CLOSE WINDOW

N1581: gshin rje gshed nag po'i dkyil 'khor gyi sgrub thabs
Wyliee-texts based on the ACIP/ALL Input

ཀུན་གྲུབ་ཐོབ་ཤོག་།ཚིག་གི་སྣང་བ་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། །སློབ་དཔོན་དཔལ་འཛིན་གྱི་མཛད་པ་རྫོགས་སོ།། །།པཎྜི་ཏ་དཱ་ན་ཀིརྟི་དང། ལོཙྪ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བཀྲིས། *། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སློབ་དཔོན ་དཔལ་འཛིན་གྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་མཎྜ་ལ་ནོ་པིཀ་།བོད་སྐད་དུ། །གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་གྱི། །དཔལ་ལྡན ་གཤིན་གཤེད་དཀྱིལ་འཁོར་གཙོར། །བཏུད་དེ་ཆོ་ག་མདོར་དྲན་མ། མེ་ཡི་དཀྱིལ་འཁོར་ཆོ་ག་གཤད། །དང་པོ་རྣལ་འབྱོར་པ་འགྲོ་བ་གདོན་པའི་བསམ་པ་ཅན་གྱིས། ཚངས་པའི་གནས་བཞི་ལ་གནས་ལ་རང་བཞིན་གྲུབ་པར་བྱ་བའི་ཕྱིར་དམ། །གཞན་ལན་གཉིས་ལན་གསུམ ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར། གལ་ཏེ་དཀྱིལ་འཁོར་དྲི་བར་འདོད་ན། །རྣལ་འབྱོར་བཞི་སྔོན་དུ་བྱས་ལ། །བསྙེན་པའི་ཆོ་གས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་སྔགས་འབུམ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་གྱི་ཁྲི་བཟླས་སོ། །བཅོམ ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཚན་མ་ཐོབ་པ་འམ། རང་གི་སེམས་དག་པའི་སྒོ་ནས་བྲི་བར་བྱའོ། །དེ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་གྱི་ཁང་པར། དཀྱིལ་འཁོར་གྱིས་སྦྱང་བར་བྱའོ། །གཏོར་མ་སྦྱིན་ཞིང་མཆོད་པ་སྣ་ཚོགས་ཉེ་བར་བྱས་ལ། །རྣལ་འབྱོར་བ་ནི ་དང་ལྡན་པའི་གྲོགས་དང་བཅས་པས་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའ་ཨི་རང་བཞིན་དུ་བྱའོ། །ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་ནོར་འཛིན་དུ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ོཾ་མེ་དཱི་ནི་བཛྲ་བནདྷ་ཧཱུཾ་ཞེས་བྱ་བས། དེ་ཉིད་དུ་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག ་པོའི་གཟུགས་རྡོ་རྗེ་དང། དྲིལ་བུས་འབྲེལ་བའི་ཕྱག་རྒྱ་དང་ལྡན་པ་ལ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་གཟུགས་ཀྱིས། སློབ་མ་བཞི་ལག་པ་ན་རྡོ་རྗེ་དང་དྲིལ་བུ་ཐོགས་པས། གསོལ་བ་གདབ་པོ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། ། ་སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་བརྙེས། དབྱངས་མཆོག ་ཀུན་གྱི་གཙོ་བོའི་གཙོ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས ་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་འཇིགས་པའི་དཀྱིལ་འཁོར་འདི། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །སྡིག་པ་ཐམས་ཅད་འཇིགས་བྱེད་པའི། །མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ ་རྣམས་ཀྱིས་དབྱངས་གཅིག་ཏུ་གསོལ་བ་བཏབ་པར་རིག་ནས། སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བར་བལྟས་ཏེ། །ཉོན་མོངས་པ་རྣམས་བསལ་བའི་ཕྱིར། །ཧཱུཾ་མཛྲ་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས། རང་གི་རྡོ་རྗེ ་གསོར་ལ། །ཡི་གེ་མ་ལས་མིག་གཡོན་པ་ཟླ་བ་ཊ་ལས་མིག་གཡས་པ་ཉི་མར་བྱས་པས། །དུས་དང་ཕྱོགས་ཀུན་བསལ་བར་བྱས་ནས། རྣལ་འབྱོར་པས་ཁམས་གསུམ་མ་ལུས་པ་ལ་བལྟ་ཞིང། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལ། རྡོ་རྗེ་གསོར་བ ་ཉིད་ཀྱིས། རྡོ་རྗེ་འགྲོས་ཀྱི་གར་དང། འཁོར་ལོའི་ས་བསྐོར་བར་བྱའོ། །མགུར་ན་ཧྲཱི(རྒྱུད་འགྲེལ་པ་རྣམས། །དཔལ་ལྡན་རྡོ་རྗེ་འཛིན་པ་བདག་།བསྲུང་བའི་འཁོར་ལོ་སྦྱོར་བ་ཡིས། །རྡོ་རྗེ་ལུས་ནི་མདངས་ལྡན་པས། །ལུས་སོགས་གསུམ་སྐྱེས་འཇིགས་པར་བྱེད། །གལ་ཏེ་ང་ལ་འགས་བརྙས་ན། །འདིར་ནི་དག་ཞོམ་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང ་རིན་པོ་ཆེ་དང་པདྨ་དང། །རལ་གྲི་རབ་ཏུ་བཀོད་ལ་བརྗོད་པ་བྱའོ། །ས་ཡོངས་སུ་བཟུང་བ་བྱས་པའི་རྗེས་ལ། །བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ལ་ཕུར་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ(རྒྱུད་འགྲེལ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་པཱ་ཛཱ་པ་ཡ་ཏི། སརྦ་བིགྷྣཾ་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་ལ་ཧཱུཾ་ཕཊ། འོག་དང་སྟེང་དང་ཕྱོགས་མཚམས་ཀྱི་བགེགས་ཐམས་ཅད། །རལ་གྲི་གཤིན་རྗེ་གཤེད་ཀྱིས་ཕུར་བུས་གདབ་པར་བྱའོ། །དེ་ལྟར་ས་། ་ཡོངས་སུ་གཟུང་བ་བྱས་ཏེ། ས་བགེགས་ཞི་བར་བྱས་པར་མཐོང་ངམ་ནས། ཕྱོགས་མཚམས་འབར་བའི་འོད་ཀྱིས་མཚམས་བཅད་པ་བྱས་ཏེ། ཕྱི་རོལ་ཏུ་སའི་ལྷ་མོ་མ་དོག་སེར་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེད་ཕྱུང་བ། ཕྱག ་གཡས་པ་ཁས་ལེན་པའི་ལག་པ་ལྟ་བུ་གཡོན་ན་བུམ་པ་འཛིན་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཆོད་ལ་སྟ་གོན་དུ་གནས་པར་བྱའོ། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། ། །ཐེག་པ་སྤྱོད་པའི་ཁྱད་པར་དང། ས ་དང་ཕ་རོལ་ཕྱིན་པ་ལའོ། །ཇི་ལྟར་ཤཱཀྱ་སེང་གེ་ཡི། །བདུད་ཀྱི་སྟོབས་རྣམས་བཅོམ་པ་ལྟར། །བདག་གིས་བདུད་ཀྱི་སྟོབས་བཅོམ་སྟེ། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །དེ་ནས་དེ་ཉིད་དུ་ཞུགས་པར་བསམ་པར་བྱ་སྟེ། ས་སྟ་གོན་དུ་གནས ་པའོ། །དེ་ནས་ཡང་དེ་ཉིད་ལ་དྲིས་ཉེ་བར་བྱུགས་ལ། མེ་ཏོག་སྣ་ཚོགས་ཀྱིས་དགྲམ་པར་བྱའོ། །ལྷའི་གནས་རྣམས་སུ་ཙནདན་ལ་སོགས་པའི་མཎྜལ་བྱའོ། །དེ་ཉིད་དུ་སྙིང་གར་ཡེ་ཤེས་ཀྱི་འོད་ཟེར་གྱིས། །འཁོར་ལོ་བཀུག་ས་མཚམས་བཅད་པ་ལ་སོགས་པ་བྱའོ། །མཆོད་པས ་བསྟོད་པ་དང། བདུད་རྩི་མྱང་བ་ལ་སོགས་པ་ཡང་བྱའོ། །དེ་ནས་རྐང་པ་གཡས་པའི་པུས་མོ་ས་ལ་གཙུགས་ལ། །ལག་པ་གཡས་པར་སྤོས་སྣོད་ཐོགས་ཏེ། འཁོར་ལོ་རྫོགས་པའི་སངས་རྒྱས་ལ་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་གཤིན་གཤེད་བདེན་རྡོ་རྗེ། །རིག་པའི ་རྒྱལ་པོ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་སྙིང་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ཉིད་བྲི་བར་ཚལ། །སློབ་མ་ལ་ནི་བརྩེ་ཕྱིར་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་བཅོམ་ལྡན་ཁྱེད་ལ་གུས། །དགྱེས་པར་མཛད་པའི་ཡོས་ལགས་སོ། །སངས་རྒྱས་རྣམས ་ནི་བདག་ལ་དགོངས། །འགྲོ་བའི་འཁོར་ལོ་བྱ་བའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་དཔའ་དང། །གཞན་ཡང་གསང་སྔགས་ལྷ་ཉིད་དང། །འཇིག་རྟེན་སྐྱོང་དང་འབྱུང་པོ་དང། །རྫོགས་སངས་རྒྱས་ཀྱིས་རྗེས་བསྟན་པ། །བསྟན་ལ་དགའ་བའི་སེམས་ཅན་དང། །གང་དག་རྡོ་རྗེའི་མིག ་ཅན་རྣམས། །རྡོ་རྗེ་འཆང་ཆེན་བདག་མིང་འདི། །གཤིན་རྗེ་གཤེད་ནག་དཀྱིལ་འཁོར་ནི། །འགྲོ་བ་དག་ཕྱིར་བྲི་བར་བགྱི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས། །རྗེས་སུ་བརྩེ་བ་ཉེ་བར་སྩོལ། །བདག་དང་སློབ་མར་བཅས་པ་དང། །དཀྱིལ་འཁོར་པ་ཡི་གྲོགས་ཀུན་ལ། ཉེ་བར་མཛད་པར་འོས་པ ་ལགས། །དེ་ལྟར་ལན་གསུམ་གྱི་ངང་དུ་བྱས་ནས། །འཁོར་ལོ་དེ་ཡང་དག་པར་མཆོད་དེ། །ནམ་མཁའ་ལ་དགོད་པར་བྱའོ། །དེ་ནས་རྣལ་འབྱོར་པ་ཉི་མ་དང་ཟླ་བའི་མིག་ཅན་ཡི་གེ་ཛཾ?་ལས་དབྱུང་བ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་ལས་བྱུང་བ། དེའི་ཁ་དོག་ཅན་ཉི ་ཤུ་རྩ་ལྔར་དབྱེ་བར་བྱས་ལ། དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་བྱ་སྟེ། སྒོའི་ཉི་ཤུ་ཆ་དྲི་ཞིམ་པ་ལྔས་རྣམ་པར་བྱུགས་པའོ། །སྐུད་པ་འཁལ་བ་རལ་གྲི་གཤིན་རྗེ་གཤེད་དང་ལྷན་ཅིག་སྐུད་པ་བསྒྲིམ་པར་བྱའོ། །འབར་བའི་ལྟ་སྟངས་ཀྱིས་ལྕགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ ་རྣམས་བཅུག་ལ། ཨོཾ་དཱིཔཏ་དྲིཥྚཾ་ཨི་ཀུ་ཤི་ཛ(རྒྱུད་འགྲེལ་རཱ་ནུ་ག་ཏ་སརྦ་དྷརྨཱོ་ཨ་ཏྱནྟ་ནུ་པྲ་བཥྚི་སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་དེ། ཐིག་སྐུད་འཛིན་པས་ཡི་གེ་ཛ་ཛ་ཛ་ཞེས་རང་གིས་བསྐུལ་ཞིང་བཏོན་ལ། གཡོན་པའི་ཁུ་ཚུར་གྱིས་ལྟེ་བའི་སྟེང་དུ་ཐིག་སྐུད་བཟུང་སྟེ། ནུབ་ཏུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་པ་དང། ཤར་དུ་འོག ་སྟེ་ནུབ་ཏུ་མངོན་པར་ཕྱོགས་པ་དང། །ལྷན་ཅིག་ནམ་མཁའ་ཨི་ཐིག་གདབ་པར་བྱའོ། །ཡང་འོག་གི་ཐིག་གདབ་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏཱི་ཀྲ་མ་ཧཱུཾ། སེམས་ཅན་རྣམས་ཀྱི་དོན་དུ་ཁྱོད། ཡང་ནི་དུས་འདིར་གཤེགས་སུ་གསོལ་ཞེས་བྱ་བ་དང། ཐིག་སྐུད་ཀྱི ་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ། ཤར་དང་ནུབ་ཏུ་ཚངས་ཐིག་གདབ་པར་བྱའོ། །བྱང་དུ་མངོན་པར་ཕྱོགས་པ་དང། ལྷོར་མངོན་པར་ཕྱོགས་པས། ལྷོ་དང་བྱང་གི་ཚངས་ཐིག་གདབ་པར་བྱའོ། །མེར་འདུག་ལ་གནོད་སྦྱིན་དུ་བལྟས་པ ་དང། དབང་ལྡན་དུ་འདུག་ལ་ཡི་དགས་སུ་བལྟས་ཏེ། ཤར་གྱི་རྩ་བའི་ཐིག་གདབ་པོ། རླུང་གི་ཕྱོགས་སུ་འདུག་ལ་ཡི་དགས་སུ་བལྟས་པ་དང། བདེན་བྲལ་དུ་འདུག་ལ་གནོད་སྦྱིན་དུ་བལྟས་ཏེ། ནུབ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ། །མེར་འདུག་ལ་ཀླུ་ཕྱོགས་སུ་བལྟས་པ་དང ་བདེན་བྲལ་དུ་འདུག་སྟེ། དབང་པོར་བལྟས་པས། །ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ། རླུང་གི་ཕྱོགས་སུ་འདུག་ལ་དབང་པོར་ཕྱོགས་པ་དང། དབང་ལྡན་དུ་འདུག་ལ་ཀླུ་ཕྱོགས་སུ་བལྟས་པས་ཁྱད་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ། །ཆོ་ག་འདི་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས ་གཉིས་ཀར་ཐིག་བདུན་བདུན་གདབ་པོ། །རྩ་བའི་ཐིག་གི་ཕྱི་རོལ་གྱི་འགྲམ་དུ། ཐིག་དྲུག་གི་རྒྱབ་ལ་ནི་རྟ་བབས་ཅི་རིགས་པའི་ཐིག་གོ་།མཚམས་ཀྱི་ཐིག་གཉིས་ཀྱང་ངོ། །ཐིག་དེ་གཉིས་བལྟབ་དུ་བྱས་པས་དབང་ལྡན་མཚམས་ནས་བརྩམས་ལ། །སྐོར་ཕྱོགས་སུ་?་པའི ་རྣམ་པར་རྡོ་རྗེའི་ཕྲེང་བའི་ཐིག་གཉིས་གདབ་པོ། །ཕྱོགས་ཀུན་ཀྱང་མཉམ་པར་མོས་པར་བྱའོ། །འདི་མཚན་མ་དན་མཐོང་མི་འགྲུབ་པོ། །ཐིག་སྐུད་ཆད་ན་བླ་མ་འཆི། །ཕྱོགས་རྨོངས་འཁྲུལ་ན་སློབ་མའོ། །ལྷག་ཆད་ལས་རྨད་འབྱུང་བར་འགྱུར། གྲུ་བཞི་སྒོ་བཞི་རྟ་བབས ་བཞིས་བརྒྱན་པ། །ཐིག་བཞི་དང་མཉམ་པར་ལྡན་པ། དོ་ཤལ་དང་སེ་མོ་ངོ་དང། དར་དབྱངས་ཀྱིས་བརྒྱན་པ། མཚམས་དང་སྒོ་ཁྱུད་དང། འགྲམ་རྣམས་ལ་རྡོ་རྗེ་རིན་ཆེན་གྱིས་མཛེས་པར་བྱས་པའོ། །དེ་ལྟ་བུ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་རོ། །ཡང་ནང་གི་དཀྱིལ་འཁོར་གྱི་?? ་ཆ་གྲུ་བཞི་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ཉིད་དང་རྗེས་སུ་མཐུན་པའི་སྒོའི་བར་དུའོ། བློ་དང་ལྡན་པས་རྩེ་མོ་ལྔ་རྣམ་པར་བསམས་ལ། ཡི་གེ་དྷཱི(རྒྱུད་འགྲེལ་?་ཤིན་ཏུ་མཛས་པ་ཡིད་འོང་བའོ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་བཞིན་ལྷ་ཡི་སྣམ་བུ་སྟེ། རྡོ་རྗེའི་ལྷ་མོར་ཡང་དག་ལྡན། །ཀླུ་དང་རོལ་མོ་ལ་སོགས་པས། །ཁ་ཁྱེར་སྒོ་ཡི་ཕྱེད་ཡིན་ཏེ། །སྒོ་ཁྱུད་ལ་སོགས་དྲ་བ་དང། །དྲ་ཕྱེད་ཉི་མ་ཟླ་བ་དང་མེ་ཏོག་དག་གི་ཕྲེང་བ་ཡང། །ཚོན་རྩེའི་རྣམ ་?་ཕྱིར། །རྩ་བའི་ཐིག་གི་ཕྱི་བོས་པའོ། །རིན་ཆེན་ཀ་བ་སོགས་སྣམ་བུ། །མཉམ་པའི་ས་ལ་ཚོན་རྩི་སྦྱིན། རྟ་བབས་སྒོ་ཡི་ལྷུམ་གྱུར་ཏེ། །བ་དན་དྲིལ་བུར་ལྡན་པ་རྣམས། །དྲིལ་བུར་བཅས་པ་རླུང་བསྐྱོད་པའོ། །བ་དན་ཕྱི་ཡ་མཚམས་ཉིད་དུ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར ་མཛེས་པར་རབ་ཏུ་བརྟག། ཁྲུ་གང་ཉིད་ནི་མཉམ་སྦྱིན་ཞིང། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །དེ་བཞིན་དུ་ནི་རིམ་པ་འདིས། །སྔ་མ་བཞིན་དུ་མཉམ་པར་ཐིག་བཏབ་ནས། །རིམ་པ་སྔ་མ་བཞིན་དུ་རྡུལ་ཚོན་གྱི་ཆ་དག་བཏེག་ཅིང་བཟུང་ལ་འབར་བའི་ལྟ་སྟངས་ཀྱིས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ཙི་ཏྲ ་ས་མ་ཡ་ཧཱུཾ་ཞེས་བྱ་བས་སོ། །དེ་ནས་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་རྣལ་འབྱོར་པ། ཀུན་ཏུ་རྟོག་པ་མ་ལུས་སྤངས་པ། འཁོར་ལོའི་དབུས་སུ་གནས་ཤིང། དབང་ལྡན་གྱི་མཚམས་སུ་བརྟེན་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་བྲི་བར་བྱ་སྟེ། དཀར་པོ་དང། སེར་པོ་དང་དམར་པོ ་དང་ལྗང་གུ་སྟེ། ནག་པོ་ནི་ནང་ཉིད་དུའོ། །སྒོའི་ཉི་ཤུ་ཆ་ནི་ཚོན་རྩི་སྟེ། ཀུན་ཀྱང་སྦོམ་པོ་ལ་སོགས་པའི་སྐྱོན་དང་བྲལ་བར་བྲི་བར་བྱའོ། །དེ་ལ་སྦོམ་པོ་བྲིས་ན་ནད་འབྱུང་ངོ། །ཕྲས་ན་ནི་ནོར་ཉམས་སོ། །ཡ་ཡོས་འཁོན་འབྱུང་ངོ། །ཆད་ན་ནི་འཆིའོ། །ཚོན་རྩི་རྣམས་ཀྱི་བར་ནི་ནས ་ཙམ་གྱིས་ཆོད་པར་བྲིའོ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོ་ཕྱོགས་སེར་པོ་དང་ལྡན་པ། ནུབ་ཀྱི་ཆ་ནི་དམར་པོའོ། །བྱང་ཕྱོགས་ལྗང་དང་ལྡན་པའོ། །ིནྡྲ་ནཱི་ལའི་འོད་ལྡན་པ། །དབུས་ཀྱི་ཆ་ནི་མཉན་པར་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སུ། །ལྷའི་གནས་ཐམས་ཅད་དུ་སྣ་ཚོགས་པདྨའོ། །དཀྱིལ ་དུ་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འབྱོས་པའོ། །ཤར་ཕྱོགས་ཀྱི་རྩེ་མོའི་རྩ་བ་ལ་འཁོར་ལོ་རྩིབས་བརྒྱད་པའོ། །ལྷོ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། ཉི་མ་ལ་གནས་པའི་རིན་པོ་ཆེ་ཆ་དགུ་པའོ། །ནུབ་ཀྱི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། །ཉི་མ་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའོ ་བྱང་གི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་རལ་གྲི་ལྗང་གུའོ། །སྣ་ཚོགས་རྡོ་རྗེའི་མེ་མཚམས་སུ་འཁོར་ལོའོ། །བདེན་བྲལ་མཚམས་སུ་རྡོ་རྗེའོ། །རླུང་གི་མཚམས་སུ་པདྨའོ། །དབང་ལྡན་མཚམས་སུ་རལ་གྲིའོ། །ཤར་སྒོར་ནི་རྡོ་རྗེ་ཐོབ་རྩིབས་ཉི་ཤུ་པའོ། །ལྷོ་སྒོར་ནི་དབྱིག་པ་དཀར་པོའོ། །ནུབ ་སྒོར་ནི་པདྨ་དམར་པོའོ། །བྱང་སྒོར་རལ་གྲིའོ། །དཀྱིལ་འཁོར་གྱི་མཚམས་བཞིར་ནི། པདྨའི་སྣོད་བཞི་བྲི་བར་བྱ་སྟེ། རྡུལ་ཚོན་དགྱེ་བའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྣལ་འབྱོར་པ་རང་དང་མཚུངས་པའི ་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་པོ་ཉིད་དུ་གནས་ཏེ། དེའི་སེམས་ཀྱིས་ནམ་མཁའ་ཨི་ཁམས་བྱབ་པར་དཀྱིལ་འཁོར་སྒྲུབ་ཅིང་སྤྲོས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། །མིག་ལ་སོགས་པ་དང། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང། བདག་ཉིད་དབང་བསྐུར་བའི་ཆོ་གས་དབང་བསྐུར ་བར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཨརྒྷ་ལ་སོགས་པ་དབུལ་ཞིང་ཁྲོ་བོ་རྣམས་དགུག་པ་དང་གཞུག་པ་དང་བཅིང་བ་དག་དབང་དུ་བྱས་ལ་མཆོད་པ་དང་བསྟོད་པ་དང། བདུད་རྩི་སྦྱང?་བ་ཡང་བྱའོ། །བཟླས་པ་དང་བསྒོམ་པ་དང་མཉེས་པ་ཡང་བྱའོ། །ཕྱོགས་སྐྱོང་བ་རྣམས་ལ་ཡང ་གཏོར་མ་དང་མཆོད་པ་དབུལ་ཏེ། བདག་ཉིད་ཀྱིས་དཀྱིལ་འཁོར་བསྐོར་ཞིང་ཕྱག་ཀྱང་བྱ་སྟེ། འདི་ལྟ་བུ་ནི་དཀྱིལ་འཁོར་སྒྲུབ་པའི་ཐབས་སོ། དེ་ནས་བུམ་པ་བཅོ་བརྒྱད་གཙོ་བོའི་དཀྱིལ་འཁོར་དུ་བཞག་།པདྨའི་སྣོད་བཞི་ཡང་བཞག་གོ་།ལས་ཐམས་ཅད་ཀྱི་མཚན་མ་གདབ། མགྲིན་པ་གོས་ཀྱིས་དཀྲི། ཙུ་ཏ་ལ་སོགས ་པའི་ཁ་རྒྱན་དང་ལྡན་པར་བྱ། །རིན་པོ་ཆེ་ལྔ་དང་སྨན་ལྔ་དང། འབྲུ་ལྔ་དང་ལྡན་པ་དེ་དག་ཀྱང། སྔགས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བལྟས་ལ། དེ་རྣམས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང། ཨརྒྷ་ལ་སོགས་པ་ཕུལ་ཏེ། དགུག་པ་དང་གཞུག་པ་དང། བཅིང་བ་དང་དབང་དུ་བྱས་ལ ་མཆོད་པ་ལ་སོགས་པ་དབུལ་ལོ། །མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སྟེང་རྣམས་སུ་བཞག་ལ། སྔགས་པ་དེ་སྲིད་འདོད་ཀྱི་བར་དུ་དུས་གསུམ་དུ་བཟླ་ཞིང། འཁོར་ལོ་དེ་ཆུ་དེ་ཉིད་ཀྱི་རྣམ་པར་མཐོང་བར་བྱའོ། །དེ་ལྟ་བུ་ནི་བུམ་པ་སྟ་གོན་དུ་གནས་པའི་ཆོ་གའོ། །དེ་ནས་མ་ཚང་པ་ལ་སོགས་པའི་སྐྱོན་ཞི་བར་བྱ ་བའི་ཕྱིར་དང། ཡོན་བདག་གི་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །དེ་ལ་ཞི་བའི་ཐབ་ཁུང་བཞིན་དུ་ལས་ཐམས་ཅད་པའི་ཐབས་ཁུང་བྱ་སྟེ། ཁྲུ་གང་གི་ཚད་ཙམ་ལ། ཟབས་སུ་ཁྲུ་ཕྱེད་བརྐོས་པ་མ་གཏོགས་པ་རྒྱ་དང། འཕང་དུ་སོར་བཞི་པའི་ཁ་ཁྱེར་པདྨ་རྒྱས་པའི་རྣམ་པ་ལྟ ་བུས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཁ་ཁྱེར་སོར་གཉིས་པས་གྲུ་བཞིར་བསྐོར་བར་བྱའོ། །དེའི་མཚམས་ལ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པའོ། །ཐབ་ཁུང་གི་དཀྱིལ་དུ་སོར་བརྒྱད་ཀྱི་ཚད་ལ་རྩེ་མོ་རྣམས་ལ་སོར་རེ་རེ་ཡོད་པའི་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་བྲིའོ། །ཤར་དང་ལྷོ་དང་ནུབ་དང་བྱང་དུ་འཁོར་ལོ་དང། རིན་པོ་ཆེ ་དང། པདྨ་དང། རལ་གྲི་སོར་དྲུག་གི་ཚད་ཙམ་བྲིའོ། །ཚོན་རྩི་དཀར་པོས་སྟེང་དུ་བྲིའོ། །དེ་ནས་རྣལ་འབྱོར་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བསྲེག་པའི་རྫས་མ་ལུས་པ་གཡས་ངོས་སུ་བཞག་ལ། བསང་གཏོར་གྱི་ཆུའི་སྣོད་ལ་སོགས་པ་གཡོན་ཕྱོགས་སུ་བཞག་གོ་།བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི ་གཡོས་ཁང་ནས་མེ་བླངས་ལ། འོ་མ་ཅན་གྱི་ཤིང་རབ་ཏུ་སྤང་བར་བྱ་སྟེ། སྲོག་ཆགས་ལ་གནོད་པ་སྤང་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་སོང་བའི་སྣ་ཚོགས་པདྨའི་སྟེང་དུ་རཾ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གསུམ་པ་གཉུག་མར་གནས་པའི་རིག་པ་དང། གཉིས་སུ ་མེད་པའི་སྐུ་ཕྱག་གཡས་ན་སྤྱི་བྲུགས་བསྣམས་པ། གཉིས་པ་མི་འཇིགས་པ་སྦྱིན་པ། གཡོན་ན་དབྱིག་གུ་རྩེ་གསུམ་པ་བསྣམས་པ། གཉིས་པ་ན་འཕྲེང་བ་བསྣམས་པ། གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པ། །གཡས་བརྐྱང ་བའི་ཞབས་ཀྱིས་གནས་པ། ཁྲོ་བོའི་རྒྱན་གྱིས་བརྒྱན་པ་བསྒོམས་ལ། སྙིང་ག་ན་གནས་པའི་ས་བོན་ལས་ཡེ་ཤེས་ཀྱི་མེ་དགུག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛ(རྒྱུད་འགྲེལ་མཆོད་པ་ལ་སོགས་བྱ་སྟེ། དེའི་ཞལ་དུ་ཡི་གེ་རཾ་བཀོད་ལ་བསྲེག་རྫས་བྱུར་བུ་དབུལ་ལོ། །བླུགས་གཟར་དང་དགང་གཟར་གྱི་མཆུ་དང། མཆུ་ལ་ཡང་རིམ་པ་བཞིན་བསྒོམས་ཏེ། སྲེག་རྫས་ཐམས་ཅད་དབུལ་ལོ། །ཕྱིས་དེའི་སྙིང་གར་གཤིན་རྗེ་མཐར་བྱེད་ཀྱི་རང ་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་པ་ལ་སོགས་པ་བྱས་ལ། མཆོད་པ་ལ་སོགས་པ་དབུལ་ཏེ། དེའི་ཞལ་དུ་ཡེ་གེ་རཾ་བསྒོམས་ལ། ཨོཾ་ཨགན ་ཡེ་སྭཱ་ཧཱ་ཞེས་བྱ་བས། མར་གྱིས་བཀང་བའི་སྲེག་བླུགས་དབུལ་ལོ། །ོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པ་ནི་ད་ཧ་སྭཱ་ཧཱ། ཞེས་བྱ་བས་ནི་དུར་པའོ། །ོཾ་བཛྲ་པུ?་ཡེ་སྭཱ་ཧཱ་ཞེས་བྱ་བས་ནི་འབྲས་མགོད་པའོ། །ོཾ་སརྦ་ས་བ་དེ་སྭཱ་ཧཱ་ཞེས་བྱ་བས་ནི་ཞེའོ།། ་ཨོཾ་ཨ་པྲ་ཧི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི་ཀུ་ཤའོ། །ོཾ་བོ་དྷི་པྲཀྵི་ཡ་སྭཱཧཱ་ཞེས་བྱ་བས་ནི་ཨོཾ་ཤྭཏྠའོ། །ོཾ་བཛྲ་ཀུ་པེ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་ནྱ་གྲོ་དྷའོ། །ོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི་ཨུ་དུམྦ་ངའོ། །ོཾ་ས་ཧ་ཀརཱ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི ་ཨ་མྲའོ། །ཤིང་ལས་བྱུང་བ་མ་ཡིན་པའི་སྲིག་རྫས་གཞན་དག་ནི། རང་གི་འདོད་པའི་ལྷ་སྔགས་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་བསྐུལ་བའི་ཚིག་དང་ལྡན་པས། བདུད་རྩིའི་ངོ་བོར་བསྒྲུབས་ལ་བསྲེག་པར་བྱའོ། །དེ་ནས་འཐོར་འཐུང་དང། ཞབས་བསིལ ་དང། མེ་ཏོག་དྲི་ཞིམ་པོ་ལ་སོགས་པ་དང། ན་གཟའ་དང། སོ་རྩི་དང་བཤོས་རྣམས་ཕུལ་ནས། འདོད་པའི་དངོས་པོ་བླངས་ལ། ཡི་གེ་མུ(རྒྱུད་འགྲེལ་སུ་གསོལ་ལོ། །སྦྱིན་སྲེག་ག་དགང་གཟར་ཁྲུ་གང་གི་ཚད་ལ་རྩ་བ་རྡོ་རྗེ་རིན་པོ་ཆེ་དང་ལྡན་པ་སོར་བཞི་པ་སོར་གཉིས་བརྐོས་པ་རྡོ་རྗེ་དང་ལྡན་པ་པདྨའི་འདབ་མ་ལྟ་བུ་འབྱུང་བའི་སྦུབས། མཐེའུ་ཆུང་གི་ཚང་ཙམ་དང་བཅས་པའོ། །བླུགས་གཟར་ནི་སོར་གཉིས་ཅན་?? ་གཅིག་པ་བརྐོས་པ། རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟར་བུ་སྟེ། དགང་གཟར་དང། བླུ་གཟར་རོ། །དེ་ནས་རབ་གནས་ཀྱི་ས་གཞི་གདུགས་དང། རྒྱལ་མཚན་དང། བ་དན་སྣ་ཚོགས་དང། རོལ་མོའི་སྒྲ་སྣ་ཚོགས་ཡིད་དུ་འོང་བ་དང། སློབ་དཔོན་ཡང་ཇི་ལྟར་ཆོགས་ཀྱིས ་བརྒྱན་སྣ་ཚོགས་ཀྱིས་བརྒྱན་ལ། སྐུ་གཟུགས་སམ། རི་མོ་འམ་གླེགས་བམ་བདུན་དུ་བཞག་སྟེ། བསང་གཏོར་དང། ཡོན་ཆབ་དང། འཐོར་འཐུང་ཕུལ་ལ། ཁུ་ཚུར་གཡོན་པ་འམ། གཞན་དུ་ཡུངས་ཀར་བླངས་ཏེ། སྐུ་གཟུགས་ལ་སོགས་པ་མདུན་དུ་གཡོན ་པ་འམ། གཞན་གྱིས་ལན་གསུམ་གྱི་བར་དུ་བསྐོར་ཏེ། མེའི་ནང་དུ་བླུགས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་བཏབ་པའི་ཁམས་ཕོར་གསུམ་གྱིས་བསྐོར་ཞིང་གཡབས་ལ་བསྐུར་རོ། །དེ་ནས་སྙིམ་པས་ཆུ་བླངས་ལ་མིང ་ཉིད་དུ་བླུགས། དེ་ནས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། རྣམ་པར་རྟོག་པ་ཐམས་ཅད་སྤང་ཞིང་སྤོས་སྣོད་བཟུང་ལ་དེ་བཞིན་གཤེགས་པ་རྣམས་སྟ་གོན་དུ་གནས ་པའི་ཕྱིར་རོ། །དམ་ཚིག་ཅན་ཁྱོད་ཀྱིས་བདག་ལ་དམ་ཚིག་སྩོལ་ཅིག་ཅེས་ལན་གསུམ་དུ་བརྗོད་དོ། ཇི་ལྟར་ཡང་དག་རྫོགས་སངས་ཀུན། །དགའ་ལྡན་གནས་སུ་བཞུགས་ནས་ནི། །ལྷ་མོ་སྒྱུ་མའི་མངལ་འཇུག་པ། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ།། ་མགོན་པོ་འདིར་ནི་རྟག་བཞུག་ནས། མེ་ཏོག་ལ་སོགས་འདིར་བཞེས་ལ། །མི་འདིའི་དོན་ནི་གཟུང་ཕྱིར་དང། བྱང་ཆུབ་སེམས་ནི་བརྟན་པར་མཛོད། །དེ་ནས་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་བྱའོ། །ལྷ་སྟ་གོན་དུ་གནས ་ནས་ཐོ་རངས་ཀྱིས། །སྐུ་གཟུགས་གོས་སེར་པོས་གཡོགས་ལ། །ཁ་ཤར་ཕྱོགས་སུ་བསྟན་ཏེ་ཁྲུས་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུཾ་ཏྲཾ་ཧྲཱི(རྒྱུད་འགྲེལ་སྣུམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བྱ་བས་སྔགས་ཏེ། དུར་བའི་ཆང་བུས་བྱུག་པར་བྱའོ། །དེ་ནས་ཤུན་པ་ལྔ་ཁར་བའི་སྣོད་དུ་བཞག་ལ་སྣུམ་ཕྱིའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ། བུམ་པ་སོ་སོའི་ཆུས་ཁྲུས ་གསོལ་ལོ། །ཇི་ལྟར་བལྟམས་མ་ཐག་ཏུ་ཡང། །དེ་བཞིན་གཤེགས་ཀུན་སྐུ་བཀྲུས་ལྟར། །ལྷ་རྗེས་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་རྗེས་ལ ་ནམ་མཁའ་ལ་གནས་པའི་ཙར་ཏསྩི་ཀ་ལ་སོགས་པ། རིག་པའི་ཚོགས་རྣམས་བཀུག་ནས། ཡེ་ཤེས་བདུད་རྩི་ཆུས་གང་བའི་བུམ་པ་འཛིན་པ་དེ་རྣམས་ཀྱིས། དེ་མངོན་པར་དབང་བསྐུར་བར་བྱའོ། །དེ་ནས་གོས་ཀྱིས་རླན་མེད་པར་ཕྱིས་ལ། དང་པོའི་གནས་སུ་བཞག་གོ། རས ་དྲིས་སམ་གླེགས་བམ་མམ། མཆོད་རྟེན་ཆེན་པོ་རྣམས་ནི་མེ་ལོང་ལ་སྔ་མ་བཞིན་དུ་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལྟ་བུ་ཁྲུས་གསོལ་བའི་རིམ་པའོ། །དེ་ནས་མིག་ལ་སོགས་པ་དང། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང། བདག་ཉིད་དབང་བསྐུར་ལ་།རིགས ་ཀྱི་གཙོ་བོར་ཅོད་པན་ཉིད་དུ་བཞག་ཅིང། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ལ། ཡོན་ཆབ་ལ་སོགས་པ་དབུལ་ཞིང་དམ་ཚིག་ལ་གཞུག་པར་བྱའོ། །གླེགས་བམ་ལ་ནི་ཡི་གེའི་གཟུགས་ཉིད་འགྱུར ་བ་ལན་བཟའ་དབུལ་ཏེ། ཨོཾ་བཛྲ་བསྟྲ?་ཡེ་སྭཱཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ་།དེ་ནས་མེ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་བཛྲ་པུཥཔེ་ཧཱུཾ་།ཆུ་དང་ཐང་ལ་སྐྱེས་པ་ཡི། །མེ་ཏོག་གཙོ་བོ་མཆོག་འདི་དག་།གུས་པ་མཆོག་གིས་བདག་འབུལ་ན། །ཇི་ལྟར་བདེ་བས་བཞེས་སུ ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་པའི་དྲི་ཡི་མཆོག་འདི་དག་།གུས་པ་མཆོག་གིས་བདག་འབུལ་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ཞུན་མར་འབྲུ་མར་སྣང་བ་འདི། །ལྷ་རྫས་འོད་འབར་མུན་པ་འཇིག་།བདག་ཉིད་དང་བས་འབུལ་ལགས་ན། མི ་ཤེས་པ་ཀུན་གསལ་དུ་གསོལ། །བཟའ་བཅའ་ཀུན་དང་བཅས་པ་ཡི། །ཁ་དོག་དྲི་དང་རོར་ལྡན་པ། །བཤོས་གཙང་དམ་པ་བདག་འབུལ་ན། །འདི་དག་ཐམས་ཅད་གཞེས་སུ་གསོལ། །དེ་ལྟར་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པ་དབུལ་ལོ། །ཕྱི་ནས་སྐུ་གཟུགས་ཀྱི ་?་དབྱེ་སྟེ། །དངུལ་གྱི་སྣོད་ན་ཡོད་པའི་མར་དང། །སྤྲང?་རྩི་གསེར་གྱི་ཐུར་མས་བླངས?་ལ་ཨོཾ་བཛྲ་ཙཀྵུ་ས་མན་ཏ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞེང་གཡོན་པས་དྲིལ་བུ་དཀྲོལ་ལ། །གཏི་མུག་རྡོ་རྗེའི་ངོ་བོ ་ཕྱིར?། །?་བྱ་བ་ལ་སོགས་པའི་བསྟོད་པ་བྱ་སྟེ། དེ་ལྟ་བུ་ནི་རབ་གནས་ཀྱི་ཆོ་གའོ། །གང་གི་ཚེ་སྙིང་རྗེ་མཆོག་གི་དབང་དུ་གྱུར་ཅིང་དབང་བསྐུར་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་?་དཀྱིལ་འཁོར་གྱི་གནས་ཀྱི་ཕྱི་རོལ་ཏུ། རིགས་དང་གཟུགས་དང་ལང་ཚོ་དང། དད ་པ་དང། ཐོས་པ་ལ་སོགས་པ་??་དོན་དུ་གཉེར་བའི་སློབ་མ་ལག་ཏུ་མེ་ཏོག་ཐོགས་ཏེ། དཀྱིལ་འཁོར་ལ་ཕྱག་བྱས་པ་དང། གཞན་ཡོན་ཏན་མེད་པ་ཡང། སངས་རྒྱས་དང། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ཆོས་བཤད ་པས་??་ནོ། རྗེས་སུ་གནས་པ་ཞི་པོ་འམ། །རང་གི་བསླབ་པ་ལྡན་པའི་འཁོར། །ཐེག་པ་ཆེན་པོའི་བློ་ཅན་ལ། །སངས་རྒྱས་ཡང་དག་ཆོ་ག་གསུངས། །སྔགས་ཀྱི་དངོས་གྲུབ་མཚན་མ་འམ། །འགའ་ཞིག་ཞི་བའི་དཀྱིལ་འཁོར་དང། །དེ་བཞིན་བསོད་ནམས་? ་ལ་གཞན། །འཇིག་རྟེན་ཕྱི་མ་ཐེག་མཆོག་དང། །མང་དུ་འཇིག་རྟེན་ཕ་རོལ་དོན། །བྱས་ནས་དང་ལྡན་བློ་དག་བྱེད། །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། འཇིག་རྟེན་ཕྱི་མའི་འབྲས་འདོད་ལ། །གང་ཕྱིར་འདི་ལ་ཕན་མང་བ། །འདི་མིང་འཇིག་རྟེན་ཕ་རོལ་པ། ་དེ་ཕྱིར་འཇིག་རྟེན་གཞན་གྲུབ་ཕྱིར། །ཁྱེད་ཀྱི་བསྟན་པ་ཡིད་ཀྱིས་བགྱིས། །དེ་ལྟར་སྨྲས་ནས་ཞི་བར་འཇུག་པས་རྡོ་རྗེ་དང་པདྨ་དག་པར་བྱས་པ་ལ་གསོལ་བ་གདབ་བོ། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ལམ ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་མཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པ་གསོལ་ཞེས་ལན་གསུམ་བརྗོད་དེ། ་གུས་པ་དང་ལྡན་པའི་བླ་མ་ལ་འདི་ལྟར་གཙོར་བྱས་ལ་བརྗོད་དོ། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །ཐེག་ཆེན་འདི་ནི་བུ་ཁྱོད་ཤོག། ཁྱོད་ནི་ཐེག་པ་ཆེན་པོའི་སྣོད། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས ་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་བཅུ?་ཉིད་ཀྱིས། །ཡེ་ཤེས་མཉམ་པ་མེད་པ་བརྙེས། །ཤཱཀྱ་སེང་གེ་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །གང་གིས་སྟོབས་ཆེན་བདུད་ཀྱི་སྡེ། །ཤིན་ཏུ་འཇིགས་པ་ཆེན་བཅོམ་ནས། །འཇིག་རྟེན་རྗེས་འཇུག་བཀོད ་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་བུ་ཁྱོད་བློ་ཡིས་འདིར། །ཐམས་ཅད་མཁྱེན་ཉིད་ཐོབ་པར་གྱིས། །ཞེས་གསོལ་བ་འདེབས་པ་ལ་སྨྲས་ནས། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པའི་ཕྱིར་དང། སྐྱེས་པ་རྣམས་ཡང་དག་པར་སྦྱོར་བར་བྱ་བའི ་ཕྱིར། དེ་དག་ཤིན་ཏུ་འདོད་པར་བྱས་ལ། དེའི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ། མགྲིན་པར་ཡི་གེ་ཨཱ(རྒྱུད་འགྲེལ་ནས་མགྲིན་པར་བསྐུ་འོ། །དེ་ནས་དེ་དག་གི་མགོ་ལ་མེ་ཏོག་སྦྱིན་ནོ། །དྲི་དང་བྱུག་པ་ནི་མདུན་དུའོ། །མར་མེ་མདུན་དུའོ། །ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླའོ། །དེ་ནས་ཆགས་པ་ལ་སོགས་པའི་སྐྱེན་དང་བྲལ་བའི་སོ་ཤིང་རྩེ་མོ་མེ་ཏོག་ཅན་ཕྱིར་རོ། །དེས ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བཅའ་ཞིང་བ་ལང་གི་པགས་པ་ཙམ་གྱིས་ཕྱོགས་བ་ལང་གི་ལྕེ་བས་བྱུགས་པར་དོར་དོ། །ད་ནས་དེ་ལྷུང་བ་དང་ཞི་བ་ལ་སོགས་པ་གྲུབ་པའི་མཚན་མ་དེ་ལ་བསྟན་པར་བྱའོ། །དེ་ནས་ཆུ་ཁྱོར་པ་གསུམ་གྱིས་ཁ་བཤལ་ཏེ། ཨོཾ་?? ་ཤུདྡྷ(རྒྱུད་འགྲེལ་འཇིག་རྟེན་དུ། །བརྒྱ་ལ་འགྱུར་ངམ་མི་འབྱུང་འགྱུར། །ུ་དུམ་བར?་མེ་ཏོག་ཀྱང། །དེས་འགའ་རེས་འགའ་འབྱུང་བ་སྲིད། །གསང་སྔགས་ཚུལ་ལ་གནས་པ་ཡང། །དེ་བས་ཀྱང་ནི་རྙེད?་པར་དགའ་། །གང་གིས་སེམས་ཅན་དཔག་མེད་དོན། །ནུས་པར་མཛད་ལས་འདས ་པ་དང། །བསྐལ་བ་དུ་མ་དཔག་མེད་དུ། །གང་གིས་སྡིག་པ་སྟོན་བྱས་པ། །དཀྱིལ་འཁོར་འདི་འདྲ་འཐོང་བས་ནི། །དེ་དག་ཐམས་ཅད་ཟད་འགྱུར་བས། །སྔགས་སྦྱོར་ཚུལ་ལ་གནས་པ་དང། །མཉམ་པར་གྱུར་པས་གཞན་ཅི་ཡོད། །ཚེ་འདི་ཉིད་ལ་སྤགས་བཟླས་པས། །བླ་མེད ་གནས་སུ་འགྲོ?་འགྱུར་ཏེ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོའི་གནས་ནི་དེ་དག་སྤངས། །དེ་དག་ཐམས་ཅད་ཟད་འགྱུར་པས། །དེ་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་གྱུར་ནས། །ཁྱོད་ནི་དེ་རིང་རྙེད་པ་མཆོག་།བདག་ཉིད་ཆེན་པོ་རྙེད་པར་འགྱུར། ། ་??་རྒྱལ་བ་ཐམས་ཅད་ནི་བསྲས་དང་བཅས་པས་བསྟན་པ་འདི། །ཁྱོད་ཀྱི་ཀུན་གྱིས་ཡོངས་བཟུང་སྟེ། །གནས་ནས་བདག་ཉིད་ཆེན་པོ་ལས། །གང་གིས་ཁྱོད་ནི་ཐེག་ཆེན་ལས། །འདིར་ནི་འགྲོ་བར་འགྱུར་བ་ཡིན། །ལམ་འདི་མཆོག་སྟེ་དཔལ་དང་ལྡན། །ཐེག་པ་ཆེན་པོ་སྣང? ་བ་ཆེ། །གང་གིས་ཁྱོད་ནི་འགྲོ་འགྱུར་བས། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར་ཞེས་བསྟན་ནས། །ཀུ་ཤ་བཏིང་བ་ལ་བཞག་ལ་རྨི་ལམ་ཅུང་ཞིག་མཐོང་ནའང་ང་ལ་ཐོ་རངས་ཁྱོད་ཀྱིས་ཟློས་ཤིག་ཅེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་དུ་གནས ་པའོ། །གལ་ཏེ་མི་དགེ་བའི་མཚན་མ་ཟློས་ན་དེའི་ཚེ། ལས་ཐམས་ཅད་པའི་སྔགས་ཀྱིས་བརྡག་པར་བྱའོ། །ཡང་དེས་བསྲུངས་ལ་སྡོམ་པ་འཛིན་དུ་བཅུག་སྟེ། དཀྱིལ་འཁོར་ཕྱིར་མི་བཟློག་པའི་དབང། །གསལ་བ་མགོན་པོས་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་དག ་བསྟོད་པ་དང། །སློབ་དཔོན་གྱི་ནི་ལས་དག་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། གསང་བའི་སྡོམ་པ་བླ་མེད་རྣམས། །སློབ་དཔོན་གྱིས་ནི་བདག་ལ་སྩོལ། །རྟག་ཏུ་སེམས་ཅན་དོན་བགྱིད་དོ། །ཞེས་བརྗོད་ནས། བདག་དང་སློབ་མ་འཇུག་པའི་ཆོ་ག་ཡིན་ཏེ། དང་པོ་སློབ་དཔོན་དཀྱིལ ་འཁོར་དུ་ཞུགས་ཤིང། དབང་ཐམས་ཅད་རྫོགས་པར་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས། ཡོལ་བའི་ཕྱི་རོལ་ཏུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་གྱུར་པ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨོཾ:། བཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་བཟླ་ཞིང་མེ་ཏོག ་གི་ཕྲེང་བ་བཟུང་སྟེ། མིག་གཉིས་བཀབ་པ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཆུས་བསངས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར་ཁྱོད་གང་ལ་དགའ་བ་ཡིན་ཞེས་བྲིའོ། །དེས་ཀྱང་སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །ཞེས་བརྗོད་དོ། །དེ་མ་ཐག་ཏུ་ཨོཾ་སརྦ་ཨོཾ་ག་ཙིཏྟ ་ཨུདབཱ་ང་ཡ་མི་ཞེས་བྱ་བས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟཝཾ་ཧོ་ཏིཥྛ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱའོ། །དེ་ནས་སྔར་བསྟན་པའི་ཡི་གེ་ལྔ་བརྗོད་ཅིང། ཡོལ་བའི་ནང་དུ་བཀུག་ལ་འདི་སྐད་ཅེས་བརྗོད་དོ ་དེ་རིང་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ཡེ་ཤེས་རྡོ་རྗེ་དེ་བས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅིག་གོས། །ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ ་སྟེ་།དམ་ཚིག་ཉམས་པར་གྱུར་ཏ་རེ་།དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འདི་འགའ་ལ། །སྨོས་ན་མགོ་བོ་འགས་པར་འགྱུར། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་གྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི ་སྨྲས་ན་ནི། །དེ་ཡི་མོད་ལ་བཀས་ནས་གཤེགས། །ཞེས་བྱ་བ་འདིས་མནའ་བསྒྲག་གོ་།ཙནདན་དང་གུར་ཀུམ་བསྲེས་པའི་ཆུ་ལ་ཨོཾ་བཛྲ་ཨུད་ཀ་ཐ་ཞེས་ལན་བདུན་གྱི་བར་དུ་བཟླས་ལ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་ཉམས་ན་བསྲེགས་པར་བྱེད། །དམ་ཚིག་སྲུང་ན ་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག་ཅེས་བརྗོད་ལ་བྱུང་ངོ། །དེ་ནས་འདི་སྐད་བརྗོད་དེ། །དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་པ་ཡིན་གྱིས། །ངས་གང་སྨས་པའོ་ཁྱོད་ཀྱི་བྱ་བ་ཡིན་ནོ། །ང་ལ་བརྙས་པར་མ་བྱེད་ཅིག་།ཉོན་མོང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས།། ་དམྱལ་བར་ལྷུང་བར་མ་བྱེད་ཅིག་ཅེས་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་བདག་ལ་དབང་ཏུ་གསོལ། །ཞེས་བརྗོད་དོ། །དེའི་སྤྱི་བོར་ཡི་གེ་པཾ་ལས་བྱུང་བའི་བུམ་པས་མཚན་པ་དཀོར་པོ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀྱིལ་དུ ་ཏའོ། ཐ?་སྙིང་གར་ལམ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་ཞི?། །རྡོ་རྗེ་རྩེ་གསུམ་པས་མཚམས་སུ་མཚན་པ་དེ་ལ་ཧཱུཾ་ངོ། །ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་ཤིན་ཏུ་རྣོ་ཞིང་ཚ་བ་དེ་ལ་ཨཱའོ། །རྐང་པའི་འོག་ཏུ་ཨཾ་ལས་བྱུང་བ ་རླུང་གི་དཀྱིལ་འཁོར་སྔོན་པོ་བཞིའི་རྣམ་པ་ལྟ་བུ་གཡོ་བའི་བ་དན་ཕྱེད་པས་མཚན་པ་དེ་ལ་དྡྷོ?(རྒྱུད་འགྲེལ་འཁོར་ཡང་འབར་བར་གྱུར་ཏོ་།དེ་ནས་ཆུའི་དཀྱིལ་འཁོར་ལས་དག་ཅིང་གཙང་བའི་རྒྱུན་བབ་པས། ངོམས་ཤིང་ཚིམ་པར་གྱུར་ནས་རླུང་གིས་བཏེག་པ་དང། སློབ་མ་དང་རང་འགྱིང་བག་དང་བཅས་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་སྐུ་ཤིན་ཏུ་དྲག་པོ་ཅན་?་གཡས་པས་རྡོ་རྗེ་ ་གསོར་བ་གཡོན་པས་དྲིལ་བུ་འཁྲོལ་བ། འབེབས་པའི་སྔགས་ཀྱིས་ཕབ་སྟེ། སྤོས་དབུལ་ལོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་འདོད་ཆགས་གཤིན་རྗེ་གཤེད་དུ་དེ་མ་ཐག་ཏུ་དམིགས་ལ། དེའི་ལྕེ་ལ་ཡི་གེ་ཨཱ(རྒྱུད་འགྲེལ་དེ། །དག་གི་བརྟན་བརྗོད་པར་བྱེད། །སེམས་ནི་བརྟན་ནས་ཁམས་གསུམ་གཤེས་ཤིང་ལུས་ནི་བརྟན་གྱུར་ན། །ནམ་མཁའ་ལ་ཡང་འགྲོ་བར་འགྱུར། །གལ་ཏེ་རིང་དུ་འགྲོ་འགྱུར་ན། །མགོ་བོའི་གཙུག་ཏུ་ལམ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་ཀུན་ནས་? ་པར་བསྒོམས་ལ་དེ་རེངས་པར་བྱའོ། །དེ་ལྟ་བུ་ནི་དབབ་པའོ། །དེ་ནས་ཐོགས་པའི་མེ་ཏོག་དེ་དཀྱིལ་འཁོར་དུ་དབུལ་ཞིང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་དོ། །དེ་ལྟར་ལྷ་གང་གི་གནས་མཚན་མ་དང་ཉེ་བར་བབ་པར་གྱུར་ན། །དེའི་རིགས་ཡིན་པར་དེ་ལ་བསྟན་པར་བྱའོ། །གནས་མཆོག ་ཏུ་བབ་ན་དངོས་གྲུབ་མཆོག་འགྲུབ་པོ། །གནས་དཀྱིལ་དུ་ནི་དངོས་གྲུབ་འབྲིང་ངོ། །གནས་སྣང་ཀྱི་ལས་དངོས་གྲུབ་ཐ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་བབ་ན་དངོས་གྲུབ་མེད་དོ། །གལ་ཏེ་དཀྱིལ་འཁོར་དུ་མ་བབ་ན་དེ་ཡང་འཕང་ངོ། །ལན་གསུམ་འཕངས་ཀྱང་དེ་ཉིད་དུ་མ་བབ་ན ་དེ་བཟུང་བར་མི་བྱའོ། །དེ་ནི་མེ་ཏོག་དོར་བའོ། །འཕངས་པའི་ཕྲེང་བ་དེ་བླངས་ཏེ་དེའི་མགོ་ལ་བཅིངས་ལ། སེམས་ཅན་སྟོབས་པོ་ཆེ་འདི་ལོར་ཞིག་ཅེས་བརྗོད་དོ། །དེ་ནས་ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱེད་ཀྱི་མིག་འབྱེད་མཛད། །དེ་ལྟར་མིག་ནི་ཐམས་ཅད་འབྱེད ་རྡོ་རྗེ་མིག་ནི་བླ་མེད་པ། །ཞེས་བརྗོད་ནས་གདོང་གཡོགས་དབྱེའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བསྟན་པ་སྔོན་འགྲོ་བས་བྱང་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། གཙོ་བོའི་བར་དུ་བསྟན་པར་བྱའོ། །དེ་ནི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་སངས་རྒྱས་ཆོས་ཆེན་པོ། ། ་རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང། །ཉིད་ཀྱི་མཆོག་ཀྱང་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་བཟུང་ལ། རྡོ་རྗེ་ཙརྩི་ཀ་ལ་སོགས་པས་བུམ་པས་དབང་བསྐུར་རོ། །རྡོ་རྗེ་ཆེན་པོས ་དབང་བསྐུར་བ། ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །གསང་གསུམ་པ་ཡི་གནས་བྱུང་བའི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བརྗོད་ཅིང། ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་ཀུན་ནས་གཏོར་ཞིང། ཨོཾ་བཛྲ་ཨ་བྷི་ཥྙྩི་ཞེས་བརྗོད་དེ། སློབ ་མ་འཁོར་ལོ་སྒྱུར་བ་བཞིན་དུ་དབང་བསྐུར་རོ། །ཆུའི་དབང་བསྐུར་བའོ། །དེ་ནས་གསེར་རམ་གོས་ལས་བསྒྲུབས་པའི་ཅོད་པན་ཇི་ལྟ་བའི་སྔགས་ཀྱིས་མགོའི་སྟེང་དུ་བཞག་ལ་ནམ་མཁའ་ཨི་ཁོངས་སུ་གཏོགས་པའི་རང་གི་རིགས་ཀྱི་གཟུགས་སུ་ཅོད་པན་ལ་བཞུགས་སུ་གསོལ་ཏེ་སྦྱིན་པ་ནི་ཅོད ་པན་གྱི་དབང་བསྐུར་བའོ། །དེའི་རྗེས་ལ་རྡོ་རྗེ་བྱིན་ལ། །སངས་རྒྱས་རྡོ་རྗེ་དབང་བསྐུར་བས། །རེ་རིང་ཁྱོད་ནི་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེའི་བཞིག་རབ་འགྲུབ་འགྱུར། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་ལག་པ་གཡས་པར་སྦྱིན་པ་ནི་རྡོ་རྗེའི་དབང ་འགྱུར་བའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་ལ། །རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པ་ལྟར་བྱས་ཏེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥཱ་བཛྲ་ས་མ་ཡ་སྟཝཾ་ཞེས་བརྗོད་ལ་སྦྱིན་ཏེ། དེ་ནི་དྲིལ་བུའི་དབང་བསྐུར་བའོ། །དེ་ཉིད་ལ་བདག་པའི་དབང་ཞེས་ཀྱང་བྱའོ། ། ་དེ་ལ་རྡོ་རྗེ་དྲིལ་བུ་སྤྱི་བོར་གཟུང་ལ། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། །དབང་འདི་དག་གིས་སྔགས་དང་རྒྱུད་བཤད་པ་དང། གསང་སྔགས་བསྒྲུབ་པ་ལ་དབང་བར ་འགྱུར་རོ། །འདི་ནི་དབང་ལྔ་པ་སྟེ་རྩ་བའི་དབང་ཡིན། །རྒྱ་བའི་དབང་ཐམས་ཅད་ཡང་?་ཙི་ཀ་ལ་སོགས་པའི་བྱ་བ་ཐམས་ཅད་ཡིན་པ་ཉིད་དོ། །དེ་ནས་རྩ་བའི་དབང་མནོས་པས་སློབ་དཔོན་སྡོམ་པ་ཅན། ཀྱེ་སྙིང་རྗེའི་གཏེར་བདག་དང་གཞན་གྱི་དོན་ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དེ་ཁྱེད་ཀྱི་སྐུ་དྲིན་གྱིས ་སྩལ་དུ་ཞེས་གསོལ་བ་གདབ་པ་དང་ལྡན་པས་དཀྱིལ་འཁོར་དང་ཉེ་བར་རྡུལ་ཚོན་དམར་པོ་ལས་བྱས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་གོར་སྟན་ལ་བཞག་སྟེ། རྡོ་རྗེ་ཙར་ཙི་ཀ་ལ་སོགས་པས་དབང་བསྐུར་ཞིང་དམ་ཚིག་གསུམ་གཟུང་ངོ། །དེ་ལ་དམ་ཚིག་གསུམ་ནི ་འདི་ཡིན་ཏེ། །ཧཱུཾ་ལས་རྡོ་རྗེ་བསྒོམས་ལ། །ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། འདི་ནི་ལས་ཀྱི་རལ་གྲི་མཆོག་།དགྲ་རྣམས་ལས་རྒྱལ་བྱ་ཕྱིར་ཟུང་ཞེས་བ་བས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ངོ། །འདི་ནི་རྡོ་རྗེའི་དམ་ཚིག་གོ་།དེ་ནས་ཨཱ(རྒྱུད་འགྲེལ་ལ་ཤེས་རབ་དང། ཐབས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་དྲིལ་བུ་འདིས་འགྲུབ་པར་འགྱུར་གྱིས་ཟུང་ཞིང། བུ་རྡོ་རྗེ་ཁྱོད་ཀྱིས་སློབ་མ་ལ་ཡང་ཟུང་ཞིག་ཅེས་བྱས་ལ། དེའི་ལག་པར་བྱིན་ཏེ། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །སེམས་ཅན་རང་བཞིན་རྟག་ཏུ་དག་།སྲིད་པའི ་མཆོག་ནི་བྱེད་པ་ཡིན་ཞེས་བྱ་བས་དེ་ལ་གདམས་པར་བྱ་སྟེ། འདི་ནི་དྲིལ་བུའི་དམ་ཚིག་གོ་།དེ་ནས་ཕྱག་རྒྱའི་དམ་ཚིག་བསྟན་ཏེ། ཡིད་ཀྱི་གཟུགས་ནི་བརྟན་པ་ཉིད། །ཕྱག་རྒྱ་ཡིན་པར་རབ་གྲགས་ཏེ། །འདི་ཡིས་རང་གི་འདོད་ལྷ་ནི། །བདག་ཉིད་ཕྱག་རྒྱ་ཆེན་པོར་གནས། །ཞེས ་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ་།དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང་དཀྱིལ་འཁོར་བསྒྲུབ་པ་དང། སློབ་དཔོན་འཇུག་པའི་བྱ་བ་བསྟན་པར་བྱའོ། །དེ་ལ་སངས་རྒྱས་དང། སངས་རྒྱས་མ་ཡིན་པ་བདག་དེ་ཁོ་ན་ཉིད་དུ་མཉམ་པས་གྲུ་བཞི་པའོ ་ལུས་དང། ཚོར་བ་དང། སེམས་དང་ཆོས་རྣམས་གཅིག་དང་དུ་མ་དང་བྲལ་བ་གཟུགས་བརྙན་དང་མཚུངས་པ་ཉིད་ལ། དད་པ་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །སྐྱེས་པ་དང་མ་སྐྱེས་པའི་མི་དགེ་བའི་ཆོས་སྤང་བ་དང། མི་སྐྱེད་པ་དང་སྐྱེས་པ་དང་མ་སྐྱེས་པའི ་དགེ་བའི་ཆོས་འཕེལ་ཞིང་རྒྱས་པར་བྱ་བ་དང་བསྐྱེད་པའི་ཕྱིར་རྩོམ་པའི་ལས་དང། རྟོག་པའི་བདག་ཉིད་ཀྱིས་བརྩོན་འགྲུས་བཞི་པོ་རྣམ་པར་དག་པ་ནི་ལྷའི་སྒོའོ། །འདུན་པ་དང་བརྩོན་འགྲུས་དང་སེམས་དང། དཔྱོད་པ་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་བ་བཞི་དང། གང་དྲན་པ་རྣམ་པར་དག་པ ་ནི་ནུབ་ཀྱི་སྒོའོ། །དད་པ་དང་བརྩོན་འགྲུས་དང། དྲན་པ་དང་ཏིང་ངེ་འཛིན་དང། ཤེས་རབ་ཅེས་བྱ་བ་དབང་པོ་ལྔའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བྱང་གི་སྒོའོ། །རྟོག་པ་དང། དཔྱོད་པ་དང་དགའ་བ་དང། བདེ་བ་དང་སེམས་རྩེ་གཅིག་པ་ཞེས་བྱ་བསམ་གཏན་དང་པོའི་ཡན་ལག་དང། རྟོག ་པ་དང་དཔྱོད་པ་སྤངས་པ་བསམ་གཏན་གཉིས་པ་དང། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང། དྲན་པ་དང་ལྡན་པས་བསམ་གཏན་གསུམ་པ་དང། བཏང་སྙོམས་དང་དྲན་པ་དག་པ་དང། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་བསམ་གཏན་བཞི ་པ་རྣམ་པར་དག་པ་ནི། རྟ་བབས་བཞིའོ། །དཔའ་བར་འགྲོ་བ་དང། ནམ་མཁའ་མཛོད་དང། དྲི་མ་མེད་པ་དང། སེངྒེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི་པོ་རྣམ་པར་དག་པ་ནི་ཁ་ཁྱེར་བཞིའོ། །དོན་དང་གཞུང་དང། ངེས་ཚིག་དང། སྤོབས་པ་བཞི་དང། གཟུངས་བཞི་རྣམ་པར་དག་པ་ནི ་ཁ་ཁྱེར་ལ་གནས་པའི་མཆོད་པའི་ལྷ་མོའི་ཚོགས་སོ། །བསམ་པ་ཐམས་ཅད་རྫོགས་པས་ནི་རྒྱན་རྣམ་པ་སྣ་ཚོགས་སོ། །མདོ་དང་དབྱངས་ཀྱིས་བསྙད་པ་དང། ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླེངས་གཞི་དང། སྐྱེས་པའི་རབས་དང། ཤིན་ཏུ་རྒྱས ་པ་དང་རྨད་དུ་བྱུང་བ་གསུང་རབ་ཡན་ལག་དགུ་གདུལ་བྱའི་སྐྱེ་བོ་ལ་བསྟན་པ་རྣམ་པར་དག་པ་ནི་རིལ་བུ་དང་གཡེར་གའི་སྒྲ་དང་བ་དན་ནོ། །དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང་དགའ་བ་དང། ཤིན་ཏུ་སྤངས་པ་དང། ཏིང་ངེ་འཛིན་དང་བཏང་སྙོམས ་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི། དྲ་བ་དང་དྲ་བ་ཕྱེད་པ་དང། མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང། རྔ་ཡབ་འབར་བའོ། །ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་མཐོང་བ ་ཞེས་བྱ་བ་རྣམ་པར་ཐར་པ་དང་པོ་དང། ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་ནང་གི་གཟུགས་དེ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་གཉིས་པ་དང། ནང་དང་ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་གཟུགས་རྣམས་མངོན་སུམ་དུ་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་ཞེས་བྱ ་པ་གསུམ་པ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བཞི་པ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལྔ་པ་དང། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དྲུག་པ་དང། འདུ་ཤེས་མེད་འདུ་ཤེས ་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། འདི་དག་རྣམས་དགྲ་པ་ནི། སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་བཞིའོ། །རྡོ་རྗེའི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གི་རིམ་པ་དང། འབྲེལ ་བའི་རྡོ་རྗེའི་ཐིག་དང་ཡང་དག་པར་ལྡན་པའོ། །འབྲས་བུ་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཤིན་ཏུ་མཐོ་བའི་བྱེ་བྲག་གིས་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ། །རྟེན་དང་བརྟེན་པའི་དབྱེ་བས་མ་ལྔ་ནི་ངོས་རྣམས་དང་སྟེང་ངོ། །གོས་པ་མེད་པའི་ཆོས་གཅིག་དང། དུ་མ་ཇི་ལྟར ་རིགས་པ་རབ་ཏུ་སྟོན་པ་ནི། ལྷའི་གནས་ཀྱི་སྣ་ཚོགས་པདྨའོ། །བྱང་ཆུབ་ཀྱི་སེམས་ཡོང་སུ་སྨིན་པར་བྱེད་པས་ཉི་མའི་གདན་དང་ལྷན་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་འཕེལ་བར་བྱེད་པས་ཟླ་བའི་གདན་དང་ལྡན་པའོ། །སྙིང་རྗེའི་བདུད་རྩི་ཡོངས་སུ་གང་བས་བུམ་པ ་བརྒྱད་དོ། །ཆོས་ཀྱི་འོད་ཀྱི་སྒྲོན་མའི་གྲགས་བ་ནི་དྲི་ཞིམ་པོའོ། །ཆོས་ཀྱི་དྲས་ནི་བཤོས་གཙང་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང། ཞེ་སྡང་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བཅོམ ་ལྡན་འདས་སོ། །འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བསྡུས་པས་གནག་པ་ནི་ནག་པོའོ། །བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་གཤིན་རྗེའི་ཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །ཤིན་ཏུ་གདུག་པ་ཅན་དག་པོ་ཞི་བས་མི་འདུལ་པ་ཁྲོ་བོ་ཆེན་པོའོ། །རྣམ་ཐར ་ལྔ་གསུམ་རྣམ་པར་དག་པ་ཞལ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕྱག་དྲུག་གི་།སེར་སྣ་ལ་སོགས་པ་འཇིག་པར་མཛད་པས་རྡོ་རྗེ་ལ་སོགས་པ་དྲུག་ཕྱག་ན་བསྣམས་པའོ། །ཞེ་སྡང་གི་ཆའི་ཉེ་བའི་ཉོན་མོངས་པ་འཇིག་པས་སྤྲུལ་གྱིས་བརྒྱན་པའོ། །ཚོགས ་གཉིས་ཡོངས་སུ་རྫོགས་པས་རང་དང་མཚུངས་པའི་ཡེ་ཤེས་ལ་འཁྱུད་པའོ། །རྟག་ཏུ་སེམས་ཅན་གྱི་དོན་མཛད་པས་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོའོ། །ཆོས་ཀྱི་སྐུ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་མཛད་པའོ། །གཟུགས་ཀྱི་ཕུང་པོ་དང་གཏི་མུག་ཆེན་པོ་རྣམ་པར་དག ་པ་དང། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ། །གཞན་ནི་སྔ་མ་བཞིན་ནོ། །གཏི་མུག་གི་ཆའི་ཉེ་བའི་ཉོན་མོངས་པའི་བླ་མ་ཆེན་པོ་དང། ཚོར་བའི་ཕུང་པོ་རྣམ་པར་དག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་པ་མ་གཤིན་རྗེ ་གཤེད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ང་རྒྱལ་གྱི་ཆའི་ཉེ་བའི་ཉོན་མོངས་པ་དང། འདོད་ཆགས་ཆེན་པོ་དང། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་དང། སོ་སོར་རྟོག་པའི་ཡེ་ཤེས་ནི། བཅོམ་ལྡན་འདས་འདོད་ཆགས་གཤིན་རྗེ་གཤེད་དོ། །འདོད་ཆགས་ཀྱི་ཆའི་ཉེ་བའི་ཉོན་མོངས་པ་དང། ་ཕྲག་དོག་ཆེན་པོ་དང་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དོ། །ཕྲག་དོག་གི་ཆའི་ཉོན་མོངས་པ་དང། འཇིག་ཚོགས་ལ་ལྟ་བ་དང། ཤེས་བྱའི་སྒྲིབ་པ་དང། ཕུང་པོའི་བདུད་ལ་དད་པ་རྣམ་པར་དག་པ་ནི། བཅོམ ་ལྡན་འདས་ཐོ་བ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང། མཐར་འཛིན་པར་ལྟ་བ་དང། འདོད་པའི་སྒྲིབ་པ་དང། ཉོན་མོངས་པའི་བདུད་ལ་བརྩོན་འགྲུས་རྣམ་པར་དག་པ་ན་བཅོམ་ལྡན་འདས་དབྱིག་པ་གཤིན་རྗེ་གཤེད་དོ། །མི ་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པར་ཉེ་བའི་ཉོན་མོངས་པ་དང། ལས་ཀྱི་སྒྲིབ་པ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། འཆི་བདག་གི་བདུད་ལ་དྲན་པ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་པདྨ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས ་པ་དང། སྐྱེ་བའི་སྒྲིབ་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ལྷའི་དུ་རྣམ་པར་གཡེང་བྱེད་བདུད་ལ་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་བཤད་དོ། །སའི་ཁམས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱམས་པ་ཆེན་པོའི ་ངོ་བོ་ཉིད་རྡོ་རྗེ་ཙར་ཅི་ཀའོ། །ཆུའི་ཁམས་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང། སྙིང་རྗེ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་ཕག་མོའོ། །མེའི་ཁམས་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དགའ་བ་ཆེན་པོའི་ངོ་བོ་རྡོ་རྗེ་དབྱངས་ཅན་མའོ། །རླུང་གི་ཁམས་དང། ཡེ་ཤེས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཏང་སྙོམས་ཆེན་པོའི་ངོ་བོ་ནི་རྡོ་རྗེ་གཽ་རིམ་མའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་དག་པ་ནི་ཐོད་པ་བཞིའོ། །ནང་དྲི་ཞིམ་པོས་ཀྱང་བཀང་བ་ནི། །ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ས་དང་སྦྱར་བ་ཡང་བརྟག་པར་བྱའོ། །སྟོབས་དང་མ་འདྲེས་པ ་ལ་སོགས་པ་མ་བྲིས་པ་ནི་གཞུང་མངས་ཀྱི་དོགས་པས་འཇིགས་པས་སོ། །དེ་ལྟ་བུ་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ནས་སློབ་དཔོན་གྱི་ལས་ཏེ་བསྲུང་བའི་དམ་ཚིག་དང། བཟའ་བའི་དམ་ཚིག་བསྒྲུབས་བརྒྱུད་དེ་དང་དེ་དག་བསྟན་པའོ། །བདག་བསྲུང་བ་ནི་སོ་སོར་འབྲང་མིའི་དཀྱིལ ་འཁོར་དང་བསྒྲུབ་ཐབས་བསྟན་པས་སོ། །སློབ་དཔོན་འཇུག་པ་ནི་གཏོར་མ་བྱིན་ཏེ། དེ་ལ་རྣལ་འབྱོར་བཞི་དང་ལྡན་པའི་སློབ་དཔོན་གྱིས་བཅའ་བ་དང། མྱང་བ་དང། བཏུང་བ་དང་བལྡག་པ་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དྲི་དང་ཕྲེང་བ་དང། བྱུགས་པ་དང། ཕྱེ་མ་དང། ་གོས་དང། གདུགས་དང། རྒྱལ་མཚན་དང་དྲིལ་བུ་ལ་སོགས་པའི་སྒྲ་ཆེན་པོ་ཀུན་རྫོབ་དུ་རྫོགས་པ་དང་བཅས་པའི་གཏོར་མ་ཤིང་རྟ་བཀང་བ་འམ། མ་འབྱོར་ན་ནས་ཀྱི་ཁུར་བ་འམ། འབྲས་ཆན་ཉུང་ཤས་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་ཙམ་ཡང་རུང་ངོ། ། ་དེ་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པ་ཐོགས་པ་སྤྲོས་ཏེ་ཕྱོགས་སྐྱོང་བ་རྣམས་སྙིང་ག་ནས་ལྕགས་ཀྱུས་བཟུང་ཞིང། མགྲིན་པ་ཞགས་པས་བཅིངས་ནས་དྲངས་པར་བསམ་མོ། །དེ་ལ་ཨོཾ་ཧྲཱི(རྒྱུད་འགྲེལ་ས་པ་རི་བཱ་ར་མཱ་ཀརཥ་ཡ་ཛ(རྒྱུད་འགྲེལ་ཅོད་པན་ཅན། གཡས་ན་བསྲུབས་ཤིང་དང། འཁོར་ལོ་གཡོན་ན་དུང་དང་ནོར་བུ་ཀོ་ཏུ་པ་ཐོགས་པ། དེའི་དཔོན་དུ་ཧ་ཅང་མི་རིང་བར་གཞག་གོ། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་སྐྲ་སེར་པོ་གྱེན་དུ་འབར་བ་ལག་པ་ནད་བྱིག་པ་དང། སྡིག་མཛུབ་ཅན་གཤིན་རྗེའི་ཕྱོགས་སུའོ། །ཆུ་བདག་པ ་པོ་བྲང་འགྲོ་ལ་ཞོན་པ། ལག་ན་ཀླུ་ཞགས་ཟོགས་པ། ནུབ་ཕྱོགས་སུའོ། །ཀུ་བེར་ནོར་གྱི་སྟེར་ན་འདུག་པ་སེར་པོ་ས་བོན་གྱི་གྲོང་ཁྱེར་དང། ནེའུ་ལེ་ལག་ན་ཐོགས་པ་བྱང་ཕྱོགས་སུའོ། །དེ་ཉིད་དུ་སྣ་ཅན་དཀར་པོ་བྱ་བ་ལ་ཞོན་པ་ལག་པ་གཡས་ན་ཕྲེང་བ་དང། སྟ་རེ། གཡོན་ན་ལ ་ཁུག་དང་ལ་དུ་ཐོགས་པའོ། །དབང་ལྡན་དཀར་པོ་གླང་ལ་ཞོན་པ། རལ་པ་ཅན། མིག་གསུམ་པ་རྩེ་གསུམ་དང། ཐོང་བ་ཐོགས་པ་ལག་པ་གཉིས་ཀྱིས་གཽ་རིལ་འཁྱུད་པ་དབང་ལྡན་ཕྱོགས་སུའོ། །མེ་ལྷ་དམར་པོ་ར་སྐྱེ་བ་ལ་ཞོན་པ། ལག་ན་ཕྲེང་བ་དང་སྤྱི་བླུགས་ཐོགས་པ། ་མེའི་ཕྱོགས་སུའོ། །སྲིན་པོ་རོ་ལ་ཞོན་པ་གྲི་གུག་དང། ཐོད་པ་ལག་ན་ཐོགས་པ་ཁྲོ་ཞིང་རྔ་མ་པ་སྔོན་པོ་བདེན་བྲལ་དུ་རླུང་ལྟ་དུ་བའི་མདོག་ཅན་རི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་གོས་ཐོགས་པ། །རླུང་གི་ཕྱོགས་སུའོ། །ཟླ་བ་དཀར་པོ་ཀུ་མུ་ཏའི་སྟེང་ན་འདུག་པ་ཀུ ་མུ་ཏ་ལག་ན་ཐོགས་པ་སྟེང་དུའོ། །ཉི་མ་དམར་པོ་ལག་ན་པདྨ་ཐོགས་པ་རྟ་མཆོག་བདུན་ལ་ཞོན་པ་སྟེང་དུའོ། །ཚངས་པ་དམར་པོ་གདོང་གསུམ་པ་ཕག་ན་ཐལ་བའི་སྣོད་དང། མི་འཇིགས་པ་སྦྱིན་པ་དང། དབྱིག་བ་དང། ཕྲེང་བ་ཐོགས་པ་ཅན་ངང་པ་ལ་ཞོན་པ་ཡང་སྟེང་དུའོ། ་?་ལྷ་མོ་སེར་མོ་པདྨ་སྣ་གནས་པ་གཡོན་ན་བུམ་པ་ཐོབ་པ། གཡས་པ་ཁས་ལེན་པའི་ལག་པ་ཅན་འོག་ཏུའོ། །ཐག་བཟངས་ཀྱི་སྔོན་པོ་ཤིན་རྟ་ལ་ཞོན་པ། ལག་པས་རལ་གྲི་དང་སྡིགས་མཛུབ་ཅན་དེ་ཉིད་དུ་དགོད་དོ། །དེ་དག་ཐམས་ཅད་དགུག་པའི་སྔགས་ལ ་སོགས་པ་ནི་སྔ་མ་དེ་ཉིད་དོ། །དེ་ནས་ཡང་རང་གི་སྙིང་ག་ནས་ཁྲོ་བོའི་ཕུང་བུས་མགྲིན་པ་ནས་བཟུང་ནས། ཐོགས་པའི་ཁྲོ་བོ་རྣམས་རྣམ་པར་སྤྲོས་ལ། དེ་དག་གི་སྙིང་ག་དང། མགྲིན་པ་དང། མགོ་དང། རྐང་པའི་བར་དུ་གདབ་པོ། །སྔགས་ནི་ཨོཾ་ཧྲཱི(རྒྱུད་འགྲེལ་སརྦ་དུཥྚནྡྲཱ་དི་ས་པ་རི་བཱ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱའོ། །དེའི་རྗེས་ལ་གྲུབ་པའི་བཅུད་ཀྱིས་ལེན་གྲུབ་པ་བཞིན་དུ་ཀུན་ཀྱང། གཤིན་རྗེ་གཤེད་ཀྱི་རྣམ་པར་བསྒྲུབ་པའམ། བྱང་ཆུབ་ཀྱི་སེམས་ཁུ་བའི་ངོ་བོར་བསྡུ་བ་པོ། །གལ་ཏེ་ཁུ་བའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་ས་བོན་དང་ཕྱགས་ཆེན ་གྱི་རིམ་པས་བསྐྱེད་པར་བྱའོ། །དེ་ལ་ཨོཾ་དང་རྡོ་རྗེ་ལས་བྱུང་བའི་དབང་པོ་མར་སེར་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ། ལྷག་མ་བཞིན་རྡོ་རྗེ་དང་རལ་གྲི་དང། པདྨ་དང་འཁོར་ལོ་བསྣམས་པ། རི་བོང་ཅན་ལ་བཞུགས་པའོ། །ཧྲཱི(རྒྱུད་འགྲེལ་གཡས་དང་གཡོན་པའི་ཞལ་དཀར་པོ་དང་དམར་པོ་གཡས་རྣམས་ནི་གྲི་གུག་དང་དབྱིག་པ་དང་རལ་གྲི། ཕྱག་གཡོན་རྣམས་ན་ཐོད་པ་དང། པདྨ་དང་འཁོར་ལོ། སྐྲ་སེར་པོ་གྱེན་དུ་འགྲེད་པ། ཉི་མ་ལ་བཞུགས་པ་ཁྲོ་བོའི་གཟུགས་ཅན་ནོ། །ཥྚཱི(རྒྱུད་འགྲེལ་དང་གཡོན་སྔོན་པོ་དང། དམར་པོ་གཡས་ན་གྲི་གུག་དང་ཀླུ་ཞགས་དང། རལ་གྲི་ཕྱག་གཡོན་ན་ཐོད་པ་དང་པདྨ་དང། འཁོར་ལོ་རིན་པོ་ཆེའི་ཅོད་པན་ཅན་ཟླ་བ་ལ་བཞུགས་པའོ། །ཝི་དང་ས་བོན་གྱི་གྲོང་ཁྱེར་ལས་ཀུ་བེ་ར་སེར་པོ་གཡས་དང་གཡོན་པའི་ཞལ་སྔོན་པོ་དང། དཀར་པོ་གྲི ་གུག་དང། ས་བོན་གྱི་གྲོང་ཁྱེར་དང། རལ་གྲི་ཕྱག་གཡོན་ན་ཐོད་པ་དང། པདྨ་དང། འཁོར་ལོ་འཚོ་བ་རིན་པོ་ཆེའི་ཅོད་པན་ཅན་རི་བོང་ཅན་ལ་བཞུགས་པའོ། །གྲི་དང་རྩེ་གསུམ་པ་ལས་དབང་ལྡན་དཀར་པོ་ཞལ་གཡས་དང་ཡོན་སྔོན་པོ་དང། དམར་བ། གཡས་ན་གྲི་གུག་དང། རྩེ་གསུམ་པ་དང། ་རལ་གྲི་དང། ཕྱག་གཡོན་ན་ཐོད་པ་དང། ནོར་བུ་དང། འཁོར་ལོ་གཽ་རིལ་འཁྱུད་པ། ཐོད་པའི་ཕྲེང་བ་ཅན་རི་བོང་ཅན་ལ་བཞུགས་པའོ། །ཧ་དང་ཐལ་སྣོད་ལས་མེ་ལྷ་དམར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ། །གཡས་ན་གྲི་གུག་དང་ཐལ་སྣོད་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ ་དང་ནོར་བུ། ཉི་མའི་གདན་ལ་བཞུགས་པའོ། །ཱ་དང་རྩེ་གསུམ་ལས་བདེན་བྲལ་སྔོན་པོ་ཁྲོ་བོའི་གཟུགས་དང། ཞལ་གཡས་དང་གཡོན་དཀར་པོ་དང། དམར་པོ་དང། གཡས་ན་གྲི་གུག་དང་དབྱིག་པ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ་དང་འཁོར་ལོ། །ཉི་མའི་གདུན་ལ་བཞུགས ་པའོ། །ན་དང་གོས་ལས་རླུང་ལྷ་དུ་བའི་མདོག་ཅན། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་དང་བ་དན་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་པདྨ་དང། ཟླ་བ་ལ་བཞུགས་པའོ། །ན་དང་ཀུ་མུ་ཏ་ལས་ཟླ་བ་མདོག་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང ་དམར་པོ། གཡས་གྲི་གུག་དང་ཀུ་མུ་ཏ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང། ནོར་བུ་དང་འཁོར་ལོའོ། །ཧཱུཾ་དང་པདྨ་ལས་ཉི་མ་དམར་པོ་ཞལ་གཡས་དང། གཡོན་སྔོན་པོ་དང་དཀར་པོ། །གཡས་ན་གྲི་གུག་དང། པདྨ་དང་རལ་གྲི་།ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོ། །ཧཱུཾ་དང་ཕྲེང་བ་ལས། ་ཚངས་པ་དམར་པོ་ཞལ་གཡས་དང། གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་དང་ཕྲེང་བ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་པདྨ་ལས། སའི་ལྷ་མོ་སེར་པ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་བ། གཡས་ན་གྲི ་གུག་དང་བུམ་པ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང། ནོར་བུ་དང། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་རལ་གྲི་ལས་ཐག་བཟངས་རིས་སྔོན་པོ། །ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། གཡས་ན་གྲི་གུག་དང། རལ་གྲི་དང་རྡོ་རྗེ་དང་ཕྱག་གཡོན་ན་ཐོད་པ་དང་འཁོར་ལོ་དང་པདྨ་ཉི་མ་ལ ་བཞུགས་པའོ། །སྭཱ་དང་དུང་ལས་ཁྱབ་འཇུག་སྔོན་པོ། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། གཡས་གྲི་གུག་དང་དུང་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང། འཁོར་ལོ་དང། པདྨ་ཟླ་བ་ལ་བཞུགས་པའོ། །ཏཱ་དང་དགྲ་སྟ་ལས་སྣ་ཅན་དཀར་པོ། །ཞལ་གཡས་དང་གཡོན་སྔོན་པོ་དང ་དམར་པོ། །གཡས་ན་གྲི་གུག་དང་དགྲ་སྟ་དང། རལ་གྲི་ཕྱག་གཡོན་ན་ཐོད་པ་དང་འཁོར་ལོ་དང་པདྨ། རི་བོང་ཅན་ལ་བཞུགས་པའོ། །དེ་དག་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་སྐུ་དང་གཉིས་སུ་མེད་པར་གྱུར་པ། །ཕྱག་དང་པོ་གཉིས་ན་ཐོད་པ་ཐོགས་པ་འཁྱུད་པའི་ཚུལ་གྱིས་འཛིན་པ། ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པ། དེ་ལྟ་བུར་བསམས་ལ། དེ་དག་གི་མིག་ལ་སོགས་པ་ལ། ཇི་སྐད་བཤད་པའི་རྡོ་རྗེ་མིག་ལ་སོགས་པ་བསྐྱེད་དེ། །ལུས་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་དང། ཇི་སྐད་བཤད་པས་དབང་བསྐུར་ལ། ཅོད་པན ་ལ་གཤིན་རྗེ་མཐར་བྱེད་བསམས་ཏེ། ཡོན་ཆབ་དང་ཞབས་བསིལ་དང། བསང་གཏོར་དབུལ་ལོ། །དེ་ནས་གཏོར་མ་ཐམས་ཅད་བསྟབ་པར་བྱ་སྟེ། བདུད་རྩི་སྒྲུབ་པའི་ཐབས་ཀྱིས་བསྒྲུབས་ལ། དེ་ཉིད་གསུམ་གྱིས་བསྔགས་ཏེ་དེའི་ལྕེའི་སྦྱོར་བ་རྣམ་པར་?་ལ། ་བདུད་རྩི་དབུལ་ལོ། །སྔགས་འདི་ཡིན་ཏེ། ཨོཾ་ཨིནྡྲཱ་ཡ་ཧྲཱི(རྒྱུད་འགྲེལ་སྭཱཧཱ། །དེ་ནས་མེ་ཏོག་དང། སྤོས་དང། མར་མེ་དང། དྲི་དང་བཤོས་གཙང་ལ་སོགས་པ་ཕུལ་ལ། དེ་དག་གིས་ཀྱང་སྒྲུབ་པ་པོ་མངོན་པར་དགའ་བའི་མྱང་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་དེ་དག་ལ་བསྟོད་པ་སྟེ། རྡོ་རྗེ་གསོར་ནིང་དྲིལ་བུ་དཀྲོལ་ནས། གཏི་མུག་རྡོ་རྗེའི?་ངོ ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པས་བསྟོད་ནས། མངོན་པར་འདོད་པ་བླངས་ལ་གཤེགས་སུ་གསོལ་ཏེ། ཨོཾ་ཨ(རྒྱུད་འགྲེལ་ན་ཉིད་དོ། །དེའི་རྗེས་ལ་སློབ་མ་གཤིན་རྗེ་འདུལ་བའི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྦྱིན་ཏེ། སེམས་ཅན་ཀུན་ལ་ཕན?་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང། རིན་པོ་ཆེ ་དང་པདྨ་དང། །ལས་ཀྱི་སྒྲ་བཅུག་པའི་རིམ་པའི་ཚིགས་སུ་བཅད་པ་ལྔ་ནི་རྗེས་སུ་གནང་བ་སྦྱིན་པའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའ་ཨི་ལག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །ཞེས་བྱ་བ་ནི་རྡོ་རྗེ་སྦྱིན་པའོ། ། ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷཾ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཧྭཾ་དྷ་ར་ཡཱ་མ་བཛྲ་སཏྭ་ཧཱི་ཧཱི་ཧཱི་ཧཱི་ཧཱུཾ་ཞེས་སློབ་མ་ལ་བརྟུལ་ཞུགས་སྦྱིན་པའོ། །འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསམས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས ་སྙིང་གར་བཟུང་བའི་ཚུལ་དང། གཡས་པ་མཆོག་སྦྱིན་པ་བྱས་ལ། ཨོཾ་ཨེ་ཥོ་ཧཱཾ་བྱ་ཀ་རོ་མི་ཏྭཱཾ། བཛྲ་སཏྭཏ་ཐཱ་ག་ཏ། བྷ་བ་དུརྒ་ཏི་ཏཔུཏཱི་ཏྱེ། ཨཏྟནཧབྷ་བ་སིདྡ་ཡེ།། །།ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཏ་ཐཱ་ག་ཏ་སིདྡྷ(རྒྱུད་འགྲེལ་བསྟན་པ་བྱས་པ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། མངོན་པར་མཐོ་བའི་ཕྱག་རྒྱ་འདིའི་མཐུ་དང་སྔགས་འདི་ཡི་སློབས་ལ་དང་པོར་གྱིས་ཤིག་།ཅེས་བྱ་བ་སློབ་མ་ལ་བརྗོད་དེ་འདི ་ནི་ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་པར་བྱ་བ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།གཞན་ནི་ཁམས་གསུམ་ན་མེད་དེ། །དེས་ན་རྟག་ཏུ་ཁྱོད་ཀྱིས་ནི། །འདོད་ཆགས་བྲལ་བར་མི་བྱའོ། །དམ་ཚིག་སྦྱིན་པ་ནི་ཧཱུཾ་ཕཊ་གསང་བ་བརྗོད་པའོ། །དེ་ནས་གསང་བའི་དཀྱིལ་འཁོར ་མཆོག། མཐོང་བ་དང་ནི་རེག་པ་ཡིས། སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་གནས་པར་གྱུར། །ཁྱོད་ནི་ཡང་ཡང་མི་འཆི་བས། །དེ་ཕྱིར་བདེ་ཆེན་ཐེག་པ་མཐོད། །སྲིད་པའི་སྡུག་བསྔལ་ལས་འདས་པའི། །སྲིད་པ་ཁྱོད་ཀྱིས་ཤིན་ཏུ་འགྲུབ། །རྡོ་རྗེ་ཕྱག་རྒྱ་ཞེས་བྱ་གང། གང ་ཞིག་བསྐྱེད་པ་ཙམ་གྱིས་ནི། སངས་རྒྱས་ཉིད་ཐོབ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །གང་ཕྱིར་རྡོ་རྗེའི་ཕྱག་རྒྱའི་ཀྱི་དམ་པའི་ཆོས་ནི་སྨད་ནི་?། །ནམ་ཡང་སྡད་པར་མི་བྱའོ། །མ་རིག་པ་འམ་གཏི་མུག་གིས། །རྟག་ཏུ་སྐུར་པ་མི་གདབ་པོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། ། ་ནམ་ཡང་བཏང་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །དེ་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤང་སྟེ། །བཀའ་ཐུབ་གྱིས་ཀྱང་གདུང་མི་བྱ། ཇི་ལྟར་བདེ་བས་བདེ་བ་གཟུང་འདི་ནི་མ་འོངས་སངས་རྒྱས་ཉིད། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱིས། །ཁྱོད་ཀྱི་སྔགས་དང་རྒྱུད ་ཀྱང་ཟུང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀྱིས་ཀྱང་འདོད་པ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ཆོ་ག་བཞིན་དུ་ཁྱོད་ཀྱིས་ནི། །འབད་པས་དཀྱིལ་འཁོར་བྲི་བར་བྱ། །སྒྲུབ་པ་པོས་ནི་རྒྱུད་ལ་སྦྱར། །ཞེས་བྱ་བ་ནི་དབུགས་དབྱུག་པའོ། །འདི་དང་རྗེས་སུ་གནས་པ ་བཞི་པོ་ནི། །དབང་བསྐུར་བའི་རྗེས་ཐོགས་སམ་དབང་བཞི་པའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ། འདི་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །ད་ནི་གོས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས ་པའི་ཕྱོགས་ཅིག་ཏུ་སློབ་མར་ཟིན་པ་མཛེས་པ་གཟུགས་ལ་སོགས་པ་ཡོན་ཏན་དང་ལྡན་པ་དམ་ཚིག་གི་སྡོམ་པ་ཅན་སྦྱོར་བ་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ་གསང་བའི་དབང་གི་དོན་དུ་དབུལ་ལོ། །དེ་ནས་བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས། །ཇི་ལྟར ་མཆོད་ཆེན་སྩོལ་མཛད་པ། །བདག་ལའང་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བའམ། གཞན་གྱིས་ཀྱང་གསོལ་བ་གདབ་པོ། །དེ་ནས་བླ་མས་སྦྱོར་བ་བཞི་མངོན་དུ་བྱས་ལ་ཆོས་ཉིད་ཀྱི་པདྨའི་ནང་ན་རྡོ་རྗེ་ཞུགས་པའི་མཛའ་བསྐྱོད་པས། རང་རིག་པའི ་མཐར་ཕྱིན་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་སློབ་མའི་ཁ་རུ་བཅུག་ནས། བཏུང་བ་རིན་ཆེན་འདི་དེ་ནི། །རྡོ་རྗེ་དུས་སུ་རབ་སྒྲུབ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་གྱིས་ལ། །ཡིད་ལ་མ་བྱུང་བའི་ཆུ་འདི་འཐུང། །ཞེས་བྱ་བས་སྦྱིན་ནོ། །དེས་ཀྱང་ཨེ་མ་བདེ་བ་ཆེན་པོ། །ཞེས་བརྗོད་ཅིང ་མིད་པར་བྱའོ། །དེས་ཀྱང་རང་གི་པདྨའི་ལྷག་མ་ཡང་དེར་གཞུག་པར་བྱ་སྟེ། འདི་ནི་གསང་བའི་དབང་ངོ། །དེའི་རྡོ་རྗེ་ལ་དེ་ཉིད་དམ་གཞན་ཡང་རུང། །རང་རིག་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི་སློབ་མའི་ལག་པར་དེའི ་ལག་པ་གཏད་ལ། མཛེས་པ་འདི་ནི་གཟུང་བ་དང། །བསྟོད་བྱ་སངས་རྒྱས་རྣམས་ཀྱི་བརྟགས། །འཁོར་ལོ་རྫེས་ཆགས་སྦྱོར་བ་ཡིས། །དེ་ཕྱིར་བདེ་བ་དམ་པ་མྱང། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་དག་ངག་པ་སྟེ། །དེ་ཕྱིར་འཁོར་བ་སྤོང་བ་ནི། །ཁྱོད་ནི་ནམ ་ཡང་མ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །གླེན་པ་གང་ཞིག་འདས་གྱུར་ན། དངོས་གྲུབ་མཆོག་ནི་དེ་ལ་མེད། །ཅེས་བརྗོད་ལ་སྦྱིན་ནོ། །དེ་ཡང་གྱུར་ཀུམ་ལ་སོགས་པས་བྱུགས་ལ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། །གོས་དང་དྲལ ་བས་ཆུ་སྐྱེས་རབ་ཏུ་རྒྱས་པར་གསལ་བར་སྟོན་ཅིང། །སློབ་མ་ལ་འདི་སྐད་བརྗོད་དོ། །བུ་ཁྱོད་དགའ་བ་གང་ལ་ཡིན། །དྲི་ཆེན་དྲི་ཆུང་ལ་སོགས་ཟས?། །དེ་བཞིན་ཁྲག་དང་ཤུཀྲ་དང། །ཤ་དང་བུད་མེད་གུས་དང་གཞན། །དེ་བཞིན་བྱ་གའི་?། །འོ?་བྱང་སྨོས་པ་ལས་བདེ?་བ་ཅན། །ཞེས་བརྗོད་པར ་བྱའོ། །དེས་ཀྱང། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དྲི་ཆེན་དྲི་ཆུ་བུ་སོགས་འཚལ། །བུད་མེད་ལ་ཡང་རྟག་དང་བགྱིད། །བྷ་ག་ལ་པར་འོ་བགྱིད་དོ་ཞེས་བརྗོད་དོ། །དེ་ནས་ངེས། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་དག་ཆོས་བསྟེན་བྱེད་པ། །བདག་ནི་དེ་ཡི་མདུན་ན ་གནས། །སངས་རྒྱས་མཉེས་པ་ལ་སོགས་པ། །ཇི་ལྟ་བ་བཞིན་པདྨར་བྱས། །བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །ཀྱེ་ཐར་པ་བསྟེན་ཅིག་ཅེས་བརྗོད་ནས། །དེས་ཀྱང་བླ་མའི་མན་ངག་གིས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །དམིགས་པ་བསྟན་པའི་ཆོ་གའི་བྱེ་བྲག ་གིས། །རྣལ་འབྱོར་པས་ནི་ཇི་སྲིད་དུ། །བྱང་ཆུབ་སེམས་ནི་འབྱུང་འགྱུར་བ། །དེ་སྲིད་རྒྱུན་མི་འཆད་འཐོབ་པ། །དགའ་བའི་བདེ་ལས་གཞན་ཅི་ཡོད། །དངོས་གྲུབ་ཀུན་གྱི་གཏེར་གྱུར་ཏེ། །བྱང་ཆུབ་སེམས་ནི་འབབ་གྱུར་པས། །ཕུང་པོའི་རྣམ་ཤེས་རྒྱལ་གྱུར་བ། །སྨད་པས་དངོས་གྲུབ་ག་ལ ་ཡོད། །རྡོ་རྗེ་ནམ་མཁའ་ཨི་ཁམས་སྦྱོར་བས། །དེར་རེག་པ་ལས་ངོ་མཚར་ཆེའི། །བདེ་བ་གང་གང་དེ་ལས་བསྐྱེད། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་གྱི་ནི་དབུས་དག་ཏུ། །ལྟོས་ལ་བསྟན་པ་མཚོན་པར་གྱིས། །པདྨའི་རྡོ་རྗེ་ལ་རྡོ་རྗེའི་བར་དཀས་མནན་པའི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང ་གིས། །སེམས་ནོར་བུའི་ནང་དུ་སོང་བས་བལྟས་ལ། །གང་གི་ཆེ་ཡེ་ཤེས་སྐྱེས་པ་དེའི་ཚེ། དེའི་གཟུགས་སུ་འགྱུར་ཏེ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་ཀྱང་དམིགས་པར་མི་འགྱུར་རོ། །རྣལ་འབྱོར་གང་ཚེ་ཤེས་མིག་གིས། །ཟད་མེད་བདེ་ལ་གནས་པ་ནི། །ཐུན་ནམ ་ཡང་ན་ཉིན་མཚན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དག་ཏུ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །དེ་ལྟར་བརྟགས་ནས་ནུས་པ་ཇི་ལྟ་བ་བཞིན་སེམས་པ་བཏང་སྟེ། བཅུད་ཀྱིས་ལེན་གྱིས་རྟོགས་པ་བཟུང་ལ་ཆུ་སྐྱེས་ཀྱིས་མཛའ་དེ་ཉིད་དུ་མཐོང་བའི ་བྱང་ཆུབ་ཀྱི་སེམས་བླངས་ནས། །རོ་མཉམ་པར་གྱུར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གལ་ཏེ་འདིར་དབང་ལྔ་དང། །ཤེས་རབ་ཡེ་ཤེས་ཀྱི་དབང་མ་གསུངས་པར། །དང་པོ་རྩ་བའི་དབང་ཡིན་ཏེ། །གཉིས་པར་རལ་གྲི་སྦྱིན་པར་བྱ། །གསུམ་པ ་རྡོ་རྗེ་དྲིལ་བུ་སྟེ། །བཞི་པོ་ཟླ་བ་བཟའ་བའོ། །བཞི་པོ་དེ་ནི་དབང་ཆེན་སྟེ། །ནག་པོའི་ཞལ་ནས་བྱུང་བ་ཡིན། །ཞེས་རྒྱུད་ལས་གསུངས་པ་མ་ཡིན་ནམ་ཞེ་ན། །དབང་ལྔ་པོ་དེ་ཉིད་རྩ་བའི་དབང་ཞེས་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་ཙར་ཅིག་ལ་སོགས་པ་རྩ་བའི་དབང་གི་བྱེད་པར་ལྡན་པའི་ཕྱིར ་དང། འདིས་ཐམས་ཅད་དུ་ལས་རབ་དབང་དུ་གཙོ་བོར་གྱུར་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི་རལ་གྲིའི་དབང་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དབང་བསྟན་པ་ཉིད་ཀྱིས་རྡོ་རྗེ་དང། དྲིལ་བུ་སྤྱི་བོར་བཞག་པས་རྒྱུད་ལས་ཐུན་མོངས་དུ ་གསུངས་པའི་བརྟུལ་བཞུགས་དང། ལུང་བསྟན་པ་དང་དབུགས་དབྱུང་བ་བསྟན་པའི། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམ་ནས། བཙུན་མོ་ཐམས་ཅད་བླང་བར་བྱའོ། །དེ་ནས་བཙུན་མོས་རྡོ་རྗེ་བལྟ། དེར་ནི་འོ་མ་བསྒྲུབ་པར་བྱ། །རྩེ་གཅིག་སེམས ་ཀྱིས་འོ་མ་བསྒོམས། །ཕྱག་རྒྱ་ཆེན་པོར་རབ་བསྒྲུབས་ཞེས་བྱ་བས་བསྒྲུབས་པ་ཉིད་ནི་བླ་ན་མེད་པའི་འགྲོ་བའི་དོན་མ་ལུས་པའི། སྒྲུབ་པ་བརྟགས་པའི་ངོ་བོ་དང་བྲལ་བས་ཡང་རང་གིས་རིག་པ་དང། ཐ་མི་དད་པ་ཐུབ་པའི་འཁོར་ལོའི་བདག་ཉིད། ཡིད་བཞིན་ནོར་བུ་ལྟ་བུའི་འོད་འཕྲོ ་བ་བསྟན་པའི་རང་བཞིན་སློབ་མ་ལ་སྦྱིན་ནོ། །ཞེས་བྱ་བ་འདི་ཡང་སྦྱིན་པའོ། །སློབ་མེད་ལ་ཕན་ཡོན་གྱིས་སྤྲོ་བར་བྱ་སྟེ། མཐོང་དང་རེག་པས་མཆོག་ཉིད་ཀྱི། །སྙིང་པོ་མཆོག་གི་དཀྱིལ་འཁོར་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་བ། །དེ་རིང་ཁྱོད་ནི་ལེགས་པར་གནས། །ཁྱོད་ལ ་ཡང་ཡང་འཆི་བ་མེད། །བདེ་བ་ཆེན་པོའི་ཐེག་པ་འདི། །ཀུན་ཏུ་བཟང་པོ་ཡིན་པས་ན། །གང་ཡང་མ་འཇིགས་ཁྱོད་རོལ་ཅིག་།ཁྱོད་ནི་སྲིད་པའི་སྡུག་བསྔལ་རྒལ། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །རྫོགས་སངས་རྒྱས་པའི་མཆོག་གི་མཆོག་།འདི་ནི་རྟག་ཏུ་བསྲུང་བར་གྱིས། །དངོས ་གྲུབ་པས་ཚིག་སྡོམ་པས་ཡིན། །སངས་རྒྱས་ཀུན་དང་མཉམ་པར་གསུངས། །དཀའ་འདི་རྟག་པ་མཆོག་ཡིན་ནོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་ཟླ་ཡི། །སྐྱོན་རྣམས་བསྒྲགས་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི ་སེམས། །ནམ་ཡང་བཏང་བར་མི་བྱའོ། །བྱང་ཆུབ་སེམས་ཀྱང་སྤང་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །སེམས་ཅན་ཡོངས་སུ་མི་སྨན་ལ། །གསང་བ་ཉིད་ནི་བསྒྲག་མི་བྱ། །བདག་ཉིད་སྨད་པར་མི་བྱའོ། །རང་གི་ཆོས་ལ་སྨད་མི་བྱ། །གདུག་པ་བྱམས་པས་རྟག་ཏུ་སྤར། །ཆོས་ལ་ཆོས་བཟུང་བར ་མི་བགྱི། །སེམས་ཅན་དད་པ་ཅན་མི་བསླུ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་འདི་ཞེས་ཀྱང་སྨད་མི་བགྱི། །རྣལ་འབྱོར་སློང་མོས་མི་འཁོར་ཞི། །རྣལ་འབྱོར་ཉིད་ནི་སྤར་མི་བྱ། །རྟག་པར་རྒྱུན་ཏུ་གསང་སྔགས་བཟླ། །དམ་ཚིག་ལ་སོགས་རྟག་ཏུ་བསྟེན ་དེ་བཞིན་བླ་མའི་དམ་ཚིག་ལ། གནོད་ན་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེ་རིང་སྐྱེ་བ་འབྲས་བུར་བཅས། །དེ་ཕྱིར་འདི་ནི་ལེགས་པར་མནོས། །མི་མཉམ་པ་ཡི་ལྷ་རྣམས་དང། །མཉམ་གནས་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེར ་བཅས་ཀུན་གྱིས། །ཚེ་དང་ལྡན་ཁྱེད་དང་དབང་བསྐུར། །ཁམས་གསུམ་རྒྱལ་པོ་ཆེན་པོ་སྟེ། །དེ་རིང་བདག་པོར་རབ་ཏུ་བརྟན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །གྱུར་པ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་རང་གི་རྡོ་རྗེ་དམ ་ཚིག་མི་ཟད་པའི་བདེ་བ་བྱིན་ལ། །བསྟེན་ཅིག་འགྲོ་བ་མྱུར་བ་ཡི། །རྡོ་རྗེ་སེམས་དཔའ་བདེ་བས་དེང། །རབ་ཏུ་མཚུངས་པར་རྟག་ཏུ་གྱུར། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སློབ་མ་གུས་པ་གསལ་བ་ཡི། །གསུངས་ཤིག་དེ་བཞིན་བདག་གིས་བགྱི། །གཙོ་བོས་ཇི་ལྟར་བཀའ་སྩལ ་བཞིན། །གལ་ཏེ་ཡོད་པར་གྱུར་ན་དེའི་ལག་པ་གཡོན་པའི་སོར་མོ་ཐམས་ཅད་ཀྱིས་བླངས་ལ་སྦྱིན་སྲེག་གིས་ཞི་བར་བྱའོ། །སྲེག་རྫས་གཅིག་གམ་གཉིས་སམ། བདུན་གྱི་བར་གྱིས་སོ། །དེས་ཀྱང་མགུ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང། གླང་པོ་དང། རྟ་དང། གསེར་དང། ་རྒྱན་དང། བུ་དང་ཆུང་མ་སོགས་པའི་འདོད་པའི་དངོས་པོ་འམ། བདག་ཉིད་ཀྱང་དངོས་གྲུབ་ལ་སོགས་པ་སྒྲུབ་པའི་ཕྱིར་དབུལ་ལོ། །ཡོན་བཟའ་བ་དང། རང་དང་གཞན་གྱི་འཁོར་ལོས་མཆོད་པར་བྱའོ། །སྦྱོར་བ་དང་ལྡན་པའི་སློབ་མ་བཟུང་ལ། །མཆོག་སྣ་ཚོགས ་ཀྱིས་དེ་དག་ཚིམ་པར་བྱས་ཏེ། གཤེགས་སུ་གསོལ་ལོ། །དེ་ནས་མཆོད་པ་དང། བསྟོད་པ་དང། བདུད་རྩི་མྱང་བ་བྱས་ལ་གསོལ་བ་བཏབ་སྟེ། བརྟན་པོས་ལྷའི་ང་རྒྱལ་བྱའོ། །ཆོས་ཐམས་ཅད་རིམ་སྐྱེས་པ་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བརྗོད་དོ། །རྡོ་རྗེ་རྩེ་མོས་འཁོར ་ལོ་གཤེགས་སུ་གསོལ་ལོ། །དེ་ནས་འདོད་པ་ལ་རྡུལ་མཚོན་ཅུང་ཟད་བྱིན་ལ། ཆུ་ཆེན་པོར་གཤེགས་སུ་གསོལ་ལོ། །སྙིང་པོ་གྲོང་དུ་གང་བཅུག་དང། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་དག་ཐམས་ཅད་སློབ་དཔོན་ནི། །རྡོ་རྗེ་འཆང་མཆོག་བསྐུར་བར་བྱ། བཟང ་པོ་ཞབས་སོགས་ཀྱིས་མཛད་པ། །གསང་བ་འདུས་པའི་ཆོ་གར་གསལ། །འདིར་ནི་གསང་བའི་རླབས་འཁོར་ལོ། །ཆོ་ག་ལ་འབད་ཉིད་ཀྱིས་ངལ། །དེ་ཕྱིར་དབང་པོ་མཆོག་རྣམས་ནི། །སྐྱེ་བོ་བཟང་ལ་བཟོད་པར་གསོལ། །གང་ཕྱིར་རང་ཉིད་དྲན་པའི་ཕྱིར། དཔལ་ལྡན་གཤིན ་གཤེད་དཀྱིལ་འཁོར་གྱི། །ཆོ་ག་སེམས་ཅན་དོན་བསྒྲུབ་བྱས། །དེ་ལས་དགེ་བ་གང་ཐོབ་པ། རང་གི་ཤེས་ལས་གཞན་མིན་པའི། །ལས་འཇོམས་ཤེས་རབ་དང་ལྡན་པ། །སྤྱོད་ཡུལ་མི་ཤེས་མུན་ཀུན་སེལ། །སྲིད་པ་མི་འཇིགས་སང་བྱེད་པའི། །ལེགས་པའི་ཚོགས་ ་གང་ཐོབ་པ་དེས། །བདག་དང་འགྲོ་བ་བློ་སྟེར་ཤོག་།གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་སྒྲུབ་པའི་ཐབས། །སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཀཱིརྟི་དང།། །།ལོ ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། !་།རྒྱ་གར་སྐད་དུ། བཛྲ་ས་ར་སྭ་ཏཱི་སྟོཏྭ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་མངའ་བདག་རྡོ་རྗེ ་