| Wylie | e-texts based on the ACIP/ALL Input |
རྣལ་འབྱོར་བ་བསོད་སྙོམས་བ་པྲཛྙཱ་ཤཱི་ཛྙཱོ་ན་ཀཱིརྟིས་རང་འགྱུར་དུ་བསྒྱུར་བའོ།། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་ར་སཱི་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྡོ་རྗེ་སེམས་བདག་སྔགས། །འཇིགས་བྱེད་དཔའ་བོ་དགྲ་ནག་ལ། །བཏུང་དེ་བརྒྱུད་རིམ་ལས་རྙོད་པ། །དངོས་གྲུབ་འབྱུང་ཕྱིར་བཤད་པར་བྱ། །རང་གཟུགས་རྫོགས་པའི་སྙིང་ག་རུ། །ཡ་ཡིག་ལས་ནི་འགྲོ་བ་སྦྱང། །བདུན་པོ ་ཡིད་ཀྱང་སྦྱང་བྱས་ནས། །ཚངས་པའི་གནས་ལ་གཞག་པར་བྱ། །སྟོང་པའི་སྙིང་པོ་གསལ་བར་བསམ། །བསྲུང་བ་པདྨ་ལྡན་པའི་ནང། །ཆུ་སྐྱེས་རི་བོང་ཅན་རྣོན་པོ། །བྱང་ཆུབ་རྒྱུ་ཡི་གཤིན་རྗེ་གཤེད། །རྩ་བའི་ཞལ་གྱི་ཁྱད་པར་ཅན། །ཞུ་བའི་ཐིག་ལེ ་བྱང་ཆུབ་སེམས། །ཡ་ལས་མཚན་མ་བསྡུ་བར་བྱ། །དེ་ལས་འཇམ་དཔལ་གཤིན་རྗེ་གཤེད། །ིནྡྲ་ནཱི་ལ་ལྟ་བུ་སྟེ། །གཡས་དང་གཡོན་པ་དཀར་དང་དམར། །ཕག་མོ་དེ་མཚུངས་དམ་འཁྱུད་པ། །གྲི་གུག་ཐོད་པ་ཙ་བའི་ཕྱག། རྡོ་རྗེ་བར་དང་ཐ་མ་གྲི། གཞན ་ན་འཁོར་ལོ་པདྨ་འཛིན། །ཐོད་པ་ལྔ་ཡི་དབུ་རྒྱན་ཅན། །སེར་བརྫེས་སྤྱན་དགུ་བཟློག་ཅིང་འགྱུར། །ལྔ་བཅུའི་དོ་ཤལ་མཉམ་དུ་སྤྱངས། །གདུག་པ་བརྒྱད་ཀྱིས་སྐུ་བརྒྱན་ཅིང། །རུས་པས་བརྒྱན་ཅིང་དུམ་བུས་བསྒེགས། །མཚོན་ཆ་བཅུ་གཉིས་འཁྲུག་པར ་བསམ། །མ་ཧེ་ལ་བཞུགས་སྲིད་རྩེར་འབར། །སྐུ་གསུང་ཐུགས་དང་སྐྱེ་མཆེད་དང། །དབང་དང་བྱིན་བརླབས་མཆོད་དང་བསྟོད། །བདུད་རྩི་མྱང་དང་སྤྲོ་བསྡུ་དང། །བཟླས་པའི་རིམ་པའི་མན་ངག་ལས། །ཤེས་པས་དངོས་གྲུབ་འགྲུབ་པར་འགྱུར། །ོཾ་ཀཱ་ལ་རཱུ་པ་ཧཱུཾ། ་ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ་ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཧྲཱི(རྒྱུད་འགྲེལ་ཐམས་ཅད་བསྒྲུབ། །ལས་ཀྱི་འཁོར་ལོ་བསྐོར་བར་བྱ། །གཤེད་ནག་རྒྱུད་དང་འབྱུང་བ་ལས། །རྙེད་དེ་སྒྲུབ་ཐབས་འདི་བྲིས་པས། །བློ་ནི་རབ་དག་གྱུར་ནས་ཀྱང། །གཤིན་རྗེ་གཤེད་དུས་འགྱུར་བར་ཤོག་།གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། སློབ་དཔོན་མཁས ་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ།། །།!། །རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཡ་མཱ་རི་ནོ?་པི་ཀ་ན་མ། བོད་སྐད་དུ། ་