| Wylie | e-texts based on the ACIP/ALL Input |
ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། !་།རྒྱ་གར་སྐད་དུ། བཛྲ་ས་ར་སྭ་ཏཱི་སྟོཏྭ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་མངའ་བདག་རྡོ་རྗེ ་དབྱངས་ཅན་མ། ཡང་དག་ལམ་སྟོན་བླ་མ་རྗེ་བཙུན་ལ། །དད་ཅིང་མོད་ལ་གུས་པར་ཕྱག་འཚལ་ལོ། །བློ་གྲོས་སྤེལ་ཕྱིར་བསྟོད་པ་ཅུང་ཟད་བྲི། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་མ། །རང་དོན་གྲུབ་ནས་གཞན་དོན་ནི། །མཆོག་ཏུ་གཞོལ་མཛད་རྗེ་བཙུན་མ། །དབྱངས་ཅན་དེ་ལ་སྐྱེ་བོ་ཡིས། །ཀུན་ནས ་དང་བས་ཕྱག་འཚལ་བསྟོད། །ཞལ་གསུམ་རྣམ་ཐར་གསུམ་གྱི་དངོས། །ཕྱག་དྲུག་ཕ་རོལ་ཕྱིན་དྲུག་རྫོགས། །ཞབས་གཉིས་བདེན་གཉིས་དོན་རྟོགས་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་འགྲོ་བ་སྨིན་མཛད་པས། །རྟག་ཏུ་པད་མ་རཱ་གའི་མདོག་།དབྱངས་ཅན་དེ་ལ་སྤྱི་བོ ་ཡིས། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །འདོད་པའི་འདམ་གྱིས་མ་གོས་པས། །རྟག་ཏུ་ཆུ་སྐྱེས་སྟེང་ན་བཞུགས། །དབྱངས་ཅན་དེ་ལ་སྤྱི་བོ་ཡིས། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །རྩ་བའི་ཞལ་ནི་པད་མ་རཱ་གའི་མདོག་།འདོད་ཆགས་རྣམ་དག་གསུམ་ལ་ཕྱག་འཚལ ་བསྟོད། །གཡས་ཀྱི་ཞལ་ནི་ཨིནྡྲ་ནཱི་ལའི་མདོག་།ཞེ་སྡང་རྣམ་དག་ཐུགས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་ཞལ་ནི་ཀུན་ད་ཟླ་བའི་མདོག་།གཏི་མུག་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་པད་མ་བསྣམས། །མ་ཆགས་འགྲོ་དོན་མཛད་ལ་ཕྱག་འཚལ ་བསྟོད། །བར་པ་མ་རིག་ཅོད་མཛད་རལ་གྲི་བསྣམས། །ཤེས་རབ་རྣམ་གསུམ་གསོལ་ལ་ཕྱག་འཚལ་བསྟོད། །ཐ་མ་རྣམ་རྟོག་གཅོད་མཛད་གྲི་གུག་བསྣམས། །རྟོག་མེད་ཏིང་འཛིན་གསོལ་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་གཡོན་གྱི་དང་པོ་བནདྷ་བསྣམ། །བདག་མེད་དོན་རྟོགས ་མངའ་ལ་ཕྱག་འཚལ་བསྟོད། །བར་པ་དབུལ་བ་གཅོང་མཛད་རིན་ཆེན་བསྣམས། །འགྲོ་ཀུན་རེ་འདོད་སྤོང་ལ་ཕྱག་འཚལ་བསྟོད། །ཐ་མ་འཁོར་བ་གཅོད་མཛད་འཁོར་ལོ་བསྣམས། །འཁོར་བ་རྩད་ནས་གཅོད་ལ་ཕྱག་འཚལ་བསྟོད། །མཚན་དང་དཔེ་བྱད་སྐུ་ལ་ཕྱག་འཚལ ་བསྟོད། །ཀ་ལ་བིདཀའ་ཨི་གསུང་ལ་ཕྱག་འཚལ་བསྟོད། །ཤེས་བྱ་ཀུན་མཁྱེན་ཐུགས་ལ་ཕྱག་འཚལ་བསྟོད། །མ་རིག་མུན་སེལ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང། ལོ་རྩ་བ་མར་དོ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ། །གཤིན་རྗེ་དགྲའི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་འབྱུང་བ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཡམ་ཨ་རི་མཎྜ་ལ་ནོ་བི་ཀ་ཡ་མཱནྟ་ཀོད་ཡ་ནཱ་མ་བོད་སྐད་དུ་ང?་གཤིན ་