགས་པའི་རྒྱན་གནས་པ། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་སྣ་ཚོགས་པདྨ་ལ་ཟླ་བ་དང་ཉི་མས་མནན་པ་བཅུ་བདུན་གྱིས་མཛེས་པ་རྣམ་པར་བསྒོམ་མོ། །དེའི་དབུས་སུ་ཟླ་བའི་གདན་ལ་གནས་པའི་ཡི་གེ ་གསུམ་ལ་གཟིགས་ནས་བྱོན་པའི་སངས་རྒྱས་རྣམས། དབྱངས་བཅུ་དྲུག་དང་ཡ་ར་ལ་ཝ་ད་དྷ་ལྷག་པའི་གསལ་བྱེད་བཞི་བཅུའི་གཟུགས་ཉིས་འགྱུར་དུ་བྱས་པ་བྱོན་ནས། རིམ་པ་བཞིན་འོག་དང་སྟེང་དུ་ཟླ་བ་གཉིས་སུ་གྱུར་པར་བྱ་བ་ནི། མེ་བོང་ལྟ ་བུའི་ཡེ་ཤེས་སོ། །ཟླ་བ་གཉིས་དང་ཡི་གེ་གསུམ་འདྲེས་པས་གང་བའི་ཟླ་བ་གསུམ་དུ་གྱུར་པ་ནི་མཉམ་པ་ཉིད་དོ། །དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་དཀར་པོས་མཚན་པའི་རྡོ་རྗེ་བསམས་ཏེ། ཨོཾ་བཛྲ་ཨཏྨ་ཀོ་ཧཾ། ཞེས་དང་འཛིན་པ་ནི་སོ་སོར་རྟོག་པའོ། །ཡི་གེ་ཧཱུཾ ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་བྱས་ཏེ། ཡི་གེ་ཧཱུཾ་གི་ནང་དུ་སོན་པ་དང། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ(རྒྱུད་འགྲེལ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་གཟུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། ཧཱུཾ་ལ་ཞུགས་པ་དང་ཧཱུཾ་དང་རྡོ་རྗེར་བཅས་པ་ཡོངས་སུ་གྱུར་པ་ལས་བྱུང་བའི། རྡོ་རྗེ་སེམས་དཔའ་ཁྲོ་བོ་སྒེག་པའི་ཉམས་ཅན། གཡས་བརྐྱང་བ། རྩ་བའི་ཞལ ་དང་སྐུ་ཐམས་ཅད་དཀར་བ། ཞལ་གཡས་གཡོན་སྔོ་བ་དང་དམར་བ།། ཕྱག་དང་པོ་གཡས་དང་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ནི་རྡོ་རྗེ་དང་རལ་གྲི་དང། འཁོར་ལོ་དང་པདྨ ་བསྣམས་པ། དབུ་རྒྱན་དུ་མི་བསྐྱོད་པས་མནན་པ། འདི་ལྟར་བདག་ཉིད་བསྒོམ་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །འདི་ནི་དཔལ་གཤིན་རྗེའི་དགྲ་སྒོ་ངར་འཇུག་པ་རབ་ཏུ་བསྒོམ་པའོ། །དེ་ནས་རང་གི་ཡེ་ཤེས་སེམས་དཔའ་ཨི་ས་བོན་ལས་བྱུང་བའི ་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་སངས་རྒྱས་སུ་བྱས་པ་དྲངས་ཏེ། རང་གི་ལུས་ལ་གཞུག་གོ་།དེའི་འོག་ཏུ་ཡི་གེ་གསུམ་ཕ་དང་མའི་དབུས་ན་གནས་པ་དྲི་ཟའི་སེམས་ཅན་ལྟ་བུ་རང་གི་ཁ་ནས་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་རྡོ་རྗེའི་ལམ་ནས ་བྱུང་སྟེ། རང་གི་རིག་པའི་པདྨར་ལྷུང་བ་དང། དེ་ལས་བྱུང་བའི་འོད་ཟེར་དམར་པོས་དེ་ལ་རེག་པས་རིག་མ་འདོད་ཆགས་ཆེན་པོས་ཞུ་ཞིང། བཅོམ་ལྡན་འདས་ཀྱང་ཞུ་བར་བལྟའོ། །ཞུ་བའི་སྒོ་ང་ལས་བྱུང་བའི་ཙར་ཙིཀ་ལ་སོགས་པ་བཞི་རང་རང་གི་སྟན ་ལ་འཁོད་པས། །བཅོམ་ལྡན་འདས་མི་བཞུགས་པར་མཐོང་སྟེ། ཡིད་མི་དགའ་བས་མགྲིན་པ་བཤིབས་ཏེ། སློང་བའི་གླུས་འདི་ལྟར་བསྐུལ་ལོ། །རྗེ་བཙུན་ཐུགས་རྗེས་ཁྲོ་བ་བཞེངས་མཛོད་ལ། །ཇོ་བོ་དེ་རིང་བདུད་ལས་རྒྱལ་བའི ་ཕྱིར། །སྲིད་གསུམ་ཀུན་གྱི་གཏི་མུག་མཐར་མཛོད་ཅིག་།འཇིག་རྟེན་མ་ལུས་ཐུགས་ཀྱི་མགྲོན་བོས་ནས། །སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས། །འཇིག་རྟེན་བསོད་ནམས་བྱ་བའི་ཆེད་དུ་ནི། །སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས། །བྱང ་ཆུབ་དངོས་ལ་འཇིག་རྟེན་མགྲོན་པོས་ནས། །ཅིས་ན་བསམ་པ་མི་མངའ་རྗེ་བཙུན་བཞེངས། །དེ་མ་ཐག་ཏུ་ཙར་ཅིག་ལ་སོགས་པ་སྒོང་ལ་ཞུགས་ཤིང་ཞུགས་མ་ཐག་ཏུ། སྒོ་ང་ཡོངས་སུ་གྱུར་པ་ལས། གཤིན་རྗེའི་དགྲ་མ་ཧེའི་སྟེང་ནས་སྣ་ཚོགས་པདྨ ་ཉི་མ་ལ་གཡས་བརྐྱང་བས་གནས་པ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་མཐིང་ནག། ཞལ་གཡས་དང་གཡོན་དཀར་བ་འདི་དམར་བ། ཕྱག་རྣམས་རྡོ་རྗེ་སེམས་དཔའ་ཨི་མཚན་མ་དང་ལྡན་པ། རུས་པའི་རྒྱན་གྱིས་སྤྲས་པ། འོད་ཟེར ་མཐིང་གའི་ཕྲེང་བ་འཁྲུགས་པ། སྨིན་མ་འབར་ཞིང་ཁྲོ་གཉེར་བརྩགས་པ། ཕྱག་དང་ཞབས་ཀྱི་སེན་མོ་རྣོ་བ། གསུས་པ་ཆེ་བ། མི་ཐུང་གི་གཟུགས་ཅན། སྐྲ་འམ་པ་གྱེན་དུ་བརྫེས་པ། ཀླུ?་ཆེན་པོ་མཐོང་བའི་དུག་ཆེན་ཕུ(རྒྱུད་འགྲེལ་རྣམ་པར་བརྒྱན་པ། འདི་ལྟར་བདག་ཉིད་རྣམ་པར་བསམས་པའི་འོག་ཏུ་བདག་ཉིད་ལ་ཆུའི་ནང་གི་ཟླ་བ་ལྟར་སྦྱོང་བས། །ོཾ་དྷརྨ་དྷཱ་ཏུ་སྭཱབྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བཟླས་པ་བྱའོ། །འདི་ནི་དཔལ་གཤིན་རྗེའི་དགྲ་སྒོ་ང་ལས་བྱུང་བའི་སྒྲུབ་པའི་ཐབས་སོ། །དེ་ནས ་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ཁ་ནས་ཞུགས་པ་དང། རྡོ་རྗེའི་ལམ་ནས་སོང་སྟེ། ཤེས་རབ་མའི་པདྨར་གནས་པའི་གོང་བུ་ལས། ཞེ་སྡང་རྡོ་རྗེ་དང། གཏི་མུག་རྡོ་རྗེ་དང། སེར་སྣ་རྡོ་རྗེ་དང། འདོད ་ཆགས་རྡོ་རྗེ་དང། ཕྲག་དོག་རྡོ་རྗེ་རྣམས་ཡཾ་དང་ཀཥེ་དང་ཡ?་དང་མེ་དང་དེ་རྣམས་ཀྱི་ས་བོན་ལས་སྤྲོ་ཞིང། དེ་བཞིན་དུ་གོང་བུ་ལས་བྱུང་བའི་ས་བོན་ཡ་དང་ཙ་དང་ནི་དང་རཱ་དང་ཛ་དཔས་དང། དོ་དང་རུ་རྣམས་ལས་ཐོ་བ་དང། །བེ་ཅོན་དང་པདྨ་དང། རལ་གྲི་དང་ཙར་ཙིཀ ་དང། ཕག་མོ་དང་དབྱངས་ཅན་མ་དང། མཛོད་ལྡན་མ་རྣམས་འབྱུང་བར་བྱའོ། །ཡང་གོང་དུ་ལས་བྱུང་བའི་ས་བོན་།ན་དང་ཡོ་དང་ནི་དང་རཱ་རྣམས་ལས་གྲཱ་བཞིར་ཐོད་པ་བཞི་དཔྱད་པར་བྱའོ། །དེ་ནི་འདི་ལྟར་ས་བོན་ལས་རང་རང་གི་སྟན་གྱི་སྟེང་དུ་རང་རང་གི་རྩ ་བའི་མཚན་མ་ངེས་མཚན་མ་དབྱུང་ཞིང་དེ་ཡོངས་སུ་གྱུར་པ་ལས་རང་རང་གི་ལུས་སུ་གནས་པའོ། །དེ་ནས་རིམ་པ་བཞིན་དུ། ཨོཾ་ཧྲཱི(རྒྱུད་འགྲེལ་ཨོཾ་ད་ཎྜ་དྷྲིཀ། ཨོཾ་པདྨ་དྷྲིཀ། ཨོཾ་ཁཌག་དྷྲིཀ། ཨོཾ་དཔེ་ཥ་རི་ཧ། ཨོཾ་མོ་ཧ་ར་ཏི། ཨོཾ་རཱ་ག་ར་ཏི། ཨོཾ་བཛྲར་ཏི། ཨོཾ་ཨཱ(རྒྱུད་འགྲེལ་བོན་ལས་བྱུང་བའི་ལུས་རྣམས་ལ་ཞུགས་པར་བལྟའོ། །ད་ནི་དེ་དག་གི་གནས་དང་སྟན་དང། ཁ་དོག་དང་ལག་ཆ་རྣམས་བཤད་པར་བྱ་སྟེ། དབུས་སུ་ནི་ཉི་མ་ལ་ཞེ་སྡང་རྡོ་རྗེ་སྔར་བཤད་པའི་མདོག་དང་ལག་ཆའོ་།སྣ་ཚོགས་རྡོ་རྗེའི་ཤར་ཕྱོགས་སུ་ནི་གཏི ་མུག་རྡོ་རྗེ་ཟླ་བ་ལ་གནས་པ་དཀར་པོ། །ཞལ་གསུམ་ཕྱག་དྲུག་པ། གཡས་ན་འཁོར་ལོ་དང་རལ་གྲི་དང། གཡོན་ན་རིན་པོར་ཆེ་དང་པདྨ་ཅན་ནོ། །སྣ་ཚོགས་རྡོ་རྗེའི་ལྟོའི་ཆ་ལ་ནི། ཉི་མ་ལ་གནས་པའི་སེར་སྣ་རྡོ་རྗེ་གསེར་བཙོམ་ལྟ་བུ། ཞལ་གསུམ་ཕྱག་དྲུག ་པ། གཡས་ན་རིན་པོ་ཆེ་དང་རལ་གྲི་ཅན། གཡོན་དག་ན་འཁོར་ལོ་དང་ཆུ་སྐྱེས་འཛིན་པའོ། །སྣ་ཚོགས་རྡོ་རྗེའི་ནུབ་ཏུ་ཉི་མ་ལ་འདོད་ཆགས་རྡོ་རྗེ་མདོག་དམར་བ། །ཞལ་གསུམ་ཕྱག་དྲུག་པ། གཡས་དག་ན་པདྨ་དང་རལ་གྲི་ཅན། གཡོན་དག་གིས ་ནོར་བུ་དང་འཁོར་ལོ་ཐོགས་པའོ། །སྣ་ཚོགས་རྡོ་རྗེའི་བྱང་ཕྱོགས་སུ་ཉི་མ་ལ་གནས་པའི་ཕྲག་དོག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ། གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ ་འཛིན་པའོ། །འདི་རྣམས་ནི་རྩ་བའི་ཞལ་སྐུ་དང་འདྲ་བ། ཞལ་ལྷག་མ་དག་འཆད་པར་བྱད་པ་ལྟ་བུ་།ཕྱག་དང་པོ་གཉིས་ཐོད་པ་དང་གྲི་གུག་དང་བཅས་པ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་འདུག་སྟངས་དང། རྒྱན་ཐམས་ཅད་ཞི ་?་རྡོ་རྗེ་དང་འདྲ་བ། སྣ་ཚོགས་པདྨ་ལ་བརྟེན་པའོ། །ཤར་གྱི་སྒོར་རྡོ་རྗེ་ཐོ་བ་མདོག་དཀར་བ། གཡས་དག་ན་ཐོ་བ་དང་རལ་གྲི། གཡོན་དག་ན་ནོར་བུ་དང་པདྨའོ། །ལྷོར་རྡོ་རྗེ་བེ་ཅོན་མདོག་སེར་པོ། །གཡས་དག་ན་བེ་ཅོན་དང་རལ་གྲི། གཡོན་དག་ན་པདྨ་དང ་འཁོར་ལོ་འཛིན་པའོ། །ནུབ་ཏུ་རྡོ་རྗེ་པདྨ་མདོག་དམར་བ། གཡས་དག་ན་པདྨ་དང་རལ་གྲི། གཡོན་དག་ན་ནོར་བུ་དང་འཁོར་ལོ་ཅན་ནོ། །བྱང་གི་སྒོར་རྡོ་རྗེ་རལ་གྲི་མདོག་ལྗང་གུ། །གཡས་དག་ན་རལ་གྲི་དང་འཁོར་ལོ་ཅན། །གཡོན་དག་ན་ནོར་བུ་དང་པདྨ ་ཅན་ནོ། །འདི་རྣམས་ནི་སྣ་ཚོགས་པདྨའི་ཉི་མ་ལ་བཞུགས་པ། ཞལ་རྣམས་འཆད་པར་བྱེད་པ་ལས་རྩ་བའི་ཞལ་རང་རང་གི་སྐུ་དང་འདྲ་བ། དང་པོའི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པས། རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། གཤིན་ཏུ ་ཏུ་འཇིགས་པར་བྱེད་པའི་གཟུགས་ཅན་ནོ། །དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་མཚམས་སུ་རྡོ་རྗེ་ཙར་ཙི་ཀ་ཤ་ཆུང་བ་མདོག་དཀར་བ། གཡས་དག་ན་འཁོར་ལོ་དང་རལ་གྲི་ཅན། གཡོན་དག་ན་རིན་པོར་ཆེ་དང་པདྨ་འཛིན་པོའོ། །ལྷོ་ནུབ་ཏུ་རྡོ་རྗེ་ཕག ་མོ་མདོག་སེར་པ། གཡས་ན་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཡོན་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་བྱང་དུ་རྡོ་རྗེ་དབྱངས་ཅན་མ་མདོག་དམར་མོ་གཡས་དག་ན་པདྨ་དང་རལ་གྲི་ཅན། གཡོན་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང ་ཤར་དུ་རྡོ་རྗེ་མཛོད་ལྡན་མ་མདོག་ལྗང་ཁུ་གཡས་དག་ན་རལ་གྲི་དང་འཁོར་ལོ་ཅན། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ། །འདི་རྣམས་ནི་ཤིན་ཏུ་གཏུམ་པའི་གཟུགས་ཅན་མ་སྣ་ཚོགས་པདྨའི་ཟླ་བ་ལ་གནས་ཤིང། དང་པོའི་ཕྱག་དག་གིས་གྲི་གུག་དང་ཐོད་པ ་འཛིན་ཅིང། རང་དང་འདྲ་བའི་ཐབས་རྣམས་ལ་འཁྱུད་པ། གཡོན་བརྐྱང་བས་གནས་པ། ཞལ་གསུམ་པ་ལ་གང་གི་རྩ་བའི་ཞལ་སྔོ་བ་ནི་གཡས་པ་དཀར་བའོ། །གཡོན་པ་དམར་བའོ། །ཡང་གང་གི་རྩ་བའི་ཞལ་དཀར་བ་དེའི་ཞལ་གཡས་སྔོ་བའོ། །གཡོན་ལ ་དམར་བའོ། །གང་གི་རྩ་བའི་ཞལ་སེར་བ་དེའི་ནི། གཡས་དང་གཡོན་སྔོ་བ་དང་དཀར་བ་སྟེ། ལྗང་གུ་དང་དམར་བ་ཡང་དེ་བཞིན་ནོ། །གྲཝ་བཞིན་གནས་པའི་མིའི་ཐོད་པ་རྣམས་ནི་ཁ་དོག་དཀར་པོ་བཅུད་ཀྱིས་བཀང་བའི་པདྨ་སྣ་ཚོགས་པའི་དབུས་སུ་གནས་པའོ།། །། ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་བསྟིམས་ཏེ། ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་ལ་དེ་བཞིན་དུ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུགས་བྱིན་གྱིས་བརླབས་ནས་ཆོ་ག་ཇི་ལྟ་བས་དབང་བསྐུར་ཏེ། རྗེས་སུ་མཐུན་པར་སྤྱི་བོ ་ལ་རྒྱས་གདབ་པར་བྱའོ། །དེ་ནས་མན་ངག་ཇི་ལྟ་བས་མཆོད་པ་དང། བསྟོད་པ་དང། བདུད་རྩི་མྱང་བའི་བར་དུ་བྱའོ། །དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་པདྨ་ལ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་འབྲེང་བ་ཟླ་བ་ལ་གནས་པའོ།། ་དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་དབུས་སུ་ཡཾ་སྔོན་པོ་ཉིད་དེ། ཨོཾ་ཧྲཱི(རྒྱུད་འགྲེལ་འགྲོ་ཞིང་དེ་དང་ལྷན་ཅིག་འཇུག་པ་གསལ་བར་སྤྲོ་བར་བྱའོ། །གང་གི་ཚེ་སྐྱོ་བ་ན། རུས་པའི་རང་བཞིན་གྱི་ཕྲེང་བ་བདུད་རྩི་བཅུས་ལེགས་པར་བྱུགས་པ་བླངས་ལ། རིལ་བུ་རེ་རེ་ཞིང་ཡི་གེ་མེ་ཡོངས་སུ་གྱུར་པའི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས ་རྣམ་པར་བསམས་བ་འམ། མིའི་མགོ་བོ་འཕྲལ་དུ་བཅད་པ་ཁྲག་འཇིག་པས་ཁྱབ་པར་བསམས་ཏེ། གཡས་པའི་མཐེ་བོ་དང་སྲིན་ལག་གིས་གཟུང་ལ། ཁྲོ་བོའི་བརྗོད་པ་ཁོ་ནས་གསང་སྔགས་བཟླས་པ་བྱའོ། །འདི་ལ་གང་གི་ཚེ ་རིམ་གྱིས་ཟློས་པ་དེའི་ཚེ། ས་བོན་ཡཾ་ལས་ཞེ་སྡང་གཤིན་རྗེའི་དགྲ་ལ་སོགས་པ་རེ་རེ་ལྷ་མོ་དང་བཅས་པར་སྤྲོ་བ་དང། གསང་སྔགས་རེ་རེའི་ཡོངས་སུ་རྫོགས་པར་བྱའོ། །འོན་ཏེ་ཅི་ཅར་དུ་ནི་ས་བོན་ཡཾ་ལས་ཀྱང་ཞེ་སྡང་གཤིན་རྗེའི་དགྲ་ནས། ཇི་སྲིད་མཛེད་ལྡན ་མ་གཤིན་རྗེའི་དགྲའི་བར་དུ་དུས་གཅིག་ཏུ་སྤྲོ་ཞིང། སྔགས་ཀྱང་རེ་རེ་ཡོངས་སུ་རྫོགས་པར་བྱ་སྟེ། ཅིག་ཅར་པའི་ཕྱོགས་ལ་སྐུ་རྡོ་རྗེ་ལ་སོགས་པ་ཡང་ཡེ་ཤེས་སེམས་དཔའ་ཨི་ས་བོན་དང་ལྷན་ཅིག་སྤྲོ་བའོ། །འདིར་ཡང་ཐོགས་པ་དང། ཤིན་ཏུ་མྱུར ་བ་དང་ཤིན་ཏུ་གསལ་བ་དང། མི་གསལ་བ་དང། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྤངས་པའི་སྔགས་པས་ནི་གྲངས་འབུམ་གྱི་ཕྲ་མོའི་དངོས་གྲུབ་ཏུ་འགྱུར་རོ། །བྱེ་བས་ནམ་མཁའ་ལ་སྤྱོད་པའི་དབང་པོ་ཕྱག་རྒྱ་ཆེན་པོར་གནས་པའོ། །དེ ་ནས་བཟླས་པས་ཡིད་སྐྱོ་བ་ན། ཡེ་ཤེས་འཁོར་ལོ་མདུན་ན་བཞུགས་པ་ལེགས་པར་མཆོད་དེ། བསྟོད་ཅིང་བདུད་རྩི་བཅུ་ཕུལ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ནང་དུ་བཅུག་ལ། །བདག་ཉིད་ཞེ་སྡང་གཤིན་རྗེའི་དགྲའི་ངར་འཛིན་པ་དང་གནས་བར་བྱའོ། །ཐུན་མཚམས་བཞི་བོ་ཐམས་ཅད་དུ་འདི་ལྟར་སྒྲུབ་པ་འདི་ནི། དཔལ་གཤིན་རྗེ་དགྲའི་ལས་རབ་ཏུ་བསྒྲུབ་པ། ལས་དང་པོ་བའི་རྣལ་འབྱོར་པའི་བྱ་བའོ། །གཞན ་ཡེ་ཤེས་ཅུང་ཟད་བབས་པ་དང་།ཡེ་ཤེས་ལ་དབང་ཐོབ་པ་དང། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པ་རྒྱ་ཆེར་བྱས་པས་འདིར་ཡང་མ་སྨྲས་སོ། །དེ་བཞིན་དུ་བདུད ་རྩི་མྱང་པ་དང། གཏོར་མ་སྦྱིན་པ་དག་ཀྱང། བདག་གིས་ལེའུ་གསུམ་པ་དང་དྲུག་པའི་རྣམ་པར་བཤད་པའི་སྐབས་སུ་གསལ་བར་བྱས་པ་ཁོ་ནས་ཤེས་སོ། །ཕྱོགས་དབང་ཟླ་བ་ཞེས་གྲགས་པ། །དཔལ་ལྡན་ཆོས་སྐྱོང་དེ་ཡི་བཀས། གཤིན་རྗེའི་དགྲ་གང་ཞེས? ་པོ་ཡིས། །བསྒྲུབ་ཐབས་ཆོ་ག་རྣམས་གསལ་བ། །ཟླ་བའི་ཟེར་གྱིས་རེག་པ་ཡི། །ཀུ་མུད་རབ་ཏུ་རྒྱས་འདྲ་བ། །འདི་ནི་རྣམ་སྦྱར་དགེ་གང་དེས། །འགྲོ་རྣམས་འཆི་བདག་ལས་རྒྱལ་གྱུར། །གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས། །ཀུ་མུ་ཏ་ཁ་བྱེ་བ་ཞེས་བྱ་བ ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།ཱ་ཙཨཱརྱ་བི་ནཱ་ཡ་ཙནྡྲ་དང། ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་