| Wylie | e-texts based on the ACIP/ALL Input |
དུ་མཛད་པའོ།། །།རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་ཏནྟ་སྱ་པཉྩི་ཀ་རཏན་བ་ལི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས ་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེ་གཤེད་པོ་ཡོན་ཏན་མ་ལུས་རབ་ཏུ་འཁྲུངས། །འོད་ཟེར་སྔོན་པོ་འཇིག་བའི་དུས་ཀྱི་ཆར་སྤྲིན་གཞོན་ནུ་སྟེ། ཞལ་གསུམ ་པ་ལ་རྡོ་རྗེ་རལ་གྲི་འཛིན་ཅིང་གྲི་གུག་བཅས། །འཁོར་ལོ་ཆུ་སྐྱེས་ཐོད་པ་བསྣམས་བ་མགོ་བོས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནི། གསུང་རབ་རྣམས་ཀྱི་ནི་ཀུན་གྱི་ཡང་དག་དང་པོ་ཡིན་ལ། སྡུད་བ་པོ་ནི ་རྗེས་སུ་སྟོན་པའི་ཚིག་གོ་།གང་གི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་གནས་སྐབས་སུ་གསུངས་བ་ལས། དངོས་སུ་ནི་བྱས་བ་མ་ཡིན་ཏེ། ཇི་ལྟར་ཡང་དག་པར་བསྟན་བའི་ཕྱིར་དང། ཁྱེད་རྣམས་ནི་སྟོན་བའི ་དབང་བྱེད་བ་ལས་ཏེ་དེའི་ཆོས་རྣམས་ནི་འདི་སྐད་བདག་གིས་ཐོས་བ་ཞེས་པས་སྡུས་ཤིག་པས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་གང་ཇི་སྲིད་དུ་རྒྱུད་ཐམས་ཅད་ལས་གསུངས་པ་དེ་ལྟ་བུ་ཉིད་དེ་བཞིན་དུ་ནི་མ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་བདག ་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། སྟོན་པ་བཅོམ་ལྡན་འདས་ཉིད་ལ་བདག་གིས་ཐོས་ཀྱི་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་བ་ནི་མ་ཡིན་ནོ། །གང་གི་ཚེ་ཐོས་ཤིང་གསུངས་ཤེ་ན། ས་མ་ཡ་ནི་དུས་སོ། །གང་གི་ཚེ་བཅོམ་ལྡན་འདས ་ཐུབ་པ་ཆེན་པོའི་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ཉེ་བར་ལྷགས་པར་གྱུར་པ་དེའི་ཚེ་ཞེས་པའི་དོན་ཏོ། །དེ་སྐད་དུ་དེ་ཉིད་ཀྱི་ལེའུ་བཅོ་བརྒྱད་པའི་གཏམ་རྒྱུད་བརྗོད་པ་ལ་འབྱུང་བར་འགྱུར་རོ། །དེ་ཡང་ཅི་དང་ཅི་ཞེ་ན། རྒྱུད་མ་ལུས་པའི་ཚིག ་ཐོས་ཞེས་གསུངས་པས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བཅོམ་པ་དང་ལྡན་པས་བཅོམ་ལྡན་འདས་ཞེས་ཏེ། བདུད་རྣམས་བཞི་པོ་འཇོམས་པས་ན། །འཇོམས་པ་བཅོམ་ལྡན་འདས་སུ་བརྗོད། །ཤེས་རབ་ཀྱིས་ནི་ཉོན་མོངས་འཇོམ ་དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། ཅེས་པའི་ཚིག་ལས་སྣང་བ་མེད་པ་བསལ་བ་བདེ་བ་ཆེན་པོའི་རང་བཞིན་གྱི་ཡེ་ཤེས་ནི་བཅོམ་པ་སྟེ། དེ་དང་ལྡན་པ་ནི་ཆོས་ཀྱི་སྐུའོ། །དེ་དང་དེར་ཡོངས་སུ་རྫོགས་པ་ནི་ལྷའི་འཁོར་ལོ་ལ་དབང་བ་སྟེ། ་གང་གིས་དེ་ནི་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་རྫོགས་ཞེས་པའི་དོན་ཏོ། །བཞུགས་པ་ཞེས་བྱ་བ་ནི་གཞན་དུ་འབྲེལ་ཏེ། གང་དུ་བཞུགས་ཤེ་ན། གསུངས་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་སྒྲ་ནི་མི་བསྐྱོད་པ ་ལ་སོགས་པ་དང་དེ་བཞིན་གཤེགས་པ་ལ་སོགས་པ་སོ་སོ་མངོན་པར་སྦྱོར་བ་བྱ་སྟེ། །སྣ་ཚོགས་པའི་དཀྱིལ་འཁོར་དུ་སྣ་ཚོགས་པའི་ས་བོན་གྱི་ཡི་གེའི་རང་བཞིན་ནོ། །རྡོ་རྗེ་ནི་མི་ཕྱེད་པ་ན་སྟེ་དཀྱིལ་འཁོར་པའི་ལྷའི་སྐྱེས་བུའོ། །བཙུན ་མོ་ནི་དཀྱིལ་འཁོར་མ་རྣམས་ཏེ། ལྷ་མོ་རྣམས་སོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་བཙུན་མོ་དང་ཞེས་པ་སྟེ་ཕན་ཚུན་བསྡུ་པའོ། །དེའི་རྗེས་ལ་བྷ་གའི་སྒྲས་ལྷན་ཅིག་དེ་བཞིན་གཤེགས་པའི་སྒྲ་ནི་མངོན་དུ་སོང ་བའི་ཚིག་སྟེ་བསྐུར་བར་བྱ་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་དང་བཙུན་མོ་ཞེས་བྱས་ལ་དེ་བཞིན་གཤེགས་པའི་སྒྲ་དང་ལྷན་ཅིག་སྟེ་ཐ་དད་དུའོ། །ཕྱི་ནས་ཐམས་ཅད་ཀྱི་སྒྲས་ལྷན་ཅིག་ཏུ་ཁྱད་པར་དུ་བསྡུ་བའོ། །དེའི་རྗེས་ལ་བྷ་གའི་སྒྲས་ལྷན་ཅིག་པ་སྟེ་དེའི ་སྐྱེས་བུའི་དྲུག་པའོ། །དེ་ལ་བྷ་ག་རྣམས་ལ་ཞེན་པ་ནི་སྐྱེས་གནས་ཀྱི་ཕྱིར་རོ། །དེ་དང་དེར་ལྷའི་འཁོར་ལོ་རྫོགས་པ་ལ་བལྟོས་པས་ན་དེ་དང་དེ་རྣམས་རྡོ་རྗེ་འཆང་དང་འཁྱུད་པའི་པདྨའི་རང་བཞིན་དུའོ། །བཞུགས་ཞེས་བྱ་བ་ནི་རྡོ་རྗེ་དང་སྦྱོར་བ་ལས་བྱས་པའི ་ཚོགས་ཀྱི་རོལ་ནས་གང་དུ་དངོས་སུ་མ་གྲུབ་པ་དེའི་ཚེ་བྷ་ག་རྣམས་ལ་ཞེས་པ་ནི་སྐྱེད་པར་བྱེད་པའི་གནས་ཀྱི་ཕྱིར་ཏེ། ས་བོན་དེ་དང་དེ་རྣམས་སོ། །བཞུགས་ཞེས་པ་ནི་གནས་པའོ། །གང་དུ་རང་འདྲ་བའི་པདྨར་གནས་པའི་རྡོ་རྗེ་སེམས་དཔའ་བསྐྱེད་ནས ་ལྷའི་འཁོར་ལོ་ཉེ་བར་བསྟན་པ་གསུངས་པ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་རྣམས་ཀྱིས་ཏེ་ལྷན་ཅིག་ཅེས་པའི་དོན་ཏོ། །འབྲས་བུ་ལས་གཞན་མ་ཡིན་པར་ཉེ་བར ་བསྟན་པའི་དོན་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་རྒྱུས་ས་བོན་རྣམས་ལ་འབྲས་བུའི་མིང་གིས་བསྟན་ཏོ། །དེ་ལ་མི་ཕྱེད་པའི་གཏི་མུག་ནི་གཏི་མུག་རྡོ་རྗེ་སྟེ། དེ་ཉིད་ཆེ་བ་དོན་མེད་པའི་སྒྱུར་གྱུར་པའི་ཕྱིར་རོ། །གཤིན་རྗེ་དང་འདྲ་བས་གཤིན་རྗེ ་སྟེ། དེའི་སྒྲ་ནི་དེ་དག་རླག་པར་བྱེད་པ་ཅན་ནོ། །གཟུང་བ་དང་འཛིན་པ་ནི་རྣམ་པར་སྤྱད་པས་མི་བཟོད་པས་ན་རང་དང་གཞན་གྱི་འགྲོ་བའི་རང་བཞིན་སྐད་ཅིག་སོ་སོར་བརྫུན་པར་བལྟས་པ་ལ་གཏི་མུག་ཡང་དག་པར་ཟད་པར་བྱེད་པའོ། །དང་གི་ཡི་གེ་ནི་ཕན ་ཚུ་ན་དུ་བལྟོས་ནས་བསྡུ་བའོ། །དེ་བཞིན་དུ་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཚིག་བཞི་པོ་འདི་ཡང་སྟེ་མི་ཕྱེད་པ་ལ་སོགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །དེ་ལ་བདག་མེད་པ་ལ་བདག་ཏུ་འཛིན་པ་ནི་གཏི་མུག་གོ་།གཞན་དང་རབ་ཏུ་འབྱེད་པའི་ཚིག་ནི ་ཕྲ་མའོ། །ཚོགས་ཐམས་ཅད་ལ་ཞེན་པ་ནི་ཆགས་པའོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་ནི་ཕྲག་དོག་ཐོ་བ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། ཐོ་བ་དང་འདྲ་བ་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་མ་ལུས་པར་སོན?་པའི་འཇིག་ཚོགས ་སུ་ལྟ་བའི་བསྟན་པ་ཆེན་པོ་ཐོ་བས་འཇོམས་པར་བྱེད་པའི་ཕྱིར་རོ། །གཤིན་རྗེ་གཤེད་ནི་གཤིན་རྗེའི་བདག་ཉིད་ཀྱི་དགྲ་ཞེས་པ་འཇིག་ཚོགས་སུ་ལྟ་བ་དེ་ཉིད་འཇོམས་པའི་རྒྱུར་གྱུར་པའི་ཕྱིར་ཐོ་བ་གཤིན་རྗེ་གཤེད་དོ། །དེ་བཞིན་དུ་ཕྱིན་ནས་ཀྱི་ཚིག་གསུམ ་པོ་དག་ལ་ཡང་དེ་ཉིད་དུ་ལས་འཛིན་པར་བསྡུའོ། །དབྱིག་པ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ནི་དབྱིག་པ་ནི་དབྱིག་པ་དང་འདྲ་བས་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་མ་ལུས་པ་ལ་གནས་པའི་མཐར་འཛིན་པའི་ལྟ་བའི་སྐྱོན་འབྱིན་པའི་ཕྱིར་རོ། །གཤིན་རྗེ ་གཤེད་ནི་གཤིན་རྗེའི་བདག་ཉིད་ཅན་གྱི་སྒྲ་སྟེ་ལྟ་བ་དེ་ཉིད་འཇོམས་པའི་རྒྱུར་གྱུར་པས་ན་དབྱིག་པ་གཤིན་རྗེ་གཤེད་དོ། །པདྨ་གཤིན་རྗེ་གཤེད་དང་ཞེས་པ་ནི་པདྨ་དང་འདྲ་བས་པདྨ་སྟེ། ལོག་པར་ལྟ་བའི་འདམ་གྱིས་མ་གོས་པའི་ཕྱིར་དང་ལོག་པར་ལྟ ་བའི་གཤིན་རྗེའི་བདག་ཉིད་ཅན་གྱི་དགྲའི་ཕྱིར་པདྨ་གཤིན་རྗེ་གཤེད་དོ། །རལ་གྲི་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་རལ་གྲི་དང་འདྲ་བས་རལ་གྲི་སྟེ། ལྟ་བ་མཆོག་ཏུ་འཛིན་པའི་དགྲ་གཅོད་པས་སོ། །གཤིན་རྗེ་གཤེད་ནི་ལྟ་བ་མཆོག་ཏུ་འཛིན་པ་དེ་ཉིད ་གཤིན་རྗེའི་བདག་ཉིད་ཅན་ཉིད་དེ་དེའི་དགྲའི་ཕྱིར་རལ་གྲི་གཤིན་རྗེ་གཤེད་དོ། །རྡོ་རྗེ་ཙར་ཏསྩི་ཀ་ཞེས་བྱ་བ་ནི་རྡོ་རྗེ་ཙར་ཏསྩི་ཀ་ཡིས་ཏེ་གསུམ་པའི་དོན་ལ་དང་པོའོ། །དེ་བཞིན་ཕྱི་མ་དག་ལ་ཡང་ངོ། །དེ་ལ་རྡོ་རྗེ ་ནི་ནི་རྡོ་རྗེ་དང་འདྲ་བ་སྟེ་དོན་མེད་པར་བྱུང་བ་དང། ཉོན་མོངས་པའི་སྒྲིབ་བ་ལས་སོ། །དེའི་ཙརྩཙི་ཀ་ནི་གཅིག་དང་དུ་མ་དང་བྲལ་བའི་སྦྱོར་བས་རྣམ་པར་དཔྱོད་པ་དང་གཙོ་བོ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་ཕག་མོ་ཞེས ་བྱ་བ་ནི་རྡོ་རྗེ་དང་འདྲ་བས་རྡོ་རྗེ་ལྟེ་བ་ནི་ལས་ཀྱི་སྒྲིབ་པ་དེ་ལ་བསྒྲིབས་སོ། །དེའི་ཨ་ནི་ཐམས་ཅད་ལེན་ཅིང་རྟོགས་པའོ། །ཧ་ནི་རབ་ཏུ་བྱེད་པ་གཞན་དུ་ལྟས་ཏེ་ཞེས་པས་ཧ་འོ། །པི་པི་ལིང་ལ་སོགས་པའི་ཕྱིར་ན་ངི་པའོ། །རྡོ་རྗེ་དབྱངས་ཅན་མ་ཞེས་བྱ ་བ་ནི་མི་ཕྱེད་པའི་ཡེ་ཤེས་དེ་ཉིད་དབྱངས་ཏེ་ཤེས་བྱའི་སྒྲིབ་པའི་རྒྱུན་སེལ་བས་ནའོ། །ཅན་ནི་དེ་དང་ལྡན་པའོ། །རྡོ་རྗེ་གཽ་རི་ཞེས་བྱ་བ་ལ་རྡོ་རྗེ་མི་ཕྱེད་པའོ། །གཽ་རི་ནི་སྟོང་པ་ཉིད་དུ་ལྟ་བ་སྟེ་སྐྱེ་བའི་སྒྲིབ་པའི་གཉེན་པོའི་ཕྱིར་རོ། །དེ་ལེན?་ཞིང ་འཛིན་པ་ཉིད་ཀྱིས་ནི་རྡོ་རྗེ་གཽ་རི་སྟེ་རང་གི་དོན་གྱི་སྐྱོན་ཅན་ནོ། །གྲཝར་ཞེས་པ་ནི་རང་གི་རིམ་པའི་མེ་དང་བདེན་བྲལ་ལ་སོགས་པའི་མཚམས་རྣམས་སུའོ། །གྲཝར་རྣམས་ཀྱིས་ཉེ་བར་མཚོན་ནས་ནང་གི་འཕར་མའི་ཤར་དང་ལྷོ་ལ་སོགས་པའི ་ཕྱོགས་རྣམས་སུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་སོ། །ཞེ་སྡང་གཤིན་རྗེ་གཤེད་ནི་ཐམས་ཅད་ཀྱི་དབུས་སུའོ། །ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ནི་ཕྱི་རོལ་གྱི་འཕར་མའི་ཤར་དང་ལྷོ་ལ་སོགས་པ་རྣམས ་སུའོ། དེ་བཞིན་དུ་ཕྱི་རོལ་གྱི་གྲཝ་རྣམས་སུ་ཐོད་པ་བཞི་པོ་རྣམས་ཀྱང་སྟེ་ཕྱིས་རྟོགས་པར་བྱའོ། །དེ་ལྟ་བུ་ལ་སོགས་ཞེས་བྱ་བ་ནི་དེ་རྣམས་ནི་གཙོ་བོ་སྟེ་དེ་ལ་སོགས་པ་དང་འདུས་པའོ། །དེ་རེ་རེ་ལས་རང་རང་གི་ས་བོན་རྣམས ་ལས་མཛའ་ཡས་པར་སྤྲོ་བ་དང་བསྡུ་བ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཞུགས་སོ་ཞེས་བྱ་བའི་སྔར་གྱི་དང་ལྷན་ཅིག་ཏུ་བླངས་ཏེ་འབྲེལ་ཏོ། དེའི་དོན་ཡང་བདེ་བ་ཕུན་སུམ་ཚོགས་པ་ཡིས་དེ་རྣམས་ཐབས་ཅིག་ཏུ་བཞུགས ་པའོ། དེ་རྣམས་ནི་དཀྱིལ་འཁོར་གཅིག་ལ་བལྟོས་པའི་དབང་དུ་བྱས་པ། ཡིད་ལ་གཞན་དག་ནི་གཞན་དག་ལ་བལྟོས་ནས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་བ་ཡང་སོ་སོ་ཉིད་དུ་རྟོགས་པར་བྱའོ། །དེ་དག་གི་དབྱེ་བས་ནི་རྡོ་རྗེ ་སེམས་དཔའ་ཨི་དབྱེ་བ་ཡང་ངོ། །ཇི་སྐད་གསུངས་པའི་དཀྱིལ་འཁོར་ལྷ་རྣམས་ཀྱི་ས་བོན་ལས་བསྐྱེད་བའི་ཕྱིར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྟན་པར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནས་ཡང་ཞེས་པ་ནི་དག་འདི་ལྟ་བུ་ཉེ་བར ་བརྗོད་པའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བོས་ཏེ་ཞེས་བྱ་བ་འདིས་སྦྱང་བྱའོ། །ངོས་ནས་ཞེས་བ་ནི་དྲིས་པའོ། །བོས་པ་དེ་ཡང་ལན་དང་རྗེས་སུ་མཐུན་པར་རྟོགས་པར་བྱའོ། །གཞན་དུ་ན་ནི་སྐབས་མ་ཡིན་པར་བརྗོད་པར་འགྱུར་ཏེ་དྲི་བ ་གཞན་ལ་བསྟན་པ་གཞན་པས་སོ། །གང་ལ་བོས་ཤེ་ན་གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱེད་ལ་སོགས་པའོ། ་དེ་རྣམས་ཀྱི་བདག་པོ་ཞེས་པ་ནི་དེ་རྣམས་ཡང་དག་པར་གསུངས་པའོ། །ཡང་དེ་བཞིན་གཤེགས་རྣམས་སྐྱེད་བྱེད་པས་སོ། །ལན་གྱི་དོན་གསུངས་པ་ནི། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ནས་བདུད་ཐམས་ཅད་བརླག་པ་ཞེས་པ་སྟེ། ་ཐམས་ཅད་ལ་འཚེ་བ་ནི་རྡེག་པའོ། །ལས་ལ་ཨ་རྐྱེན་དུ་བྱས་པས་བདུད་ཐམས་ཅད་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །དེ་དག་རྣམ་པར་བརླག་པ་ནི་རྣམ་པར་དག་པའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །མིང་ནི་རབ་ཏུ་གྲགས་པའོ ་ཏིང་ངེ་འཛིན་ཅེས་བྱ་བ་རྒྱུའི་རྡོ་རྗེ་འཆང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔའི་རང་བཞིན་རྣམས་ཀྱིས་སོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་བར་སྤྲོས ་ནས་སོ། །ཟླ་བ་རྡོ་རྗེ་རབ་སྦྱོར་བས་ཞེས་བྱ་བ་ནི། གང་གི་ཚེ་སྙིང་གའི་ས་བོན་ལས་བཀོད་པ་རྣམས་ལ་བདུན་པོ་རྣམ་པར་དག་པའི་བླ་ན་མེད་པའི་མཆོད་པ་དང། ཚངས་པའི་གནས་གཞི་བསྒོམས ་པ་དང། སྟོང་པའི་བྱང་ཆུབ་དང་རྡོ་རྗེ་ར་བ་ལ་སོགས་པ་དང། དེའི་ནང་དུ་སོན་པའི་ནམ་མཁའ་འབྱུང་བ་ཆེན་པོ་དང། །སྣ་ཚོགས་རྡོ་རྗེ་ལ་གནས་པ་འབྱུང་བ་ཆེན་པོ་བཞི་ཡང་དག་བར་བསྡུས་པར་སྐྱེས་པའི་གཞལ་ཡས་ཁང་གི་དབུས་སུ་གནས ་པའི་ཉི་མའི་རྗེས་ལ་ཟླ་བ་རྡོ་རྗེ་ལ་སོགས་པ་བསྒོམ་པ་སྟེ། གང་འདི་ལྟ་བུ་ཡང་མངོན་དུ་དཀྲུགས་པའི་རིམ་པས་བསྟན་པའོ། །དེ་ལྟ་བུ་ཡང་བརྒྱ་ལམ་ན་གང་ཞིག་བླ་ན་མེད་པར་ཤེས་རབ་ཀྱིས་ང་རྒྱལ་བ་ཉིད་ཚིག་ཙམ་ལ་རབ་ཏུ་འཇུག་ཅིང་དེ་ནས ་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཟླ་བ་ནི་ཨ་ལི་ལ་སོགས་པའོ། །དབྱངས་ཡིག་བཅུ་དྲུག་པོ་རྣམས་ཀྱིས་ཉིས་འགྱུར་ལས་འབྱུང་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྡོ་རྗེ་ཞེས་པ་ནི་བདུད་ལས་རྒྱལ་བའི་རྡོ་རྗེ་སྟེ། ཀ་ལ་སོགས་པ ་གསལ་བྱེད་རྣམས་ལས་ཡི་གེ་དྲུག་ལྷག་པ་གྲངས་བཞི་བཅུ་ཉིས་འགྱུར་ལས་བྱུང་བ་ཉི་མའི་རྡོ་རྗེ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་ནི་ཉི་མ་དང་ཟླ་བ་དག་གོ་།སྦྱོར་བ་ནི་ཕུལ་དུ་གྱུར་པ་སྟེ་རབ་ཏུ་སྦྱོར་བའོ། །དེ་ནས་ཉི་མའི་སྟེང་དུ་ཧཱུཾ ་ཡིག་ལས་རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་ནས་ལྷའི་འཁོར་ལོ་སྤྲོ་བ་དང་བསྡུ་བར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་དག་ཐམས་ཅད་ཞུ་བ ་ལས་ཡོངས་སུ་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རྟོགས་པར་བྱའོ། །གཤིན་རྗེ་འཇིགས་པ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་རྡོ་རྗེ་དང་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཞུ་བས་བཞེངས་པ་སྟེ། རྒྱུའི་རྡོ་རྗེ་འཛིན་པ ་གཤིན་རྗེ་གཤེད་པོ་ཞབས་གཡོན་བརྐྱང་བ་སྐུ་མདོག་དཀར་པོ་རྩ་བའི་ཞལ་དཀར་བ་གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར་བའོ། །གཡས་པའི་ཕྱག་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང། གྲི་གུག་འཛིན་ཅིང། གཡོན་པའི་ཕྱག་རྣམས་ཀྱིས ་འཁོར་ལོ་དང་པདྨ་དང། ཐོད་པ་འཛིན་པས་རང་དང་འདྲ་བ་ལ་སྙོམས་པར་འཁྱུད་པའོ། །དེ་ཡང་བྷ་གར་ལིང་ག་རྣམ་བཞག་ནས། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ་ཞེས་ལེའུ་བཅུ་པ་ལས་གསུངས་པས་སོ། །བདུད་རྣམས་ཞེས་བྱ་བ་ནི་རྣམ ་པ་བཞི་སྟེ། ཉོན་མོངས་པ་དང། ལྷ་དང། ཕུང་པོ་དང། འཆི་བདག་གི་བདུད་དོ། །རབ་ཞིའི་དོན་ཞེས་བྱ་བ་ནི་དེའི་དོན་དུ་སྟེ་བཞི་པའོ། །སྡང་པ་ཐམས་ཅད་ཞི་བ་ཞེས་བྱ་བ་ནི་སྡང་པ་ཐམས་ཅད་ནི་དགྲ་བོ་རྣམས་སོ། །ཞི་བ་ནི་གསལ་བར ་བྱ་བའི་དོན་དུའོ། །སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་རྗེས་ལ་གང་བྱ་བ་དེའི་བརྗོད་པ་གསུངས་པ། བསྲུང་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་ཞེས་པ་ནི་སྣ་ཚོགས་རྡོ་རྗེའོ། །དེས་ན་དེ་ཉིད་གསུངས་པ། འོད་ཟེར་ལྔ་ཡིས་འཁྲིགས་པ་ཡིས་ཞེས་པ་སྟེ། ་དེ་ཡང་རཾ་ཡོངས་སུ་གྱུར་པ་ལས་ཉི་མ་དེའི་སྟེང་དུ་ཧཱུཾ་རྫོགས་པའོ། །རྡོ་རྗེ་བཞི་ཞེས་བྱ་བ་ནི་རྡོ་རྗེ་དེ་ཉིད་ལས་འོད་ཟེར་དུ་མ་བྱུང་བ་རྣམས་ཀྱིས་འོག་ས་གཞི་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱི་ས་གཞིར་གྱུར་པའོ། །ལྕགས་རི་ཞེས་ནི་རྡོ་རྗེ་ཕྲེང་བའི་འོད ་ཟེར་རྣམས་ལ་ཕྱི་རོལ་ཏུ་ར་བ་གྲུ་བཞི་པའོ། །ར་བ་ཞེས་བྱ་བ་ནི་རྡོ་རྗེའི་ས་གཞིའི་སྟེང་གི་ཕྱོགས་བཞི་འོད་ཟེར་རྣམས་ལས་བྱུང་བའི་བརྩིགས་པ་བཞིའོ། །བུར་ཞེས་པ་ནི་ནམ་མཁའ་ཨི་ཕྱོགས་སུ་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་ཁྱབ་སྟེ་ཐོག་ཕུབ་པའོ། ། ་རྡོ་རྗེ་སེམས་དཔའ་རྫོགས་པའི་རྗེས་ལ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་པོ་ནི་རྡོ་རྗེ་སེམས་དཔའ་རྒྱུའི་རྡོ་རྗེ་འཛིན་པ་ནི་གཤིན་རྗེ་གཤེད་པའོ། །བདུད་རླག་པར་བྱེད་པའི ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ཅིང་ཁར་བཞུགས་ནས་སྙིང་ཁར་ཞུ་བར་བྱ་སྟེ། ་རྡོ་རྗེའི་ལམ་ནས་བྱུང་བ་དང། རང་དང་དྲ་བའི་པདྨར་ཟླ་བར་ཞུ་བའི་གཟུགས་ཀྱིས་དཀྱིལ་འཁོར་བའི་ས་བོན་གྱི་ཡི་གེ་རྣམས་ལ་རྫོགས་པའི་ལྷ་མོའི་འཁོར་ལོ་ནི་བདུད་རླག་པར་བྱེད་པའི་རྒྱུ་ཉིད་ཡིན་པས་རྒྱུ་ལ་འབྲས་བུའི་མིང་གཏགས་ནས་བདུད ་རླག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་དག་ཉིད་དོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཞེས་བྱ་བ་ནི་རང་དང་འདྲ་བར་སོན་པ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་བཞིན་གཤེགས་པ་གསུམ་གྱི་རྣམ་པར ་དག་པའི་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་དོན་ཏོ། །ངེས་པར་ཕྱུང་ཞེས་བྱ་བ་ནི་ཡང་དག་པར་སྤྲོས་ཏེ་གནས་ཇི་ལྟ་བ་བཞིན་དུ་རྣམ་བར་བཀོད་པ་སྟེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་སྤྲོས་པའི་གནས་སྐབས་ལས ་སོ། །དབུས་སུ་ཡ་ཞེས་པ་ནི་གཙོ་བོ་གཤིན་རྗེ་གཤེད་ཀྱི་ས་བོན་དུ་ཡང་ཤུགས་ཀྱིས་རྟོགས་པར་བྱའོ། །ཞུ་བར་གྱུར་བ་ལས་གཤིན་རྗེ་གཤེད་ཡིན་ལ། དེའི་ཚེ་ས་བོན་ཡི་གེར་བྱའོ། །ང་ནི་ཡཀྵེ་མ་མེ་ད་ལ་སོགས ་པ་ཉིད་སྤྲོས་ཏེ་གནས་ཇི་ལྟ་བ་རྣམས་སུའོ། །ཀྵ་མ་མེ་དངག་ནི་ནང་གི་རིམ་པའི་ཕྱོགས་སུ་གནས་པ་སྟེ་ལྷག་མའོ། །ཡ་ཛ་ནི་ར་རི་ཕྱི་རོལ་གྱི་སྒོ་བཞི་པོ་རྣམས་སུའོ། །ཛ་ས་དོ་རུ་ནི་ནང་གི་རིམ་པའི་མཚམས ་རྣམས་སུའོ། །ཡོ་ནི་རཱ་ནི་ཕྱི་རོལ་གྱི་རིམ་པའི་གྲཝ་བཞི་པོ་རྣམས་སུའོ། །ལྷའི་དབྱེ་བས་ས་བོན་གྱི་ཡི་གེའི་རྣམ་པར་དབྱེ་བ་གསུངས་པ། ར་སོགས་དང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ་གཤིན་རྗེ་གཤེད་ཅེས་བྱ་བ་ནི་མི་བསྐྱོད་པའོ། །གཏི་མུག་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཕྲ་མ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ཞེས་པ་ནི་སྣང་བ་མཛའ་ཡས་སོ། །ཕྲག་དོག་ཅེས་པ་ནི ་དོན་ཡོད་གྲུབ་པའོ། །གཤིན་རྗེ་འཇོམས་མ་ལྔ་རུ་གྲགས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་ཉིད་ལ་གཤིན་རྗེ་འཇོམས་མ་ལྔ་རུ་གྲགས་ཞེས་མངོན་པར་བརྗོད་པའོ། །དེའི་རྗེས་ལ་ཕྱག་རྒྱ་སྐབས་སུ་དཀྱིལ་འཁོར་བ་ཐམས ་ཅད་ཀྱི་དབུ་ལ་གཤིན་རྗེ་འཇོམས་པ་བསྒོམ་པར་བྱའོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཉིད་ཇི་ལྟར་རིགས་པ་བསྒོམ་པར་བྱ་ཞེས་པའོ། །ད་ནི་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱི་ནང་དུ་གནས་པའི་ནམ་མཁའ་ཨི་བདག་ཉིད་ཀྱིས་སྟོང་པར་འཆད་པར ་འགྱུར་བའི་གཞལ་ཡས་ཁང་གི་དབུས་སུ་གཤིན་རྗེ་གཤེད་པོ་བཞུགས་པའི་དོན་དུ་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་འབྱུང་བ་ཆེན་པོ་སྟེ། རྡོ་རྗེ་ར་བ་དང་རྡོ་རྗེ ་གུར་གྱི་ནང་དུ་གནས་པའི་ནམ་མཁའ་ཨི་རང་བཞིན་ནོ། །དེའི་དབུས་སུ་ནི་དེར་ཁྱབ་ཅེས་པའི་དོན་ཏོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ནི་ཧཱུཾ་ཡིག་ལས་སྐྱེས་པ་སྔར་གྱི་སྣ་ཚོགས་རྡོ་རྗེ་ཉིད་དོ། །བསམ་ཞེས་བ་ནི་དྲན་པ་སྟེ། དེ ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་དབུས་སུ་ནག་པོ་དང། ཤར་དུ་དཀར་པོ་དང། ལྷོར་སེར་པོ་དང། ནུབ་ཏུ་དམར་པོ་དང། བྱང་དུ་ལྗང་གུའོ། །དེའི་དཀྱིལ་བཞུགས་གཤིན་རྗེ་གཤེད་ཅེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་དེའི་མུ་ཁྱུད་དུ ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གནས་པའོ། །གཞན་ཡང་རྡོ་རྗེ་སེམས་དཔའ་ཞུ་བར་གྱུར་བ་ལས་རྡོ་རྗེའི་གླུ་ཡིས་བསྐུལ་ནས་བཞེངས་པར་རྟོགས་པར་བྱའོ། །ཤར་རྩིབས་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་ཆའོ། །དེ་བཞིན་དུ་ལྷོ་དང་ནུབ་དང། ་བྱང་གི་ཕྱོགས་ཀྱི་ཆར་ཡང་རྟོགས་པར་བྱའོ། །མཚམས་ཞེས་བྱ་བ་ནི་ནང་གི་རིམ་པའི་གྲཝ་རྣམས་སུའོ། །རྡོ་རྗེ་རྩེ་བཞི་ལ་ཞེས་བྱ་བ་ནི་རྡོ་རྗེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་རྩེ་མོ་ནི་ཆོས་ཀྱི་བརྡ་གྲཝ ་རྣམས་སུའོ། །ཙར་ཏསྩི་ཀ་སོགས་ཞེས་བྱ་བ་ནི་ཙར་ཏསྩི་ཀ་དང་ཕག་མོ་དང། དབྱངས་ཅན་མ་དང། །གཽ་རི་མའོ། །མེ་མཚམས་སྒོ་བཞི་བརྩི་ཞེས་བྱ་བ་ནི་ཕྱི་རོལ་གྱི་མིག་སྒོ་རུ་གང་སྣ་ཚོགས་རྡོ་རྗེ་རྩེ་མོ་བཞི་སྟེ་རྩེ་མོ་ལྔ་པ་རྣམ་པ་བཞིའོ། །དེ་དང་ཉེ་བར་གྱུར ་པའི་སྒོ་ཉིད་དུ་ཞེས་པའི་དོན་ཏོ། །སྣ་ཚོགས་རྡོ་རྗེའི་གྲཝ་རྣམས་སུ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཞལ་ཡས་ཁང་གི་གྲཝ་རྣམས་སུའོ། །མིའི་མགོ་བོ་ནི་སྐྱེས་པའི་ཐོད་བ་ཁྲག་གིས་གང་བ་རྣམས་ཏེ་སྣ་ཚོགས་པདྨའི་སྟེང་དུ་གནས་པའོ། །ལྷ་རྣམས ་ཀྱི་སྔགས་ཀྱི་བཟླས་བ་བསྟན་པའི་དོན་དུ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི། འབྲས་བུའི་གཤིན་རྗེ་གཤེད་འབྱུང་བར་གྱུར་པའི་གནས་སྐབས་ཐོབ་ཅེས ་བའི་དོན་ཏོ། །སྔགས་བཟླས་ཞེས་པ་ལྷག་མའོ། །གསུངས་ཞེས་པ་ནི་ད་ལྟ་ཉིད་དུ་གསུངས་པར་གྱུར་པའོ། །དཀྱིལ་འཁོར་བའི་བཟླས་པའི་སྔགས་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་བཅུ་གཉིས་པོ་རྣམས་ཀྱིས་སོ། །སྐུ་གསུང་ཐུགས་བྱིན ་གྱིས་བརླབས་པའི་སྔགས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱིའོ། །ཞེ་སྡང་ཆེན་པོའི་སྐུ་ཞེས་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུའོ། །ཞལ་གསུམ་ཞེས་པ་ནི་རྩ་བ་ནག་པོ་དང། གཡས་དཀར་པོ་དང། གཡོན་དམར་པོའོ། །ཕྱག ་ཞེས་པ་ནི་གཡས་པའི་ཕྱག་ན་རྡོ་རྗེ་ཉེ་བར་མཚན་པའི་ཕྱིར་རོ། །ཕྱག་གཞན་གཉིས་ན་རལ་གྲི་དང་གྲི་གུག་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་གསུམ་ན་འཁོར་ལོ་དང་པདྨ་དམར་པོ་དང་ཐོད་པ་འཛིན་པའོ། །ཞལ་གསུམ་པ་ཞེས་རྩ་བ་ནག ་པོ་དང། །གཡོན་དམར་པོ་དང་གཡས་ནག་པོའོ། །ཞི་བ་ནི་ཞི་བའི་ལས་ཀྱི་ཕན་པའོ། །གསལ་བའི་གཟུགས་ནི་ཟླ་བའོ། །དེ་དང་མཉམ་པའི་འོད་ཟེར་དཀར་པོའོ། །ཕྱག་ཅེས་པ་ནི་གཡས་པ་སྟེ་འཁོར་ལོས་ཉེ་བར་མཚོན་པའི་ཕྱིར། ཕྱག་གཞན་གཉིས་སུ་ཡང་རལ ་གྲི་དང། །གྲི་གུག་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་གསུམ་ན་རིན་པོ་ཆེ་དང་པདྨ་དང་ཐོད་པ་བསྣམས་སོ། །ཞལ་གསུམ་ཞེས་པ་ནི་རྩ་བ་སེར་པོ་དང་གཡས་དཀར་པོ་དང་གཡོན་ནག་པོའོ། །རྒྱས་པ་ནི་རྒྱས་པའི་ལས་ཀྱི་ཕན་པའོ། །གསེར་བསྲེགས ་རྣམ་པ་ཞེས་པ་ནི་བསྲེགས་པས་མདོག་བཟང་པོས་ཏེ་དེའི་འོད་དོ། །ཕྱག་ཅེས་པ་ནི་གཡས་པ་ན་རིན་པོ་ཆེས་ཉེ་བར་མཚོན་པའི་ཕྱིར། གཞན་གྱི་ཕྱག་གཉིས་སུ་ཡང་རལ་གྲི་དང་གྲི་གུག་གོ་།གཡོན་པའི་ཕྱག་གསུམ་ན་འཁོར་ལོ་དང་པདྨ་དང་ཐོད་པ་རྣམས་སོ།། ་ཞལ་གསུམ་ཞེས་པ་ནི་རྩ་བ་དམར་པོ་དང་གཡས་དཀར་པོ་དང་གཡོན་སྔོན་པོའོ། །དབང་ནི་དབང་དུ་བྱེད་པའི་ལས་ཀྱིས་ཕན་པའོ། །པདྨ་རཱ་ག་ཞེས་པ་ནི་རིན་པོ་ཆེ་དམར་པོའོ། །ཕྱག་ནི་གཡས་པ་ན་པདྨས་ཉེ་བར་མཚོན་པའི་ཕྱིར་ཕྱག་གཞན་གཉིས་སུ་ཡང ་རལ་གྲི་དང་གྲི་གུག་གོ། གཡོན་པར་ནི་འཁོར་ལོ་དང་རིན་པོ་ཆེ་དང་ཐོད་པ་བསྣམས་སོ། །ཞལ་གསུམ་ཞེས་པ་ནི་རྩ་བ་ལྗང་གུ་དང་གཡས་པ་ན་ནག་པོ་དང་གཡོན་སེར་པོའོ། །ཐམས་ཅད་ནི་ལས་ཐམས་ཅད་པའོ། །མར་གད་ནི་རིན་པོ་ཆེ་ལྗང་གུའོ། །ཕྱག ་གཡས་པའི་ཕྱག་ན་ཤུབས་ཅན་ཏེ་རལ་གྲིས་ཉེ་བར་མཚོན་པའི་ཕྱིར། །ཕྱག་ཞན་གཉིས་སུ་ཡང་རྡོ་རྗེ་དང་གྲི་གུག་གོ་།གཡོན་པ་ནི་འཁོར་ལོ་དང་པདྨ་དང་ཐོད་པ་བསྣམས་སོ། །དེ་ལྟར་ནང་གི་རིམ་པར་གནས་པའི་གཤིན་རྗེ་གཤེད་པོ་ལྔ་གསུངས་ནས ་ལེའུ་རྫོགས་པར་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ཀྱིས་གང་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །གང་དེ་ཡོངས་སུ་གྱུར་པ་ནི་གཤིན་རྗེ་གཤེད ་ནག་པོ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་པོ་དེ་ཉིད་རྒྱུད་དེ་དེ་གསལ་བར་བྱེད་པ་ག་ལ་ཡོད་པ་དེ་ནི་རྒྱུད་དོ། །དེ་ལས་ཞེས་པ་མི་ཕྱོགས་གཅིག་པ་ལས་སོ། །མངོན་པར ་ཞེན་པ་ནི་མངོན་པར་དང་ཐམས་ཅད་ལས་ཏེ་ཐམས་ཅད་ཀྱི་རང་བཞིན་གྱིས་ཡང་དག་པར་ཐོབ་ཅིང་མངོན་དུ་བྱེད་ཀྱི་རང་བཞིན་གྱིས་གང་ཐོབ་པ་དེ་ལྟ་བུ་ནི་མངོན་པར་རྟོགས་པའོ། །མི་ཤེས་བ་ཀུན་གྱི་སྒྲིབ་གཡོགས་གཡོག་བའི་སྣམ་བུ་དང་འདྲ ་བས་སྣམ་བའོ། །དེར་ལེན་ཞིང་འཛིན་པས་ན་ལེའུའོ། །མངོན་པར་རྟོགས་པ་ཡང་འདི་ཡིན་པས་མངོན་པར་རྟོགས་པའི་ལེའུའོ། །ལེའུ་དང་པོའི་བཤད་པ་རྫོགས་སོ།། །།སློབ་མ་ལ་སོགས་པའི་དབང་དུ་བྱ་སྟེ་དཀྱིལ་འཁོར་བྲི་བ་ལ ་སོགས་པའི་དོན་དུ་སློབ་དཔོན་ལ་བསྟོད་པ་བརྗོད་པ་གསུངས་པ། དེ་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་པ་ལ་ཆེན་པོ་ནི་ཐམས་ཅད་བསྡུད་པར་མཛད་པའོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་རང་བཞིན ་གྱིས་སོ། །དེ་སྐད་དུ་བྱང་ཆུབ་སེམས་དཔའ་གང་དེ་རྡོ་རྗེ་ཞེས་གསུངས་པས་སོ། །དེ་ལ་སེམས་དཔའ་ནི་གང་ཡོད་པའི་ཕྱིར་དང། དེའི་རང་བཞིན་གྱི་ཕྱིར་རོ། །བསྟོད་པ་གང་གིས་བསྟོད་ཅེ་ན། གསུངས་པ་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས ་པའོ། །ལྷའི་འཁོར་ལོ་བསྒོམ་པའི་རྗེས་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གསུངས་པ། རྡོ་རྗེ་མིག་ཅེས་བྱ་བ་ལ་སོགས་པ་གསུངས་པ། གསུངས་ཞེས་པ་ནི་གསུངས་ནས་སོ། །མིག་ལ་སོགས་པ་རྣམས་བྱིན་གྱིས་བརླབས་ནས་གང་དེའི ་དམ་ཚིག་ནི་བརྡ་སྟེ་མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་སྔགས་ཞེས་པའི་དོན་ཏོ། །གླེགས་བམ་ལ་ལར་ནི་དང་པོའི་མཛའ་ཅན་གྱི་ཚིག་གོ་།དེའི་དོན་ནི་འདི་ཡིན་ཏེ་མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་དམ་ཚིག་གང་གིས ་བཅོམ་ལྡན་འདས་ཞེས་པའོ། །ཁྱད་པར་བླངས་ཏེ་འགྲོ་བའི་ཕྱིར་སོ་སོར་བྱེད་པ་འབྲུ་མང་པོ་པར་བསྡུ་བའོ། །དེ་ལྟར་ན་ནི་ཕྱི་ནས་ཀྱང་དེ་ལྟ་བུའི་ཚིགས་སུ་རྟོགས་པར་བྱའོ། །བསྟོད་པ་གསུངས་པའི་དགོངས་པ་དཀྱིལ་འཁོར་བྲི་བར་གསུངས་པ། དེ་ནས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འཇོམས་པ་ཞེས་པ་ནི་རབ་ཏུ་གཏུམ་པར་བྱིན་གྱིས་བརླབས་ནས་སོ། །དཀྱིལ་འཁོར་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ནའོ། །དེ་སྐད་དུ་ཡང་དཔལ་གསང་བ་འདུས་པ་ལས། །བྱང་ཆུབ་སེམས་ནི་དཀྱིལ ་འཁོར་རོ་ཞེས་གསུངས་སོ། །གཤིན་རྗེའི་སྒྲ་ནི་གཤིན་རྗེ་གཤེད་དོ། །དེ་དང་རབ་མཚུངས་ནི་དེ་དང་དྲ་བ་སྟེ་དེར་བྱ་བ་དང་བྱེད་པའི་ཕྱིར་རོ། །འདོད་པའི་དོན་ཀུན་སྒྲུབ་པ་བྱེད་ཅེས་བྱ་བ་ནི་གང་འདོད་པའི་དོན་ནི་ཇི་སྲིད་བ་སྟེ། ཞི་བ་ལ་སོགས་དེར ་སྒྲུབ་པར་བྱེད་པའོ། །ཁྱད་པར་ནི་དབུས་ན་བཞུགས་པའི་སྐུ་མདོག་དང་མཚན་མ་ལ་སོགས་པའི་དབྱེ་བས་སོ། །དཀྱིལ་འཁོར་གྱི་ཐིག་སྐུད་གསུངས་པ། སཏྭ་ཞེས་བྱ་བ་ལ་སོགས་པ་སྟེ། ལེགས་པར་བསྒྲིབས་ཞེས་པ་ནི། །དེ་བཞིན་གཤེགས་པ་ལྔ ་རྣམ་པར་དག་བ་ལྔ་སྟེ། སྐུད་པ་རྣམ་པ་ལྔ་ཁ་དོག་རྣམ་པ་ལྔར་བྱས་པའི་ཉི་ཤུ་རྩ་ལྔ་བདག་ཉིད་ཀྱིས་སོ། །ལེགས་པའི་ཚེད་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་རིང་བས་སོ། །མཛེས་བ་ཞེས་པ་ནི་རབ་ཏུ་ལེགས་པ་ནིའོ། །སྒོམས་སུ་ནི ་དཀྱིལ་འཁོར་གྱི་སྒོའི་ཉི་ཤུ་ཆ་ཞེས་པའི་དོན་ཏོ། །སྐུད་པ་ཞེས་པ་སྔགས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱས་པའི་ཡེ་ཤེས་ཀྱིས་སྐུད་པའོ། །ཐིག་གདབ་ཅེས་བྱ་བ་ལ་མན་ངག་འདི་ཡིན་ཏེ། དཀྱིལ་འཁོར་ཁྲུ་གང་པའི་དབང་དུ་བྱས་ནས་ཁྲུ་གསུམ ་པའི་ཆ་ལ་གྲུ་བཞི་ལེགས་པར་བྱས་ལ། དབུས་ཀྱི་ཆར་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོས་སྐུད་པ་བཟུང་ནས་ལག་པ་གཡས་པས་རྔོ་རྒྱུས་དང་བཅས་པའི་སྐུད་པའི་རྩེ་མོ་བཟུང་སྟེ་རི་མོ་ཟླུམ་པོ་གཅིག་ཀུན་ནས་བསྐོར་བར ་བྱའོ། །དེ་ནས་ཤར་དང་ནུབ་དང། བྱང་དང། ལྷོ་རུ་སློབ་དཔོན་དང་སློབ་མ་མངོན་པར་ཕྱོགས་པ་ཡང་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་ཀྱི་ལྷའི་བདག་ཉིད་དུ་བྱས་པའི་རྣལ་འབྱོར་པས་རིམ་པ་ཇི་ལྟ་བ་བཞིན་དུ ་དབུས་ཀྱི་ཆར་ཆིངས་ཐིག་གཉིས་གདབ་པར་བྱའོ། །དེ་བཞིན་དུ་རླུང་དང། མེ་དང། དབང་ལྡན་དང། བདེན་བྲལ་དུ་གནས་ལ་མཚམས་ཀྱི་ཐིག་གཉིས་ཀྱང་གདབ་སྟེ། དེ་དག་གི་བར་དག་ཀྱང་མཉམ་པ་དང་ཚད་དང་ལྡན་པའོ། །དེའི་དབུས་སུ་དང ་པོ་རྐང་པ་གཅིག་གིས་མཆོག་པའི་སོར་མོ་བཅུ་ནས་བཟུང་སྟེ་རི་མོ་བཟླུམ་པོ་གཅིག་ཀུན་ནས་བསྐོར་བར་བྱའོ། དེའི་རྗེས་ལ་ཡང་མཐེ་བོང་གང་དུ་རྐང་པ་གཅིག་གིས་མཆོག་པའི་རི་མོ་ཟླུམ་པོ་གཅིག་པོ་ནི་རྡོ་རྗེ་ཕྲེང་བའི་དོན་དུའོ། །དེ་ནས་དེའི་རྗེས་ལ ་སོར་ལྔ་པའི་རི་མོ་ཕྲ་མོ་གཅིག་ཕྱོགས་བཞི་པོ་རྣམས་སུའོ། །དེ་ནས་རྐང་པ་གཅིག་གི་མཆོག་པའི་མཐེ་བོང་གང་གི་རི་མོའོ། །དེ་ལྟར་རི་མིག་དགུར་གནས་པ་ལས་ལྷག་པའི་རི་མོ་རྣམས་ཕྱིས་ལ་ཇི་ལྟར་མཛེས་པར་རི་མིག་དང། ཀ་བ ་རྣམས་བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་ཚངས་པའི་སྐུད་པ་ལས་ལྷག་པར་རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ་རི་མོ་མཐེ་བོང་ཕྱེ་དང་གཉིས་ནི་ཚོན་སྣའི་སའི་དོན་དུ་སྟེ། མེ་དང་དབང་ལྡན་གྱི་མཚམས་སུ་འམ། ཐིག་གཅིག་གིས་ཁྱད་པར ་སྐུད་པ་གཅིག་གདབ་པར་བྱའོ། །དེ་ནས་གྲཝ་ཞེས་བྱ་བ་ཚོན་སྣ་ལྔའི་དོན་དུའོ། །གཞན་དག་ནི་རྐང་པ་གཅིག་གིས་མཆོག་པའི་མཐེ་བོ་གང་སའི་ཆའོ། །དེའི་ཕྱི་རོལ་ཏུ་ཚངས་པའི་སྐུད་པའི་ངོས་ནས་མཐེ་བོ་ཕྱེད་དང་གཉིས་པོར་ཏེ་རི་མོ ་གསུམ་གྱིས་རིང་བ་རྐང་པ་གཅིག་གིས་མཆོག་པའི་མཐེ་བོ་གང་གི་དབུས་སུ་ཐེག་གཉིས་གཉིས་ཀྱི་ངེས་ཞེས་བྱ་སྟེ། རི་མོ་ལྔའི་དོན་དུའོ། །དེ་ནས་ལོགས་སུ་སོར་ཕྱེད་དང་གཉིས་ཀྱི་ཚངས་དུ་རྐང་པས་མཆོག་པའི་མཐེ་བོང་གང་གི ་དབུས་སུ་འགྲམ་ཞེས་བྱ་སྟེ་རི་མོ་ལྔའི་དོན་དུ་སྐུད་པ་གཉིས་གཉིས་སོ། །དེ་ནས་ཕྱོགས་ཞེས་པ་སྟེ། རི་མོ་ལྔའི་དོན་དུ་སོར་ཕྲ་བ་ཕྱེ་དང་གཉིས་ཀྱི་ཆེད་རྐང་པ་གཅིག་གིས་མཆོག་པའི་མཐེབ་གང་པའི་དབུས་སུ་སྐུད་པ་གཉིས་གཉིས་སོ་དེ་ནས་ངོས ་གཉིས་སུ་ཁྱབ་པ་ནི་ཕྲག་གོང་ཞེས་བྱ་བ་སྟེ། རི་མོ་ལྔའི་དོན་དུ་རྐང་པ་གཅིག་གིས་མཆོག་པའི་མཐེབ་གང་དབུས་སུ་སྐུད་པ་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་རྒྱ་གྲམ་ལས་ཕ་རོལ་ཏུ་མཐེབ་གང་པའི་ཆེད་ཙམ་རིན་ཆེན་བ་གུའི་དོན་དུའོ། །ལོགས ་ཀྱི་སྐུད་པ་གཅིག་པོའི་ངོས་གཉིས་སུ་གདབ་པར་བྱའོ། །དེ་ནས་རིན་ཆེན་ཕ་གུ་ལས་ཕྱི་རོལ་ཏུ་ལོགས་ལས་རྐང་པས་མཆོག་པའི་མཐེ་བོང་གང་བོར་བ་དང། ཡང་རྐང་པས་མཆོག་པའི་མཐེ་བོང་གང་གི་བར་དུ་སྐུད་པ་གཉིས་ངོས་གཉིས་སུ་གདབ་པ་ནི ་ཀ་བའི་དོན་དུའོ། །ཡ་ཕུབས་ཀྱི་སྟེང་དུ་ཀྱང་པས་མཆོག་པའི་མཐེ་བོང་གང་ནི་རྐ་བའི་མགོ་བོར་གདབ་པར་བྱའོ། །དེ་ནས་ཀ་བའི་ཕྱི་རོལ་གྱི་ངོས་གཉིས་སུ་རིན་ཆེན་སྣམ་བུ་ལས་ཕྱི་རོལ་ཏུ་སོར་ཕྱེ་དང་གཉིས་ཀྱི་སྐུད་པ་གཅིག་པོ་ནི་གཟུངས་ཀྱི་སྣམ་བུའི ་ངེས་གཉིས་གདབ་བར་བྱའོ། །དེ་ནས་རིན་ཆེན་སམ་བུའི་དོན་དུ་སྔར་བཞིན་དུ་སྐུད་པ་གཅིག་གོ་།དེ་ནས་རིན་ཆེན་སྣམ་བུ་ལས་ཕྱི་རོལ་དུ་མཐེ་བོང་ཕྱེ་དང་གཉིས་ཀྱི་སྐུད་པ་གཅིག་པ་སྟེ་དྲ་བ་དང་དྲ་བ་ཕྱེད་པའི་དོན་དུའོ། །དེ་ནས་སྔར་བཞིན་རིན་ཆེན་སྣམ་བུའི ་སྐུད་པའོ། །དེ་ནས་ཀ་བའི་མགོའི་སྟེང་དུ་ངོས་ལས་རྐང་པས་མཆོག་པའི་མཐེབ་གང་བོར་བར་བཅུ་གཅིག་རྡོ་རྗེས་མཆིན་པའོ། །རྡོ་རྗེའི་བླ་དེ་ནི་རྐང་བས་མཆོག་པའི་མཐེབ་གང་ཙམ་ཀ་བའི་མགོ་བོ་ལས་འཕྱང་ཞིང་ཤམ་དུ་གཉིས་གཡོ་བ་ཇི་ལྟར་མཛེས་པས ་སོ། །དེ་ནས་དྲ་བ་དང་དྲ་བ་ཕྱད་པའི་མཚམས་ཀྱི་སྣམ་བུ་ལ་ཆུ་སྲིན་གྱི་གདོང་པ་བདུན་པོ་རྣམས་ཏེ། རིན་པོ་ཆེའི་སྣམ་བུ་ལས་བཏགས་པ་དེའི་ཁའི་ངོས་གཉིས་ནས་མུ་ཏེག་གི་ཕྲེང་བའོ། །དྲ་བ་དང་དྲ་བ་ཕྱེད་པ་ཀུན་གྱི་དབུས་སུ་པདྨའི་གདན་ལ་གནས ་པའི་ཟླ་བ་ཕྱེད་པ་དང། ཉི་མ་ལ་གནས་པའི་རིན་པོ་ཆེའི་སྟེང་དུ་རྡོ་རྗེ་ཕྱེད་པ་རྣམས་རབ་ཏུ་འཕྱང་བར་གྱུར་པའོ། །ཆུ་སྲིན་གྱི་ཁའི་དབུས་སུ་ཕྱུང་བ་རྣམས་ནི་ཆེ་ཞིང་དྲི་མ་མེད་པའི་ནོར་བུ་རྩེ་མོ་གཅིག་བཏགས་བས་མཛེས ་བར་གྱུར་པའོ། །ངོས་གཉིས་ཀྱི་ཕྲེང་བ་ནི་ཅུང་ཟད་ཕྱུང་བ་སྟེ་ཕྲེང་བ་གསུམ་མོ། །དེ་ནས་སྒོའི་ངོག་གཉིས་ཀྱི་ཚོན་གྱི་ས་གཞི་ལ་པདྨའི་སྟེང་དུ་གནས་པའི་བུམ་པ་གཉིས་ཀྱང་ཇི་ལྟར་མཛེས་པས་བྲི་བར་བྱའོ། །གཟུངས་ཞེས་བྱ་བའི་སྣམ་བུ་ཡང་བརྩེ ་བ་དང་བཅས་པའོ། །དེ་ནས་གྲཝ་བཞི་པོ་རྣམས་སུ་རྡོ་རྗེས་མཚན་པའི་ནོར་བུ་དབྱིག་བ་ལ་བཏགས་པའི་རྔ་མ་གཡོ་ཞིང་འཁྲོལ་བའོ། །འཕན་གྱི་ཚར་ཚར་ཡང་མཐར་སླེབ་པའི་ཇི་ལྟར་ལེགས་པ་གདུགས་དང་ཡང་ངོ། །ཀ་བ་དང་རིན་ཆེན་སྣམ་བུའི་དབུས ་སུ་ཡང་བུམ་པ་བཟང་པོ་ལ་གནས་པ་དཔག་བསམ་གྱིས་མི་ཤིང་བྲི་བར་བྱའོ། །ངོས་དང་ཀ་བའི་བར་གྱི་མཐོང་སུ་རྡོ་རྗེ་རིན་ཆེན་བྲི་བར་བྱའོ། །རྡོ་རྗེའི་བླ་རིའི་སྟེང་དུ་མེ་ཏོག་གི་ཕྲེང་བའི་སྣམ་བུ་སྟེ། མཐེ་བོང་གཉིས་སུ་རྒྱས་པ། ངོས་གཉིས་སུ་རྐང་པ་གཉིས ་ཀྱིས་ལྷག་པ་གྲུ་བཞི་པའོ། །དེའི་རྗེས་ལ་ནོར་བུ་སྟེ། རྐང་པ་གསུམ་གྱིས་རྒྱས་པ་རིང་བ་ནི་མེ་ཏོག་དང་མཉམ་པའོ། །དེ་ལས་ངོས་གཉིས་སུ་རྐང་པས་ཆུང་བ་ཕ་གུའི་སྣམ་བུའོ། །རྐང་པ་གཉིས་ཀྱིས་ཆེ་བ་རྟའི་རྨིག་པ་དང་འདྲ་བ་མདོག་སྣ་ཚོགས་པའི ་རྨིག་པ་ལྟ་བུའི་དབུས་སུའོ། །དེ་ནས་མདོག་བཟང་པོ་སྣམ་བུའི་ཞེང་དང་བཅས་པ་མདོག་སེར་པོ་ངོས་གཉིས་སུ་རྐང་པ་གཉིས་གཉིས་ཆུང་བའོ། །དེ་ནས་མུན་བའི་སྣམ་བུ་ཞེང་དུ་མཐེ་བོང་གཉིས་པ། ངོས་གཉིས་སུ་མཐེ་བོང་གཉིས་ཀྱི་ཆུང་བའོ།། ་དེ་ནས་སྔར་གྱི་མདོག་བཟང་བོ་ལས་ཆུང་བའི་མདོག་བཟང་པོའི་སྣམ་བུའོ། །དེ་ནས་རྨིག་རྗེས་ལྟ་བུའི་སྣམ་བུ་ཞེང་དུ་རྐང་པ་གཉིས་སོ། །མདོག་བཟང་པོའི་སྣམ་བུ་ལས་ངོས་གཉིས་སུ་རྐང་པ་གཉིས་ཀྱིས་ལྷག་པའོ། །དེ་ནས་ནོར་བུ་ནི ་ཞེང་དུ་རྐང་པ་གསུམ་པའོ། །ངོས་གཉིས་སུ་རྐང་བ་ལྷག་པའོ། །དེ་ནས་རྨིག་རྗེས་ལྟ་བུའི་སྣམ་བུ་བཞི་ནི་སྔར་གྱི་རྨིག་རྗེས་ལྟ་བུའི་སྣོམ་བུ་བཞིན་ནོ། །དེ་ནས་གསེར་གྱི་སྣམ་བུ་ནི་སྔར་གྱི་མདོག་བཞིན་ནོ། །དེ་ནས་ཀྲ་མ་ཤིར་ཤ་ནི་ཞེང་ནི་མཐེ་བོང་ཕྱེ་དང་གཉིས་པ ་ངོས་གཉིས་སུ་མཐེ་བོང་གི་རྐང་པ་རྐང་པས་ཆུང་བའོ། །དེ་ནས་རྐང་བ་གཅིག་གིས་ཚད་པདྨའི་གདན་གྱི་སྟེང་དུ་རྐང་པ་དང་བཅས་པའི་སོར་མོའི་ཚད་རི་དགས་ཀྱི་ལུས་ཀྱི་དབུས་སུའོ། །དེའི་རྐྱེན་ནི་སོར་ཕྱེ་དང་གཉིས་ཀྱི་ཚད་དོ། །མགོ་བོ་ནི་སོར་མོ་ཕྱེད་དང ་གཉིས་ཀྱི་ཚད་དོ། །དེའི་སྟེང་དུ་སོར་མོ་ཕྱེད་པོར་བར་རི་མོ་གཅིག་གིས་བསྐོར་བྱའོ། །དེའི་ཕྱི་རོལ་ཏུ་པདྨའི་ཕྲེང་བ་མཐེ་བོ་གསུམ་གྱི་ཚད་དོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བ་སོར་གསུམ་གྱི་ཚད་དོ། །ཇི་ལྟར་མཛེས་པར་འོད་ཟེར་ལྔ་དང་བཅས་པའོ། །དེ་ལྟར ་ངོས་རེ་རེར་ཁྲུ་གང་གྲཝ་ལས་ཕྱི་རོལ་དུའོ། །དེ་ནས་ནང་ཁྲུ་གང་པའི་དཀྱིལ་འཁོར་ནི་གྲཝ་གསུམ་དུ་གྱུར་བའོ། །དེ་ན་རི་དགས་གཉིས་ཀྱི་དབུས་སུ་རྐང་པ་གཅིག་གིས་མཆོག་པའི་མཐེབ་གང་པའི་པདྨའི་གདན་གྱི་སྟེང་དུ་རྐང་པས་མཆོག་པའི ་མཐེབ་གང་པའི་གདན་བོར་ཏེ་འཁོར་ལོའི་རྩིབས་བཅུ་གཉིས་པ་སོར་ཕྱེད་དང་གཉིས་ཀྱི་ཚད་དོ། །དབུ་མའི་རྩེ་མོ་དག་ལའོ། །རྩེ་མོ་གཞན་པ་བཞི་རྣམས་ནི་ངོས་གཉིས་སུ་བྲི་བར་བྱའོ། །ཡི་དགས་གཉིས་ཀྱི་མདུན་དུ་འཕན་གཉིས་འཕྱང ་བ་ནི་རི་དགས་ཀྱི་མཇུག་མ་ལ་སླེབས་པའོ། །ཡི་དགས་ཀྱི་ཕྱི་ཕྱོགས་ཀྲ་མ་ཤིར་ཤའི་སྟེང་དུ། ཤར་དང་ནུབ་དང་བྱང་དང་ལྷོ་ཇི་ལྟ་བའི་རིམ་པས་ཁ་ཕྱི་ཕྱོགས་སུ་བལྟས་པའི་སེངྒེ་དང། དད་པའི་རྒྱལ་པོ་དང་རྨ་བྱ་དང་ཆུ་སྲིན་གཉིས་གཉིས་བྲེ ་བར་བྱའོ། དེ་ལྟར་ཁྲུ་གང་ནས་བརྩམས་ཏེ་ཇི་སྲིད་ཁྲུ་སྟོང་པའི་བར་དུ་དཀྱིལ་འཁོར་བྲི་བར་བྱའོ། །ཤེས་རབ་ཅོས་པ་ནི་ཐིག་འདེབས་པ་ལ་མཁས་པའོ། །ཞི་བ་ལ་སོགས་པ་རབ་འཇུག་པ་ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང། དབང་དང། མངོན ་སྤྱོད་ལ་སོགས་པའི་ལས་བྱེད་པ་སྟེ། ཁྱད་པར་ནི་དབུས་སུ་གནས་པའི་མདོག་དང་མཚན་མའི་དབྱེ་བ་ལས་སོ། །ལས་ཀྱི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །རྩེ་མོ་ལྔ་པ་ནི་རཱ?་ལྔ་པའོ། །མཉམ་ལྡན་པ་ཞེས་བྱ་བ་ནི་ཕྱོགས་བཞི་པ ་རྣམས་ལའོ། །དེའི་དུས་སུ་ཞེས་བྱ་བ་ནི་དེའི་མུ་ཁྱུད་ལ་གནས་པའི་སྟེ་གཞལ་ཡས་ཁང་གི་ནང་གི་རིམ་པའི་དབུས་སུའོ། །ཞེས་པ་ནི་རྡོ་རྗེ་ནག་པོ་རྩ་ལྔ་པའོ། །རྡོ་རྗེ་འབར་བ་ཞེས་པ་ནི་འོད་ཟེར་རྡོ་རྗེའི་རྣམས་ཅན་ནོ། །ཤར་གྱི་རྩིབས་ཞེས་བྱ་བ་ནི་ནང ་གི་རིམ་པ་ཉིད་དོ། །ཤར་དུའོ། །འཁོར་ལོ་ཞེས་པ་ནི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །འོད་ཟེར་ཞེས་པ་ནི་འཁོར་ལོའི་རྡོ་རྗེའི་འོད་ཟེར་ཉིད་དོ། །རིན་པོ་ཆེ་ཞེས་པ་ནི་མདོག་སེར་པོ་ཆ་དགུ་པའོ། །པདྨ་རཱ་གའི་མདངས་འདྲའི་འོད་ཅེས་བྱ་བ་ནི་འོད ་ཟེར་དམར་པོའོ། །རལ་གྲི་ལྗང་གུ་ཞེས་པ་ནི་ལྷག་མའོ། །སྣ་ཚོགས་འབར་བ་ཞེས་པ་ནི་འོད་ཟེར་རྣམ་པ་ལྔའོ། །དེ་ལྟར་ནང་གི་རིམ་པ་ལ་དེ་བཞིན་གཤེགས་པ་རྣམས་པ་ལྔའི་མཚན་མ་བྲིས་ལ། དེ་དག་ཉིད་ཀྱི་གྲཝ་བཞི་པོ་རྣམས་སུ་མཚན་མ ་བསྟན་པའི་དོན་དུ། །ཤར་ཕྱོགས་ཀྱི་གྲཝ་ཞེས་བྱ་བ་ལ་སོགས་ཏེ། ཤར་གྱི་མཚམས་སུ་ཞེས་བྱ་བའི་མེ་ཉིད་དུའོ། །ལྷོ་རུ་ཞེས་བྱ་བ་ནི་བདེན་བྲལ་དུའོ། །ནུབ་ཏུ་ཞེས་པ་རླུང་དུའོ། །བྱང་དུ་ཞེས་པ་ནི་དབང་ལྡན་དུའོ། །ཕྱི་རོལ་གྱི་རིམ་པའི་སྒོ་བཞི་པོ ་རྣམས་སུ་མཚན་མ་བྲི་པའི་དོན་དུ་ཐོབ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཐོ་བ་ནི་ནག་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དབྱིག་པ་ན་དཀར་པོ་རྡོ་རྗེ་རྩེ་གསུམ་པ་ནག་པོས་མཚན་པའོ། །པདྨ་ནི་པདྨ་དམར་པོའོ། །རྡོ་རྗེ་རལ་གྲི་ནི་རལ་གྲི་ལྗང ་གུའོ། །ཕྱི་རོལ་གྱི་འཕར་མ་གྲཝ་བཞི་པོ་རྣམས་སུ་མ་གསུངས་པ་ཉིད་ནི་ཐོད་པ་རྣམ་པ་བཞི་པོ་རྣམས་སུ་ཤེས་པར་བྱ་སྟེ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས་ཞེས་གསུངས་པ་ལས་སོ། །གཞན་དུ་ན་ནི་དམན་པ་ཉིད་དུ་ཐལ་བར ་འགྱུར་རོ། །ལྷའི་གདན་གྱི་རིམ་པས་མཚན་མའི་གདན་ནམས་སུ་ཡང་ཤེས་པར་བྱའོ། །རྫོགས་པ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒོ་རྣམས་སུ་རབ་ཏུ་ཞུགས་པ་སྟེ། བྱ་བ་གཞན་ལ་བལྟོས་པ་ནི་མ་ཡིན་ནོ། །སངས་རྒྱས་ཞེས་པ་ནི་མཚན་པའི་ཚུལ་དུ་གནས ་པ་རྣམས་སོ། །ཐེ་ཚོམ་མེད་པར་ཞེས་བྱ་བ་ནི་བདེན་པར་མངོན་པར་ཞེན་པའི་གཟུང་བ་དང་འཛིན་པ་རྣམས་སྤངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ། ཆེན་པོ་ཡང་དེ ་ཡིན་ལ་།དཀྱིལ་འཁོར་ཡང་དེ་ཡིན་པས་དཀྱིལ་འཁོར་ཆེན་པོའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ནི་ལེའུ་སྟེ། ལེའུ་གཉིས་པའི་བཤད་པ་རྫོགས་སོ།། །།དཀྱིལ་འཁོར་བྲི་བའི་དོན་དུ་བསྟོད་པ་བྱས་ལ་གསོལ་བ་གདབ ་པར་བྱའོ་ཞེས་པ་དེ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨོ། །བསྟོད་པའི་རྒྱལ་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་ཚིགས་སུ ་བཅད་པའོ། །གསོལ་བ་གདབ་པ་ཞེས་བྱ་བ་ནི་ཞུས་པ་རྣམས་སོ། །སྡིག་པ་ཐམས་ཅད་ཅེས་པ་ནི། སྲོག་གཅོད་པ་ལ་སོགས་པ་བགྱིད་བ་དང་བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའོ། །འཇིགས་ཞེས་བྱ་བ་ནོ་སྔར་གྱི་བཞིན ་ནོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ་སྟེ། ཞེས་བྱ་བ་ནི་འདིར་གསུངས་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་དཀྱིལ་འཁོར་ལས་གཙོ་བོར་གྱུར་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བསྒོམས་པའི་དཀྱིལ་འཁོར་ལྷའི་འཁོར་ལོ་རྫོགས་ནས ་བཟའ་བཏུང་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ཞེས་བྱ་བ་ནི་འོག་ཏུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་གྲཝ་གཉིས་སུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པ་གཞུའི་རྣམ་པའི་རླུང་གི་དཀྱིལ་འཁོར་རོ། །དེའི་སྟོང་དུ ་རཾ་ཡིག་ཡོངས་སུ་གྱུར་པའི་མེ་ལ། ཨ་ཡོངས་སུ་གྱུར་པའི་ཐོད་བའི་ནང་དུ་གོ་ཀུ་ད་ཧ་ནའི་གཟུགས་ཀྱིས་བཟའ་བ་ལ་སོགས་པ་ལྟ་བུའོ། །རླུང་གིས་བཀུལ་ནས་མེས་བསྲེགས་པའི་ཐོད་པར་ཞུ་བར་གྱུར་བ། ཨོཾ་ཡིག་གིས་བྱིན ་གྱིས་བརླབ་པའོ། །དེའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བཀུག་སྟེ་ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་བྱས་པའི་བདུད་རྩི་རྣམ་པ་ལྔའོ། །དེ་མྱང་བ་ནི་ཉེ་བར་ལོངས་སྤྱོད་པའོ། །དེའི་དམ་ཚིག་ནི ་བརྡའོ། །བྱིན་གྱིས་བརླབ་པའི་སྔགས་ནི་ངེས་པར་ཕྱུང་བ་སྟེ། རབ་ཏུ་བསྟན་པའོ། །གང་ཞེ་ན། བྱིན་གྱིས་བརླབ་པའི་སྔགས་ཞེས་གསུངས་ཏེ། ཨོཾ་ལ་སོགས་པའོ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅེས་པའི་དོན་ཏོ། །རྡོ་རྗེ་ལྕེ་ནི་སྦྱོར་བ ་ཡིས། ཞེས་བྱ་བ་ནི། ཧཱུཾ་ཡིག་ལས་ལྕེ་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བྱས་ལ་དེ་ལས་བྱུང་བའི་འོད་ཟེར་སྦུ་གུའི་རྣམ་པས་སོ། །དེའི་དགོས་པས་ཅི་ཞེ་ན། མཉེས་པ་སྟེ་དགྱེས་པའོ། །རྡོ་རྗེ་ཅན་ཀུན་ཞེས་པ་ནི་དཀྱིལ་འཁོར་གྱི ་བདག་པོ་དང་དཀྱིལ་འཁོར་བའོ། །གང་གི་ཚེ་བདུད་རྩི་མྱང་བར་བྱ་ཞེ་ན་གསུངས་པ། བཞུགས་བྱ་བ་ལ་སོགས་པ་སྟེ། རྫོགས་པའི་སངས་རྒྱས་ཞེས་བྱ་བའི་དམ་ཚིག་གི་དཀྱིལ་འཁོར་དང་འདྲ་བ་རྣམས་རང་གི་སྙིང་གའི ་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་བཀུག་སྟེ་ནམ་མཁའ་ཨི་ཕྱོགས་སུ་གནས་པའོ། །ཡེ་ཤེས་འབྱུང་གནས་རང་བཞིན་གྱིས་ཞེས་བྱ་བ་ནི་རྨི་ལམ་དང་སྒྱུ་མའི་རང་བཞིན་གྱིས་སོ། །དགུག་བ་དང་ཞེས་པ་དང། བཀུག ་པའི་ལྷའི་འཁོར་ལོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་ཤིན་ཏུ་ཉེ་བར་བྱས་པའོ། །གཞུག་པ་ཤེས་པ་ནི། དམ་ཚིག་གི་འཁོར་ལོ་དང། ཡེ་ཤེས་ཀྱི་འཁོར་ལོ་དག་གཅིག་ཏུ་བྱས་པའོ། །བཅིང་བ་ཞེས་པ་ནི་རབ་ཏུ ་བཅུགས་པ་ལས་འགྲོ་བར་མི་བྱེད་པའོ། །དབང་དུ་བྱེད་པ་ཞེས་པ་ནི་བཅིངས་པའི་སྡུག་བསྔལ་བཏང་སྟེ་བདེ་བར་གྱུར་པའོ། །ཡང་ཐོ་བ་ལ་སོགས་སྔགས་བཞི་ཡིས་ཞེས་པ་ནི་ཨོཾ་མུད་ག་རཱ་ཛ(རྒྱུད་འགྲེལ་དག་གིས་རིམ་པ་ཇི་ལྟ་བ་ལ་ཞིན་དུ་འམ། ཛ(རྒྱུད་འགྲེལ་རྡོ་རྗེ་བདུད་ལས་རྒྱལ་བའི་ཏིང་ངེ་འཛིན་བསྒོམ་སྟེ་གདན་དུ་བྱས་ཞེས་པ་ལྷག་མའོ། །དཀྱིལ་འཁོར་གྱི་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །གཏི་མུག་རྡོ་རྗེ་གཏི་མུག་གཤིན་རྗེ་གཤེད་དོ། །བདུན ་གྱི་བདུན་བ་ནི་ལྷ་སྟེ། གང་ལ་དེའི་བདུན་གྱི་བདུན་པ་ཅན་ཉི་མའོ། །དཀྱིལ་འཁོར་དམར་པོ་ཞེས་པ་ནི་ཉི་མའོ། །ལས་གྱི་དཀྱིལ་འཁོར་ཞེས་པ་ནི་ཉི་མའོ། །ལས་ཀྱི་རྡོ་རྗེ་ནི་ཕྲག་དོག་གཤིན་རྗེ་གཤེད་དོ། །རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱོགས་ལ་ནི་སྣ་ཚོགས ་པདྨའི་སྟེང་དུ་ཇི་ལྟར་རིགས་པ་ཉི་མ་དང། ཟླ་བ་ལ་གནས་པ་རང་རང་གི་མཚན་མ་ཙམ་བྲི་བར་བྱའོ། །བསྒོམ་པའི་བདག་ཉིད་དང། བཟླས་པ་རིག་པ་པོས་ལྷའི་རྣལ་འབྱོར་གང་གིས་བྱ་བ་གང་གིས་བསྟན་པའི་དོན་དུ། ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ་ལས ་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་སོ། །ཐམས་ཅད་ཅེས་པ་ནི་ཀུན་ཏེ། གང་ཇི་སྐད་དེ་ལྟར་བརྗོད་པ་ཞེས་པའི་དོན་ཏོ། །མི་ཚིལ་ཞེས་པ་ནི་སྐྱེས་བུ་ནི་བསད་པའི་ཤ་དང། རུས་པའི་མར་ཁུའོ། །མི་སྐྲ་ཞེས་པ་ནི ་སྐྱེས་བུ་བསད་པའི་སྐྲ་ཡིས་ར་བ་དང་ལྷན་ཅིག་བའོ། །དུར་ཁྲོད་དུ་མར་ངོའི་བཅུ་བཞི་འམ་བརྒྱད་པ་ཞེས་པ་ལྷག་མའོ། །བཏང་ཞེས་པ་ལ་མིའི་ཐོད་པ་ཞེས་པ་ལྷག་མའོ། །རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས་ཞེས་པ་ནི་ཕྲག་དོག་གཤིན་རྗེ་གཤེད ་ཀྱི་གཟུགས་སུ་འཛིན་པའོ། །མིག་སྨན་ཞེས་པ་ནི་དྲེག་པ་ལས་གྲུབ་པའོ། །ལས་ཀྱི་བསྒོམ་པ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་དེ་ལྟ་བར་བྱའོ། །མིག་སྨན་དག་ནི་ཞེས་བྱ་བ་ནི་དྲག་པ་ངེས་བསྐུས་པའི་མཛུབ ་མོ་ལའོ། །མིག་སྨན་གྲུབ་བ་ནི་གསུམ་སྟེ་ཇི་སྲིད་དུ་དྲེག་དེ་འབར་བ་ལས་མིག་སྨན་དུ་བྱས་པ་དེས་འཇིག་རྟེན་གསུམ་དུ་རྒྱུ་ཡང་སུས་ཀྱང་མི་མཐོང་ངོ། །མིག་སྨན་གྱི་དྲེག་པ་ལས་དུ་བྱུང་ན་ས་འོག་གི་དངོས་གྲུབ་བོ། །དྲོ་བར་གྱུར་པའི་མིག་སྨན་གྱི ་དྲེག་པས་ནི་འགྲོ་བ་ཀུན་གྱིས་རྩེ་བར་བྱེད་དོ། །འབར་བ་ལ་སོགས་པས་ཅི་བྱེད་པ་ཡིན་ཞེ་ན། གསུངས་པ། ལས་ཀྱི་རྡོ་རྗེ་རབ་སྦྱོར་བ་ཞེས་པ་ཞེས་པ་ནི་དོན་ནི་འདི་ཡིན་ཏེ། ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ལག་པ་གཡས་པས་བཀབ ་སྟེ། དྲེག་པ་དེ་ཇི་སྲིད་འབར་གྱི་བར་དུ་བཟླས་པར་བྱས་ཏེ་དུ་བ་དང་དྲོ་བ་ལ་ཡང་ངོ། །གུར་ཀུམ་ཞེས་པ་ནི་བུད་མེད་ཀྱི་མེ་ཏོག་གོ་།ཁྲག་ཅེས་པ་ནི་སྐྱེས་བུ་བསད་པའི་ཤའོ། །དེ་དག་ནི་མན་ངག་གོ་།རྡོ་རྗེ་ལས་ཀྱི་རབ་སྦྱོར་བས་ཞེས་བྱ་བ་ནི ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་འཛིན་པའོ། །གཉིས་པོ་དེ་དག་ཀྱང་ཆ་མཉམ་པ་ལས་གཅིག་ཏུ་བྱས་ཏེ་ཐོད་པར་བཅུག་ལ་ལག་པས་ཁ་བཅད་པ་དུར་ཁྲོད་དུ་ཇི་སྲིད་གྲུབ་པ་གསུམ་མ་བྱུང་གི་བར་དུ་བཟླས་པ་ནི་སྔར་བཞིན་ནོ།། ་བདུད་རྩི་ལྔ་ཞེས་བ་ནི་མུ་དང་དི?་དང་བ?་དང་སུ་དང། མའི་མིང་ངོ། །ཤ་ལྔ་ནི། གོ་གུ་ད་ཧ་ནའོ། །བཅུ་པོ་དེ་དག་ཆ་མཉམ་པའི་རིལ་བུ་ནས་གང་ཙམ་དུ་གཟུང་ངོ། །ལྕག་གསུམ་གྱིས་དཀྲི་ཞེས་པ་ནི། གསེར་དང། དངུལ་དང། ཟངས་ཀྱི་སྣོད་དུ་རིམ་པ ་བཞིན་དུ་རིལ་བུ་བྱས་ཏེ། དེ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་མན་ཆའི་ཚད་གསུམ་དང། བཞི་དང། བཞི་རུ་དབྱེའོ། །བདུན་དང་གསུམ་དང་ལྔའི་ར་ཏིས་ལྷག་པ་ཅན་གྱི་རི་ལུ་རག་ཆུང་གི་ཚད་ཙམ་མོ། །ལས་ཀྱི་སྦྱོར་བ་ལ་ཞེས་བྱ་བ་ལ་སོགས་པ ་ཐམས་ཅད་ཀྱི་སྔར་གྱི་བཞིན་ནོ། །ཀན་ཏའི་ལྕགས་ཀྱི་རལ་གྲི་ཞེས་པ་ནི་གདོང་དྲུག་པའི་ཀན་ཏའི་ལྕགས་ཀྱི་རྒྱུ་ལས་བྱས་ཏེ་བརྡུངས་པའི་རལ་གྲིའོ། །ལས་ཀྱི་སྦྱོར་བ་ལ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཀྱི་རྣམ་པར་ལག་པས་གཟུང་བར་བྱ་སྟེ་ཇི་སྲིད ་དངོས་གྲུབ་རྣམ་པ་གསུམ་མ་བྱུང་བ་དེ་སྲིད་དུ་བཟླས་པ་ཡང་སྔར་བཞིན་ནོ། །ལས་ཀྱི་རལ་གྲི་ཞེས་བ་ནི་ཕྲག་དོག་གཤིན་རྗེ་གཤེད་ཉིད་ཀྱི་རལ་གྲི་དང་འདྲའོ། །ཞི་བ་ལ་སོགས་པ་ཇི་སྐད་གསུངས་པ་བཞག་པ་སྟེ། མངོན་སྤྱོད་ལ་སོགས་པ་ལས་གཞན ་དག་ནི་གཙོ་བོ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་སྟེ། བཅོམ་ལྡན་འདས་ཀྱིས་གསལ་པོ་ཉིད་དུ་མ་གསུངས་ཀྱང་ཤུགས་ལ་རྟོགས་པར་བྱ་ཞེས་པའོ། །ལས་ཀྱི་སྦྱོར་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལས་ནི་སྣ་ཚོགས་པའི་འཕྲིན་ལས་སོ་སོར་གསུངས ་པའོ། །སྦྱོར་བ་ནི་དེ་དག་སྒྲུབ་པའི་ཐབས་སོ། །དེ་དག་བསྟོད་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱ་སྟེ། དེས་ན་ལས་ཀྱི་སྦྱོར་བའི་རིམ་པར་ཕྱེ་བའོ། །རིམ་པར་ཕྱེ་བའི་གསུམ་པའི་བཤད་པ་རྫོགས་སོ།། །། ་ཞི་བ་ལ་སོགས་པ་གསུངས་པའི་འཁྲུལ་འཁོར་གྱི་ལས་རིམ་པ་བརྗོད་པའི་དོན་དུ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད་ཅེས་བྱ་བ་ལ་སོགས་པ། བསྟོད་པའི་རྒྱལ་པོས་སྔར ་གསུངས་པས་བསྟོད་ཅེས་པ་ལྷག་མའོ། །གསོལ་བ་གདབ་པ་ནི་དྲིས་པའོ། །ལས་ཀྱིས་དབྱེ་བས་རབ་ཕྱེ་བ་ཞེས་བྱ་བ་ནི་ལས་ཀྱི་དབྱེ་བ་སྟེ་ཞི་བ་ལ་སོགས་པའོ། །རབ་དབྱེ་བ་ཞེས་པ་ནི་ཞི་བ་ལ་སོགས་པ་གང་ལ་ཕུལ་དུ་གྱུར་བའི་དབྱེ ་བས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་ལྷའི་གཟུགས་སུ་བསྒོམས་པ་ལ་སོགས་པས་བསྒྲུབ་བྱ་སྒྲུབ་པ་ལས་སོ། །རྡོ་རྗེ་ཆེན་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨོ། །ཡེ་ཤེས་རྒྱ་མཚོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཉེས་ཀུན་གསོ་བའི ་བདག་ཉིད་ཅེས་པ་ནི་ཐམས་ཅད་དུ་སྐྱོན་ཐམས་ཅད་ལས་ཐམས་ཅད་ཡོངས་སུ་གྲོལ་བའོ། །འདིར་ལས་འདི་ནི་མ་རུངས་པའི་ལས་སུ་བསམ་པར་བྱ་བ་མ་ཡིན་ཏེ། རྣམ་པ་འདི་ལྟ་བུས་ཀྱང་ཕ་རོལ་པོ་དག་དམྱལ་བར་འགྲོ་བ་ལས ་ཀུན་ནས་འདོན་པའི་ཕྱིར་རོ། །ཇི་ལྟར་གཅོད་ནད་ཅན་ལ་སྨན་པ་མཁས་པས་བསྲེགས་བ་ལ་སོགས་པའི་ལས་བཞིན་ནོ། །འདི་སྐད་ཀྱི་ནི་ཚིག་ཅེས་པ་ནི། འཆད་པར་འགྱུར་བའི་འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་བྱ་བ་ལ་སོགས་པས ་སོ། །རྒྱུན་དུ་བྱ་བའི་རིམ་པ་བླ་མའི་ངག་བཟུང་བའི་དོན་དུ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་གི་དོན་དུ་འཁྲུལ་འཁོར་ནི་དབང་དུ་བྱ་བའི་འཁྲུལ་འཁོར་རོ། །ཅི་བརྗོད་ཅེ་ན་གསུངས་པ། གཤིན་རྗེ་གཤེད་ཀྱི་འཁྲུལ ་འཁོར་ཞེས་པ་ནི་འདི་ལྟ་བུས་ཀྱང་འཁྲུལ་འཁོར་གྱི་སྤྱོད་ཡུལ་གུས་བར་བྱ་བའི་དོན་དུའོ། །བསྲུང་བའི་དོན་དུ་ཞེས་པ་ནི་ཞི་བའི་དོན་དུའོ། །དབང་དུ་བྱ་བ་དང་ཞི་བ་དག་ལ་མངོན་པར་བརྗོད་པ་ནི་ཞི་བའི་གོ་རོ་ཙ་ན་གཟུང་སྟེ་ཞེས་བརྗོད་པ་སྟེ་གཉིས་ཀ་ལ ་ཡང་གོ་རོ་ཙ་ན་ཉིད་ཀྱིས་བྲི་བར་བྱའོ། །ཤོག་བུ་གང་ལ་བྲི་བར་བྱ་ཞེ་ན། གསུངས་པ། གྲོ་ག་ལ་སོགས་པ་སྟེ། སྨྱུག་མའི་ཤུན་པ་ཞེས་བྱ་བ་ནི་སྨྱུག་མའི་ཚིགས་ཀྱི་ནང་གི་སྟོང་པར་གནས་པ་ཤོག་བུ་དང་འདྲ་བའི་ལྤགས་པའོ། །འཁོར་ལོ་བྲི་བའི ་ལེའུ་དྲུག་པ་ལས་འཆད་པར་འགྱུར་རོ། །དཀྱིལ་འཁོར་རིམ་པ་གསུམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པའོ། །ན་མོ་ན་མ་རྣམ་བརྟེན་ལ་ཞེས་བྱ་བ་ནི་ན་མའི་སྒྲས་ནམ་རྣམ་པར་བསྟེན་པ་སྟེ། ཞི་བ་ལའོ། །འདིར་ཉེ་བར་མཚོན་པ་ལས། ལས་གང ་དང་གང་བྱེད་པ་དེ། དད་དེར་གསུངས་པའི་སྔགས་སྤེལ་བའོ། །འཁོར་ལོ་བྲིས་ལ་བཞག་པའི་གནས་གསུངས་པ། གནག་དང་ཞེས་བྱ་བ་ནི་མདོག་གནག་པའོ། །སྤུ་ཅན་ཞེས་བྱ་བ་དབུས་ཀྱི་ཆའོ། །ཕྱི་དང་ནང་དང་དམན་པ་དག་ཀྱང་ངོ། །སོགས ་པའི་སྒྲ་ནི་གས་པ་དང་གཡོ་བ་ལ་སོགས་པའོ། །གཤིན་རྗེ་གཤེད་ཀྱི་བདག་ཉིད་དུ་བསམ་ཞེས་པར་འབྲེལ་ཏེ། ཇི་ལྟ་བུར་འགྱུར་ཞེ་ན། ཟླ་བའི་འོད་ཟེར་དང་འདྲ་བ། གཏི་མུག་གཤིན་རྗེ་གཤེད་དེ། བསྒྲུབ་བྱ་མདུན་དུ་དགོད་ཅེས་བསྒྲུབས་བྱ་གཞན་དག ་དང་འབྲེལ་ཏོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ནི་འཁྲུལ་འཁོར་ཉིད་ཟླ་བའི་དཀྱིལ་འཁོར་དུ་བྱ་སྟེ། དེའི་དབུས་སུ་སོན་པའོ། །བསྒྲུབ་བྱ་ཞེས་པ་ནི་གང་ཞི་བར་བྱ་བའོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི། རང་གི་སྙིང་གའི་ས་བོན་ལས ་སྤྲོས་ཏེ། གཏི་མུག་གཤིན་རྗེ་གཤེད་དུ་མ་རྣམས་ཀྱིས་སོ། །དེ་ཞེས་པ་ནི་བསྒྲུབ་བྱའོ། །བལྟས་ནས་ཞེས་པ་ནི་དེ་ལྟ་བུའི་རྣམ་པར་བསམ་པར་བྱའོ། །སྔགས་བརྗོད་པ་གསུངས་པ། ཨོཾ་དྷྲི་ཏི་ཞེས་བྱ་བ་ལ་སོགས་པས་ཏེ། ཐམས་ཅད་ཀྱི་སྔགས་ཉིད ་དེ་དང་པོར་ཨོཾ་ཡིག་ནས་ཧཱུཾ་གི་ཡི་གེའི་མཐར་ཐུག་པས་ཡི་གེ་དགུའོ། །དེའི་ཕ་རོལ་ཏུ་སྤེལ་བའི་སྔགས་གཉིས་ཀྱི་ནང་དུ་སོང་བ་བསྒྲུབ་བྱའི་མིང་བྲི་བའོ། །ཞི་བའི་དམ་ཚིག་ནི་ཞི་བའི་སྔགས་སོ། །གསུངས་པའོ་ཞེས་པ་ནི་བརྗོད་ཟིན་པ་སྟེ། སྔར་གྱི ་རྡོ་རྗེ་འཛིན་པ་ཞེས་བྱ་བར་འབྲེལ་ཏོ། །སྐྱེས་པ་ཞི་བ་ལ་སྣག་ཚ་གང་གིས་བྲི་བ་གསུངས་པ། སྐྱེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་ལ་སོགས་པ་ཡང་བུད་མེད་ཞི་བའི་ཆོ་ག་དེ་ཡིས་སོ། །དེ་བཞིན་རྒྱས་པ་ཞེས་བྱ་བ་ནི་སྐྱེས་པ་རྒྱས་པའི་སྐབས་སུ ་གུར་ཀུམ་ཉིད་ཀྱིས་སོ། །བུད་མེད་རྒྱས་བ་ལ་གང་གིས་བྲི་བར་བྱ་བ་གསུངས་པ། འཁོར་ལོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ་བུད་མེད་རྒྱས་པའི་སྐབས་སུ་ཡང་གུར་ཀུམ་གྱིས་སོ། ཞེས་བྱ་བའི་དོན་ཏོ། །སྭཱ་ཧཱ་མིང་ཞེས་པ་ནི་སྭཱ་ཧཱའི་དེ ་ཡིས་སྦེལ་བའོ། །དང་པོ་དང་ཐ་མ་སྭཱཧཱའི་སྒྲས་སྦྱིན་པར་བྱའོ། །གང་དང་སྦེལ་བར་བྱ་བ་གསུངས་པ། བསྒྲུབ་བྱ་ཞེས་བྱའོ། །ཅི་བྱས་ཤེས་གསུངས་པ། མིང་ནི་བླངས་ནས་ནི་ཞེས་པ་པ་སྟེ། བསྒྲུབ་བྱའི་མིང་གིས་སྤེལ་བར་བྱ་ཞེས་པའི་དོན་ཏོ།། ་བྲིས་ཏེ་འཁྲུལ་འཁོར་དུ་གཟུག་ཅེས་པ་ལྷག་མའོ། ཁ་དོག་སེར་པོ་གཤིན་རྗེ་གཤེད་ཅེས་བྱ་བ་ནི་ཕྲ་མ་གཤིན་རྗེ་གཤེད་དོ། །ཟླ་བ་སེར་པོ་གནས་ཞེས་པ་ནི་འཁྲུལ་འཁོར་ཉིད་ཟླ་སེར་པོར་བསམས་ཏེ། དེར་གནས་པ་བསྒོམ་བར་བྱའོ། ་བུམ་པ་སེར་པོ་ཞེས་པ་ནི་སྙིང་གའི་ས་བོན་ལས་བྱུང་བའི་ཕྲ་མ་གཤིན་རྗེ་གཤེད་དུ་མའི་ལག་པས་འཛིན་པའོ། །བཽ་ཥ་ཊ་ཞེས་པ་ནི་བོ་ཥ་ཊའི་སྒྲས་མིང་སྤེལ་བའོ། །རྒྱས་པའི་དམ་ཚིག་ནི་རྒྱས་པའི་ཆོ་གའོ། །དབང་དུ་བྱ་བའི་ཆོག་གསུངས་པ། གྲོ་ག་འམ ་ཞེས་བྱ་བ་ལ་སོགས་པ་སྟེ། རས་ནི་ཁྲག་གིས་བསྒོས་པའི་རས་སོ། །སྲིན་ལག་གི་ཁྲག་ཅེས་བྱ་བ་ནི་གང་དབང་དུ་བྱ་བར་འདོད་པ་པོ་དང། །བྱེད་དུ་འཇུག་པར་ཡང་དག་པར་རྩོམ་བ་སྟེ། དེའི་གཡོན་པའི་སྲིན་ལག་གི་ཁྲག་གིས་སོ། །དེ་དག་ཀྱང ་ངེས་པར་སྦྱང་བར་བྱ་བ་ནི་རྒྱ་སྐྱེགས་ལ་སོགས་པས་སོ་སོ་འམ་བསྡུས་པས་སོ། །ཡི་གེ་ཧོ་ཡིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བཽ་ཥ་ཊའི་སྒྲས་ཀྱང་སྤེལ་ལོ་ཞེས་ཉེ་བར་སྟོན་པར་འགྱུར་རོ། །ནག་རྩོགས་བྲལ་བ་ཞེས་བྱ་བ་ནི་སྔར་གྱི་བཞིན་ནོ། །ཁ ་དོག་ཁྲག་ཅེས་པ་ནི་དམར་པོའི་བདག་ཉིད་ཅན་ནོ། །གཤིན་རྗེ་མཐར་བྱེད་ཅེས་པ་ནི་བདག་ཉིད་འདོད་ཆགས་གཤིན་རྗེ་གཤེད་དུ་བྱས་བས་སོ། །ཟླ་བ་དམར་པོ་ལ་གནས་པ་ཞེས་བྱ་བ་ནི། འཁྲུལ་འཁོར་ཉིད་ཟླ་བ་དམར་བོར་བསམ་པར་བྱས་ལ ་འགྲུབ་བྱ་དེར་ཆུད་པའོ། །རང་ལུས་ལས་བྱུང་འོད་ཟེར་གྱིས་ཞེས་བྱ་བ་ནི། རང་ལས་གནས་པའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ལྷའི་གཟུགས་སོ། །ཁྲི་ཙམ་ནི་སྟོང་ཕྲག་བཅུ་སྟེ། འདིར་ཡང་ཉེ་བར་མཚོན་པའི་ཕྱིར་རོ། །ལས་ཐམས་ཅད་ལ ་ཡང་སྔགས་སྟོང་ཕྲག་བཅུ་བཟླས་བར་བྱའོ། །སྔགས་ཁྲི་བཟླས་པ་བྱས་བས་ཀྱང་བསྒྲུབ་བྱ་མ་གྲུབ་ན་བྱ་བའི་ཁྱད་པར་གསུང་བ། གལ་ཏེ་དབང་དུ་མ་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྤྲོ་བར་ནི་སྔར་གྱི་སྔགས་བཟླས་བར་བྱའོ། །མང་ལ་སོགས ་པ་དཔྲལ་བར་བྱ་ལ་ཞེས་པ་ནི། མར་དང་སྦྲང་གིས་གང་བའི་ཁམ་ཕོར་ཁ་སྦྱར་ནས་གདོན་བའོ། །དགུག་བ་སྟན་པའི་དོན་དུ་གསུངས་པ། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོལ་ཀེ་སྤ་ནི་རས་སོ། །ཡང་ནིའི་སྒྲ་ནི་དང་གི་དོན་ཏོ། །འཆད་པའི་དབང་དུ་བྱས་ནས ་བླངས་ཏེ་ཕྱོགས་གཞན་གྱི་དོན་ཏོ། །དར་ན་རང་བྱུང་གི་མེ་ཏོག་གི་རས་སམ། དུར་ཁྲོད་ཀྱི་རས་ལ་ཞེས་པའི་དོན་ཏོ། །ཁྲག་དང་རྒྱ་སྐྱེགས་ཕྱེད་བསྲེས་པས་ཞེས་པ་ནི། རྒྱ་སྐྱེགས་སམ་རང་གི་ལག་པའི་སྲིན་ལག་གི་ཁྲག་བསྲེས་བས་སོ། །ཡི་གེ་ཛ་དང་ཡི་གེ ་དྷཾ་ཞེས་པ་ནི་དང་ཐ་མར་ཛ་དྷྲི་ཞེས་བའི་ཡི་གེ་གཉིས་སྦྱིན་པར་བྱའོ། །བཙུན་མོའི་ནི་པདྨའི་སྣོད་ཅེས་བ་ནི་བུད་མེད་ཀྱི་ཐོད་པའོ། །ཁ་སྦྱར་ཞེས་པ་ནི་གཉིས་པོ་དེ་དག་འོག་དང་སྟེང་དུ་གཞག་པའོ། །དམར་ཞེས་པ་ནི་འདོད་ཆགས་གཤིན་རྗེ་གཤེད་དོ། །ལྕགས་ ་ཀྱུ་དམར་པོས་བཀུག་པའི་ཞེས་བྱ་བ་ནི། རང་གི་སྙིང་གའི་ས་བོན་ལ་འོད་ཟེར་ལྕགས་ཀྱུའི་རྣམ་པས་བཀུག་བའོ། །ཞགས་པ་བཅིངས་ཞེས་བྱ་བ་ནི་ཕྱག་གཡས་པའི་མཚན་མ་པདྨ་དམར་པོའི་ལྕུག་མ་འཛིན་པས་འཆང་བའོ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས ་ཞེས་བྱ་བ་ནི་ཡི་དམར་པོ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་སེངྒེ་དམར་པོའི་འོག་ཏུ་བལྟ་བར་བྱའོ། །རྫས་ལྔའི་ཞེས་པ་ནི། །མུ་དང། ཅི་དང། ར་དང། སུ་དང། མ་ཡིས་སོ། །དབང་གིས་རབ་ཏུ་དབྱེ་བས་ནི་དགུག་པ ་སྟེ་དེར་མ་བརྗོད་ཀྱིས་ཀྱང་ཐམས་ཅད་སྔར་བཞིན་དུ་རྟོགས་བར་བྱའོ། །མངོན་པར་འདོད་པ་མ་གྲུབ་བས་ལས་ཀྱི་ཁྱད་པར་གྱི་དོན་དུ་གསུངས་པ་གལ་ཏེ་བསྒྲུབ་བྱ་མི་འོང་ན་ཞེས་བྱ་བ་ལ་སོགས་པ་སྟེ། འཁྲུལ་འཁོར་བསྲོས་ཞེས་པ་ནི་ཐོད་པ ་ཁ་སྦྱོར་ནས་བཏོན་ཏེ་བཟླས་བ་དང་འཁྲུལ་འཁོར་ཡང་དག་བར་བརྩམ་མོ། །བསྲོ་བའི་ཚེ་སྔགས་ཀྱི་བཟླས་བ་ནི་སྔར་བཞིན་ནོ། །རེངས་པར་བསྟན་པའི་དོན་དུ་གསུངས་པ། ཡུང་བ་ཡི་ནི་ཁུ་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡུང་བ་ཡི་ནི་རབ་ཏུ ་གྲགས་པའོ། །ཁུ་བ་ནི་བ་བླའོ། །དེ་དག་གི་ཡང་དག་པར་བྲིས་ཏེ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་ཁམ་ཕོར་སེར་བོའི་སྟེང་དུ་རི་མོ་བྲི་བར་བྱའོ་ཞེས་འབྲེལ་ཏོ། དེའི་སྟེང་དུ་མཉམ་པར་བྲི་ཞེས་པ་ནི་རི་མོ་བཞི་འམ། བདུན་གྱི་རི་མོའི་ ་ཐོག་ཏུ་བསྒོམ་བར་བྱ་བ་ནི་རི་མོ་ཉིད་རྒྱ་མཚོའི་བདག་ཉིད་ཀྱིས་བསྐོར་བའི་རི་རབ་བསྒོམ་བར་བྱ་ཞེས་པའི་དོན་ཏོ། །རི་རབ་འདི་ཡིས་བསྟེན་བར་བྱ་ཞེས་བ་ནི་རི་རབ་ཀྱི་སྟེང་ཧཱུཾ་ཡིག་བལྟ་བར་བྱ་བ་སྟེ། སྒྲུབ་བ་པོའི་དབང་དུ་བྱས་པའི་གཡོན་ཕྱོགས་ཀྱི་ཆར་རོ། ་ཆ་གཞན་དུ་ཡཾ་བཾ་ཡིག་སྟེ། བསྒྲུབ་པ་པོའི་ལུས་ཀྱི་དབང་དུ་བྱས་ཏེ་གཡས་ཕྱོགས་ཀྱི་ཆར་རོ། །དེའི་སྟེང་དུ་ཞེས་པ་ནི་རི་རབ་ཀྱི་འོག་ཏུའོ། །དབང་ཆེན་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་ཏེ། གྲུ་བཞི་མདོག་སེར་པོ་གྲ་རྣམས་སུ་རྡོ་རྗེ་རྩེ་གསུམ ་པས་མཚན་བའོ། །སྣ་ཚོགས་རྡོ་རྗེས་མནན་པ་ལ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེས་མནན་པའོ། སའི་འོག་ཏུ་སྣ་ཚོགས་རྡོ་རྗེས་ཞེས་བྱ་བའི་དོན་ཏོ། །དབང་ཆེན་གྱི་དཀྱིལ་འཁོར་ལ་བཞེངས་པ་ཞེས་བྱ་བ་ནི་རང་ཉིད་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས ་བ་བསྒོམ་པའོ། །བསྒྲུབ་བྱ་རྣམས་བསམས་ནི་སྣ་ཚོགས་རྡོ་རྗེའི་འོག་ཏུ་ཞེས་པ་ལྷག་མའོ། །རི་བོ་རྣམས་ཞེས་བྱ་ནི་རི་རབ་ཉིད་ཀྱིས་སོ། །རྣམས་ཀྱིས་མང་པོའི་ཚིག་ཉིད་ནི་རི་རབ་མང་པོ་དང་ལྡན་པས་མནན་པ་སྟེ། ལྕོག་བརྒྱད་བའི་ཕྱིར་རོ། ། ་གང་དུ་གཞག་ཞེ་ན། གསུངས་པ་དཀྱིལ་འཁོར་དང་སྣ་ཚོགས་རྡོ་རྗེ་ཡིས་འོག་ཏུ་མནན་པའོ། །དོན་ནི་འདི་ཡིན་ཏེ། འཁྲུལ་འཁོར་སེར་པོ་ནི་ཟླ་བ་སྟེ། །དེའི་སྟེང་དུ་བསྒྲུབ་བྱ་སེར་བོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང། དེའི་སྟེང་དུ་ས་དང། དེའི ་སྟེང་དུ་རི་རབ་བསྒོམ་པར་བྱའོ། །ན་གེ་ནི་རི་བོས་སོ། །བྲ་ལ་ཡ་ནི་ཁ་བ་སྟེ། དེ་ལས་བྱུང་བའི་རི་བོ་རྣམས་ཀྱིས་སོ། །མནན་ཞེས་པ་ནི་ངོས་རྣམས་ནས་ཏེ་སྟེང་ནས་ནི་རི་རབ་ཉིད་ཀྱིས་མནན་པས་སོ། །དག་རེངས་བར་བསྟན་པོའི་དོན ་གསུངས་བ། ངག་ནི་རེངས་བར་ཞེས་བྱ་བ་ལ་སོགས་པར་གསུངས་པ་དེ་བཞིན་ཞེས་པ་ནི་སྔར་གྱི་ཇི་ལྟ་བ་བཞིན་ནོ། །དེ་ནས་ལྷའི་གཟུགས་ཉིད་ཀྱང་དེ་ཉིད་དེའི་ཁྱད་བར་ནི་འདི་ཡིན་ཏེ། བསྒྲུབ་བྱའི་ལྕེ་ལ་སྣ་ཚོགས་རྡོ་རྗེ་སེར་པོའི་སྟེང་དུ་དབང་ཆེན་གྱི་དཀྱིལ ་འཁོར་རོ། །དེའི་སྟེང་དུ་གཤིན་རྗེའི་གཤེད་བསམས་བར་བྱའོ། །ཇི་ལྟར་བརྗོད་པ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །གཤིན་རྗེ་ནག་པོའི་སྦྱོར་པ་ཡིས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་གསུངས་པའི་སྦྱོར་བས་ཏེ། སངས ་རྒྱས་དང་ཆོས་དང་དགེ་འདུན་ལ་གནོད་པའི་མི་འདི་དམྱལ་བར་འགྲོ་བ་ལས་བསྒྲལ་བའི་དོན་དུའོ། །མིང་བཟུང་སྟེ་བསད་པས་དོན་ཆེན་པོར་འགྱུར་ཞེས་བསྟན་པའི་ཕྱིར་དུར་ཁྲོད་རས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། བརྟུལ་ཤུགས་ཅན་ནི་གཤིན ་རྗེ་གཤེད་ཀྱི་རྣལ་འབྱོར་བའོ། །སྣག་ཆ་བསྟན་པའི་དོན་དུ་གསུངས་པ། སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། འདབ་མ་ལས་བྱུང་བའི་ཁུ་བའོ། །གཏུམ་པོའི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་མཇུབ་མོ་ནི་རང་གིའོ། །ཙིཏྲ་ཀའི་ཁུ་བས་སམ་ཞེས་ ་པ་ནི་ལམ་ཞེས་བྱ་བའི་སྒྲ་ནི་བསྡུ་བའོ། །རབ་ཏུ་རྟོགས་པའི་སྒྲོ་མྱུག་ཞེས་པ་ནི་བྱ་རོག་ཆེན་པོའི་སྒྲོ་སྨྱུག་གིས་བྲི་བའོ། །སེམས་ཅན་གནོད་པར་བྱེད་པའི་མི་ཞེས་པ་ནི་བསད་པར་བྱ་བའི་སེམས་ཅན་གྱི་མིང་ངོ། །ལྷའི་རྣམ་པའི་དོན་དུ་གསུངས ་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྒོས?་ཏེ། སྨ་ར་སྨིན་མ་དེ་བཞིན་སེར། ཞེས་བྱ་བ་ནི་སྨ་ར་དང་སྨིན་མ་དང་སྐྲ་ཡང་སེར་བའོ། །བྲི་སྟེ་ཞེས་བྱ་བ་ནི་བསྒོམ་པར་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་དཀར་པོའོ། །པདྨ་ཆེན་པོ་ནི་དམར་པོའོ། །ཐོད་པ ་ཉིད་ནི་དཀར་པོའོ། །ཟླ་བ་བཟང་པོའི་འོད་ནི་དཀར་པོའོ། །རྡོ་རྗེའི་རྒྱན་གྱི་ཡང་དག་བརྒྱན་ཅེས་པ་ནི་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་ཕྱག་རྒྱ་ལྔ་འཛིན་པའོ། །བ་སྤུའི་བུ་ག་ཆེན་པོ་ནས་ཞེས་བྱ་བ་ནི་རང་གི་སྙིང་གར་གནས་པའི་མཚན ་མ་ལ་གནས་པའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་རྣམ་པ་བ་སྤུའི་བུ་ག་ཀུན་ནས་སོ། །རང་རིགས་བདག་པོ་ཞེས་བྱ་བ་ནི་རང་གི་གཟུགས་འཛིན་པའི་གཤིན་རྗེ་གཤེད་ཀྱི་ཚོགས་དང་འདིས་ཉེ་བར་མཚོན་པ་ལས་གཤིན་རྗེ ་གཤེད་དག་ཉིད་ཀྱང་གཏོགས་པར་བྱའོ། །གཡོན་པ་བརྐྱང་བ་ཞེས་པ་ནི་གཡོན་པ་རབ་ཏུ་བརྐྱང་སྟེ་གཡས་པ་བསྐུམ་པས་སོ། །ཉི་མའི་དཀྱིལ་འཁོར་སྟེང་ནི་ཞེས་བྱ་བ་ནི་མ་ཧེའི་རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་གནས་པ་དེའི་སྟེང་དུ་གནས་པའོ། །བསྐྲལ ་པའི་མེ་འབར་དང་མཚུངས་པ་ཞེས་བྱ་བ་ནི་འཇིགས་པའི་དུས་ཀྱི་མེའོ། །གོ་ཆ་ཞེས་པ་ནི་ཡང་དག་པར་བསྒོམ་པར་བྱའོ། །དྲི་མ་ཅན་ནི་ནག་པོའོ། །གཟིར་བ་ནི་རིད་ཅིང་ཉམ་ཐག་པའོ། །གང་གིས་ཤེན་གསུངས་པ། ནད་ཀྱིས་སོ། །ལུས་ལ་ལྡང་ཞིང ་ཞེས་པ་ནི། དམན་པའི་ལུས་སུ་རྣམ་པར་གྱུར་པའོ། །དོན་འདོད་པའི་ཚིག་སྨྲ་ཞེས་པ་ནི་གློ་ལྕ་ཞིང་བརྗོད་པའོ། །མཚོན་གྱིས་ཞེས་པ་ནི་མདུད་དང། མདའ་ལ་སོགས་པ་རྣམས་ཀྱིས་སོ། །གཟིར་བར་བྱ་ཞེས་པ་ནི། ལུས་ཀུན་ལ་རྨ་ལ་སོགས ་པ་མང་པོ་དང་ལྡན་པས་སོ། །མཆུ་རིང་ཅན་ནི་རྐང་ཀའོ། །ཚེར་མས་ལུས་ནི་བཀང་བ་དང། ཞེས་པ་ནི་ཚེར་མས་གང་པའི་ལུས་སོ། །རྐང་པ་གདོས་དང་སྒྲོག་གི་བསྡམ་ཞེས་བྱ་བ་ནི་གདོད་དང་ལྕགས་ཀྱིས་བཅིང་བའོ། །དེའི་ལུས་བསྲུང་བ་ལ ་སོགས་པ་ཞེས་པ་ནི་ལུས་དང། ངག་དང། ཡིད་དང། མིག་ལ་སོགས་པ་བྱས་ཞེས་སོ། །རང་གི་སྙིང་གའི་ས་བོན་གྱིས་འོད་ཟེར་བཀུག་པ་དང། བདག་གི་མདུན་དུ་ཞེས་པས་ཏེ། རང་གི་ལྷའི་གཟུགས་ལའོ། །དགོད་ཅེས་བྱ་བ་ནི་གནས་ཇི ་ལྟ་བའི་གཞག་པར་བྱའོ། །གྲུབ་པར་བྱ་བ་བསྒོམ་པའི་དུས་སུ་ཀུན་གྱི་དང་པོ་དེ་དག་ཉིད་བྱས་ལ། ཕྱི་ནས་དྲི་མས་གོས་པ་ཞེས་བྱ་བ་ལ་སོགས་པ་བལྟ་བར་བྱའོ། །གོ་ཆ་ཞེས་པ་ནི་གང་ལྷ་རུ་བསྒོམ་པར་བྱས་པ་དེའི་རྗེས་ལ་འབྲངས་ཏེ ་བཀུག་ལ་རང་དང་འདྲ་བའི་པདྨར་བཅུག་ཏེ་རྡོ་རྗེས་མནན་པར་ལྟ་བར་བྱའོ། །སྟོང་པའི་ལུས་ལྟར་ཞེས་པ་ནི་རོ་དང་འདྲ་བའོ། །རྒྱབ་པ་ནི་གསོད་པར་བྱའོ། །འཐུང་བར་བྱེད་ཅེས་པ་ནི་འཐུང་བར་བྱེད་པའི་ཁྲོ་བོ་དེ་དག་གོ་།རྐང་དང་ཚིག་པ་དག་ཤེས་པ་ལ་བསྒྲུབ་བྱ་ཞེས ་ལྟག་མའོ། །ཆུ་འགགས་ལ་སོགས་ནད་ཀྱི་ཞེས་པ་ནི་ཡ་སྨ་རི་ནི་དྲི་ཆུ་འགགས་པའི་ནང་ངོ། །ཆོ་ག་འདི་ལྟ་བུ་ཉིད་ནི་རང་ཉིད་ཉོན་མོངས་པ་ཙམ་གྱིས་བྱ་བ་མ་ཡིན་ནོ། །ཞེས་གནས་པའི་དོན་དུ་གསུངས་པ། སྙིང་རྗེ་ལ་གནས་པའི་སེམས་ཀྱིས་ཞེས་པ་སྟེ་དེ་དག ་ཉིད་ཀྱིས་དམྱལ་བར་འགྲོ་ཞེས་རྣམ་པར་དཔྱད་ནས་སོ། །འོ་ན་སྡུག་བསྔལ་དང་སྡུག་བསྔལ་རྒྱུ་ལ་གྲོལ་བར་འདོད་པ་ནི་སྙིང་རྗེ་ཡིན་ལ། དེ་ལྟ་བུ་ཐམས་ཅད་ནི་བདག་ལ་གནོད་པ་ཡིན་ནོ་ཞེ་ན། གསུངས་པ་གནས་བཏན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ་དེར་གནས་པའི་སྡུག་བསྔལ་ལ་སྒྲོལ་བར་བྱེད་པ་སྟེ་ཇི་ལྟ་ཕ་རོལ་གྱི་དོན་བྱེད་པ་ལས་གཞན་ཅི་ཡོད་ཅེས་པའི་དོན་ཏོ། །འདི་ལྟ་བུར་གསུངས་ཞེས་པ་ནི་འདི་ལྟ་བུའི་ངག་གོ་།ཕྱུང་བར་མཛད་ཅེས་པ་ནི་བརྗོད་ནས་སོ། །ཇི་ལྟ་བུར་གསུངས་ཤེ་ན། གསུངས ་པ་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྟེ་སེམས་ཅན་གསོད་བ་ཞེས་བྱ་བ་ནི་བླ་མ་དང་སངས་རྒྱས་ལ་གནོད་པ་བྱེད་པའོ། །རྣམ་པར་རྟོག་པ་ཆེན་པོ་ཞེས་བྱ་ནི་ཆེན་པོ་ཡང་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པས་རྣམ་པར་རྟོག་པ་ཆེན་པོ ་སྟེ། དུད་འགྲོ་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་ནོ། །དེ་དག་གསོད་པར་བྱེད་པ་ནི་རླག་པར་བྱེད་པ་སྟེ་དེའི་དོན་གྱིས་ན་རྡོ་རྗེ་དང་འབྲ་བས་ན་རྡོ་རྗེ་སྟེ་རྣམ་པར་རྟོག་པ་ཆེན་པོ་གསད་པར་བྱེད་པས་གསོད་པའི་རྡོ་རྗེའོ། །བཅོམ་ལྡན་འདས ་གང་ཡིན་ཞེ་ན། འདི་ལྟ་བུའི་ཆོ་ག་གསུངས་པ། འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཆོ་ག་གསུངས་ཏེ། དོན་ནི་འདི་ཡིན་ཏེ་འཁྲུལ་འཁོར་ལ་སོགས་པ་ལ་དམ་ཚིག་ཏུ་ངེས་པར་གྱུར་པས་བྱིན་གྱིས་བརླབས་པས་ཁྱད་པར་གང་འཁྲུལ ་འཁོར་ལ་སོགས་པ་ཉིད་དོ། །བཅོམ་ལྡན་འདས་ཀྱི་དམ་ཚིག་སྟེ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དོན་ཏོ། །ལེའུ་བཞི་པའི་བཤད་པ་རྫོགས་སོ། །།ཕན་ཚུན་དུ་རྣམ་པར་དབྱེ་བའི་དོན་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པས་ཏེ། དེ་ནས་ཞེས་པས་ནི་སྣ་ཚོགས་དང་ལྷ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །ཐོད་པ་ཁ་སྦྱོར་ཞེས་པ་ནི། ཕྲུ་བ་ལ་སོགས་པའི་གྱོ་མོ་གཉིས་སུ་གསང་པའི་འཁྲུལ་འཁོར་བཅུག་ལ་ཞེས་རྟོགས་པར་བྱའོ། །གཤིན་རྗེ་མཐར་བྱེད་ཤེས་པ་ནི། ་བསད་བ་ལ་བརྗོད་པ་ཉིད་དོ། །རྟ་དང་མ་ཧེ་ཞོན་པ་དག་ཞེས་པ་ནི། །གཅིག་ནི་རྟ་ལ་ཞེན་པ་ཡིན་ལ། གཞན་དག་ནི་མ་ཧེ་ལ་ཞོན་པའོ། །སྤྲུལ་པའི་འཁོར་ལོའི་ཚོགས་ཀྱིས་ཞེས་བྱ་བ་ནི་གཉིས་ཀ་ཡང་སྤྲུལ་པའི་ཁྲོ་པོའི་ཚིག་དགོད་པར་བྱའོ། །སྟོབས་དག ་ཅེས་པ་ནི་སྟོབས་དང་ལྡན་པའོ། །ཁྲོས་པ་ནི་ཁྲོས་པ་དང་ལྡན་པའོ། །བསྐྲད་པ་ཞེས་པ་བསྟན་པའི་དོན་དུ་གསུངས་པ། འཁོར་ལོ་གཉིས་ནི་བྲིས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་ཉིད་ནི་འདི་དག་ཅེས་བ་ནི་བསད་པའི་ཆོ་ག་བསྟན་པའི་སྣག་ཚ་ལ ་སོགས་པས་སོ། །ཡི་གེ་ཧཱུཾ་ཕཊ་ཀྱིས་བསྟེན་པ་ཞེས་པ་ནི་བསྒྲུབ་བྱའི་མིང་དང་ཧཱུཾ་ཕཊ་དག་སྤེལ་བའོ། །ཐོད་པ་ཁ་སྦྱར་ནི་ཕྲུ་བ་ལ་སོགས་པའི་གྱོ་མོ་གཉིས་སུའོ། ཕའི་ནགས་སུ་ཞེས་པ་ནི་དུར་ཁྲོད་དུའོ། །གཤིན་རྗེའི་གཤེད་ནི་གཤིན་རྗེའི་གཤེད་དོ། ། ་ཡཾ་བྱུང་ཞེས་པ་ནི་ཡཾ་ཡོངས་སུ་གྱུར་པ་ལས་སོ། །ཁྲོ་བོའི་ཚོགས་ཀྱིས་ཞེས་པ་སྤྲོས་པའི་གཤིན་རྗེ་གཤེད་ཀྱིས་སོ། །མ་གྲུབ་ན་ཡིད་ཆེས་པའི་དོན་དུའོ་ཞེས་ལྷག་མའོ། །ཆོ་ག་གསུངས་པའོ། ཞེས་བརྗོད་ནས་རྒྱ་ལམ་ན་སློབ་མ་འཁྲུལ་པར ་གྱུར་ན། ལྷའི་གཟུགས་དང་རས་ལ་སོགས་པ་དེ་དག་གསུངས་པ། ཁྲོས་པ་ཞེས་བྱ་བ་ལ་སོགས་པ་སྟེ་ལྷོར་བལྟས་པ་ནི་ལྷོར་མངོན་པར་ཕྱོགས་པའོ། །རང་ཁྲག་ཅེས་པ་ནི་རང་གི་ལག་པ་གཡོན་པའི་མཛུབ་མོའི་ཁྲག་གོ་།ཐལ་བ་ཞེས་བྱ་བ་ནི ་སོལ་པའོ། །སྨྱོན་པའི་འདབ་མའི་ཁུ་བས་ཞེས་བྱ་བ་ནི་ཐང་ཕྲོམ་གྱི་འདབ་མའི་ཁུ་བས་སོ། །འཁོར་ལོ་རྣམས་ཀྱི་ཁྱད་པར་གྱི་བྲི་བའི་ཐབས་གསུངས་པ། བསད་པ་ཞེས་བྱ་བ་ལ་སོགས་པ་སྟེ་བསད་བའི་ཆོ་གར་གསུངས་པའི་སྣག་ཆ་ལ་སོགས་པ་སྟེ་འཁོར་ལོ་གཉིས ་ཀ་ལ་ཡང་དེའི་ལུས་ལ་གནས་པ་ནི་དེའི་ལྟོར་བལྟས་པའི་འཁོར་ལོའོ། །རྟ་དང་མ་ཧེ་དག་ཅེས་པ་ནི་འཁོར་ལོ་གཅིག་ནི་མ་ཧེའི་རྒྱབ་ཏུ་ཡིན་ལ་གཞན་ནི་རྟའི་རྒྱབ་ཏུའོ། །བསྐྲད་པ་ཞེས་པ་ནི་གནས་ནས་གཏོན་པའོ། །རྔ་མོའི་ལུས་ལ་གནས་ཞེས་བ་ནི་འཁོར་ལོ་གཉིས ་ཀ་ལ་ཡང་རྔ་མོ་སྔོན་པའི་རྒྱབ་ཏུའོ། །ཟླ་བའི་དཀྱིལ་འཁོར་ལ་ཞེས་པ་ནི་འཁོར་ལོ་ལ་ཟླ་བའི་དཀྱིལ་འཁོར་གྱི་ཀུན་ནས་བསྐོར་ཏེ་སྦྱིན་པར་བྱའོ། །བཙུན་མོའི་སྙིང་གར་ཞེས་པ་ནི་བྷ་གའོ། །ར་ལ་སྐྱོན་ཞེས་པ་ནི་ལུག་ལ་ཡང་བསྐྱོན་ཞེས་པའོ། །རི་རབ་ཀྱི་དཀྱིལ ་དུ་ཞེས་པ་ནི་རིའི་ཕྲེང་བས་ཀུན་ནས་བསྐོར་བའོ། །སེངྒེ་སར་པ་ནི་རྐང་པ་བརྒྱད་པའི་སེངྒེའོ། །གཞན་དག་ལ་ཞེས་པ་ནི་སྨྱོན་པ་ལ་སོགས་པར་བྱེད་པའི་སྤྲེའུ་དང་སྐྱེས་བུ་བཞི་བ་ལ་སོགས་པ་ནལ་བྲི་བར་བྱའོ། །ལན་གཉིས་བཅིངས་པ་ནི་ལེགས་པར་བཅིངས་པ ་ཡིན་ཞེས་པ་ནི། སྣག་ཚ་ལ་སོགས་པ་ཡང་ཟློས་པར་གསུངས་པ་རོ་ཙ་ན་ཞེས་བ་གོ་རོ་ཙ་ནའོ། །བུད་མེད་ཞི་བ་ནི་བུད་མེད་ཀྱི་དོན་དུའོ། །སྐྱེས་པ་དང་བུད་མེད་དབང་ལ་བྱ་བ་ནི་རྒྱ་སྐྱེགས་ཏེ་སྐྱེས་པ་དང་བུད་མེད་གཉིས་ཀ་དབང་ལ་བྱ་བའོ། །གཉིས་ཀྱི་སྟེང་དུ་གཞན ་ཡར་སྐྱས་པའི་དོན་དུ་ཁ་ཆེ་ཡིས་ཞེས་པས་ཏེ་སྐྱེས་པ་ཞི་བ་ལའོ། །སྐྱེས་པ་དང་བུད་མེད་གཉིས་ཀའི་རྒྱས་པ་ལ་ཡང་སྟེ། དབང་དུ་བྱ་བར་བྲི་ཞེས་ཉེ་བར་མཚོན་པའོ། །ཞི་བ་དང་རྒྱས་པ་དག་ལ་ཡང་དགེ་བའི་སེམས་ཀྱིས་ཏེ། བྱ་བ་གང་ལ་ཡང་ངོ་ཞེས་ལྷག ་མའོ། །དོན་ནི་འདི་ཡིན་ཏེ། ཞི་བ་དང། རྒྱས་པ་དང། དབང་རྣམས་ལ་ཁམ་པོར་ཁ་སྦྱར་དུ་གཞག་པར་བྱའོ། །དྲག་པོའི་ལས་ཀྱི་དགོངས་པས་བྱ་རོག་གི་སྒྲོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་རོག་ནི་བྱ་རོག་ཆེན་པོའོ། །སྨྱུག་གུས་ནི་བསད་པ་དང། དབྱེ་བ་དང། ་བསྐྲད་པ་ལ་སོགས་པ་བྲི་བར་བྱ་ཞེས་པ་ལྷག་མའོ། །ཉི་མ་ཕྱེད་ན་རོ་སྲེགས་སར་ཞེས་པ་ནི་རོ་བསྲེགས་པའི་སའི་ནང་དུ་བསྐོས་ཏེ། གཞུག་པར་བྱའོ། །པདྨ་ཁ་སྦྱོར་ཞེས་པ་ནི། ཁ་སྦྱོར་དང་པདྨ་ནི་ཁ་སྦྱོར་པདྨ་སྟེ། དེ་ལས་བསད ་པ་དང་བསྐྲད་པ་དང་དབྱེ་བའི་སྦྱོད་ཡུལ་ལ་ནི། ཕྲུ་བ་ལ་སོགས་པའི་གྱོ་མོ་ཁ་སྦྱོར་དུའོ། །དགུག་པ་ནི་པདྨ་སྟེ། བུད་མེད་ཀྱི་ཐོད་པའོ། །གཤིན་རྗེའི་རྣལ་འབྱོར་བདག་ཉིད་ཀྱིས་ཞེས་བྱ་བ་ནི་དེ་དེར་ཇི་སྐད་གསུངས་པའི་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་སོ།། ་བཟླས་ཏེ་ཞེས་བྱ་བ་ནི་བརྗོད་པའོ། །ལྷོ་ཕྱོགས་གནས་ཏེ་ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པ་སྟེ། དྲག་པོའི་ལས་ཀྱི་དགོངས་པས་འདིར་ཉེ་བར་མཚོན་པར་བྱ་སྟེ། གཞན་དག་དང་གཞན་དག་གི་ལ་ལྟོས་ནས་གཞན་དང་གཞན་གྱི ་དོན་དུ་མངོན་པར་ཕྱོགས་པ་ཤེས་པར་བྱའོ། །ལས་གྲུབ་ནས་འཁྲུལ་འཁོར་གནས་པ་ལ་དགོས་པ་མེད་པས་ནི་རིམ་བཞིན་དུ་དབྱེ་བའི་དོན་གསུངས་པ། ཞི་བ་ཞེས་བྱ་བ་སྟེ་ལས་གྲུབ་པ་དང་དགོངས་པ་ཉེ་བར་གྲུབ་ནས་གང་ཚེ་བསྲུང་བ་རིག་པར ་བྱེད་པ་དེའི་ཚེ་འཁོར་ལོ་འཛིན་པ་ཡང་ཡི་གེ་བཞི་པོ་དེ་དག་ཕྱིས་ཏེ་གཟུང་བར་བྱའོ་ཞེས་བ་ནི་མན་ངག་གོ་།ལྷག་མ་ཞེས་པ་ནི་ཡི་གེ་བཞི་པོ་ཕྱིས་པ་ལས་གཞན་དག་གོ་།ཇི་ལྟར་བདེ་བར་ཞེས་པ་ནི་ཇི་ལྟར་འདོད་པར་དབྱེ་བ་འམ། གཞན་པར་བྱའོ། ། ་ཁྲི་ཞེས་ཤེས་པ་ནི་སྟོང་ཕྲག་བཅུའོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ཀྱིས་ཏེ་གྲིབ་མ་དང་སྒྱུ་མ་ལྟ་བུའི་རྣམ་པས་སོ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་དེ་ལྟར་བུའི་གཤིན་རྗེ་གཤེད་ཀྱི་གཟུགས ་ཀྱིས་སོ། །ཡི་གེ་བཞི་པོ་འདི་དག་དབྱེ་བར་བྱ་བ་ཅིའི་ཕྱིར་ཞེ་ན། གསུངས་པ། འཁྲུལ་འཁོར་འདི་ཞེས་པས་སོ། །བྲིས་ནས་ཞེས་པ་ནི་ཡི་གེ་ཐམས་ཅད་བཞག་པ་ནའོ། །འཁོར་ལོ་བྲི་བའི་སྔར་གྱི་རིམ་པའི་ནི་གོ་རིམས་ཀྱིས་ཏེ་འཁོར་ལོ་ལྔ་རིམ ་མོ། །ཏྲ་ཏ་བ་ཏ་ར་ད་ནི་བྲིས་པའི་སྐ་ལས་དབྱེ་བའོ། །ག་ཏྲི་བ་ནི་རོ་ཙ་ན་ལ་སོགས་པ་སྟེ་དེས་ན་བྲི་བའོ། །འཁྲུལ་འཁོར་གྱི་རིམ་པ་བྲི་བའི་དོན་དུ་རོ་ཙ་ན་ལ་སོགས་པ་སྟེ་གང་ལ་དེ་སྟོན་པའོ། །མངོན་པར་འདོད་པའི་དོན་ཡོངས་སུ་བཅད་པ་ཅན་ནི་ལེའུ་སྟེ། ་ངག་གི་ཚོགས་པ་ལ་ཡང་ངོ། །ལེའུ་ལྔ་པའི་བཤད་པ་རྫོགས་སོ།། །།ཕྱག་རྒྱ་འཆོལ་པའི་སྒོམ་པ་ལས་ནི་དངོས་གྲུབ་དང་སྒྲུབ་པ་པོ་མེད་པ་ཞེས་བྱ་བ་སྟེ། བསྟོད་པ་སྔོན་དུ་འགྲོ་བའི་གསོལ་བ་གདབ་པས་ཕྱག་རྒྱ་འདི་འདུ་བའི་དོན་དུ ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ཞེས་བྱ་བ་ནི་སྔར་གསུངས་པའི་གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད་ཅེས་བྱ་བ་ལ་སོགས་པས་སོ། །ཞེ་སྡང་ཞེས་བྱ་བ་ནི་ཞེ་སྡང་བར་བྱེད་པ་དང་རབ་ཏུ་གསལ་བར་བྱེད་པའོ། །རང་རང ་ཕྱག་རྒྱ་ཞེས་པ་ནི་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །དཀྱིལ་འཁོར་གྱི་ནི་ལྷ་ཀུན་གྱི་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཡངས་པ་ལས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡོངས་སུ་རྙེད་པའོ། །ཀུན་གྱི་ཞེས་པ་ནི་གཞུང་ལས་ལྷག་པ་སྟེ། ་དེས་ནི་དཀྱིལ་འཁོར་གྱི་བདག་པོ་བཟུང་ངོ། །གཤིན་རྗེ་གཤེད་ཅེས་པ་ནི་ལེའུ་དང་པོར་མི་སྐྱོད་པ་ལ་སོགས་པ་ལྔ་བཤད་པས་སོ། །དེ་ལྟ་བས་ན་ཞེ་སྡང་དང་གཏི་མུག་དང་ཕྲ་མ་དང་འདོད་ཆགས་དང་ཕྲག་དོག་དང་གཤིན་རྗེ་གཤེད་རྣམས་ལ་རིམ ་བ་ཇི་ལྟ་བས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་ནོ། །ཐོ་བ་དང་དབྱུག་པ་དང་པདྨ་དང་རལ་གྲི་གཤིན་རྗེ་གཤེད་རྣམས་ལ་ནི། མི་སྐྱོད་པ་དང ་རྣམ་པར་སྣང་མཛད་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །རྟག་ཏུ་དཀྱིལ་འཁོར་ནི་འཁོར་ལོའི་ལྷ་རྣམས་སོ། །བྲི་བར་བྱ་ཞེས་པ་ནི་བསྒོམ་པར་བྱའོ། །སྦྱིན་སྲེག་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་གྱིས་ཏེ་གསུངས་པའི་བདུད་རྩི ་མྱང་བའི་ཆོ་གའི་རིག་པས་སོ། །དགང་ཞེས་པ་ནི་ལྷའི་བདག་ཉིད་ཅན་གྱི་གཟུགས་ཚིམ་པར་བྱེད་པའོ། །དམ་ཚིག་རྣམས་ལ་ཞེས་པ་ནི་གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་སོ། །བསྒྲུབ་པར་བྱ་ཞེས་པ་ནི་ཇི་ལྟར་གསུངས་པའི་བདུད་རྩི ་མྱང་བའི་ཚོགས་གཟའ་བར་བྱའོ། །སྡོམ་བ་ཞེས་བྱ་བ་ནི་ངེས་པར་བྱ་བ་སྟེ། དེ་ཡང་དཀྱིལ་འཁོར་བཞེངས་པ་ལ་སོགས་པ་ཅན་ཉིད་དོ། །དང་པོ་ལ་ནི་དབུ་རྒྱན་དབང་ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་ནས་ཆུའི་དབང་གི་རྗེས་ལ་དབུ་རྒྱན་གྱི་དབང ་གིས་སོ། །རལ་གྲི་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བའོ། །རྡོ་རྗེ་དྲིལ་བུ་དང་ཞེས་པ་ནི་དྲིལ་བུའི་དབང་བསྐུར་བའོ། །ཟླ་བ་བཟང་བ་བཞི་ཞེས་བྱ་བ་ནི། མིང་གི་དབང་དང་རིགས་གསུམ་གི་དམ་ཚིག་དང། རྡོ་རྗེ་སློབ་དཔོན་དང། རྡོ་རྗེ་བརྟུལ་ཞུགས་དང། དབུགས ་དབྱུང་བ་དང། ལུང་བསྟན་པ་དང། རྗེས་སུ་སྣང་བའི་རྗེས་ལ་སྟེ་ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བ་ཡང་གཟུང་བར་བྱའོ། །ནག་པོ་ནི་རྡོ་རྗེ་སེམས་དཔའ་ཡིས་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཉིད་ལ་ནག་པོ་ཞེས ་བྱའོ། །དབང་བསྐུར་བའི་དགོངས་པ་བསྟན་པའི་དོན་དུ་གསུངས་པ། དབང་འདི་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐོ་བ་ཞེས་པ་ནི་རྙེད་པའོ། །རྒྱལ་བའི་སྲས་ནི་བྱང་ཆུབ་སེམས་དཔའ་ཨོ། །བྱ་བ་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཅན་ནི་གཏོར ་མ་ཡིན་པས། གཏོར་མའི་ཆོ་ག་བསྟན་པ་གསུངས་པ། དེ་ནས་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་པོ་ཀུན་ཅེས་བྱ་བ་ནི་འབྱུང་པོར་གྱུར་པ་ཐམས་ཅད་དེ་དབང་པོ་ལ་སོགས་པ་རྣམས་སོ། །དེ་ཡང་རང་གི་ལྷའི་རྣལ་འབྱོར་གྱི་ལྟ་སྟངས་ཀྱིས་ལུས ་རྣམས་ཐལ་བར་བྱ་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པའི་བདུད་རྩིས་ཡང་དག་པར་རེག་པས་ཡུད་ཙམ་གྱི་རྣལ་འབྱོར་གྱིས་བདག་ཉིད་དང་འདྲ་པའི་ལྷའི་རྣམ་པ་རྫོགས་སོ།། །།དེ་རྣམས་ཀྱི་གཏོར་མ་ནི་ཉེ་བར་མཆོད ་པའོ། །ལུགས་ནི་བྱེད་པ་སྟེ་སྔགས་བརྗོད་པའོ། །ཇི་ལྟར་གསུངས་པའི་བདུད་རྩིས་མྱང་བའི་རིམ་པས་བདུད་རྩི་ལྔ་རུ་བསྐྱེད་ལ། ལྔ་རྣམས་དེ་དག་གི་ལྕེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དེ་དག་ཉེ་བར་ལོངས་སྤྱོད་དོ། །དེས་མངོན་པར་འདོད་པའི་འབྲས་བུ་གྲུབ་པའི་རྗེས ་ལ་སྔགས་དེ་ཉིད་གསུངས་པ། ཨོཾ་ཨིནྡྲ་ཡེ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ནི་ལྷ་རྣམས་ཀྱི་ཕྱིར་ལག་པ་གཡས་པས་གནས་དེ་དང་དེ་རྣམས་སུ་སྤོས་བཏུལ་ཞིང་ལག་པ་གཡོན་པས་དྲིལ་བུ་དཀྲོལ་བར་བྱའོ། །འདི་ལྟ་སྟེ། གཡས་དང་གཡོན་གྱི་གནས་དང། ་ལྟེ་བ་དང། སྙིང་ག་དང། བརླའི་གནས་དང། མགྲིན་པ་དང། ཁ་དང། གཡས་པའི་སྣ་བུག་དང། རྣ་བ་གཡོན་བ་རྣམས་སུ། མིག་གཉིས་དང་མ་ཚོགས་མ་སྟེ་ཐམས་ཅད་ཀྱི་གནས་སུ་ལན་གསུམ་གསུམ་དུ་དཀྲོལ་བར་བྱའོ། །དེ་ནས་ཡང་ལྟེ་བ་དང། སྙིང ་གར་ཅི་བདེ་བར་རོ། །ཡང་ཆར་འཐུང་བའི་དུས་སུ་རང་གི་ལྷ་ཉིད་ཚིམ་པའི་དོན་དུ་གསུངས་པ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཟུར་གསུམ་ལག་པ་གཡོན་པའི་སྨིན་ལག་གིས་གཡོན་དུ་བསྐོར་བར་བྱ་ཞེས་མན་ངག་གོ་།ཇི་ལྟ ་གྱུར་ཅེ་ན་གསུངས་པ། བི་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཤང་གཅི་ལ་སོགས་པས་བྱ་ཞེས་པའི་དོན་ཏོ། །ཆུ་ཞེས་པ་ནི་བྱང་ཆུབ་སེམས་སམ་ཆད་དོ། །བཤད་པ་ལ་སོགས་མེད་ན། མྱོས་བྱེད་ཙམ་གྱིས་བྱའོ་ཞེས་པ་ནི་མན་ངག་གོ་།ཚིམ ་པར་བྱ་ཞེས་པ་ནི། དེ་རྣམས་ཀྱི་དཀྱིལ་འཁོར་པ་ལ་ལག་པ་གཡོན་པའི་སྲིན་ལག་གིས་ཚིམ་པར་བྱས་ཏེ། ཨོཾ་ཛཾ་ཤ་ཛ་མ་རི་ཡེ་སྭཱཧཱ། ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་རིམ་པས་སོ། །ཀྱང་ཞེས་པ་ནི་ལྷ་རྣམས་ཀྱི་འཁོར་ལོ་མ་ལུས་པར ་ཚིམ་པར་བྱས་པའི་རྗེས་ལའོ། །དྲན་པར་བྱེད་པ་ནི་བརྗོད་པར་བྱེད་པའོ། །ལེའུ་བཞི་པ་དང་ལྡན་པ་ནི་འཁོར་ལོ་འབྲི་བའི་མདོར་བསྟན་པ་ཙམ་བྱས་ཏེ། དེ་ནས་དེ་དག་བྲི་བའི་དོན་དུ་གསུངས་པ། བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་བ ་ཞེས་པ་ནི་འབྲི་བ་སྟེ། རི་བོ་ན་ལ་སོགས་པ་རྣམས་སོ། །དཀྱིལ་འཁོར་རིམ་གསུམ་ཞེས་བྱ་བ་ནི་དང་པོའི་དཀྱིལ་འཁོར་དཀྱིལ་འཁོར་གཉིས་པ་ཡིས་བསྐོར་བར་བྱ་ཞིང་གཉིས་པ་ལ་ཡང་གསུམ་པ་ཡིས་སོ། །བརྒྱད་དང་བཅུ ་གཉིས་བཅུ་དྲུག་པ་ཞེས་པ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་ནི་རེ་མིག་བརྒྱད་པ་རྣམས་དང། དཀྱིལ་འཁོར་གཉིས་པ་ལ་བཅུ་གཉིས་པ་དང། དཀྱིལ་འཁོར་གསུམ་པ་ལ་བཅུ་དྲུག་པ་རྣམས་སོ། །དེ་ལ་དཀྱིལ་འཁོར་གསུམ་ཚོར་ལ་ཁྱབ ་པའི་དབུ་མ་ལས་ཅུང་ཟད་ཀྱི་མཛའ་གཉིས་སུ་ཤར་ནས་ཞུགས་པའོ། །ནུབ་ཏུ་རི་མོ་གཉིས་དྲང་བར་བྱའོ། །དེ་བཞིན་དུ་བྱང་ནས་ཞུགས་ཏེ། རི་མོ་གཉིས་དྲང་བར་བྱའོ། །དེ་དག་ཐམས་ཅད་ཀྱི་ནང་ལ་དཀྱིལ་འཁོར་གྱི་དབུ་མའི་རེ་མིག་པོར་བ་དང། རེ ་མིག་བརྒྱད་དུ་གྱུར་ཏོ། །དཀྱིལ་འཁོར་གཉིས་པའི་མཚམས་ཀྱི་ཆ་རྣམས་སུ་རི་མོ་རེ་རེ་སྦྱིན་པར་བྱའོ། །དེ་དག་གིས་ནི་གཉིས་པར་ཡང་རེ་མིག་བཅུ་གཉིས་སུ་འགྱུར་རོ། །དཀྱིལ་འཁོར་གཉིས་པའི་མཚམས་སུ་གནས་པའི་རི་མོའི་མགོ་བོ་ནས ་བརྩམས་ཏེ་ལོགས་གཉིས་ནས་རི་མོ་གཉིས་བྲི་བར་བྱའོ། །དེ་ལྟ་བུས་ནི་ཟླུམ་པོར་བསྐོར་བ་གསུམ་པ་ལ་ཡང་ལེའུ་ཚེ་བཅུ་དྲུག་ཏུ་གྱུར་ཏོ། །དགོད་པར་བྱ་ཞེས་པ་ནི་ཐམས་ཅད་ཀྱི་ནང་ཟླུམ་པོར་བསྐོར་བ་ལའོ། །སྔགས་ཞེས་པ་ནི་དེ་བཞིན་གཤེགས་པ ་ལྔ་ལྔའི་ས་བོན་གྱི་ཡི་གེ་རྣམས་ཏེ་དབུས་སུ་ཡ་སྟེ་ཞེས་བྱ་བ་ལ་སོགས་པའི་རྗེས་ཀྱི་ཚིག་གིས་སོ། །དེ་ཡང་མཚམས་བཞི་པོ་པོར་ཏེ་ལྷག་མ་རེ་མིག་ལྔ་པོ་དག་གོ་།རེ་མིག་བཅུ་གཉིས་ཞེས་བྱ་བ་ནི་དཀྱིལ་འཁོར་གཉིས་པ་དག་གིའོ། །དེ་ལ་སྒོ ་སྐྱོང་ལ་སོགས་པ་རྣམས་ཀྱི་ཡི་གེ་བཅུ་གཉིས་པ་རྣམས་སོ། །སྔགས་དགོད་པའི་དགོངས་པ་གསུངས་པ། གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། མ་ལུས་ལུས་པ་མེད་པར་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་བལྟོས་པའོ། །རྒྱུ་དང་མི ་རྒྱུར་བཅས་པ་ནི་སྣོད་དང་བཅུད་དུ་བཅས་པའོ། །དང་པོ་དང་གཉིས་པའི་ཟླུམ་པོར་བསྐོར་བ་ལ་ས་བོན་བསྐོར་བའི་ཚིགས་སུ་བཅད་པ་བསྐོར་བ་གསུངས་པ་ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པ་སྟེ་ཡང་དགོད་པར་བྱ་བའི་ཚིགས་སུ་བཅད་པ་གང་ཡིན་ཞེ་ན་གསུངས་པ། ་དབུས་སུ་ཡང་ཞེས་པ་སྟེ་ཡང་ཡིག་ནི་ཐམས་ཅད་ཀྱི་ནང་ཟླུམ་པོར་བསྐོར་བ་དང་པོ་ལའོ། །ཀྵེ་ཞེས་པ་ནི་ཀྵེ་ཡིག་གོ་།འཇམ་པའི་རྡོ་རྗེ་ཞེས་པ་ནི་མ་ཡིག་གོ་།མེ་ཞེས་བྱ་བ་ནི་མེ་ཡིག་གོ། ངན་པར་མ་ནི་ད་ཡིག་གོ་།མཚམས་ཀྱི་སྟོང་པ་དག་ཅེས་པ་ནི་ནང་གི་དཀྱིལ ་འཁོར་གྱི་མཚམས་ཀྱི་བཞི་པོར་བ་རྣམས་སུའོ། །དེ་དག་ཀྱང་ཅི་བསྒྲུབ་བྱ་འབའ་ཞིག་གི་མིང་བྲི་འམ་ཞེ་ན་གསུངས་པ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་དང་ཐ?་མ(རྒྱུད་འགྲེལ་པ་ཡིན་ལ། ཞི་བ་ལ་སོགས་པ་ལ་ནི་ན་མོ་ལ་སོགས་པའི་ཡི་གེ་སྤལ་བར་རྟོགས་པར་བྱའོ། །དཀྱིལ་འཁོར་གཉིས་པར་བྲི་བའི་དོན་དུ་ཡ་ཙཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་དུ་ཞེས་པ་ནི་དང་པོར་བསྐོར་བ་ལས་ཕྱི་རོལ་དུ་སྟེ། ཟླུམ་པོར་བསྐོར་བ་གཉིས ་པ་ཞེས་བྱ་བའི་དོན་ཏོ། །གཡོན་ནས་བརྩམས་ཏེ་ཞེས་བྱ་བ་ནི་གཡོན་པ་སྟེ། ཇི་ལྟར་ལེགས་པར་གྱུར་པའོ། །དོན་ནི་འདི་ཡིན་ཏེ། ཇི་ལྟར་ཚིགས་སུ་བཅད་པའི་འབྱུང་བར་འགྱུར་བ་དེ་བཞིན་དུ་བྲི་བའོ། །དེ་ནས་སྔོན་དུ་ཀྵེ་ཡིག་ནས་བརྩམས་ཏེ་གཡས་ནས་བསྐོར ་ཞེས་བའི་དོན་ཏོ། །རིམ་པ་གསུམ་པ་ཞེས་བྱ་བ་ནི་ཟླུམ་པོར་བསྐོར་བ་གསུམ་པའོ། །མདུན་དུ་ཞེས་པ་ནི་ཟླུམ་པོས་བསྐོར་བ་གཉིས་པ་ལ་ཤྭར་ཕྱོགས་ནས་བསྐོར་བ་སྟེ་ཡ་ཡིག་ལས་གཞན་ཞེས་པའི་དོན་ནོ། །ཤར་ནས་ཞེས་བྱ་བ་ནི་ཤར་ཕྱོགས་ནས་བསྐོར་བ་དག་སྟེ ་ལེའུ་ཚེ་ནས་བརྩམས་ཏེ་གཡས་ནས་བསྐོར་ཞེས་པ་ལྷག་མའོ། །དྷི?་ཏི་བི་ལ་སོགས་པ་སྟེ་སྔགས་ཞེས་པ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་བྱ་ཞེ་ན། གསུངས་པ། མོ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། རབ་སྔགས་དང་བོ་ན་མོ་མཐར་ཞེས་བྱ་བ་ནི་རབ་སྔགས་དང་པོ་དང་མཐད?་ནི་ན་མ་ཞེས་རྟོགས་པར་བྱའོ། །རབ་བསྔགས་ནི་ཨོཾ་ཡིག་སྟེ། གང་གི་དང་པོར་རབ་བསྔགས་འདིའི། །ོཾ་ཧྲཱི(རྒྱུད་འགྲེལ་ན་ན་ཧཱུཾ་ཞེས་བའི་དོན་ཏོ། །སྔགས་འདིའི་མཐར་ན་མའི་སྒྲ་བྲི་བའོ། །མཐར་ཅེས་པ་ནི་བསྒྲུབ་བྱའི་ཡི་གེ་མཐར་ཡི་གེ་མཛའ་ཡང་ན་མའོ། །དེ་དག་ནི་ཞི་བ་སྟེ། དེས་ན་དོན་འདི་ཡིན་ཏེ། ཨོཾ་ཧྲཱི(རྒྱུད་འགྲེལ་ཏ་ཞེས་བྱ་བ་ནི་དབང་དུ་བྱ་བའོ། །ངཽ་ཥ་ཊ་ཞེས་པ་ནི་རྒྱལ་བའོ། །ཧཱུཾ་ཞེས་པ་ནི་བསད་པའོ། །ཕཊ་ཅེས་པ་ནི་སྐྲོད་པའོ། །གཞན་ཡང་ཧཱུཾ་གི་ཡི་གེ་གཉིས་བྱས་ཏེ་ཧཱུཾ་ཕཊ་ཅེས་རྟོགས་པར་བྱའོ། །འདི་དག་གིས་ཉེ་བར་མཚོན་ནས་གཞན་དུ་ཡང་ཧོ་ཞེས་པ་འདི་ལྟ་བུ ་དང་པོར་བྱ་སྟེ་ཇི་ལྟར་རིགས་པར་བཅོད་པར་བྱ་བའོ། །ས་བོན་ཞེས་པ་ས་བོན་དང་འདྲ་བ་ས་བོན་ཏེ། ཨོཾ་ཧྲཱི་ལ་སོགས་པའི་ས་བོན་རྣམས་སོ། །ཐ་མར་ཞེས་པ་ནི་ཐ་མར་རཾ་ལྷག་མ་སྟེ་བསད་པའོ། །ཧྲཱི་ཞེས་པ་ནི་དགུག་པའོ། །ཞི་བ་དང་སྐྲོད་པ་ལ་སོགས་པར་བྱེད་ཅེས ་པའི་དོན་ཏོ། །བསྲུང་ཞིང་འཁོར་ལོའི་རྣམ་པར་བྲི་བ་ལ་བསྲུང་པ་ནི་ཞི་བའོ། །འདི་དག་ཉེ་བར་མཚོན་པའོ། །དེའི་དོན་གྱིས་ན་འཁོར་ལོ་སྟེ་འཁྲུལ་འཁོར་གཉིས་སོ། །དེའི་རྣམ་པ་བྲི་བ་ནི། ཡང་དག་པའི་རིམ་པ་གཉིས་ཀྱིས་ངེས་པར་བྱས་ནས་འདི་ལ་ཡང་དེ་བཞིན་ཏེའོ།། ་ལེའུ་དྲུག་པའི་བཤད་པ་རྫོགས་སོ།། །།སྔར་མ་གསུངས་པའི་དཀྱིལ་འཁོར་པའི་རྣལ་འབྱོར་མ་བཞིའི་ཞལ་ལ་སོགས་པ་བསྟན་པའི་དོན་དུ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་ན་འཁོར་ལོ་ཞེས་པ་འདིས་གཏི ་མུག་གཤིན་རྗེ་གཤེད་ཀྱི་ཕྱག་འཚན་གྱི་གཙོ་བོ་འཛིན་པའི་ཕྱིར་མཚན་མ་གཞན་དང་ཞལ་ཡང་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་ཁྲག་དགུག་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱོར་བ་ལས་ཞེས་པའི་རབ་ཏུ་སྦྱོར་བའི ་སྦྱོད་ཡུལ་ལས་སོ། །རྡོ་རྗེ་ཕག་མོ་ཞལ་ལ་སོགས་པའི་དོན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ་མགོན་ཞེས་པ་ནི་ཕག་གི་གདོང་པ་ཅན་ནོ། །ཕྱག་ན་རྡོ་རྗེ་ཞེས་པ། འདིས་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཡང་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ ་བསྟན་པའི་དོན་དུ་ཆང་དགུག་པ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དབྱངས་ཅན་མའི་ཞལ་ལ་སོགས་པའི་དོན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་དམར་པོ་འཛིན་ཅེས་བྱ་བ་འདིས་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་གཤིན་རྗེ་གཤེད ་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་དུ་གསུངས་པ། ཤེས་རབ་འཕེལ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གཽ་རི་མའི་ཞལ་ལ་སོགས་པ་བསྟན་པའི་དོན་དུ་གསུངས་པ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་བུས་ཀྱང་ཕྲག་དོག་གཤིན་རྗེ ་གཤེད་ཀྱི་ཞལ་དང། སྐུ་མདོག་གཙོར་བསྟན་པ་ལས། འདི་ཡང་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བའོ། །དགོས་པ་བསྟན་པའི་དོན་གསུངས་པ། ཁུ་བ་དགུག་པ་ཞེས་བྱ་བ་ལ་སོགས་པའོ། །ཙར་ཙི་ཀའི་དགོས་པ་བསྟན་པ་བཤད་པའི་དོན་དུ ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲག་དགུགས་ཞེས་བྱ་བ་ནི་གང་གིས་ཁྲག་དགུགས་པར་བྱེད་པ་དེ་ལྟ་བུའོ། །དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་ཙར་ཙི་ཀའི་གཟུགས་ཏེ་དེར་སེམས་གཅིག་པས་ན་དེ་ཉིད་ཏིང་ངེ་འཛིན་ཏོ།། ་ཁ་གདངས་པ་དག་བྱས་བ་ནི་ཞེས་བྱ་བ་ནི་ལྕེ་ལ་ཛ(རྒྱུད་འགྲེལ་རྒྱལ་བསྟན་པར་བལྟ་བར་བྱ་ཞིང་སྔགས་བརྗོད་པ་དང་ལྡན་པའོ། །ཁམས་གསུམ་ནི་འཇིག་རྟེན་གསུམ་པའོ། །ཁྲག་ཆེན་པོ་ནི་ཁྲག་གི་ཚོགས་སོ། །ཆང་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ནི་སྔར་བཞིན་པའི་རྡོ་རྗེ་ཕག་མོའི་གཟུགས་སོ་ཏེ། འདིར ་གསུངས་ཞེས་བྱ་བ་ནི་གསུངས་ནས་སོ། །ཆད་བཞག་པའི་སྣོད་གསུངས་པ། རྫ་མཁན་ལག་པ་ཕྱིས་པའི་ས་ཞེས་པ་སྟེ། ཁམ་པའི་སྣོད་བྱས་པའི་རྗེས་ལ་ལག་པ་ཕྱིས་པ་བྱས་ཏེ་གང་འཇིམ་པ་རྫ་མཁན་གྱིས་བོར་པ་དེ་ལས ་སོ། །ཉེ་བར་བྱས་ལ་ཞེས་པ་ནི་ཐུག་གི་ཚད་ཁྲུ་གང་ལ་ཁའི་ཞེང་དུ་མཐོ་གང་བ་ལྟོ་ཆེ་བ་དེར་ཆང་གླུགས་ལ་སྣོད་ཆུང་པ་གཞན་ཞིག་དང་ལྡན་པས་ཁ་བཅད་པའོ། །རྐུན་མའི་སྐྲའི་སྟེང་ཞེས་པ་ནི་གཡངས་པའི་སྐྲ་ལས་ཆུན་པོ་བྱས་ཏེ། སྔགས་རྗེས་སུ ་དྲང་བར་བྱ་ཞེས་བྱ་བ་ནི་ཆད་ཅུང་ཟད་མྱོས་ནས་འོངས་ཏེ། སྣོད་དུ་བླུགས་ནས་ཆད་དེ་ལ་ཛ(རྒྱུད་འགྲེལ་རྟེན་ངག་ཏུ་བསྟན་ཅེས་པ་ནི། ཨོཾ་ཏ་དེ་ཤ་ཞེས་བྱ་བའི་གནས་ན་པ་ཏ་ནའི་མཆོད་རྟེན་ཡོད་པ་སྟེ། དེར་དཔའ་བོ་དང་དཔའ་མོའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་དེ་དག་ཉིད་ཀྱི་ཆོ་གས་འཇིག་རྟེན་གསུམ་གྱི་ཆང་འགུགས་པའོ། །དེ་ལྟར་ཡང ་རྡོ་རྗེ་ཕག་མོའི་ཁྱིམ་དེ་ཉིད་ནས་ཆང་གི་དྲི་ཟད་པ་མེད་པ་ཡོད་དོ། །དལ་གྱིས་དམིགས་ནས་འབད་པར་བྱ་ཞེས་པ་ནི་ཕ་རོལ་གྱི་སྤྱོད་ཡུལ་མ་ཡིན་ཏེ་མི་སྨྲ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། གཟུང ་བ་དང་འཛིན་པའི་དངོས་པོ་མེད་པའི་ཡེ་ཤེས་ནི་ཤེས་རབ་པོ། །དེའི་ཕ་རོལ་ནི་ཆོས་ཐམས་ཅད་བདག་མེད་པའི་གཉིས་སུ་མེད་པར་ཤེས་པའི་མཚན་ཉིད་ཅན་ནོ། །ཕྱིན་པ་ནི་བློ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་རྡོ་རྗེ ་དབྱངས་ཅན་མའི་གཟུགས་སོ། །ཏིང་ངེ་འཛིན་ཅེས་པ་ནི་སྔར་གྱི་བཞིན་ནོ། །གཟུགས་འདིས་ཀྱང་བརྩམས་པ་ལ་ཞུགས་ཏེ་ཞག་སོ་སོར་ཟླ་བར་བྱའོ། །ོཾ་རཱ་ག་ར་ཏི་ཞེས་པ་ནི་སྔགས་ནི་སྔར་གྱི་བསྙེན་པའི་ཡི་གེ་འབུམ་བཟླས་པར་བྱའོ། །རྡོ་རྗེ་དབྱངས ་ཅན་མའི་གཟུགས་ཉིད་ཀྱི་ཐམས་ཅད་ལ་བྱའོ། །ཞེས་པ་ནི་མན་ངག་གོ་།ཆོས་ཀྱི་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ནི་དཀར་པོའི་ཆོས་ནས་བཟུང་སྟེ། དུས་ཀྱི་ནམ་གྱི་ཚེ་ཞེས་ན། གསུངས་པ། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ་གང་ཅུང་ཟད་བརྗོད་པ་ཀུན་དེ ་ཡང་དག་པར་འདུས་བྱས་པ་དེ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱོགས་ལ་ཡང་ཅི་ཉིད་ཞག་དེ་ཉིད་ལ་ཡང་དག་པར་འདུས་པ་དེ་ཉིད་དམ་ཞེ་ན། གསུངས་པ། ཇི་སྲིད་ཟླ་བའི་རྗེས་སུ་འཇུག་པ་ཞེས་པ་སྟེ། གང་གི་ཚེ་ཟླ་བ་ཤར་བ་དང་དེར་མངོན་པར་ཕྱོགས་པའོ། །མི ་ནུས་ན་མདུན་དུ་སྣོད་ཆུས་བཀང་ལ་ཟླ་བའི་གཟུགས་ལ་བལྟ་ཞེས་པ་ནི་མན་ངག་གོ་།མ་ལུས་ལུས་པ་མེད་པ་ནི། ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ཁམས་གསུམ་མ་ལུས་པ་ཞེས་པ་ནི་འཇིག་རྟེན་གསུམ་པོ་ཀུན་ཀྱང་དབང་དུ ་གྱུར་ཅེས་བྱ་བའི་དོན་ཏོ། །ཁུ་བ་འགུགས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་གཽ་རིའི་གཟུགས་ལ་ཞེས་པའི་དོན་ཏོ། །རླུང་དང་དྲིལ་བུ་ལྕགས་ཀྱུ་སྦྱོར་ཞེས་བྱ་བ་ནི། ཨོཾ་ཀ་ཏ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པ་སྟེ། གང་གི་ཚེ་ཛ་ཡིག་གསུམ ་བརྗོད་པར་བྱས་པ་དེའི་ཚེ་ལྕེ་ལ་ཛ་ཡིག་དམར་པོའི་འོད་ཟེར་དང་བཅས་པའི་འབྱུང་བའི་རླུང་ལྕགས་ཀྱུའི་རྣམ་པས་ནང་དུ་སྤུ་གུའི་རྣམ་པས་ཁུ་བ་བཀུག་སྟེ་ཁར་ཞུགས་པར་བལྟ་བར་བྱའོ། །དེའི་ཚེ་གང་ནས་འོངས་ཞེ་ན། སྡང་གྱི་དང་སྦྱར་བར་བྱ ་སྟེ། ཁྭ་གདོང་ཞེས་པ་ནི་བྷ་གའི་ལམ་ནས་སོ། །རྡོ་རྗེ་ལམ་ནས་ཞེས་པ་ནི་ཕོའི་དབང་པོའི་བུ་ག་ནས་སོ། །དོན་ནི་འདི་ཡིན་ཏེ་ལམ་དེ་ནས་རླུང་དང་དྲིལ་བུ་ལྕགས་ཀྱུའི་སྦྱོར་བ་འདི་རབ་ཏུ་ཞུགས་ཏེ་མགོ་བོ་ན་གནས་པའི་ཁུ་བའི་ཚོགས་ཧཾ་ཡིག་ལས་བཀུག ་ཅིང་དྲང་བར་བྱའོ། །བཟླས་དང་བསྒོམ་པ་ཞེས་པ་ནི་སྔགས་བཟླས་པ་དང་ལྷར་བསྒོམ་པའི་སྦྱོར་བ་ལས་སོ། །གཤིན་རྗེ་འཇོམས་པ་ཞེས་བྱ་བ་ནི་ཉོན་མོངས་པ་སྟེ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །དབང་བསྐུར་བའི་མཆོག་ཅེས་པ་ནི་སེམས ་ཅན་རྗེས་སུ་གཟུང་བ་ལ་ཕུལ་དུ་གྱུར་པས་ན་མཆོག་གོ་།དབང་བསྐུར་བ་ནི་དབང་གི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་དམ་ཚིག་སྔགས་ཏེ་དེས་ན་དབང་བསྐུར་བ་མཆོག་གི་དམ་ཚིག་གོ་།དཀྱིལ་འཁོར་དུ་ཞུགས་པའི་དོན་དུ་མེ་ཏོག ་སྦྱིན་པའི་སྔགས་སོ། །དོན་ནི་འདི་ཡིན་ཏེ། སློབ་མ་ལ་མིག་རས་བཀབ་ལ་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་ཡོལ་བ་ཕུབ་སྟེ། ཨུ་དུམ་བ་ར་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཚིག་འདིས་ལག་པར་མེ་ཏོག་སྦྱིན་པར་བྱའོ། །མེ་ཏོག་དོར་བའི ་རྗེས་ལ། ཆུ་དང་དབུ་རྒྱན་གྱི་དབང་སྦྱིན་པ་དང། གང་གི་ཚེ་རྡོ་རྗེ་དབང་བསྐུར་བ་དེའི་ཚེ་ཁམས་གསུམ་ཆེན་པོའི་ལ་སོགས་པའི་སྔགས་འདི་ཡིས་སྦྱིན་པར་བྱའོ། །རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་གསུངས་པ། ཤེས་རབ་ཐབས་ཞེས་བྱ་བ ་ལ་སོགས་པ་སྟེ། རྡོ་རྗེ་ཁྱོད་ཀྱིས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ནི་ཁྱོད་དོ་ཞེས་དབུགས་དབྱུང་དེ་བ་སྦྱིན་པར་བྱའོ། །སློབ་མ་བསྡུ་བ་ཉིད་དུ་གྱིས་ཞེས་བྱ་བ་ནི་རྗེས་སུ་གནང་བའི་སྦྱིན་པའོ། །ཐབས་དང་ཤེས་རབ་ལས་བྱུང་བའི་བྱང་ཆུབ་སེམས་བཟའ་ ་བའི་སྔགས་གསུངས་པ། བཏུང་བ་རིན་པོ་ཆེ་འདིས་ནི། རྡོ་རྗེའི་ལུས་ནི་རབ་གྲུབ་པ་ཞེས་པའོ། །བཏུང་བའི་གནས་སྐབས་ལས་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཆུ་བཏུང་པའི་དོན་དུ་གསུངས་པ། ཐུང་ཞིག་ཅེས་བྱ་བ་ལ་སོགས་པའོ། །དོན་ཆེན ་པོའི་རྒྱུའི་ཕྱིར་དང་མི་གཙང་བ་གསལ་བའི་དོན་དུ་གསུངས། ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཆེ་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོ་ཞེས་པའི་དོན་ཏོ།། །།ལེའུ་བདུན་པའི་བཤད་པ་རྫོགས་སོ།། །། ་སྔོན་དུ་གསུངས་པའི་གསོལ་བ་བཏབ་པའི་རྗེས་ལ། དཀྱིལ་འཁོར་བྲི་བའི་དོན་དུ་ས་གཞི་ཡོངས་སུ་གཟུང་བར་གསུངས་པ། དེ་ནས་རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པ་སྟེ། བགེགས་དང་ལོག་འདྲེན་པ་དང་གདུག་པ་ཅན་དག་ཞེས་ནི་ལུས་དང་ངག་དང ་ཡིད་ཀྱི་དབྱེ་བ་ལས་སོ། །བརླག་པའི་ཕྱིར་ནི་གསལ་བའི་ཕྱིར་རོ། །གསུངས་ཞེས་པ་ནི་སྔགས་ཞེས་ལྷག་མའོ། །རལ་གྲི་འཆང་ཞེས་པ་ནི་ཉེ་བར་མཚོན་ནས་འཁོར་ལོ་དང། རིན་པོ་ཆེ་དང། པདྨ་དང། རྡོ་རྗེ་རྣམས་བྱིན་ལ། ལྔ་ཅང་ལོ་ཡང་སྔགས་འདི་བརྗོད་པར་བྱའོ། །དེ་ལྟར ་རལ་གྲི་ཉེ་བར་མཚོན་ནས་གཅོད་པར་བྱེད་པ་འགེགས་པར་བྱེད་པའོ། །རིགས་གསུམ་ལས་སྐྱེས་པ་ནི། ལུས་དང་ངག་དང་ཡིད་ལས་ཡང་དག་པར་བྱུང་བའོ། །སའི་ལྷ་དགུག་པའི་དོན་དུ་ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཐམས་ཅད་པ་ཞེས་བྱ་བ་ནི ་དྲུག་པའི་དོན་གྱི་གཉིས་པའོ། །དབང་དུ་གྱུར་ཅེས་པ་ལ་དབང་པོ་ནི་ལེགས་པ་མཐོང་བའི་ལམ་དུ་གསུངས་པ། དེ་ལ་དེ་ཡོད་པས་དབང་པོའོ། །དཀྱིལ་འཁོར་དུ་ཞུགས་པའི་དམ་ཚིག་དང་བྱ་བ་གསུངས་པ། དམར་པོའི་གོས་ཀྱིས་ཞེས་བས་ནི་རས་ཀྱིས་སོ། །མདུན་སྒོར་ཞེས ་པ་ཤར་སྒོར་རོ། །དྲི་བ་བརྗོད་ཅེས་བྱ་བ་ནི་སློབ་མ་ལ་ཞེས་པ་ལྷག་མའོ། །བརྗོད་པ་ཡང་སློབ་མ་ཡིས་ཞེས་པ་ལྷག་མའོ། །གསོལ་བ་གདབ་ཅེས་པ་ནི་སློབ་མ་ཡིས་ཏེ། ནས་སམ་དར་དམར་པོས་གདོང་བཀྲིས་ལ་མེ་ཏོག་གཟུང་བའི་རྗེས་ལའོ། །གསུམ་ཞེས་པ་ནི ་ལན་གསུམ་དུའོ། །རྗེས་སུ་བརྗོད་པ་ནི་གསོལ་བ་གདབ་པར་བྱེད་པ་སྟེ། སངས་རྒྱས་ཤེས་པ་ནི་ཆོས་དང་གང་ཟག་ཐམས་ཅད་ལ་བདག་མེད་པར་རྟོགས་པ་ལས་ཆོས་ཀྱི་སྐུའི་རང་བཞིན་རྣམས་ཀྱིས་སོ། །ཆོས་ཆེན་པོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པ ་དང། སྤྲུལ་པའི་སྐུ་ཡིས་ཏེ་དེ་དག་གི་སྒོ་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་བྱང་ཆུབ་པོ། །དེ་ལ་སེམས་དཔའ་ནི་གང་ལ་བསམ་པ་ཡོད་པ་དེ་ལྟ་བུའི་དོན་ནི་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ། །བདག་ཀྱང་བསྒྲུབ་པའི་དོན ་དུ་ཞེས་པ་ནི་བདག་ནི་རང་ཉིད་དོ། །བསྒྲལ་བ་ནི་བསྲུང་བའོ། །མཆོག་ནི་མངོན་པར་འདོད་པའི་དོན་ཏེ་དབང་བསྐུར་བ་ཞེས་པའི་དོན་ཏོ། །བདག་གི་ནི་བདག་ལའོ། །དེའི་རྗེས་ལ་སློབ་མའི་བྱ་བ་གསུངས་པ། གླུ་དང་རོལ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་བསྟོད ་ཅེས་པ་ནི་གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །སྟོང་པ་ཉིད་བསྒོམ་པའི་རྗེས་ལ། བརྗིད་པ་གསུངས་པ། ཨོཾ་ཤཱུ་ནྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་རྣམ་པར་སྤྱད་པས་ཅི་དགོས་ཤེ་ན། ཉེ་བར་བརྗོད་པ་དེ ་ཉིད་འབྲས་བུར་གསུངས་པའོ། །རབ་ཏུ་གནས་པ་དང། སློབ་མའི་བྱ་བ་ལ་སོགས་པའི་དམན་པའི་སྐྱོན་གསལ་བའི་དོན་དུ་སྦྱིན་སྲེགས་གསུངས་པ། དེ་ནས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ། རྒྱས་པའི་སེམས་ཀྱིས་ཞེས་པ་ནི་བུ་རམ་དང་འོ ་མ་ཟོས་པའོ། །འདོད་པ་ནི་ཆགས་པའོ། །ཁྲོ་བ་ནི་ཁྲོ་བ་དང་བཅས་པའོ། །དཀྱིལ་འཁོར་རྣམ་པ་ནི་ཐབ་ཁུང་ཟླུམ་པོའོ། །རྫིང་བུའི་རྣམ་པ་ནི་གྲུ་བཞི་པའོ། །ནམ་མཁའ་ཨི་ཁམས་འདྲ་བ་ནི་གྲུ་གསུམ་མོ། །རྒྱར་བསྟན་པའི་དོན་དུ་གསུངས་པ། ཁྲུ་གང་ཞེས ་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྒྱས་པ་དེ་བཞིན་དབང་ཞེས་པ་འདི་ཡང་ཁྲུ་གཉིས་པ་ཉིད་དོ། །སེར་ཉི་ཤུ་ཞེས་པ་ནི་སོར་ཉི་ཤུའི་ཚད་དོ། །ཐབ་ཁུང་རྣམས་ཀྱི་ཟབས་གསུངས་པ། ཁྲུ་ཕྱེད་ཅེས་བྱ་བ་ལ་སོགས་པ་སྟེ། ལྔ་གཉིས་ཞེས་པ་ནི་སོར ་བཅུའོ། །དབང་ལ་ཇི་ལྟར་དེ་བཞིན་དགུག་པ་ཡང་དབང་གི་ཐབ་ཁུང་དང་མཐུན་པར་རོ། །རེངས་པ་ལ་མ་གསུངས་པ་ལ་ཡང་རྒྱས་པའི་ཐབ་ཁུང་དང་འདྲ་བ་ཡིན་ཏེ་ལྷའི་རྣལ་འབྱོར་དང་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་བསྐྲད་པ་དང་དབྱེ་བ ་དང་གསད་པ་རྣམས་ཀྱང་ཐབ་ཁུང་འདྲ་བར་ཤེས་པར་བྱའོ། །ཉི་མའི་ངེས་པ་བསྟན་པའི་དོན་དུ་གསུངས་པ། ཚེས་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། བཅུ་བཞི་ནི་ནག་པོའི་འོ། །མངོན་སྤྱོད་ནི་དབྱེ་བ་དང་བསྐྲད་པ་དང་གསད་པའོ། ཚེས ་བརྒྱད་ནི་དཀར་པའི་འོ། །འདིར་མན་ངག་ནི་འདི་ཡིན་ཏེ། དྲན་པ་མེད་ཅིང་ནུས་མེད་པས་གང་ཞིག་ཆོ་ག་དམན་གྱུར་ན་འང། །རབ་གནས་ལ་སོགས་རྗེས་ལ་ནི། །སྦྱིན་སྲེག་ཀུན་ནས་དགར་བར་བྱ། །བསྒྲུབ་བྱ་དུ་མའི་དབྱེ་བ་ཡིས། །སྦྱིན ་སྲེགས་དབྱེ་བའང་མང་པོར་འགྱུར། །གཞུང་མང་མདོགས་པའི་འཇིགས་པ་ཡིས། །འདིར་ནི་ཕྱོགས་ཙམ་བརྗོད་པའོ། །སྔགས་དང་ཕྱག་རྒྱ་བཅས་པ་ཡིས། །དང་པོར་ས་ནི་སྤྱང་བ་སྟེ། །ལག་པ་གཡས་པ་གཟུང་བྱ་ཞིང། །དེ་རྗེས་རྡོ་རྗེ་བསྒོམས་ཏེ་བརྡག་།ོཾ? ་ཧ་ན་ཧ་ན་ཀྲོདྷ་ཧཱུཾ་ཕཊ། ཐབ་ཁུང་ཁྲུ་གང་ཚད་དུ་རྐོའོ། །བཀོས་པ་ཁྲུ་ཕྱེད་ཟབས་སུ་གྱུར། །དེ་ལས་བཞི་དང་ཁ་ཁྱེར་ཏེ། །གཞི་ནི་གེ་སར་བཅས་པར་བྱ། །ཁ་ཁྱེར་པདྨ་ཁ་བྱེ་བའོ། །མཆུ་དང་ཞེང་དང་ཀུན་ཏུ་མཉམ། །སོ་སོར་སོར་ནི་བཞི་པའོ། །བརྒྱད་ལ་བཞི་ནི་སོར ་བརྒྱད་དོ། །དེ་དོར་འཕངས་སུ་སོར་བརྒྱད་དེ། །སོར་བརྒྱད་པ་ལ་གྲུ་བཞི་སྟེ། །མུ་ཁྱུད་རྡོ་རྗེ་མཆན་པའོ། །དབང་དང་དགུགས་པ་ལ་ནི་རྒྱས་པ་བཞིན་དུའོ། །ཟླ་བ་ཕྱེད་པའི་རྣམ་པའོ། །དྲག་པོ་ལས་ཀྱི་ཐབ་ཁུང་ལ་ནི། །གཞི་དང་ཁ་ཁྱེར་སྤངས་པའོ། །ཐབས་ཁུང་དེ ་དག་གི་དབུས་སུ་ནི་འཁོར་ལོ་དང་རིན་པོ་ཆེ་དང། པདྨ་དང། རལ་གྲི་དང། རྡོ་རྗེ་སྟེ། དབུས་སུ་སོར་གཅིག་ལ། མཆུར་སོར་བརྒྱད་པ་བྲི་བར་བྱའོ། །ཞི་པའི་རྡུལ་མཚོན་དཀར་པོ་སྟེ། །རྒྱས་པའི་རྡུལ་མཚོན་སེར་པོར་བྱ། །དབང་ལ་དམར་པོ་གཞན་ལ་གནག ་ལས་ཀྱི་རབ་ཏུ་དབྱེ་བས་སོ། །ཕྱོགས་དང་དུས་ཀྱི་དབྱེ་བས་ནི། །བདེན་པའི་དོན་དུ་གསུངས་པའོ། །ཕྱོགས་ལ་ཇི་ལྟར་དེ་བཞིན་དུས། །མཁས་པས་ལས་ནི་དེ་དེར་བྱེད། །སྔགས་པས་ཁ་ནི་ཤར་དུ་ཕྱོགས། །ཞི་བ་ལས་ནི་ཡང་དག་བརྩམ། །རྒྱས་པ་བྱང་དུ་ཞེས་བྱ ་སྟེ། །མངོན་སྤྱོད་ལ་ནི་ལྷོ་རུའོ། །དབང་ལ་ནུབ་དུ་བརྗོད་པ་སྟེ། །གང་ཕྱིར་དགུགས་པ་ལ་ཡང་ངོ། །སྔ་དྲོ་ཞི་བ་བྱ་བ་སྟེ། །དགོངས་མོ་ལ་ཡང་རྒྱས་པའོ། །ཉི་མ་གུང་ལ་དྲག་པོའི་ལས། །ནམ་ཕྱེད་ལ་ནིང་པར་དག་གོ་།སྦྱིན་སྲེག་རྗེས་མཐུན་ཤིང་རྣམས ་ནི། །མ་གས་པ་དང་རྩེ་མོའི་ཆ། །ལོ་མ་གཉིས་ལྡན་དགེ་པའོ། །ལས་ཀྱི་དབྱེ་བས་བསྡུས་པ་ནི། །རྒྱས་པ་སོར་ནི་བཅུ་བཞི་སྟེ། །ཞི་བ་སེར་ནི་བཅུ་གཉིས་པའོ། །དབང་ལ་སོར་ནི་བཅུ་པ་སྟེ། །དབྱེ་དང་བསྐྲད་ལ་སོར་ནི་བརྒྱད། །དེ་བཞིན་ཞི་ལ?་ཤ ་ཀ་ར། །དཀར་པོའི་འབྲས་ནི་མ་གྲུགས་པ། དེ་བཞིན་དབང་དང་དགུག་པ་དག་།མར་དང་སྤྲད་དང་ཀ་རར་བསྲེས། །མེ་ཏོག་དམར་པོ་འམ་ཨུཏཔ་ལ། །དེ་བཞིན་པས་དང་རེངས་བ་དག་།མེ་ཏོག་སེར་པོ་མར་ལ་སྔགས། །དེ་བཞིན་དུ་གསད་པ ་ནི་ཚེར་མ་དང། །དུག་དང། སྐེ་ཚེ་དང། ཚྭ་དང། ཤིང་བསྐམས་འཁྱོགས་པོ་རྣམས་ཆི་བའི་མར་གྱིས་སྤགས་ཏེ་དེ་རྣམས་བསྲེག་པར་བྱེད་དོ། །དེ་བཞིན་དུ་བསྐྲད་པ་ལ་བྱ་རོག་ཆེན་པོའི་སྒྲོ་སྦྱིན་སྲེག་བྱའོ། །ད་ལྟར་གཞན་དང་གཞན་དག་ནི་རྗེས་སུ་འབྲང ་ཏེ་ཤེས་པར་བྱའོ། །འབྲུ་དང་ཤིང་རྣམས་ཉིད་དང་ནི། །མཆོད་ཡོན་སྣོད་ནི་གཡས་སུ་གཞག་།རིམ་པ་ཇི་ལྟར་གཞག་བྱས་ལ། །དེ་ཀུན་མངོན་པར་སྔགས་པར་བྱ། །རྒྱས་པས་ལག་པ་ཐལ་སྦྱར་ནས། །དབུ་མ་གཉིས་པོ་བརྐྱང་བྱས་ལ། །ཐམས ་ཅད་དག་དང་བྱེད་པའི་ཕྱག་རྒྱའོ། །ོཾ་ཤྲཱི་སྭཱཧཱ། མར་དག་པར་བྱེད་པའི་སྔགས་སོ། །ོཾ་སྭཱཧཱ། རྫས་འཁྲུ་བའི་སྔགས་སོ། །ོཾ་ཛྲིཾ་སྭཱཧཱ། འབྲུ་རྣམས་དག་པར་བྱེད་པའི་སྔགས་སོ། །ོཾ་རཀྵ་རཀྵ་སྭཱ་ཧཱ། རྫས་གཞན་རྣམས་སྦྱོད་བར་བྱེད་པའི ་སྔགས་སོ། །ོཾ་ཨ་སྭཱཧཱ། ཡཾ་ཤིང་སྦྱང་བའི་སྔགས་སོ། །ཤིང་ནི་ཐབ་ཁུང་ལས་དམའ་བ། །ཐབ་ཁུང་སྦྱིན་སྲེགས་ཆ་ལས་འབྱུང། །ཀུ་ཤ་ར་མིན་རྩེ་རྡུམ་མིན། །རྩེ་མོ་ཤར་ཕྱོགས་ཁ་བསྟན་པ། །བཀྲམ་ནས་ཡང་ནི་རྩེ་གཅིག་ཏུ། ཁ་ཁྱེར་ལ ་ནི་དགྲམ་པའོ། །ཙན་དན་ཨ་ཀ་རུ་ཤིང་རྣམས། །གཞན་རྣམས་དྲི་དང་ལྡན་པའི་ཤིང། །སྦྱིན་སྲེག་རྣམ་པས་འབར་བ་དང། ཕྱི་ནས་ཡང་ནི་མེ་དགུག་བྱ། །མེ་ཡི་དབུས་སུ་བསམ་བྱ་བ། པདྨ་ཉི་མའི་དཀྱིལ་འཁོར་ལ། །མེ་ཡི་ལྷ་ནི་སྤྱན ་གསུམ་པ། །ཕྱག་བཞི་ཞལ་ནི་བཞི་པའོ། །གཡས་པ་མཆོག་ཤིང་བགྲང་འཕྲེང་དང། གཡོན་པ་དབྱིག་གུ་སྤྱི་བླུགས་སོ། །ཁ་དོག་ལས་ཀྱི་རྗེས་མཐུན་པར། །ས་བོན་རཾ་ལས་བསྒོམ་པར་བྱ། །སྤོས་སྣོད་ལག་ཏུ་བཟུང་བྱས་ལ། །ོཾ་ཚུར ་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག་།སྲེག་བླུགས་ཞལ་ཟས་བ་ཞེས་སླད་དུ། །འདི་ཉིད་དུ་ནི་ཉེ་བར་བཞུགས། །དགུག་པའི་ཚིགས་སུ་བཅད་པའོ། །དེ་ལ་མཆོད་ཡོན་ཞབས་བསིལ་དབུལ། །དེ་ལ་མཆོད་ཡོན་གྱི་སྔགས་ནི། འདི་ཡིན་ཏེ། ་ཨོཾ་ཛ(རྒྱུད་འགྲེལ་དྲི་ཤྱ་ཛ(རྒྱུད་འགྲེལ་སྐུ་གསུངས་བྱིན་གྱིས་བརླབ། །དབུ་ལ་རིན་ཆེན་འབྱུང་ལྡན་ཏེ། །ལྕེ་ལ་རྡོ་རྗེ་རྩེ་གསུམ་མོ། །སྲེག་བླུགས་བཟང་པོ་དབུལ་བར་བྱ། །ོཾ་ཨགན་ཡེ་སྭཱཧཱ། མར་གྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སཏྭ་པཱ་པི་ད་ཧ་ན་སྭཱ་ཧཱ། ཏིལ་ནག་པོའི་འོ། །ོཾ་པུཥྚ་ཡེ་སྭཱཧཱ ་འབྲས་སཱ་ལུ་མ་གྲུགས་པའི་འོ། །ོཾ་སརྦབ་སཾ་བ་དེ་སྭཱ་ཧཱ། འབྲས་ཅན་ཞོ་དང་མཆོག་ཏུ་གྱུར་པའི་ཟན་གྱིས་སོ། །ོཾ་སརྦབ་ཊི་ཛཱ་ཡ་སྭཱ་ཧཱ། འབྲས་ཀྱི་སོ་བ་གྲ་མ་མེད་པའོ། །ོཾ་མཧཱ་བེ་གཱ་ཡ་སྭཱཧཱ། །ནས་ཀྱིའོ། །ོཾ་མཧཱ་བ་ལཱ་ཡ་སྭཱཧཱ། །སྲན་མ ་ཤའི་འོ། །ོཾ་བཛྲ་གྷཏྨ་རི་སྭཱཧཱ། གྲོའི་འོ། ཆོ་ག་འདི་ནི་ལས་ཐམས་ཅད་པའི་སྟེ་མཐུན་པའོ། །ཁྱད་པར་དུ་ནི་ལས་དང་རྗེས་སུ་མཐུན་པར་སྲེག་རྫས་རྣམས་ཁྱད་པར་གྱི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཁ་དོག་དྲི་དང་རྩེ་མེའི་ཁྱིལ། །གཟུགས་སྒྲ ་སོགས་པ་དགེ་བ་སྟེ། ཡོན་ཏན་གྱི་ནི་དགེ་བ་ཡི། །མི་ལ་སྲེགས་རྫས་བསྲེག་པ་ཞེས། །ཞི་བ་ལ་ནི་དཀར་བ་སྟེ། །རྒྱས་པ་ལ་ནི་སེར་པོའི་མདོག་།དབང་ལ་དམར་པོ་མངོན་སྤྱོད་ནི། །ཁ་དོག་ནག་པོ་མཆོག་ཏུ་འགྱུར། དབང་པོའི་གཞུ་དང་འདག ་བ་དང། སྦྱིན་སྲེག་གཡས་སུ་འཁྱིལ་བ་མཆོག་།རྔ་ཡི་སྒྲ་བཞིན་ཟབ་པ་དང། །སྣུམ་ཞིང་རྩེ་མོ་གཅིག་ཏུ་འཁྱིལ། །དུ་བའི་ཚོགས་ན་མང་ཞིང་མེ་སྟག་བཅས། །རིམ་པས་ལངས་ཤིང་དལ་བུ་དལ་བུས་ཏེ། འོད་ཟེར་དུམ་བུར་? ་ཅིང་གཟི་བརྗིད་ལྡན། །སྣུམ་མེད་པར་སྣང་གནག་དང་བཅས། །པ་ལ་ཤའི་མདོག་འདྲ་བ། །རྩེ་མོ་ཉི་མ་དང་ནི་མཉམ་པའི་མདོག་།དེ་བཞི་ནི་བ་ལང་གི་ན་མདོག་དང་མཚུངས། །མི་དགེ་མཚན་མ་ཡང་དག་མཐོང། །དེ་ལྟ་བུ་ལ་སོགས་པ་མཚོན ་པའོ། །སྦྱིན་སྲེག་གི་མཐར་མེ་འབར་བ་ཞི་བ་དང་ཁྱད་པར་གྱུར་པའི་མེ་ཏོག་དང། །སྤོས་ལ་སོགས་པའི་མཆོད་པའི་ཚོགས་དང། ཚིགས་སུ་བཅད་པ་འདིས་གཤེགས་སུ་གསོལ་བར་བྱའོ། །བདག་གི་དོན་དང་གཞན་གྱི་དོན། །བསྒྲུབ་ཏེ ་སྲེག་བླུགས་བཞེས་ནས་ཀྱང། ཇི་ལྟའི་དུས་སུ་ཡང་ནི་གཤེགས། །བདག་ལ་དངོས་གྲུབ་ཐམས་ཅད་མཛོད། །མེ་ནི་བསང་པར་དཀའ་བ་སྟེ། །ཞི་དང་རྒྱས་པའི་སྒྲུབ་པ་ལ། །ཆུ་ནི་དཀར་སེར་དབང་སོགས་ལ། །ཆུ་ནི་དམར་དང་ནག་པོ་ཤིས། ། ་ཨོཾ་གི་ལི་གི་ལ་ཧཱུཾ་ཛ་སྭཱཧཱ། ཞེས་བྱ་བ་འདིས་ཐལ་བ་སྤོས་དང་མ་ཏོག་དང། རྔ་སྒྲ་དང་བཅས་པས་ཆུ་བོ་དག་ཏུ་བསྐུར་བར་བྱའོ། །ལེའུ་བརྒྱད་པའི་བཤད་པ་རྫོགས་སོ།། །།ཆར་དབབ་པའི་ཆོ་ག་གསུངས་པ། རྒྱ་མཚོའི་ས ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་མ་རྙེད་པའི་ཕྱོགས་ལ་ཡང་ཉེ་བར་མཚོན་པ་ལས་ཏེ། ཆུ་བོ་དང། ཆུ་ཀླུང་དང་ལྟེང་ཀ་དང། རྫིང་དང། ལོམ་ཤོད་དང། ཁྲོམ་པ་རྣམས་ཀྱི་ངས་གཉིས་ནས་བླང་བར་བྱའོ། །ཀླུ་གཅིག་ཅེས ་པ་ནི་འཇིམ་པ་ལས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཆུ་བདག་སྤྲུལ་གྱི་གདེངས་ཀ་བདུན་པ། སྐྱེས་བུའི་གདོང་པ་ཅན་ཕྱག་གཉིས་པ། གཡས་རལ་གྲི་འཛིན་ཅིང་གཡོན་པ་ན་ཞགས་པ་བསྣམས་པ་པཾ་ཡིག་ལས་སྐྱེས་པའོ། །ཤར ་ཕྱོགས་ཀྱི་འདབ་མ་ལ་མཛའ་ཡས་ཨུཏཔ་ལ་སྔོན་པོ་ལྟར་སྔོ་བསངས། །ལྷོ་ཕྱོགས་ན་ནོར་རྒྱས་དཀར་པོ། །ནུབ་ཕྱོགས་ན་འཇོག་པོ་དམར་པོ། །བྱང་ཕྱོགས་ན་སྟོབས་རྒྱུ་ནག་པོ། །མེར་པདྨ་དམར་པོ། །བདེན་བྲལ་དུ་པདྨ་ཆེན་པོ་དཀར་པོ། ། ་རླུང་དུ་དུང་སྐྱོང་སེར་པོ། །དབང་ལྡན་དུ་རིགས་ལྡན་སྣ་ཚོགས་སོ། །དེ་རྣམས་ཀྱང་འཛི་བལ་ནི་གྱི་ཡིག་ལན་བདུན་དུ་མངོན་པར་སྔགས་ཏེ། ནཾ་ཡིག་ལས་སྐྱེས་པ། སྙིང་གར་ཐལ་མོ་སྦྱར་བ་བཞག་ལ། སྦྲུལ་གྱི་གདེངས་ཀ་རེ་རེ་དང་ལྡན་པ་ལྟ་བར་བྱའོ། །ོཾ ་ཕུ་སྙིང་གར་དགོད་ཅེས་པ་ནི། ཨོཾ་ཧྲཱི(རྒྱུད་འགྲེལ་ཞེས་བྱ་བ་ནི། སྙིང་གར་བཀོད་པའི་སྔགས་དེ་ཉིད་བཟླས་པར་བྱ་སྟེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་ཞིང་བདག་ཉིད་ཁྲོས་པའི་སེམས་ནི་རྒྱན་ཐམས་ཅད་ཀྱི་སྔོན་པོ། །ཕྱོགས་བརྒྱད་ན་གནས་པའི་ཀླུ་རྣམས་ཀྱི་མཇུག་མ་དག་དབུས་ཀྱི་ཆུ་བདུན་གྱིས ་ཡང་དག་པར་མནན་ཞིང། ཐམས་ཅད་ཀྱི་མགོ་བོ་རྣམས་ཀྱང་གཤིན་རྗེ་གཤེད་ཀྱིས་མནན་ནས་གནས་བར་བལྟ་ཞིང། ཀླུ་ཐམས་ཅད་ཀྱི་གནས་རྣམས་སུ་འབར་བའི་གཟུགས་སུ་ཡང་ནས་ཡང་དུ་བལྟ་བར་བྱའོ། །གཤིན་རྗེ་གཤེད་ཀྱི་ཚོགས་སུ་གསལ ་བ་ཡི། །ཕྱག་མཚན་སྣ་ཚོགས་པས་གཟིར་བ་དང་ལྡན་པ་ཉིད་ཀྱང་སྟོང་ཕྲག་བཅུར་བཟླས་པ་བྱས་པས་གདོན་མི་ཟ་བར་ཆར་འབབ་བར་འགྱུར་རོ། །གཞན་དག་ཏུ་མཐོང་བ་ཡང་བླངས་ནས་འདི་ལྟ་བུ་ཡང་བྱ་སྟེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བཞེང ་སུ་གསོལ་བར་བྱས་ལ། དེ་ནས་རླུང་གི་ཕྱོགས་སུ་རྫིང་བུ་ཅུང་དུ་བྱའོ། །དེའི་དབུས་སུ་ཀླུ་རྣམས་ཁམ་ཕོར་ཁ་སྦྱར་དུ་གཞུགས་པར་བྱའོ། །གླང་པོ་ཆེ་མྱོས་པ་ནི་མགོ་བྱུག་།ཀླུ་གདུལ་བར་བྱེད་པས་ནི་ཀླུ་རྣམས་ལ་བྱུག་པར་བྱ། བ་ནག་མོའི་འོ་མས་ནི ་ཁམ་པོར་དགང་བར་བྱ། ཁམ་ཕོར་ཁ་སྦྱར་གྱི་སྐུད་པ་ནག་པོས་བཅིངས་བར་བྱའོ། །མཆོད་པ་དང་གཏོར་མ་ལ་སོགས་པ་དང། དམ་ཚིག་ཀྱང་བཟའ་ཞིང་དྲག་པོའི་ལས་ཀྱི་ཆ་བསྙན་པ་དང་ལྡན་པར་བྱའོ། །རྒྱ་མཚོའི་བརླབས་རེངས་པའི ་དོན་དུ་གསུངས་པ། སྤྲུལ་ནག་པོའི་ཞེས་བྱ་བ་ལ་སོགས་པ་སྟེ། སྦྲུལ་ནག་པོའི་ནི་ཨ་ལ་གར་ཏའི་ཤ་སྟེ་ནིམ་པའི་ལོ་མ་དང་ཆ་མཉམ་ཞེས་པ་ལྷག་མའོ། །རིལ་བུས་ཞེས་པ་ནི་སྲན་ཙ་ན་གའི་ཚད་ཙམ་མོ། །བཟླས་པ་ཁྲི་བྱས་ཞེས་པ་ནི་རེངས་པའི་ཆོ་ག་ཡིས ་སྟོང་ཕྲག་བཅུ་བཟླས་པར་བྱའོ། །རླབས་རེངས་བྱེད་པ་ནི། གང་གི་ཚེ་རླབས་བྱུང་བར་གྱུར་བ་དེའི་ཚེ་རི་ལུ་གཅིག་སྐྱུར་བར་བྱའོ། །ཙན་དན་གྱི་འབྲས་བུ་བརྒྱ་ཞེས་པ་ནི། ད་དུ་རའི་འབྲས་བུ་ནང་ན་གནས་པའི་ས་བོན་རྣམས་ནི་ཉི་ཤུ་ལྔ་སྟེ། མ་ཤའི་འབྲས་བུ་རྣམས ་ཀྱང་དེ་ཙམ་མོ། །འབྲས་ཞེས་པ་ནི་མ་གྲུགས་པའི་འབྲས་སཱ་ལུ་ཏེ། དེ་ཡང་དེ་དག་ཙམ་ཉིད་དོ། །དེ་ལྟར་བརྩིས་པས་བརྒྱ་ཕྲག་གསུམ་དུ་གྱུར་པའོ། །འབུམ་ཕྲག་བརྒྱད་ཅེས་པ་ནི་དགུག་པའི་ཆོ་ག་ཡིས་འབུམ་ཕྲག་བརྒྱད་མངོན་པར་བསྔགས་པ་སྟེ། ་བརྒྱ་ཕྲག་གསུམ་ཞེས་པ་ལྷག་མའོ། །སྦྱིན་སྲེག་ལ་ནི་ལྷ་ཞེས་པ་ནི། དགུགས་པའི་རིམ་པ་ཙན་དན་གྱི་ཛ་དང། འབྲས་བུ་སཱ་ལུ་རྣམས་རེ་རེ་བླངས་པ་ལས་བསྡོམས་པས་ས་བོན་རྣམ་པ་གསུམ་མོ། །སྦྱིན་སྲེག་ནི་སྲེག་རྫས་ཀུན་ནས་བསྲེགས་པའོ། །ལྷ ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་ཉིད་དེ། ངེས་ཉེ་བར་མཚོན་ནས་གང་ཡང་རུང་བའི་མིང་གིས་སྦྱིན་སྲེག་བྱས་པ་དེ་ཉིད་མཐོང་བར་འགྱུར་རོ། །མཐོང་བ་ཉིད་ནི་མངོན་པར་འདོད་པའི་དངོས་གྲུབ་པོ། །ཡོག་པའི་ཤིང་ཞེས་པ་ནི། ་ཤི་བའི་རོ་ལ་སྲེགས་པའི་ཕྱེད་ཙམ་ཚིག་པ་དབྲུགས?་པའི་ཤིང་བུའི་སོལ་བའོ། །སྨོན་པའི་ཁུ་བ་དང་བཏགས་ཞེས་བྱ་བར་འབྲེལ་ཏོ། །གྲི་ཞེས་པ་ནི་དབང་དུ་བྱ་བའི་ཆོ་ག་ཡིས། །སྟོང་ཕྲག་བཅུ་བཟླ་བར་བྱའོ། །དེ་ལྟར་ལྷན་ཅིག་ཏུ་བསྒྲུབས ་ནས་གང་གི་ཚེ་དགོས་པ་དེའི་ཚེ་གང་ལ་ལྟས་པ་དེ་དབང་དུ་བྱེད་པར་འགྱུར་རོ། །ཙ་འབུམ་ཕྲག་བཞི་བཟླས་ཞེས་པ་ནི་གཏི་མུག་གཤིན་རྗེ་གཤེད་ཀྱིས་ཏེ་ཞི་བའི་ཆོ་ག་ལ་ཞེས་པའོ། །མིང་སྦྱིན་པ་སྔར་མ་མཐོང་ན་ནི་མཐོང་བ་ཞེས་ཏེ་བཟླས་པར་བྱ་བའོ། །དེ་ལྟར ་བྱས་ན་གང་ཡང་རུང་བ་ལ་སྦྲུལ་གྱིས་ཟིན་པ་དེ་ལ་ལན་བདུན་མངོན་པར་སྔགས་པའི་ཡུངས་ཀར་མངོན་པར་བརྡེག་པར་བྱའོ། །རི་གཤོང་ས་ནི་བླངས་ལ་ཞེས་པ་ནི་གང་ཡང་རུང་བའི་རི་གཤོང་ནས་སའི་ཆ་དཀར་བོའི་དུམ་བུ་ལ་རང་གི་ལག་པས་མནན་ཏེ། ས་འོག ་བཞིན་དུ་ཀུམ་ལ་མཐོང་བར་གྱུར་པའི་བར་དུ་སྟེ། ཞི་བའི་ཚོགས་མགོ་ནད་ཅེས་སྤེལ་བའི་སྔགས་ཀྱི་མངོན་པར་བསྔགས་པར་བྱའོ། །མ་འོངས་པའི་དུས་སུ་ཡང་ཇི་སྲིད་ནམ་མཁའ་ཨི་མཛའ་གཏུགས་ཀྱི་བར་དུ་བློ་བརྟན་པས་བྱིན་གྱིས་བརླབས་པ་བྱས་འཇིམ་པ་དེ་ཡིས་དེ་ནས ་མགོ་ནང་ཅན་གང་ཡང་རུང་བའི་མགོལ་བྱུག་བར་བྱའོ། །དེས་ནད་མགོ་ཉམས་པར་བྱད་དོ། །ལན་བདུན་མངོན་པར་སྔགས་ཞེས་པ་ནི། ཞི་པའི་ཆོ་ག་ཡིས་སོ། །ལག་པ་ཞེས་བྱ་བ་ལག་པར་ཟླ་བའི་དཀྱིལ་འཁོར་བསྒོམས་པ་ལས་བ་མོ་ལྟ་བུའི་ཆར་བའི་རྒྱུན་གྱིས་སོ།། ་འབྱུང་མི་འགྱུར་ཞེས་པ་ནི་མ་འོངས་པའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ། །ཉམས་པར་བྱེད་ཅེས་པ་ནི་སྐྱེས་ཟིན་པ་ཡང་ཞི་བར་བྱེད་པའོ། །ཚར་བཅད་པ་བསྟན་པའི་དོན་གསུངས་པ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་བ་ཞེས་བྱ་བ་ཡིས་ནི ་སོག?་བ་ཡིས་སོ། །དུར་ཁྲོད་ས་ཞེས་བྱ་ནི་འཇིམ་པ་དག་གིས་སོ། །གཟུགས་བརྙན་ནི་ཇི་ལྟར་འདོད་པའི་ཚད་ཅེས་ལྷག་མའོ། །རྡོ་རྗེ་ཆེན་པོ་ནི་རྩེ་མོ་ལྔ་བའི་རྡོ་རྗེའོ། ། བ་སྱ་བྱ་ནི་གཡོན་པའོ། །ཎརི?་མགོ་ནི་མིའམ་གོ་བོའོ། །ཆེར་འཇིགས་པ་ནི་འཇིགས ་པར་བྱེད་པ་ཅན་དེ། ཞལ་རྣམ་པར་འགྱུར་བ་ལ་སོགས་པ་རྣམས་ཀྱིས་སོ། །བདུད་རྩི་དང། ཤ་ལྔ་ཡིས་ཞེས་བྱ་བ་ནི། ཤ་ལྔ་པོ་དང་བདུད་རྩི་ལྔ་པོ་དག་གོ་།རྟག་གསོལ་གདབ་ཅེས་བྱ་ནི་དེའི་རྣལ་འབྱོར་དུ་དམིགས་ལ། ཨོཾ་ཧྲཱི(རྒྱུད་འགྲེལ་སོགས་པའི་སྔགས་དང། དགྲ་བོའི་མིང་དུ་སྤེལ་ལ་གསང་བའི་ཆོ་གས་བཟླ་བར་བྱའོ། །འདི་སྐད་བརྗོད་ཅེས་བྱ་བ་ནི་དུས་མྱུར་བ་ཞེས་པའི་དོན་ཏོ། །གང་ཡང་རུང་བའི་ཉིན་ཞག་ལ་ཞེས་པའི་དོན་ཏོ། །ཚར་བཅད་གཞན་དག ་བསྟན་པའི་དོན་དུ་གསུངས་པ། འདྲའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ནི་བཤད་པའོ། །མིའི་རྐང་སྡུབས་ཞེས་བྱ་བ་ནི་བཅངས་པའི་རྗེས་རང་གི་ཐུག་མའི་སྤུ་གུའོ། །འབུམ་བསྔས་པ་ནི་དགྲའི་མིང་དང་སྤེལ་བ་སྔར་གྱིས་སོ། ། ་བསྐྲད་པ་ལ་ནི་བསྒོམ་པ་སྟེ། འཁྲུལ་འཁོར་དང་བྲལ་བ་ཉིད་ཀྱིས་བཟླས་པར་བྱས་ནས་སོ། །ཤིང་གི་རྩེར་ཞེས་བ་ནི་ས་ཀོ་ཏའི་ཤིང་དམ་བ་རུ་རའི་ཤིང་གི་རྩེ་མོ་ལའོ། །མཉེས་ཤེས་པ་ནི་གང་དེ་ཤིང་ལས་ཐབ་ལ་རྣམ་པར་སྣང་མཛད་གསལ ་ཏེ། རྐང་སྦུབས་མར་འབའ་ཞིག་གིས་བཀང་ནས་དགྲ་ལ་ཞི་བའི་ཆོ་ག་བ་སྟེ། སྟོང་ཕྲག་བརྒྱད་ཅུ་བཟླས་པ་བྱས་ན། དེའི་ཚེ་དེ་བདེ་བར་འགྱུར་རོ། །གཤིན་རྗེ་འཇིགས་པ་ཞེས་བྱ་བ་ནི་གཤིན་རྗེ་འཇིགས་པ་གང་དུ་སྟོན་པ་དེ་ཡང་དེ་བཞིན་ནོ། །ལེའུ ་དགུ་པའི་བཤད་པ་རྫོགས་སོ།། །།སྔར་གྱི་ལེའུ་རོ་ལངས་བསྒྲུབ་པའི་ཆོ་ག་མདོར་བསྟན་པའི་ཆོ་ག་བཤད་པའི་དོན་དུ་གསུངས་པ། ཤིང་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཤིང་ལ་སྦྱངས་པ་ཞེས་བྱ་བ་ནི་བསྒེགས་པའོ།། ་མ་ཀོད་ཅེས་བྱ་བ་ནི་དམན་བ་མ་ཡིན་པའི་ལུས་སོ། །ཡན་ལག་གོ་།རྨ་མད་ནི་མཚོན་གྱིས་མ་རྒྱབ་པའོ། །ལེགས་པ་ཞེས་པ་ནི་མ་རུལ་པའོ། །ཁྲུས་ཤེས་པ་ནི་དྲི་བཟང་བོས་ཤེས་ལྷག་མའོ། །གཞན་ཡང་རོའི་སྙིང་གར་རང ་གི་སྙིང་ཀའི་ས་བོན་ལས་འཇིགས་པའི་ཡི་དགས་བཀུག་པ་སྟེ། ལག་པ་ནི་གྲི་གུག་དང་ཐོད་པ་ཅན་རབ་ཏུ་བཅུག་སྟེ། མེ་ཏོག་དང་སྤོས་དང་བྱུག་པ་ལ་སོགས་པས་ཀྱང་མཆོད་པ་བྱས་ལ་དེ་གན་རྐྱལ་དུ་བྱས་པ་དེའི་སྟེང་དུ་སྔགས་ཏེ་དེ ་རུ་བཟླས་པ་ཞེས་པའོ། །ོཾ་ཧྲཱི(རྒྱུད་འགྲེལ་པའི་དོན་གསུངས་པ། ཨེ་མའོ། ཞེས་བྱ་བ་ལ་སོགས་ཏེ། འོ་དོད་འབོད་པ་ནི་རྣམ་པར་འགྱུར་བའི་སྒྲའོ། །འཇིགས་མེད་པ་ལས་ཅིར་འགྱུར་བ་གསུངས་པ། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་བསླངས་པ་ཞེས་བྱ་བ་དེ་ནི་སེམས་ཀྱིས ་བྱེད་པ་སྟེ་རལ་གྲི་དང་མིག་དམན་དང་རྐང་མགྱོགས་ལ་སོགས་པའོ། །བཅོམ་ལྡན་འདས་མགོན་པོ་དཔལ་གཤིན་རྗེ་གཤེད་ནག་བོའི་གཟུགས་ཀྱི་དོན་དང་འཇིམ་པ་ལས་འདུས་བྱ་བར་བསྟན་བ་གསུངས་པ། མ་ཧ་ཤའི་ཞེས་བྱ་བ་ལ་སོགས་པ་སྟེ། ་གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་དོན་དུ་འཇིམ་བ་བྱ་བའོ། །ཆེ་གེ་མོ་དེ་བདག་ལ་སྩོལ་ཅེས་བྱ་བ་ནི་དེའི་ཕ་དང་དའི་མིང་དག་རབ་ཏུ་སྦེལ་ཏེ། དེ་ནས་ཨོཾ་ཧྲཱི(རྒྱུད་འགྲེལ་བཅུ་བཟླས་བ་བྱ་སྟེ། དེ་བསླངས་པས་དེ་སྟེར་རོ། །མི་སྟེར་བར་གྱུར་ན་དེ་སྡུག་བསྔལ་བར་གསུངས་པ། གཤིན་རྗེ་གཤེད་པོ་ཞེས་བྱ་བ་ལ་སོགས་པའོ། །སྔར་མ་གསུངས་པའི་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་སྒོ་སྐྱོང་བཞིའི་ཞལ ་ལ་སོགས་པ་གསུངས་ཏེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་ལ། ཁྱད་བར་ནི་རྡོ་རྗེའི་གནས་སུ་ཐོ་བའོ། །དེ་ལྟར་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་ནི་དབྱིག་པ་ ་གཤིན་རྗེ་གཤེད་དེ་ཁྱད་པར་ནི་འཁོར་ལོའི་གནས་སུ་རྡོ་རྗེ་དབྱུག་པའོ། །དེ་ལྟར་པདྨ་དང་རལ་གྲི་གཤིན་རྗེ་གཤེད་ཀྱང་འདོད་ཆགས་དང། ཕྲག་དོག་གཤིན་རྗེ་གཤེད་དང་ཐམས་ཅད་ཀྱི་བདག་ཉིད་དང་འདྲ་བའོ། །ཇི་ལྟར་སྔར་གྱིས་རིམ་པས ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྗེས་ལ། ལྷ་བསྒོམ་པ་གསུངས་པ། བྷ་གར་ལིང་ག་རྣམ་པར་བསྒོམས་པ་ལ། བྷ་གར་ལིང་ག་ནི་ཕུལ་དུ་གྱུར་པའི་རྣལ་འབྱོར་ལས། ས་བོན་གྱི་ཡི་གེ་རྣམ་པར་བསྒོམ་པས་སྐྱེས ་པའོ། །དོན་ནི་འདི་ཡིན་ཏེ། རང་དང་འདྲ་བ་ལ་སྙོམས་པར་འཇུག་པ་རྡོ་རྗེ་སེམས་དཔའ་གཤིན་རྗེ་གཤེད་ཀྱི་ཁ་རུ་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བཀུག་སྟེ་བཅུག་པས་ཞུ་བར་བྱ་སྟེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་ནང་དུ ་ལྟུང་བའི་ཡ་ཡིག་བོར་བ་ཀྵེ་མ་མེད་པ་ལ་སོགས་པ་ས་བོན་བཅུ་དྲུག་པོ་རྣམས་ཡང་དག་པར་སྤྲོས་ཏེ་གནས་ཇི་ལྟར་བཀོད་པ་ལས་དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ་ཞེས་པའོ། །ཆགས་པ་དང་རྗེས་སུ་ཆགས་པ་ཤེས་རབ་དང་བཅས ་པ་ཞུ་བར་བྱ་སྟེ། །ཡཾ་གི་ཡི་གེ་ཡོངས་སུ་རྫོགས་པའོ། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང། དཀྱིལ་འཁོར་གྱི་བདག་པོ་ཞེ་སྡང་ཆེན་པོ་གཤིན་རྗེ་གཤེད་རྫོགས་པར་འགྱུར་རོ། །ཞེ་སྡང་རྗེས ་དྲན། ཞེས་བྱ་བ་ནི་ཞེ་སྡང་གཤིན་རྗེ་གཤེད་རྫོགས་པར་གྱུར་ནས་སོ། །གཏི་མུག་རྗེས་དྲན་བསྒོམ་པར་བྱ་ཞེས་པ་ནི་ས་བོན་ཀྵེ་ཡིག་ལས་སྐྱེས་པའི་གཏི་མུག་གཤིན་རྗེ་གཤེད་བསྒོམ་པར་བྱའོ།། །།དེ་ལྟར་གོང་ནས་ ་གོང་ཉིད་དུ་རྟོགས་པར་བྱའོ། །ལྷའི་འཁོར་ལོ་རྫོགས་ནས་སྤྲོ་བར་བསྟན་པའི་དོན་དུ་སྤྲོ་བར་བྱ་ཞེས་པ་ལ་སོགས་པ་སྟེ། རིགས་ཀྱི་སྤྲིན་ཞེས་པ་ནི་རང་དང་འདྲ་བའི་ལྷའི་ཚོགས་རྣམས་སོ། །སོ་སོ་ཞེས་པ་ནི་སོ་སོ་དང་ལྡན་པའོ། །ཁྲོ་བོ་བཞི ་ཞེས་པ་ནི་ཐོ་བ་ལ་སོགས་པ་བཞི་པོ་རྣམས་སོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །ལེའུ་བཅུ་པའི་བཤད་པ་རྫོགས་སོ།། །།ཞེ་སྡང་ལ་སོགས་པའི་དབྱེ་བའི་དགོས་པ་བསྟན་པའི་དོན་དུ་གསུངས ་པ། ཞེ་སྡང་གི་མནན་ཞེས་བྱ་བ་ལ་སོགས་པ་སྟེ་གཤིན་རྗེ་གཤེད་པོ་ནི་ཞེ་སྡང་གཤིན་རྗེ་གཤེད་དོ། །དམ་པའི་གཟུགས་ནི་གྲིབ་མ་དང་སྒྱུ་མ་ལྟ་བུའོ། །དེ་བཞིན་གཏི་མུག་གིས་མནན་ཞེས་བྱ་བ་ལ་སོགས་པ་ཡང་འདིས་སོགས་པར་བྱའོ། །སྣ་ཚོགས ་པའི་གཟུགས་ཀྱང་བློས་དབྱེར་མི་ཕྱེད་པར་བྱ་བའི་ཕྱིར་གསུངས་པ། བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ལ་སོགས་པ་ཐམས་ཅད་དུ་ལྷག་པར་མོས་པར་བྱའོ། །ཐམས་ཅད་ཀྱང་བདག་ཉིད་ལས་དབྱེར་མི་ཕྱེད་དོ།། ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་སྙིང་གའི་ས་བོན་སྤྲོ་ཞེས་པ་ནི་བ་སྤུའི་ཁུང་བུའི་རྩེ་ནས་སྤྲོ་ཞེས་པ་ལ་སོགས་པ་སྔར་ཇི་ལྟར་གསུངས་པ་དེའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཅེས་པ་སྟེ་གྲུབ་པའི་མཚན་མ་མཐོང་བའོ། །དེ ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་དགུ་པ་སྟེ་བྱ་བའི་ཁྱད་པར་ཏེ་དེའི་མཚན་ཉིད་དོ། །ཅིའི་དོན་དུ་ཞེ་ན། གསུངས་པ། །གཤིན་རྗེ་གཤེད་པོ་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་གསུང་ཐུགས་སུ་གྲུབ་ཅེས་པ་ནི་གཤིན་རྗེ་གཤེད་པོར ་གྱུར་ཅེས་བྱ་བའི་དོན་ཏོ། །སྤྱོད་པ་དེ་ཉིད་གསུངས་པ། མགོན་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་འདིས་ཆོ་ག་དེ་ལྟ་བུས་ནུས་པ་དང་ལྡན་པར་བྱས་པ་དེའི་ཚེ་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་ཐོབ་པའོ། །དེ་ཡང་གང་གིས་དུས ་སུ་བྱ་བར་ནུས་ཤེ་ན་གསུངས་པ། ནུས་པ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། སྐྱེས་པ་ནི་མངོན་དུ་བྱས་པའོ། །བརྒྱ་ལམ་ན་བསྒོམ་པ་ཙམ་གྱིས་ཇི་ལྟ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དྲུག་ལས་སྐྱེས་ཞེས་པ་ནི་དུག་ལས་སྐྱེས་པ་དང ་འདྲ་བས་ན་དྲུག་ལ་སྐྱེས་ཏེ་རོ་དུ་མ་དང་ལྡན་པ་སྣ་ཚོགས་ཀྱིས་ཆགས་པ་དང་རྗེས་སུ་ཆགས་པར་གྱུར་པ་ཞེས་པའི་དོན་ཏོ། །ནུས་པ་གཞན་དག་ཀྱང་བསྟན་པའི་དོན་དུ་རྒྱལ་མཚན་ཞེས་པ་ལ་སོགས་པ་སྟེ་རྒྱལ་མཚན་ཁྱམས་ནི་དབྱངས་པའི་མིའོ།། ་འོ་མ་ཞེས་པ་ནིའི་ཤ་སྟེ་སྣོད་ལ་གནས་པའོ། །བདུད་རྩི་མྱང་བ་ལ་བསྒོམ་པའི་རིམ་པས་མངོན་དུ་ཞུ་བར་བསྒྲུབ་པར་བྱས་པའོ། །གོ་མ་གོམས་པར་ཞེས་པ་ནི་བདུད་རྩིའི་ཆོ་ག་དེ་བཞིན་དུ་གོམས་པར་བྱས་པས་སོ། །ཕག ་མོའི་གཟུགས་སུ་བྱ་ཞེས་པས་ནི། ཇི་སྐད་གསུངས་པའི་ཕག་མོའི་གཟུགས་སུ་ལྷག་པར་མོས་ཏེ་རང་ཉིད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེའི་རྗེས་ལ་མདོར་བསྡུས་པའི་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་འབྲས ་བུ་དང་བཅས་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་མཆོད་པ་ལ་སོགས་པ་དང། རྡོ་རྗེ་གུར་གྱི་ནང་དུ་སོན་པའི་ནམ་མཁའ་གནས་པའི་སྣ་ཚོགས་རྡོ་རྗེའི་བར་དུ་ཐམས་ཅད་མཐུན་པའོ། །ས་བོན་ཅི་ལ་འབྱུང་བར ་བསྒོམ་ཞེ་ན། །གསུངས་པ། ཡི་གེ་སྟི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དོན་ནི་འདི་ཡིན་ཏེ། སྣ་ཚོགས་རྡོ་རྗེའི་ནང་དུ་རེ་ཕ་ལས་ཉི་མ་དང། དེའི་སྟེང་དུ་སྟི་ཡིག་ལས་སྐྱེས་པའོ། །ཇི་ལྟར་འབྱུང་ཞེ་ན་གསུངས་པ། རྡོ་རྗེའི་དཀྱིལ་འཁོར་ལ་གནས་པ ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ། མ་ཧེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའོ། །མཚོན་ཆ་བསྟེན་པའི་དོན་དུ་གསུངས་པ། གང་ཡང་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྣམས་ཀྱིས་ཞེས་པ་ནི་ཕྲག་རྣམས་ཀྱིའོ། ། ་དབྱིག་པ་གཤིན་རྗེ་གཤེད་ཀྱི་ཡང་ཕལ་ཆེར་ནི་ཕྱག་བརྒྱད་པའི་སྒྲུབ་པའི་ཐབས་ཉིད་བཞིན་ནོ། །ཁྱད་པར་ནི་འདི་ཉིད་ཀྱིས་ས་བོན་ཡི་གེ་ཧྲི་སྟེ། གདོང་པ་ཡང་མིའི་འོ། །རི་རབ་ཇི་ལྟར་མཐོ་ཞེས་པ་ནི་དེ་དང་འདྲ་བ་སྟེ། རི་རབ་མཉམ་པའོ། ། ་ཞལ་རྣམ་པར་འགྱུར་བ་ལ་ཡང་དབྱིག་པ་གཤིན་རྗེ་གཤེད་བཞིན་ཏེ། ཡང་དེའི་ས་བོན་ནི་ཧཱུཾ་ཡིག་སྟེ། དེ་ཡིས་ཐམས་ཅད་རྫོགས་པའོ། །སྔགས་ཀྱི་དུབ་པ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །རྙེད་སྨ་ཞེས་པ་ནི་ཀུན་གྱིས་སྨད་པས་ན་བླངས་པ ་དམན་པ་ལ་སོགས་པ་ལས་སོ། །ག་རོ་ནི་བོང་བུའོ། །ཀྲི་སྟུ་ནི་ཅེ་སྦྱང་ངོ། །སྣུམ་ཆེན་ནི་མིའི་མར་ཁུའོ། །སྔོན་པོ་ནི་རམས་སོ། །བསྲེས་ཞེས་པ་ནི་རམས་ཀྱི་ལོ་མའི་ཁུ་བ་དང་ཆ་མཉམ་པའོ། །བྲིལ་ཕྱིས་བསྟན་པའི་དོན་དུ་གསུངས་པ། རོ་ཙ་ན་ཞེས་པ ་ལ་སོགས་པ་སྟེ། རོ་ཙ་ན་ནི་རྣམ་པར་སྣང་མཛད་དོ། །དེའི་ཐོག་མ་དང་ཐ་མའི་ཆ་སྤངས་ཏེ་བར་པ་བླང་བར་བྱ་པའོ། །སོ་ཕག་ཕྱེ་མ་ཞེས་བྱ་བ་ནི་ཆུའི་ནང་དུ་དུས་རིང་པོར་གནས་པའི་སོ་ཕག་གོ་།ཕྱེད་མཉམ་ཞེས་པ་ནི་རོ་ཙ་ན་ལ་སོགས་པ་ཆ་མཉམ ་པ་ཇི་ཙམ་གྱི་ཚད་ཙམ་དུ་སོ་ཕག་གི་ཕྱེད་མའི་ཚད་ནི་དེ་ཙམ་མོ། །གསེར་ཤིང་ནི་ད་དུ་རེ་ཏེ། ཐམས་ཅད་གཅིག་དུ་བྱས་ནས་འདིས་མཉེས་ཤིང་དྲིལ་བར་བྱའོ། །གཅིག་པ་ཆེན་པོ་ནི་མིའི་དྲི་ཆུའོ། །བཏུང་བར་བྱ་བ་ནི་སྣ་ནས་སོ། །ཞེས་པ་ལྷག ་མའོ། །རྡོ་རྗེ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་དག་རེ་རེ་ཞིག་ནས་བཏུང་བར་བྱ། འམ་ཞེས་གསུངས་པ། རང་བྱུང་མེ་ཏོག་བཏུང་དེ་བཞིན་ཞེས་པ་ནི་བུད་མེད་ཀྱི་ཁྲག་གིས་ལྷན་ཅིག་སྲེ་བའོ། །འདི་ཉེ་བར་མཚོན་པ་ལས་དེ་བཞིན་གཤེགས ་པ་གཞན་དག་ཀྱང་རྟོགས་པར་བྱའོ། །འདིའི་སེམས་ནི་དོན་གསལ་བར་བྱེད་པ་ནི། ལེའུ་ཕྱི་མར་གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན་པ་དབྱིག་གུ་དྲུག་ཅུ་རྩ་བཞི་ལ་ཞེས་པ་ཏེ་མཁས་པས་འདིར་རྟོགས་པར་བྱའོ། །ལེའུ་བཅུ་གཅིག་པའི་བཤད་པ ་རྫོགས་སོ།། །།དཀྱིལ་འཁོར་གྱི་འཁོར་ལོའི་གླུའི་མཆོད་པ་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་གཉུག་མའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་པས་ན་ཆེན ་པོ་ཡིན་ལ། གང་གི་ཕྱིར་ཀུན་འགེངས་པར་བྱེད་པ་དེ་ཉིད་ལ་སྐྱེས་བུ་ཞེས་མངོན་པར་བརྗོད་པས་ན་སྐྱེས་བུ་སྟེ། དེ་ཡང་འགེངས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེའི་དམ་ཚིག་ནི་གང་ལ་ཉེ་བར་སྤྲོས་ཏེ། དེ་ཉིད་སྐྱེས་བུ་ཆེན་པོའི་དམ་ཚིག་སྟེ ་དཔལ་རྡོ་རྗེ་སེམས་དཔའ་ཨོ། །ཙར་ཏསྩི་ཀའི་རྣམ་པས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི། རྡོ་རྗེ་ཙར་ཏསྩི་ཀའི་གཟུགས་སུ་བྱེད་པ་སྟེ་དེ་བཞིན་དུ་གཞན་དག་ལ་ཡང་ངོ། །འདི་བརྗོད་དོ་ཞེས་པ་ནི་བརྗོད་ཟིན་པའོ། །ོཾ་?བདེ་ཞེས ་པ་ནི་ཨ་རེ་རེའོ། །གཤིན་རྗེ་གཤེད་ནག་ཅེས་བྱ་བ་ནི་གཤིན་རྗེ་གཤེད་ནག་པོའོ། །བདག་ཅེས་པ་ནི་བདག་ཉིད་བྱམས་པའི་རང་བཞིན་གྱི་ཙར་ཏསྩི་ཀའོ། །ཁྱོད་ཅེས་པ་ནི་ཁྱོད་ལའོ། །མཐོང་པ་ནི་མཐོང་ནས་སོ། །འཇིགས་པ་ནི་རབ་ཏུ་འཇིགས་པས། ། ་བླ་ནི་བླ་མའོ། །མཐོང་ཞེས་པ་ནི་ཡོངས་སུ་བཏང་བའོ། །ཁྲོས་པའི་རང་བཞིན་ནི་ཁྲོས་པའི་ངོ་བོའོ། །རྒྱ་མཚོ་ས་སྟེངས་ས་འོག་ནི་རྒྱ་མཚོ་དང། མཐོ་རིས་དང། ས་འོག་དང། ས་སྟེངས་སོ། །མིག་སྨན་ནི་ནག་པོ་བཙག་ཅེས་པ་ནི་མིག་སྨན་བཙག་དང་འདྲ ་བ་ནག་པོའོ། །དེ་དག་ནི་མ་ཕག་མོས་བརྗོད་པའོ། །གནག་ཅིང་ཞེས་པ་ནི་ནག་པོ་ཀྱི་ཞེས་པའོ། །ཐུང་བའི་ཚད་ཅེས་པ་ནི་ཐུང་བ་ལྟ་བུའི་ཚད་དོ། །རྣམ་པ་མང་པོ་ཞེས་པ་ནི་རྣམ་པ་མང་པོར་རོ། སྤྲུལ་ཞེས་པ་ནི་སྤྲུལ་པར་བྱེད་པའོ། །གཟུགས་ཞེས་པ་ནི་གཟུགས ་སུའོ། །རྡོ་རྗེ་དབྱངས་ཅན་ཞེས་པ་ནི་རྡོ་རྗེ་དབྱངས་ཅན་མའོ། །བདུད་ཅེས་པ་ནི་ཞུ་བར་བྱེད་པའོ། །ཁྱོད་ནི་གར་ཞེས་པ་ནི་ཁྱོད་ཀྱི་གར་རོ། །བདེ་ཆེན་རང་བཞིན་ཞེས་པ་ནི་ཀྱེ་བདེ་བ་ཆེན་པོའི་རང་བཞིན་ནོ། །རྡོ་རྗེ་གཽ་རིས་བརྗོད་པ་གསུངས་པ། ཧྲཱི(རྒྱུད་འགྲེལ་པ་ལ་སོགས་པ་སྟེ། སོལ་ཞེས་པ་ནི་སྤྲོ་བར་བྱེད་པའོ། །སྲིད་པ་གསུམ་གྱི་འཁྲུལ་པ་ནི་ཁམས་གསུམ་གྱི་འཁྲུལ་པ་རྣམས་སོ། །སྙིང་རྗེ་ཡིས་ནི་ཁྲོས་པ་ནི་ཀྱིའི་རྡོ་རྗེའི་ཁྲོ་བོ་རྣམས་སོ། །རྗེ་བཙུན་ནི་དང་སྒྲོལ་ལོ། །དེ་མཛད་ནི་དེ་བཞིན་དུ་མཛོད་ཅིག་པའོ།། ་གང་ནི་གང་རྣམས་སོ། །འགྲོ་བ་ནི་འགྲོ་བ་རྣམས་སོ། །བལྟས་ནི་ལྟ་བར་བྱེད་པའོ། །བཟླས་པ་མཚན་ཉིད་ཅེས་པ་ནི་བཟླས་པའི་སྔགས་བརྗོད་པའི་ཚུལ་ལོ། །རིང་པོ་མ་ཡིན་ཞེས་པ་ནི་ཐུང་ངུ་ལ་རིང་པོར་བརྗོད་པའོ། །ཐུང་མིན་ཞེས་པ་ནི་རིང་པོ ་ཐུང་ངུར་བྱེད་པ་སྟེ། །དེ་དག་མ་ཡིན་པའོ། །སྔགས་ནི་ཅུང་ཟད་ཐོས་པར་རོ། །ཞེས་པ་ནི་ཇི་ལྟར་གཞན་གྱིས་མི་ཐོས་པར་ཏེ། །དེ་བཞིན་དུ་བཟླས་ཞེས་པ་ནི་དོན་ཏོ། །གཤིན་རྗེའི་ཞེས་པ་ནི་གཤིན་རྗེའོ། །གཉིས་ཟ་ནི་གླང་པོའོ། །བ་ཇི་ཞེས་པ་ནི་རྟའོ། །གདུང་ཞེས ་པ་ནི་རུས་པའོ། །བཅུ་བཞིའི་ཞེས་པས་ནི་ནག་པོའོ། །ཤ་ལྔ་ཡིས་ཞེས་པ་ནི་གོང་ཀུ་ང་ཧ་ནའི་ཤ་ཡིས་སོ། །བཟླས་ན་ཞེས་པ་ནི་ཕྲེང་བ་ལ་བཟླས་པའོ། །མིའི་མགོ་བོ་ཁྲག་འཛག་ཅེས་པ་ནི་བཅད་མ་ཐག་གི་ཁྲག་འཛག་པའོ། །དེ་ལྟ་བུ་མིན་ན་འགྲོ་བ་ཉིད་དུ ་ལྷག་པར་མོས་པར་བཟླས་པར་བྱའོ། །འབྱུང་པོ་རྣམས་ཞེས་པ་ནི་བརྒྱ་བྱིན་ལ་སོགས་པ་རྣམས་ཏེ་མི་རྣམས་ལ་གནོད་པར་བྱེད་པའོ། །མཁའ་འགྲོ་མ་རྣམས་ཀྱིས་ཞེས་པ་ནི་གཉིས་པའི་དོན་གྱི་དྲུག་པའོ། །སྟོང་ཕྲག་དག་ལ་ཞེས་པ་ནི་སྟོང་ཕྲག་གིས ་སོ། །གསོད་པར་བྱེད་ཅེས་པ་ནི་ཚར་གཅོད་པར་བྱེད་པའོ། །གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ནི་དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་པས་འབྱུང་པོས་གཟུང་བར་ཤེས་པར་བྱས་ལ། དེའི་ཚེ་སྐྱེས་བུ་དེ་ལ་སྙིང་གའི་ས ་བོན་གྱིས་འོད་ཟེར་གྱིས་འབྱུང་པོ་ལ་སོགས་པ་དགུག་པ་དང། གཞུག་པ་དང། བཅིང་བ་ནི། ཛ(རྒྱུད་འགྲེལ་ཡང་ཧཱུཾ་ཡིག་ལས་སྐྱེས་པའི་རྩེ་མོ་ལྔ་པའི་རྡོ་རྗེ་གཉིས་ཀྱིས་ངོས་གཉིས་སུ་བཙིར་བ། ཡང་ཡིག་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང། མེའི་དཀྱིལ་འཁོར་འབར་བ་ཡིས་འོག་ནས་མགྲིན་པའི་བར་དུ་བསྲེགས་པར་བསྒྲུབ་བྱ་བལྟ་བར ་བྱའོ། །ཧཱུཾ་ཡིག་འབར་བ་ལས་སྐྱེས་པ་དང་འདྲ་བའི་ཡུངས་ཀར་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ང་རྒྱལ་གྱིས་སྔགས་བཟླས་ཤིང་བརྒྱ་བ་པས། དེའི་ལུས་ངེས་པར་ཕུག་པ་ཉིད་ད་དུ་བལྟ་བར་བྱས་ནས་ངེས་པ་ཉིད་དུ་གྲོལ་བར་འགྱུར་རོ།། ་ཡང་ན་རང་གི་ལག་པ་གཉིས་པ་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་འབར་བ་ཉིས་བསམ་པར་བྱའོ། །བསྒྲུབ་བྱའི་ལུས་ལས་འབྱུང་པོ་ལ་སོགས་པ་བཀུག་པའོ། །རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པར་བྱ་ཞིང་དེའི་འོད་ཟེར་གྱིས་ཟིན་པའི ་རང་གི་ལག་པ་ཁ་སྦྱར་གྱི་དལ་བུས་མཉེ་ཞིང་བསུ་བར་བྱ་ཞིང་སྔགས་ཀྱང་བཟླས་པར་བྱའོ། །དེ་ལྟ་བུས་སམ། རྐང་པས་ཀྱང་མཉེ་བར་བྱའོ། སྔོན་དུ་བསྙེན་པ་དང་བྲལ་བས་དགོས་པ་མི་གྲུབ་པ་བསྟན་པའི་དོན་གསུངས་པ། འབུམ་བཟླས་ན་ཞེས་བྱ་བ ་ལ་སོགས་པའོ། །རྣལ་འབྱོར་བདག་ཉིད་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། །དངོས་གྲུབ་སྟེ་ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་གཟུགས་ཐོབ་པའོ། །སྨོས་ཅི་དགོས་ཞེས་པ་ནི་འདི་ཡང་མི་རྣམས་ཀྱིས་དག་གི་སྤྱོད་ཡུལ་མ་ཡིན་ཏེ་སངས་རྒྱས་ཀྱི་སྤྱོད ་ཡུལ་དུ་བྱས་པའི་ཕྱིར་རོ། གཅིག་པ་ཆེན་པོ་བཏུང་བར་བྱ་ཞེས་པ་ལ་སོགས་པ་ལ། །དེ་གང་གི་ཚེ་བཏུང་བར་བྱ་ཞེ་ན། རེ་རེ་ལས་ཞེས་པ་ནི་དོན་སོ་སོ་ལའོ། །ཉི་མ་སོ་སོ་ལམ་རྙེད་ན་ཅི་ལྟར་བྱ་ཞེ་ན། ཟླ་བ་རེ་རེ་ལའོ། །ཟླ་བ་རེ་རེ་ལ་ཡང་མ ་རྙེད་ན་གསུངས་པ། ལོ་རེ་རེ?་ལ་སྟེ་གཏོར་མ་སྦྱིན་ཞེས་བྱ་བ་ལ་སོགས་པར་འབྲེལ་ཏོ། །གཏོར་མ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་པའི་རྣམ་པ་སྟེ། ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་ལས་སོ། །གང་ནས་ཤེ་ན་སྣ་ནས ་སོ། །དྲུག་ཅུ་རྩ་བཞི་ཞེས་པ་འདི་ཡང་དབྱིག་གུ་ཞེས་པ་འདིར་འབྲེལ་ཏོ། །དོན་ནི་འདི་ཡིན་ཏེ། བཞིས་ལྷག་པའི་དབྱིག་གུ་དྲུག་ཅུ་ནི་སྡོམས་པ་སྟེ། དབྱིག་གུ་དྲུག་ཅུ་ནི་ཉིན་ཞག་གཅིག་ལའོ། །ཉིན་ཞག་གཅིག་པོ་དེའི་དབྱིག་གུ་ལས་ཅིར་འགྱུར ་ཞེ་ན། དྲུག་ཅུ་རྩ་བཞིར་ཞེས་པ་སྟེ། དྲུག་ཅུ་རྩ་བཞི་ལ་ནི་ཞག་གི་ལྷག་མ་ལ་ཞེས་པའི་དོན་ཏོ། །འདིའི་མན་ངག་ཀྱང་སྣ་ནས་ཏེ། དང་པོར་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། མི་བསྐྱོད ་པ་དང། དོན་ཡོད་གྲུབ་པ་དང། ན་ར་ལ་སོགས་པའི་བདག་ཉིད་རྣམས་ཀྱི་སོ་སོ་ཞིང་ཡང་ར་ཏི་ལྔའི་ཚད། །མི་སྐྱོད་པ་ལྷག་པ་ལ། རྡོ་རྗེ་སེམས་དཔའ་ཨི་ནི་དངུལ་ཆུ་ཞེས་བྱ་བ་སྟེ། ར་ཏི་གཅིག་བཏུལ་ཏེ་དེར་བསྲེ་བར་བྱའོ། །རིན་ཆེན་འབྱུང་ལྡན་བླང་དོན་ནག? ་པོ་དང་སྔོ་བསངས་མ་ལ་ནི་ནག་པོའི་ཕྱོགས་ལ་བླང་བར་བྱའོ། །དཀར་པོ་དང་དཀར་ཤམ་ལ་ནི་དཀར་བའི་ཕྱོགས་ལའོ། །གཞན་ཡང་གལ་ཏེ་ནག་པོ་དང། དཀར་པོའི་ཕྱོགས་ཞེས་བྱ་བ་གང་གིས་ཀྱང་མཐུན་པར་གྲུབ་པ་དེ་བཞིན་དུ་?་ནང་བསྲེས་ཀྱི་དབྱེ ་བ་ནི། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་བཅུ་གཉིས་དང་གསུམ་ལ་ནི་དཀར་པོའི་ཕྱོགས་ཀྱི་དགོས་པ་བསྒྲུབ་པར་བྱའོ། །བཞི་པ་དང། ལྔ་པ་དང། དྲུག་པ་ལ་ནི་ནག་པོའི་ཕྱོགས་ཀྱི་དགོས་པ་བྱའོ། །དེ་བཞིན་དུ་བདུན་པ་ལ་སོགས་པ་ཉི་མ་གསུམ ་ལ་དཀར་པོའི་ཕྱོགས་ཀྱི་དགོས་པའོ། །བཅུ་པ་ལ་སོགས་པའི་ཉི་མ་གསུམ་ལ་ཡང་ནག་པོའི་ཕྱོགས་ཀྱི་དགོས་པའོ། །ཚེས་བཅུ་གསུམ་ལ་སོགས་པའི་ཉི་མ་གསུམ་ལ་ཡང་དཀར་པོའི་ཕྱོགས་ཀྱི་དགོས་པའོ། །ཇི་སྐད་གསུངས་པ་ལས་གོ ་རིམས་བཟློག་པ་ཡིས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་སོགས་པ་ཉི་མ་གསུམ་ལ་རྟོགས་པར་བྱའོ། །ལུང་ལས་རི་བོང་ཅན་ཉིད་ཉི་མ་སྟེ། ཉི་མ་རི་བོང་ཅན་ཉིད་དོ། །རི་བོང་ཅན་ཞེས་བྱ་བ་འདིས་ནི་དཀར་པོའི་ཕྱོགས་ཡིན་ལ། ཉི་མ ་ནི་ནག་པོའི་ཕྱོགས་སོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་གསུངས་པའི་དཀར་པོའི་ཉིན་མོ་དང། མཚན་མོའི་ལྷག་མ་ལ་སྣ་བུག་གཡོན་པ་ནས་བླུག་པར་བྱའོ། །མཚན་མོའི་ལྷག་མ་ལ་ཡང་སྣ་བུག་གཡས་པའི་བུ་ག་ནས་སོ། ། ་དེ་ཡང་སྣ་རུ་ཆུ་དང། དབང་ཆེན་སྦྱོར་བས་སྣ་བུག་གཡོན་པར་སྟེ་ཤིན་ཏུ་བཟང་པ་མ་ཡིན་བློ། །མེ་དང་རླུང་སྦྱོར་བས་ན་འབྲིང་པོའོ། །སྣ་བུག་གཡས་པར་ཡང་མེད་ན། རླུང་དང་སྦྱོར་བ་ནི་ཐམས་ཅད་དུ་བླུགས་པར་བྱ་བ་མ་ཡིན་པའོ།། ་རླུང་དང་དབང་ཆེན་སྦྱོར་བ་དེ་ཉིད་ཙམ་ལ་སྦྱིན་པར་བྱའོ། །དེ་སྐད་གསུངས་པ་ས་དང་ཆུ་ལ་བཟང་པོའི་ལས། རླུང་དང་མེ་ལ་ནག་པོའོ། །ཟླ་བ་བཟང་པོ་ཡང་དག་རིག་།འོད་རྣོ་བ་ལ་འབྲིང་པོའོ། །གལ་ཏེ་ཉི་མའི་རླུང་དང ་མེར། ངེས་པར་ཡང་ནི་འཆི་བ་སྟེ། །དེ་ཉིད་ཟླ་བ་བྱུང་གྱུར་ན། །ཤིན་ཏུ་སྡུག་བསྔལ་སྟེར་བ་མིན། ཞེས་པའོ། །སྦྱོར་བ་རྣམས་བ་བཞི་ནི་རླུང་དང། དབང་ཆེན་དང་མེ་དང་ཆུ་ཞེས་བྱ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་ལོགས་དང་སྟེང་དང་དབུས་དང ་འོག་རྣམས་ནས་རླུང་རབ་ཏུ་རྒྱུ་བའི་མཚན་ཉིད་དོ། །བྱ་བ་གཞན་དག་ལ་ཡང་སྦྱོར་བ་འདི་ཉིད་ལས་དགེ་བ་དང་མི་དགེ་བའི་མཚན་མ་རྣམས་སུ་རང་ཉིད་ཤེས་པར་བྱས་པའོ། །གང་ཞིག་རྟག་ཏུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པ་དེའི་གང་བྱས ་པ་ནི་གཤིན་རྗེ་གཤེད་ཀྱི་བྱ་བ་སྟེ། དེ་ཐོབ་པ་ལ་ནི་ཅུང་ཟད་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ། །གང་ཡང་གོམས་པར་བྱ་བ་མ་ཡིན་པ་དེ་ལ་ནི་འདི་ལྟ་བུས་ལྷག་པར་མོས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་གསུངས་པ། རྟག་ཏུ་ཅུང་ཟད་ཅི་ཟད་དང། ཞེས ་བྱ་བ་ལ་སོགས་པའོ། །གཞན་ཡང་བཟའ་ཞེས་པ་ནི་མེ་ཏོག་དང་ཐིག་ལེ་ལ་སོགས་པ་ལའོ། །ཕུད་དབུལ་ཞེས་པ་ནི་ཐོག་མ་ཉིད་ཀྱི་བཤོས་གཙང་ངོ། །བླ་མ་མཉེས་པས་ཐམས་ཅད་འགྲུབ་པས་དེ་ལ་དབུལ་བའི་དོན་དུ་གསུངས་པ། དེ་ནས་ཞེས ་བྱ་བ་ལ་སོགས་པ་སྟེ། ཡོན་ནི་ཕུལ་དུ་གྱུར་པའི་ཡིན་ནོ། །ཉེ་བར་འཁོར་བའི་ཁྱད་པར་ཀུན་ཅེས་པ་ནི། གང་དག་འཁོར་ཞིང་བཏུབ་པ་རྣམས་ཏེ། དེའི་ཁྱད་པར་རོ། །དེ་དག་གསལ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ ་གཉིས་པའི་བཤད་པ་རྫོགས་སོ།། །།བཅོམ་ལྡན་འདས་ཀྱིས་ཕྱག་མཚན་བསྟན་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྡིག་པའི་ལས་ནི་ཇི་སྙེད་པ་ཞེས་པ་ལ། སྡིག་པའི་ལས་ནི་སྡུག་བསྔལ ་བའོ། །ཤུགས་ཅན་ནི་རལ་ཀྲིའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ་ཉེ་བར་མཚོན་པ་ལས་སོ། །ཇི་སྐད་གསུངས་པ་གཞན་དག་ལས་ཡང་རྣམ་པར་དག་པ་རྟོགས་པར་བྱའོ། །ནམ་མཁའ་ཨི་ཁམས་ཀྱི་དབུས་གནས་བསམ་ཞེས་པ་ནི། བདུན་པོ་རྣམ་པར་དག ་པ་དང། བླ་ན་མེད་པའི་མཆོད་པ་དང། །ཚངས་པའི་གནས་བཞི་བསྒོམས་པའི་རྗེས་ལ། འགྲོ་བ་གཟུང་བ་དང་འཛིན་པའི་རང་བཞིན་ལ་སྟོང་པ་ཉིད་དུ་བསྒོམས་པས་རྨི་ལམ་ལྟ་བུར་བྱས་ལ། །ཐོགས་པར་བྱ་བ་དང་བྲལ་བ་བདག་ཉིད་འབྱུང་བ་ཆེན་པོ་ནམ་མཁའ་སྟེ། ་ནམ་མཁའ་ཨི་ཕྱོགས་སུ་བསྒོམ་པར་བྱའོ། །དེར་ཅི་ཞེ་ན་གསུངས་པ། ཉི་མའི་དཀྱིལ་འཁོར་ཏེ། རེ་ཕ་ལས་བྱུང་བ་པའོ་ཞེས་ལྷག་མའོ། །རྩེ་ལྔ་པ་ཞེས་པ་ནི་ཧཱུཾ་ཡིག་ལས་སྣ་ཚོགས་རྡོ་རྗེའོ། །གནས་དེར་ཞེས་པ་ནི། གཞི་གཞལ་ཡས་ཁང་ཞེས་པའོ། ། ་དེའི་དོན་འདི་ཡིན་ཏེ། རྡོ་རྗེ་ར་བ་དང། རྡོ་རྗེ་གུར་གྱི་ནང་དུ་གནས་པའི་སྣ་ཚོགས་རྡོ་རྗེའི་མུ་ཁྱུད་ལ་གནས་པའི་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་ངོ། །དེ་བཞིན་དུ་ཕྱིས་ཀྱི་དག་པོ་ལ་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་ནང ་དུ་རྟོགས་པར་བྱའོ། །དྷི་ཞེས་པ་ནི་ས་བོན་ཉེ་བར་བཀོད་པ་སྟེ། འདིར་ཡང་སྔར་བཞིན་དུ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལ་སོགས་པ་སྟེ། ཁྱད་པར་ནི་ཉི་མ་དང། ཟླ་བ་དང། རྡོ་རྗེ་དང། ས་བོན་གྱུར་པ་ལས་ཞུ་བ་དང། ཞུ་བ་ལས་བཞེང་པ ་དང། ཡང་རྡོ་རྗེར་གནས་པ་དང། ས་བོན་ཉིད་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་དེ་ཉིད་སྐྱེས་པའོ། །དེའི་ཐུགས་ཀར་ས་བོན་ལས་དཀྱིལ་འཁོར་བའི་ལྷ་རྣམས་སྤྲོ་བར་བྱའོ། །ཕྱག་ཅེས་པ་ནི་གཡས་པའི་ཕྱག ་གི་གཙོ་བོའོ། །གཞན་དག་ཅེས་པ་ནི་ལྔ་པོ་རྣམས་སུའོ། །རལ་གྲི་དང། གྲི་གུག་དང། འཁོར་ལོ་དང། པདྨ་དང། ཐོ་བ་རྣམས་སོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་འདི་རྣམས་ནི་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པ་བཞིན་ཞལ་གསུམ་པ ་ཕྱག་བཅུ་དྲུག་པ་རྣམས་སོ། །ལཱ་སྐྱེ་ནི་དཀར་ཞིང་སྔོ་བསྒེག་བའི་ཆ་བྱད་དོ། །ཕྲེང་བ་མ་སེར་པོ་ཞེས་བྱ་བ་ནི་ཕྲེང་བ་བསྣམས་པའོ། །གར་མ་དམར་པོ་གར་སྒྱུར་བའོ། །གླུ་མ་སློབ་བསངས་གླུ་ལེན་པའོ། །དེ་རྣམས་ཀྱང་ཞལ་གཅིག་ཕྱག ་གཉིས་པའོ། །དེ་བཞིན་གཞན་ཞེས་བྱ་བ་ནི། སྒོ་རྣམས་སུ་ཐོ་བ་དང་གཤིན་རྗེ་གཤེད་ལ་སོགས་པ་སྟེ། སྔར་བཞིན་ནོ། །གྲཝ་རྣམས་སུ་ཡང་འདིར་མ་གསུངས་མེད་ཀྱི་ཐོད་པ་རྣམ་པ་བཞིའོ། །ོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བ་ལ་སོགས་པ་ནི ་བཟླས་པའི་སྔགས་སོ། །བསྒོམ་པ་དང་སྔགས་ཀྱི་དགོས་པ་གསུངས་པ། རིང་བའི་ཞེས་བྱ་བ་ལ་སོགས་པ་སྟེ། རིང་བ་ནས་ཐོས་པ་ནི་རིང་པའི་ཐོས་པའོ། །ཡང་དག་གནས་ཞེས་བྱ་བ་ནི་གཡོན་བརྒྱང་བས་གནས་པའོ། །རིན་ཆེན ་ཐོར་ཅོག་ཅེས་བྱ་བ་ནི་རིན་པོ་ཆེའི་དབུ་རྒྱན་ནོ། །རལ་གྲི་ཞེས་པ་ནི་གཡས་པའི་ཕྱག་དུའོ། །སྡིགས་མཛུབ་ཞགས་པ་ཞེས་པ་ནི་གཡོན་པའི་ཕྱག་དུའོ། །སྤྱན་མ་ཞེས་བྱ་བ་ནི་སྐུ་མདོག་དཀར་མོའོ། །ཕྱག་གཡས་པ་ན་འཁོར་ལོ་འཛིན་པའོ། ། ་མཱ་མ་ཀཱི་ནི་སྔོན་མོ་ཕྱག་གཡས་པ་རྡོ་རྗེ་འཛིན་པའོ། །གོས་དཀར་མོ་ནི་དམར་མོ་ཕྱག་གཡས་པ་ནི་པདྨ་འཛིན་པའོ། །སྒྲོལ་མ་ནི་ལྗང་གུ་ཕྱག་གཡས་པ་ན་རལ་གྲི་འཛིན་པའོ། །ལྷ་མོ་ཐམས་ཅད་ཀྱང་ཞབས་གཡོན་བརྒྱད་བ། གཡོན ་པའི་ཕྱག་སྡིགས་མཛུབ་དང་ཞགས་པ་བསྣམས་པའོ། །མེ་ཏོག་མ་ནི་དཀར་མོ་ཕྱག་ན་མེ་ཏོག་ཕྲེང་བ་ཅན་ནོ། །སྤོས་མེ་མ་ནི་སྔོན?་མོ་སྤོས་ཀྱིས་སྣོད་བསྣམས་པའོ། །མར་མེ་མ་དམར་མོ་མར་མེའི་སྡོང་བུ་འཛིན་པའོ། །བྱུག་པ་མ་མི་ལྗང་ཁུ་དྲིའི ་དུང་ཕོར་འགྲིན་པའོ། །འདི་དག་ནི་གཡས་བརྐྱང་བས་གནས་ཤིང་གར་གྱིས་བསྐྱིངས་པར་བྱེད་པའོ། །ཐོབ་ལ་སོགས་པ་རྣམས་ནི་སྔར་གྱི་བཞིན་ནོ་ཞེས་ལྷག་མའོ། །ལས་ཀྱི་ཆོ་ག་མཐོང་ནས་ནི་ཞེས་བྱ་བ་ནི། །བཅོམ་ལྡན་འདས ་བསྐྱེད་པའོ་བརྗེས་ལ། དེའི་སྙིང་གའི་ས་བོན་ཉིད་ལས་ལྷ་ཐམས་ཅད་སྤྲོ་བར་བྱའོ། །བདུན་པའི་རྒྱལ་པོ་ཞེས་པ་ནི་རྟའི་མཆོག་གོ་།བསྒོམ་པར་བྱ་ཞེས་པ་ནི་སྔར་གྱི་བཞིན་ནོ། །གཡས་པ་ཞེས་པ་ནི་གཡས་པའི་ཕྱག་གོ་།སྔགས་ནི་ཕུ?་གསུམ་དེར་གྲིག?་སུ ་མོ། །ཇི་ལྟར་ཕྱག་རྒྱ་མ་གསུངས་པ་དང། མ་བཤད་བ་ནི་དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཁང་དོག་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །ལྷ་མོ་རྣམས་ཀྱིས་ཁ་དོག་ལ་སོགས་པའི་དབྱེ་བ་ཡང་སྔར་གྱི་དཀྱིལ་འཁོར་བཞིན་དུ་བྱ་ལ། །བདག ་པོའི་ཞལ་ཕྱག་ཇི་ལྟ་བ་ཞེས་བྱ་བ་ནི་བདག་པོ་སྟེ། གཙོ་བོ་བཞིན་དུ་ཕྱག་གཉིས་མ། །ཧའི?་ཞལ་གདོང་གཅིག་པ། དེའི་ཕྱག་མཚན་འཛིན་པའོ། །སྔགས་འདི་ཡིས་ནི་ཞེས་པ་ནི་རྟ་མཆོག་གི་སྙིང་ག་ན་གནས་པའི་ཧཾ་ཡིག་ཉིད་དོ། །འབྱུང་ཞེས ་པ་ནི་སྤྲོ་བའོ། །སྨྱུག་མའི་གླིང་བུ་ལ་སོགས་པ་ནི་རང་རང་གི་མིང་གི་མཚན་མ་འཛིན་པའོ། །གདོང་བཟང་མ་དང་གདོང་ངན་མ་ཞེས་པ་ནི་བརྡ་ཙམ་དུ་ཟད་དོ། །འདི་དག་ཀྱང་ཡང་དག་པར་མ་ཁྲོ་བོའི་ཆ་བྱད་ཅན་ནོ། །ཁ་དོག་གི་དབྱེ་བ་ནི ་སྔར་གྱི་བཞིན་ནོ། །སྒོ་སྐྱོང་རྣམས་ཀྱི་རིམ་པ་ཇི་ལྟར་ཕྱག་གཡས་པ་རྣམས་སུ་ཕྱག་མཚན་འཛིན་པར་གསུངས་པ། གཏུན་ཤིང་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ས་འོག་གི་སྔགས་མ་གསུངས་པ་བརྗོད་པའི་དོན་དུ་ཇི་ལྟར་རྟ་མཆོག་ཅེས་བྱ ་བ་ལ་སོགས་པ་སྟེ། དེའི་ཕྱི་ན་རྡོ་རྗེ་ལ་འོག་གི་སྡོགས་ཉིད་དོ། །ས་བོན་གྱི་ཡི་གེ་ནི་ཧྲི་ཡིག་དག་གོ་།མཁའ་ལ་ཞེས་པས་ནི་ནམ་མཁའ་ལའོ། །ཁམས་ནི་འཇིག་རྟེན་གསུམ་པོ། །དངོས་གྲུབ་ངེས་པར་སྟོན་པ་ཞེས་བྱ་བ་ནི། དངོས་གྲུབ་རྣམས ་ཀྱིས་འོག་གི་བུ་གར་འཇུག་པ་ལ་སོགས་པ་རྣམས་སོ། །གང་དུ་ངེས་པར་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལེའུ་བཅུ་གསུམ་པའི་བཤད་པ་རྫོགས་སོ།། །།དཀྱིལ་འཁོར་བཞེངས་སུ་གསོལ་བའི་དོན་དུ་ཐིག་གདབ་པ་གསུངས་པ ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་ས་ཡོངས་སུ་བཟུང་བ་དང། སྦྱང་བ་བྱ་བའི་ས་གཞི་ལའོ། །མཆོག་ཅེས་པ་ནི་མངོན་པར་འདོད་བས་ནའོ། །དམ་ཚིག་ཅེས་པ་ནི། ཡེ་ཤེས་ཐིག་སྐུད་ཅེས་བྱ་བ་ནི།། ་བར་བྱ་བ་མ་ཡིན་བའི་ཕྱིར། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་འདིས་ཐིག་སྐུད་བྱིན་གྱིས་བརླབས་བར་བྱའོ། །རྣམ་པར་སྣང་མཛད་ནི་གཏི་མུག་གཤིན་རྗེ་གཤེད་ཡིན་ལ། གཤིན་རྗེ་མཐར་བྱེད་ནི་ཞེ་སྡང་གཤིན་རྗེ་གཤེད་དོ། ། ་ཡེ་ཤེས་ནི་ཡཀྵེ་མ་མེད་ཅེས་པའི་ཡི་གེ་རྣམ་པ་ལྔའོ། །དེས་བསྐྱེད་པས་ཐིག་བསྐུད་ནི་ཡེ་ཤེས་ཐིག་མཆོག་གོ་།དེ་ལྟ་བས་ན་རྩེ་མོའི་རྩེ་མོའི། །ཤིན་ཏུ་མཉམ་གཞག་ཅེས་པ་ནི། ཤར་ལ་སོགས་པའི་ཕྱོགས་ཀྱི་གོ་རིམས་བཞིན་ནོ། །དེ་ཅི ་དཀྱིལ་འཁོར་ཆེན་བོ་དམ་ཚིག་ཡིན་ཞེ་ན། གསུངས་བ་ཨོཾ་ཨཱ(རྒྱུད་འགྲེལ་པའོ། །སྡོམ་ཕྲ་བསྟན་པའི་དོན་དུ་གསུངས་པ། སྒོའི་ཞེས་བའོ། །རྡོ་རྗེ་ཆེན་པོ་ལ་གསོལ་བ་གདབ་པའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་དཀྱིལ་འཁོར་དུ་གཞུག་པའི་དོན་དུའོ། །གསོལ་བ་གདབ་པ་ནི་ཞུ་བའོ།། ་དེའི་དོན་གྱིས་ནི་དམ་ཚིག་སྟེ་དེ་བརྗོད་པའོ། །དེ་ཉིད་གསུངས་པ། ཨེ་མའོ། ཞེས་བྱ་བ་ལ་སོགས་པའོ། །ས་ཡོངས་སུ་བཟུང་བའི་དམ་ཚིག་ཅེས་པ་ནི། ས་གཞི་ཡོངས་སུ་བཟུང་བའི་སྔགས་སོ། །དེའི་དགོས་པ་ཇི་ལྟ་བུ་ཞེ་ན། གསུངས ་ལ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དགུག་པ་ཞེས་པ་ནི་མངོན་དུ་བྱའོ། །དེ་ཡང་ཚིགས་སུ་བཅད་པའི་སྔགས་གང་ཡིན་ཞེ་ན། གསུངས་པ། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་བའོ། །ཐིག་སྐུད་སྒོའི་ཉི་ཤུ་ཆའི་སྦོམ་ཕྲ ་གསུངས་པ་དེ་ཉིད་མི་ཤེས་སོ་ཞེ་ན། སྒོའི་ཚད་གསུངས་པ། དཀྱིལ་འཁོར་བརྒྱད་ཆ་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱད་ཆ་ཞེས་པ་ནི་དཀྱིལ་འཁོར་ཁྲུ་གང་གི་དབང་དུ་བྱས་ན་སོར་གསུམ་མོ། །བཞེངས་སུ་གསོལ་ཞེས་པ་ནི་རྡུལ་མཚོན་དགྱེ་བ་ཅང? ་དག་བར་བྲིས་ནས་སོ། །ཁྱམས་ཆེན་ཞེས་བྱ་བ་ལ། ཆེན་པོ་ཡང་དེ་ཡིན་ལ། ཁྱམས་ཀྱང་ཡིན་པས་ཁྱམས་ཆེན་ཏེ། དེ་ཡང་ཆེན་པོ་ནི་ལྷའི་གཙོ་བོར་བཞུགས་པའི་གནས་ཡིན་པའི་ཕྱིར་ཏེ། ནང་གི་རིམ་པ་ཞེས་པའི་ཐེ་ཚོམ་གོ་།ཡིད་དུ་འོང ་ཞེས་བྱ་བ་ནི། རི་མོ་ལྔའི་ས་དང་འབྲེལ་བ་ལ་ནི། རྐང་པ་གཅིག་གིས་མཆོག་བའི་མཐེབ་གང་དང། ཚོན་གྱི་ས་དང། འབྲེལ་བ་ལ་ནི་མཐེ་བོ་ཕྱེ་དང་གཉིས་དང། རྡོ་རྗེ་ཕྲེང་བ་དང་འབྲེལ་བ་ནི་རྐང་པ་གཅིག་གིས་མཆོག་པའི་མཐེབ་གང ་ངོ། །དེ་བཞིན་དུ་ངོས་བཞི་ཆར་ལ་ཡང་མཐེ་བོ་གསུམ་གསུམ་དོར་བས་མཐེ་བོ་བཅོ་བརྒྱད་པོ་དེ་ལ་ལེགས་པར་སྤྲས་པ་ཞེས་བྱ་སྟེ། ས་གཞི་དེ་ཉིད་ལ་སྣ་ཚོགས་པའི་ཀ་བ་ཞེང་དུ་རྐང་པ་གཅིག་གིས་མཆོག་མཐེ་བ་གང་པ་བྲིས་པ་ལེ་ཚེ ་དགུའི་བདག་ཉིད་དུ་བྱས་པའོ། །སྒོ་ཁྱུད་ཅེས་པ་ནི་སྒོའི་ཚོན་སྣ་ལྔའོ། །སྒོ་ཙམ་ཞེས་པ་ནི་མཆུར་གསུམ་མོ། །དེ་ཙམ་ཞེས་བ་ནི་སྒོ་ཙམ་སྟེ། མཐེ་བོང་གསུམ་གྱི་ཚད་དོ། །ལྷའི་སྣམ་བུ་ཞེས་བྱ་བ་ལ་རྡུལ་ཚོན་གྱི་སྣམ་བུ་ལ་ལར་གྱིས་དགོད ་པ་མ་ཡིན་ནོ་ཞེ་ན། དེའི་དོན་དུ་འདིར་ནི་ཐོད་པ་རྣམས་སུ་གསུངས་ཏེ། གྲཝ་རྣམས་སུ་སོར་མོ་གསུམ་གྱི་ཚད་ཙམ་མོ། །སྒོའི་ངོས་གཉིས་སུ་ཡང་བུམ་བ་གཉིས་སྟེ། ཐམས་ཅད་དཀར་པོ་དང་ལྡན་བའོ། །ཡང་ལྷའི་སྣམ?་བུ་ཞེས་བྱ་བ་ལ ་མཆོད་པའི་སྣ་བུར་བྲི་བའི་དོན་དུ་གསུངས་པ། རྡོ་རྗེ་ལྷ་མོ་ཞེས་བྱ་བ་ལ་སོགས་པའོ། །ཁྱམས་དེའི་ཆང་ཇི་ཙམ་ཞེ་ན་གསུངས་པ། །མཆོད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེད་ཀྱི་ཞེས་པ་ནི་མཐེ་བོ་ཕྱེ་དང་གཉིས་སོ། །འགྲམ་ཞེས་པ? ་ནི་མུ་ཁྱུད་ཀྱི་སྟེང་དུ་གང་མཚོན་ལྔའི་ངོས་དེ་ཉིད་འགྲམ་མོ། །དེའི་སྟེང་དུ་གང་ཚོན་སྣ་ལྔ་དང་ཉེ་བདེ་ནི་ལོགས་སོ། །དེ་ཙམ་མོ་ཞེས་བྱ་བ་ནི་དེ་དག་གཉིས། ལ་ཡང་མཐེ་བོ་ཕྱེ་དང་གཉིས་ཀྱི་ཚད་ཙམ་མོ། །ལྷའི་སྣམ་བུ་ལས ་ཕྱི་རོལ་ཏུ་མཐེབ་གང་བའི་རྐང་བའི་ཚད་ཀྱི་རིན་ཆེན་སྣམ་བུར་བོར་བར། གང་དྲ་བ་དང། དྲ་བ་ཕྱེད་བའི་སྣམ་བུ་དེ་ཉིད་མཐེ་བོ་ཕྱེ་དང་གཉིས་ཀྱི་ཚད་དོ། །ཞེས་བརྗོད་པ་ནི་དྲ་བ་དྲ་བ་པ་ལ་སོགས་པ་ཞེས་ཏེ། སྣམ་བུ་དེའི་ཚེད་དུ་རྟོགས་པར་བྱ་ཞེས་པ་ལྷག ་མའོ། །དེའི་ཕྱེད་ཅིས་པ་ནི་སྒོའི་ཕྱེད་ཅེས་ཏེ། མཐེ་བོ་ཕྱེ་དང་གཉིས་སོ་།རྩ་བའི་ཐིག་ཅེས་པ་ནི་ནང་གི་རིམ་པའི་རྡོ་རྗེར་བའི་ཕྱི་རོལ་དང། རི་མོ་ལས་ཀྱང་ཕྱི་རོལ་ལོ། །རི་མོའི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པའི་དོན་དུ་གསུང ་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་འབྲེལ་བའི་ཕྱིར། བཅུད་དུ་གྱུར་བའི་ཕྱིར་ན་ཆེན་པོ་ཡིན་ལ་སྙིང་པོ་ཡང་དེ་ཡིན་པས་སྙིང་པོ་ཆེན་པོའོ། །རྣམ་པར་དགོད་ཅེས་པ་ནི ་ནམ་མཁའ་ཨི་ཕྱོགས་ལས་བཀུག་སྟེ་གནས་པར་བྱ་བའོ། །བདག་ཉིད་འཁོར་ལོ་ཞེས་བྱ་བ་ནི་རྡུལ་ཚོན་གྱི་འཁོར་ལོ་དང་མཉམ་པའི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་ཚིག་གོ་།རང་གི་ཕྱག་རྒྱ་ནི་རང་གི་ཤེས་རབ་སྟེ། གཤིན་རྗེ་གཤེད་ཀྱི་རྣལ ་འབྱོར་དང་ལྡན་པས་ལྷག་མའོ། །བསྟེན་ཞེས་བ་ནི་དབང་པོ་གཉིས་སྙོམས་པར་འཇུག་པར་བྱེད་པའོ། །དམ་ཚིག་ཡི་གེ་ཞེས་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་བས་སོ། །དཀྱིལ་འཁོར་ཞེས་བ་ནི་རྡུ་ཚོན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི ་འཁོར་ལོ་བཀུག་ནས་གཅིག་ཏུ་བྱས་པའོ། །དེའི་རབ་ཏུ་བསྒྲུབ་པ་ནི་བསད་གཏོར་བྱ་བའོ། །གང་གི་ཚེ་དཀྱིལ་འཁོར་ལ་སོགས་པ་རབ་ཏུ་གནས་པ་ལ་བྱང་ཆུབ་སེམས་མངོན་དུ་བསྐྱེད་བར་མི་ནུས་པ་དེས་ན་བསྒོམས་པས་ཀྱང་བྱ་བའོ།། ་དེ་བཞིན་དུ་བུམ་པ་བཅུ་བྱ་བ་ནི་སྟོབས་ཆེ་བ། མཆུ་འཕྱང་ཞིང་འགྲིན་བ་རིང་བ། རྡོ་རྒྱུས་ཀྱིས་དཀར་པོར་བྱས་པ་དབུས་ཀྱི་བུམ་པའི་ངོས་ལ་སྣ་ཚོགས་པདྨ་དང། ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །ཤར་ཕྱོགས་ཀྱི་བུམ་པའི་ངོས་ལ་སྣ་ཚོགས་པདྨ ་དང། ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པའོ། །དེ་བཞིན་དུ་ལྷོ་ཕྱོགས་ལ་སོགས་པ་གཞན་གསུམ་པ་ལ་ཡང་སྣ་ཚོགས་པདྨ་དང། ཉི་མ་ལ་གནས་པའི་རིན་པོ་ཆེ་དང་པདྨ་དང། །རལ་གྲི་རྣམས་བྲི་བར་བྱ་བའོ། །མེའི་མཚམས་སུ་རང ་སྣ་ཚོགས་པདྨ་དང། ཟླ་བ་ལ་གནས་པའི་སྤྱན་གཉིས་སོ། །བདེན་བྲལ་ལ་སོགས་པ་གསུམ་པོ་རྣམས་སུ་ཡང་སྣ་ཚོགས་པདྨ་དང། ཟླ་བ་ལ་གནས་པའི་རྡོ་རྗེ་དང། པདྨ་དམར་པོ་དང། གསེར་གྱི་ཨུཏཔ་ལ་རྣམས་ཀྱིས་མཚན་པའོ། །ལས ་ཐམས་ཅད་པ་ལ་སྣ་ཚོགས་པདྨ་དང། ཉི་མ་ལ་གནས་པའི་བདུད་རྩི་འཁྱིལ་པའི་མཚན་མ་སྟེ་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །བུམ་པ་དེ་རྣམས་ཀྱང། ཛམྦཱུ་དང། ཙུ་ཏ་དང། བི་ཛ་པུ་ར་དང། མ་དུ་ཀ་ར་དང། ཛིན་ཡན་ཏའི་ཤིང་རྣམས་ཀྱི ་ལེ་མས་ལ་བརྒྱན་པའོ། །རྡོ་རྗེའི་སྐེ་ཅན་ལ། གསེར་དང། དངུལ་དང། ཟངས་དང། མུ་མིན་བྱ་རུ་སྟེ་རིན་པོ་ཆེ་ལྔ་དང་ལྡན་པའོ། །སོ་བ་དང། མ་ཤ་དང། ནས་དང། གྲོ་དང། ཏིལ་རྣམས་ཀྱང་ནང་དུའོ། ། པ་ར་ཙི་དྷ་དཀར་པོ ་དང། འབྲི་ཧ་ཏི་དང། ཀཎྚ་ཀ་རི་དང། ས་ཧ་དེ་བ་དང། བི་ཤ་དེ་བ་རྣམས་ཏེ། སྨན་ལྔ་དང་ལྡན་བའོ། །དེ་ནས་དབུས་ཀྱི་རྣམ་པར་རྒྱལ་བའི་བུམ་པ་ལ་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །བུམ་པ་བརྒྱད་པོ་གཞན་རྣམས་ཡང་དེ་ཉིད ་ཀྱི་མེ་ཏོག་གི་ཕྲེང་བ་དང་སྦྲེལ་ཞིང་དགས་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཁ་རུ་རྡོ་རྗེ་བཞག་སྟེ། རབ་ཏུ་གཞག་པའི་ལྷའི་འམ། དེའི་རིགས་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ཤར་ལ་སོགས་པའི་བུམ་པ་རྣམས་ལ ་ནི་ཨོཾ་དང། ཨཱ(རྒྱུད་འགྲེལ་པའི་སྔགས་བཞི་པོ་སྔར་བཞིན་དུ་བཟླ་བར་བྱའོ། །བདུད་རྩི་འཁྱིལ་པའི་བུམ་པ་ལ་ཡང། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། བྱང་ཕྱོགས་སུ་བཞག་པར་བྱའོ། །ཐམས་ཅད་ཀྱང་གཡས་ཕྱོགས་ནས་བསྐོར་ཏེ། གཞག་བར ་བྱའོ། དགོངས་མོའི་དུས་སུ་སོང་བ་དང། ཞག་དེའི་ལྷག་མ་དང། དུས་བཟང་པོ་ལ་རབ་ཏུ་གནས་པ་དང། རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཐུན་པའི་ལྷ་རྣམས་དང། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ། འདི་རིམ་པ ་བཞིན་དུ་མཆོད་ཡོན་ལ་སོགས་པ་སྦྱིན་པར་བྱའོ། །མཆོད་ཡོན་གྱི་རིམ་པ་འདི་ཡིན་ཏེ། གསེར་དང་དངུལ་དང་ཉ་ཕྱིས་དུང། །རྡོ་དང་འཇིམ་པ་ཟངས་ཀྱི་སྣོད། །འདི་དག་མཆོད་ཡོན་སྣོད་ཡིན་ཏེ། །མ་འབྱོར་ཤིང་ལོ་སྣོད་ཀྱིས་བྱ། ། ་མཆོད་ཡོན་གྱི་སྣོད་བསྟན་པའོ། །དྲི་ཞིམ་ཆུ་དང་འོ་མ་མངར། །ཆུ་གཙང་མེ་ཏོག་དཀར་པོ་རྣམས། །ཇི་ལྟར་རྙེད་པའི་སྣོད་ནང་བཞག་།སྤོས་ཀྱིས་བདུག་ཅིང་མངོན་པར་སྔགས། །དེ་དག་ནི་མཆོད་ཡོན་བསྒྲུབ་པའི་ཆོ་གའོ། །ཞི་དང་རྒྱས ་སོགས་སྒྲུབ་པ་ལས། །ལས་དང་རྗེས་སུ་མཐུན་པ་རུ། །དཀར་པོ་སེར་པོ་དམར་པོ་ལྗང། །དྲི་དང་ཆུ་སོགས་དེ་བཞིན་སྦྱར། །མཆོད་ཡོན་གྱི་ཆོ་གའི་དབྱེ་བའོ། །མེ་ཏོག་སྤོས་དང་མར་མེ་དང། དྲི་ཡི་དུང་སོགས་གཡས་སུ་བཞག་། ་གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །སྣོད་རྣམས་མདུན་དུ་བཞག་པར་བྱ། །མཆོད་ཡོན་གྱི་སྣོད་དགོས་པའོ། །ཡི་གེ་གསུམ་མམ་སངས་རྒྱས་ལྔའི་སྔགས་ནི་རྒྱུད་ལས་ཅི་གསུངས་པ། མཆོད་ཡོན་ལ་སོགས་གཡས་སུ་བྱ། །ཇི ་ལྟར་རྒྱུད་ཀྱི་རྗེས་འབྲངས་ལ། །ཞི་བའི་མཐར་རུ་བྷུ་ཤ་ཏ། རྒྱས་པ་པོ་པུ་ཤ་ཏའི་མཛའ་། །གསང་པ་ཧཱུཾ་ཕཊ་མཛའ་ཡིས་སོ། །དགུག་དང་དབང་ལ་ཛ་དང་ཧྲི། །མཆོད་ཡོན་མངོན་པར་སྔགས་པའོ། །དང་པོར་དྲི་ཞིམ་ཆུ་དབུལ་བྱ། །སྦྲང་དང་འོ་མ ་གཉིས་པོའོ། །གསུམ་པོ་རུ་ནི་དག་པའི་ཆུ། །བཞི་པ་མེ་ཏོག་དང་ལྡན་པའོ། །དྲི་ཞིམ་ཆུ་ནི་དུང་ཆོས་ནས། །ཞབས་བསིལ་དུ་ནི་དབུལ་བར་བྱ། །ོཾ་ནི་དིཾ་ཧཱུཾ་ཁཾ་ཧཱུཾ་པདྱཱ། འོ་མ་སྦྲང་ནི་ཞལ་དུ་སྟེ། །ཀུ་ཤའི་ཆུན་པོས་བསང་གཏོར་ནས། །ཡང་ནི ་ཆུ་གཙང་འབའ་ཞིག་ལ། །མཆོད་ཡོན་སྔགས་ནི་བཟླས་པ་ཉིད། །ོཾ་སརྦབ་སམ་ཤོ་དྷ་ནི་ཧཱུཾ་ཕཊ། ཞལ་བསིལ་ནི་འཐོར་འཐུང་ངོ། །མཐེ་བོ་མཛུབ་མོ་མེ་ཏོག་བླང། མཐེ་བོ་མཐེའུ་ཆུང་དགྲོལ་བྱ་སྟེ། མེ་ཏོག་ལྡན་པས་མཆེད་པར་བྱ། །ཞབས ་བསིལ་བཟེད་ཞལ་ཆོས་བཟངས་སུ། །ཉེ་རེག་དེ་བཞིན་ལྕགས་སྣོད་དུ། །རྫས་གཞན་མན་འཇིའི་སྟེང་གནས་པའི། །གསེར་ལ་སོག་པའི་གནོད་དུ་དབུལ། །དེའི་ཕྱི་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཐུན་པའི་ལྷའི་འཁོར་ལོ ་རྣམས། །ཛ:-་ཧཱུཾ་བཾ་ཧོ:-་ཞེས་པ་འདིས་དགུག་པ་དང། གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང། ཡི་གེ་གསུམ་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། དེ་བཞིན ་གཤེགས་པའི་ཕྱག་རྒྱ་ཡང་བྱ་སྟེ། མེ་ལོང་དུ་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་དང། དང་པོར་རྣམ་པ་ལྔས་བཀྲུ་བར་བྱ་སྟེ། ཨོཾ་སརྦབ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཞེས་པའི་སྔགས་ཀྱིས་སོ། །དེ་བཞིན་དུ་བྷྲུཾ་ཛིཾ་ཁཾ་ཧཱུཾ་ཞེས་པའི ་སྔགས་ཀྱིས་དྲི་ཞིམ་པའི་མར་ཁུས་བྱུག་པར་བྱའོ། །སྔགས་འདི་ཉིད་ཤུན་ལྤགས་ལྔ་ལེགས་པར་བཏགས་པས་ཀྱང་བྱུག་པར་བྱའོ། །དེ་བཞིན་དུ་ཨོཾ་སརྦབ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་བཛྲ་སྭཱ་བྷཱ་བཱ་ཏྨ་ཀོ་ཧཾ་ཞེས་པ་འདིས་དྲི་ཞིམ་པས་བྱུག་སྟེ། བཀྲུ་བར ་བྱའོ། །དེ་ནས་གཙང་ཞིང་གཙང་མར་སྦྱར་བ་ཡིས། །ལྷ་རྫས་བཟང་པོའི་མེ་ཏོག་འདི། བདག་ནི་གུས་བར་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་གསོལ། །མེ་ཏོག་འབུལ་བའོ། །ནགས་ཚལ་བཅུད་ནི ་ཡིད་དུ་འོང། །དྲི་ཡིས་རྒྱས་པའི་དྲི་མཆོག་འདི། །བདག་ནི་གུས་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་གསོལ། །སྤོས་དབུལ་བའོ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་བ་རྣམ་སེལ་བ། །བདག ་ནི་དད་བས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་གསོལ། །མར་མེ་དབུལ་བའོ། །ལྷན་ཅིག་སྐྱེས་དང་སྦྱར་ཞིང་དག་།ཤངས་ལ་ཚིམ་བྱེད་དྲི་འདི་རྣམས། །བདག་གིས་གུས་པས་དབུལ་ལགས་ན། །བཞེས་ཏེ་བདག་ལ ་བཀའ་དྲིན་གསོལ། །བཤོས་གཙང་ཐམས་ཅད་ཡང་དག་ལྡན། །བཟའ་དང་བཅའ་བར་ལྡན་བཅས་པ། །ཁ་དོག་དྲི་དང་རོ་ལྡན་བ། །དབུལ་གྱི་སོ་སོར་བཞེས་སུ་གསོལ། །དེ་ལྟར་མཆོད་པ་རྣམ་པ་ལྔ་དབུལ་བར་བྱས་ལ། ཇི་ལྟ་སངས ་རྒྱས་ཐམས་ཅད་ཀྱང། དགའ་ལྡན་གནས་ན་ཡང་དག་བཞུགས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་སུ་གནས། །དེ་བཞིན་འདྲིར་བཞུགས་བསྟན་པར་མཛོད། །མགོན་པོར་རྟག་ཏུ་འདིར་བཞུགས་པར། །གྱུར་ནས་མེ་ཏོག་ལ་སོགས ་འདི། བཞེས་ནས་བདག་ལ་རྩེར་དགོངས་ཏེ། །བྱང་ཆུབ་སེམས་ནི་འཕེལ་བར་མཛོད། །དེའི་སྡུས་པའི་དུས་སུ། །ོཾ་གཱི་ལི་གཱི་ལི་ཧཱུཾ་ཛ་སྭཱ་ཧཱ། ཞེས་པ་འདིས་རྡུལ་ཚོན་བསྡུ་བར་བྱས་ལ། སྣོད་གཙང་མར་རྡུལ་ཚོན་རྣམས ་བླུག་ཏེ། སྔག་དེ་ཉིད་ཀྱིས་ཆུ་བོར་རབ་ཏུ་དོར་རོ། །འདི་ཉིད་ཀྱི་རིམ་པ་ཐམས་ཅད་ནི། བྲིས་སྐུ་རབ་ཏུ་གནས་པ་ལ་ཡང་སྟེ། གཤེགས་སུ་གསོལ་བ་ནི་མ་ཡིན་ནོ། །སློབ་མའི་བྱ་བ་ལ་ཡང་བུམ་པ་དང། དཀྱིལ་འཁོར་ལ ་སོགས་པ་ཐམས་ཅད་བྱའོ། །རྒྱུད་འདིར་གསུངས་པའི་སློབ་མའི་ཆོ་ག་ནི་ཕྱོགས་ཅིག་ཙམ་དུ་བསྟན་པས་ན། དེ་ཙམ་གྱིས་བྱ་བ་མ་ཡིན་ཏེ། མཐུན་མོད་དུ་གསུངས་པ་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་བྲིས་སྐུ་ལ་ནི་དེ་བཞིན ་གཤེགས་པ་རྣམ་པ་ལྔ་སྟེ། རྣལ་འབྱོར་མ་བཞི་མཚན་མ་དང་བཅས་པའི་བུམ་པ་གཅིག་སྟེ། རིན་པོ་ཆེ་ལྔ་དང། སྨན་ལྔ་དང། འབྲུ་ལྔ་དང། སྙིང་པོ་ལྔ་དང། དྲི་ཞིམ་པའི་ཆུ་ཡིས་གང་བའོ། །ོཾ་ཨ་བིགྷཱ་ནྟ་ཀྲི་ཏ་ཧཱུཾ་ཕཊ་ཞེས་པའི ་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས། ཤིང་པ་ལ་ཝས་ཁ་བརྒྱན་ཞིང་མགུལ་པ་རས་ཀྱིས་བཀྲིས་པ། མེ་ཏོག་དང་སྤོས་ལ་སོགས་པས་མཆོད་དེ་མདུན་དུ་བཞག་པར་བྱའོ། །དེ་ནས་སློབ་མས་མཎྜལ་བྱས་ལ། མེ་ཏོག་གི་ཕྲེང་བ་རྣམས་བཟུང་སྟེ ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ལ། སྔགས་ཀྱི་ཐེག་པའི་སྣོད་དུ་གྱུར་པར་གསོལ་བ་འདེབས་པའི་དོན་དུ་སྔགས་ཀྱི་དངོས་གྲུབ་དོན་གཉེར་གང། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན ་ཡང་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །དད་བ་ཆེན་པོར་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་དུ་ནི་གཞུག་།འདིའི་འབྲས་བུ་འདོད་མི་བྱ། །འདི་ཡི་འབྲས་བུ་འདོད་གྱུར་ན། །འཇིག་རྟེན་ཕ་རོལ་འགྱུར་བ་མིན། །སྐྱེས་བུ་འཇིག ་རྟེན་ཕ་རོལ་གཉེར། །དཀའ་བ་མེད་པར་འདི་འབྲས་འགྲུབ་ཅེས་རྣ་བར་བསྒྲག་པར་བྱའོ། །དེ་ལྟ་བུའི་སློབ་མ་དེ་རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་པའི་ལུས་བློས་བཅུག་ལ། རང་གི་རྡོ་རྗེ་ནས་ཕྱུང་ལ། རང་སྣང་བའི་པདྨར་གནས་པ་ལ། དེ་བཞིན ་གཤེགས་པ་ཞུ་བས་བསྐུར་ཏེ་བྱུང་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོར་ཙོག་ཙོག་པོར་འདུག་སྟེ། འཇུག་པའི་དོན་དུ་གསོལ་བ་གདབ་པ། ཁྱོད་ནི་བདག་སྟོན་དཔའ་བོ་ཆེ། མཱ་མ་ཀཱི་དང་མཉམ་སྦྱོར་ལྡན། །མགོན་པོ་ཆེན་པོ ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐབས་གསུམ་དག་ཀྱང་བདག་ལ ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འདོད། །ཅེས་སློབ་མའི་གཙོ་བོ་གཅིག་ལ་བྱས་ལ། བུ་ཚུར་ཐེག་པ་ཆེན་པོ་ལ། །གསང་སྔགས་ཚུལ་གྱི་ཆོ་ག་ནི། །ཁྱོད་ནི་ཡང་དག་བསྟན་པར་བྱ། །ཁྱོད ་ནི་ཐེག་ཆེན་གནོད་ཡིན་ནོ། །ཞེས་བརྗོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་ཞེས་བྱ་བ་གསུམ་པ་དེ ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་ལན་གསུམ་དུ་བརྗོད་པའི་སློབ་མ་དེ་རྣམས་ལ། ཨོཾ་ཨཱ་བིགནཱནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་པ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཀུན་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང། མགྲིན་བ་དང། མགོ ་བོར་ཉི་མ་གནས་པའི་རྡོ་རྗེ་སྔོན་པོ་དང། ཟླ་བ་དམར་པོ་ལ་གནས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་རྣམས་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཧཱུཾ། ཨཱ(རྒྱུད་འགྲེལ་གཡས་བར་རྡོ་རྗེ་བཟུང་སྟེ། སློབ་མ་རྣམས་ཀྱི་སྙིང་ག་དང། མགྲིན་པ་དང། མཚོགས་མར་རེག་ཅིང། ཧཱུཾ་ཨཱ(རྒྱུད་འགྲེལ་གར་སྦྱིན་པར་བྱའོ། །དེ་དག་ནི་སློབ་མ་ལྷག་པར་གནས་པའོ། །དེ་ནས་གཏོར་མ་སྦྱིན་ཏེ། རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བ་དང་ལྡན་པས་སོ། །རང་ཉིད་སློབ་མ་འཇུག་པའི་ཆོ་གས་དཀྱིལ་འཁོར་དུ་འཇུག་པ་ནས ་བརྩམས་ཏེ། རྗེས་སུ་གནང་པའི་དབང་བསྐུར་བའི་བར་དུ་བཅོམ་ལྡན་འདས་ལ་བློ་ཡིས་བླངས་ཏེ། བདེན་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་བ་རྙོག་པ་མེད། །གཟུང་བ་མེད་ཅིང་བརྗོད ་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་དེ་ཉིད་ལས་བྱུང་བ། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བསྙན་དང་མཚུངས་སློབ་མ་ཡིས། །སྡིག་མེད་གསལ་བར་མཐོང་བར་ཤོག་།དེ་ནས་ཡོལ་བའི་ཕྱི་རོལ་ཏུ་ཡོན་ཕུལ ་བའི་སློབ་མ་རེ་རེ་ཞིང་ཡང་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨ་ཁཾ་བིར་ཧཱུཾ་ཞེས་པའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་ལག་ཏུ་བྱིན་ནས་གདོང་རས་བཀབ་སྟེ་བུམ་པའི ་ཆུས་བསངས་ལ་དྲི་བར་བྱའོ། །ཁྱོད་སུ་ཡིན། ཅི་ལ་དགའ་། དེས་སྨྲས་པ། སྐལ་བ་དང་ལྡན་པ་ནི་བདག་སྟེ། བདེ་བ་ཆེན་པོར་རོ། དེ་ནས་དེའི་སྙིང་གར་རྡོ་རྗེ་བཞག་།ོཾ་སརྦབ་ཡོ་ག་ཙིཏྟོཏཔ་ཏ་ཡ་མི། །སུ་ར་ཏེ་ས་མ་ཡ་སྟཝཾ། ཧོ་སིདྡྷི་བཛྲ་ཡ་ཐ་སུ ་ཁཾ། དེ་ནས་ཧཱུཾ་ཛ་ཧཱུཾ་ཞེས་པའི་སྔགས་འདིས་བཀུག་སྟེ། ཡོལ་པའི་ནང་དུ་གཞུག་ཅིང་དཀྱིལ་འཁོར་གྱི་སྒོར་བཞག་པས་བརྗོད་པར་བྱ་བ་ནི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་བྱ་བ་མ་ཡིན་ཞིང། དམ་ཚིག་ཉམས་པར་མ་གྱུར་ཅིག་ཅེས་པའོ།། ་མགོ་བོར་རྡོ་རྗེ་བཞག་ལ། གལ་ཏེ་ཚུལ་འདི་སྨྲས་པར་གྱུར་པ་ཡིན་ནོ། དམ་ཚིག་གི་རྡོ་རྗེ་འདིས་མགོ་འགས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པར་སྙིང་གར་བཞག་ལ་བརྗེད་པར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། ། ་སྙིང་ལ་ཡང་དག་ཞུགས་པ་སྟེ། །གལ་ཏེ་ཚུལ་འདིས་སྨྲས་པ་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདིས་མནའ་བསྒག་པར་བྱ་སྟེ། །པདྨའི་སྣོད་དུ་བདུད་རྩི་ལྔ་གཞག་ལ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་སྟེ། ཨོཾ་བཛྲཱ་མྲི་ཏོངྒ་ཐ་ཞེས་པ ་ལན་བདུན་དུ་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་བར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ་ཅེས་བརྗོད་ལ་བླུད་བར་བྱའོ། །དེ་ནས་སློབ་མས ་འདི་སྐད་བརྗོད་པར་བྱ། དེང་ནས་བརྩམས་ཏེ། ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་པས་ངས་གང་ཅི་བསྒོ་བ་དེ་དག་ཐམས་ཅད་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་བར་མ་བྱེད་ཅིག་།ཡང་བ་མ་སྤངས་པར་དུས་བྱས་ནས་སེམས་ཅན ་དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་དམ་ཚིག་གི་ཆུ་བླུད་པར་བྱའོ། །དེ་ནས་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཅེས་བའོ།། ་དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེས་མཚན་པ་ལ་ཧཱུཾ་ཡིག་ནག་པོ་གནས་པའོ། །མཚོགས་མར་ཆུའི་དཀྱིལ་འཁོར་བཾ་ཡིག་ལས་བྱུང་བ་དཀར་ཞིང་ཟླུམ་པ་བུམ་པས ་མཚན་བས་ཧཾ་ཡིག་དཀར་པོ་ཁ་མཐུར་དུ་བལྟས་པ་གནས་པའོ། །མགྲིན་པར་ཡཾ་ཡིག་ནག་པོ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པར་བ་དན་གཡོ་བས་མཚན་བར་དམར་པོ་གནས་བའོ། །རྐང་པ་ནི་རླུང་གི་དཀྱིལ ་འཁོར་གྱིས་པུས་པས་མེའི་དཀྱིལ་འཁོར་གྲུ་གསུམ་འོད་ཟེར་འབར་བ་ལ་གནས་པའི་ཛེ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་བསམ་སྟེ། བསྒྱིངས་བ་དང་བཅས་པས་དྲིལ་བུ་ལ་བྲོལ་ཞིང་ཨ་བེ་ཤ་ཡ་སྟཾ་བྷ་ཡ་རཾ་རཾ་རཾ་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ ་ཧཱ་ཛེ་ཞེས་བརྗོད་པས་འབེབས་པར་བྱེད་དོ། །ཕེབས་པར་གྱུར་ནས་ལྕེ་ལ་ཨ་ཡིག་དམར་པོ་བསམས་ཏེ། སྣ་ལ་སྣང་བ་མཛའ་ཡས་ཀྱི་གཟུགས་བསམ་བར་བྱའོ། །དེ་ནས་སྨྲོས་ཤིག་ཅེས་པས་དགེ་བ་དང་མི་དགེ་བ་སྨྲ་པར ་འགྱུར། །བརྗོད་བ་ཤེས་ནས་ཨོཾ་ཏིཥྛ་བཛྲ་ཞེས་པས་བསྟན་པར་བྱས་ལ། ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང་ཞེས་དྲི་བར་བྱའོ། །དྲི་བར་བྱས་པ་དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་རྣམས་སྣང་ཞེས་དེས་སྨྲས་ན། ཞི་བ་དང། ་རྒྱས་བ་དང། དབང་དང། སྔོན་སྤྱོད་ཀྱི་དངོས་གྲུབ་རྣམས་ཀྱི་སྣོད་དུ་འགྱུར་རོ། །ཞེས་བསྟན་པར་བྱའོ། །དེ་ནས་བདེན་པའི་བྱིན་གྱིས་བརླབས་བྱ་སྟེ། བདག་གིས་དཀྱིལ་འཁོར་འདི་རུ་ནི། །སློབ་མ་ཡང་དག་གཞུག་བར་བགྱི། །ཇི་ལྟར་བསོད ་ནམས་དེ་བཞིན་ཤོག་།ལྷའི་རིགས་ཀྱི་རིག་བ་དག་།དངོས་གྲུབ་འདི་ནི་གང་གྲུབ་པ། །གང་གི་རིགས་ཀྱི་སྣོད་དུ་འགྱུར། །གང་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག་།དེ་ནས་མེ་ཏོག་གཅིག་དཀྱིལ་འཁོར ་དུ་དོར་བར་བྱ་སྟེ། པྲ་ཏཱིཙྪ་བཛྲ་ཧོ་ཞེས་བ་འདིས་སོ། །དེ་ནས་མེ་ཏོག་དོར་བ་ལས། །དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་བར་བྱ་སྟེ། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ་འམ། མཚོགས་མ་འམ། སྤྱི་གཙུག ་ཏུ་ལྷུང་ན་ནི། དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་སྤྱན་ནམ་ཞལ་དུ་ལྷུང་བ་དེའི་ཚེ་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ལ། །ཡན་ལག་མཆོག་ཏུ་ལྷུང་ན་མཆོག་དང། ཡན་ལག་འབྲིང་པོ་ལ་ནི་འབྲིང་པོ་དང། །སྨས ་ཀྱི་ཆ་ལ་ནི་ཐ་མ་འགྲུབ་པའོ། །སྐུ་ལས་རིང་དུ་ལྷུང་ན་ཐ་མས་འགྲུབ་ལ། །ཉེ་བར་གྱུར་ན་མྱུར་དུ་འགྲུབ་པའོ། །ལྷ་རྣམས་ཀྱི་རང་རང་གི་གནས་སུ་ནི་ལེའུ་ཚེས་རི་མོས་བཅད་པར་ཤེས་པར་བྱའོ། །གང་གི་ཚེ་གཉིས་པར་དུ་ལྷུང་བར་གྱུར་པ ་དེའི་ཚེ། མེ་ཏོག་གང་ལ་ཉེ་བར་གྱུར་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་ནི། དམན་བའི་དངོས་གྲུབ་དུ་འགྱུར་རོ། གལ་ཏེ་རི་མོ་ལྷུང་བ་དེའི་ཚེ་ཡང་དོར་བར་འགྱུར་རོ། ལན་གསུམ་དུ་དོར་བས ་དེའི་ཚེ་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་ལ། རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ་ལྷུང་ན་ནང་དུ་ལྷུང་བ་ཙམ་གྱིས་ཡང་དཀའ་བའོ། །དེ་དག་ནི་མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་མེ་ཏོག་བླངས་ཏེ། སློབ་མའི་མགོ་ལ་བཅིངས་ཏེ། པྲ ་ཏི་གྲིཧྣ་སྭ་མི་མར་སྤྲ་བས་ཧ་བ་ལ་ཞེས་བརྗོད་པས་སོ། །དེ་ནས་མིག་གཉིས་ཡི་གེ་ཨོཾ་བསམས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི། །མིག་འབྱེད་བ་ནི་བརྩོན་བ་སྟེ། མིག་ནི་ཐམས་ཅད་འབྱེད་མཛད་བ། །རྡོ་རྗེ་མིག་ནི་བླ་མེད་པ་ཞེས་བརྗོད་ལ། ་གདོང་གཡོགས་དགྲོལ་བར་བྱའོ། དེ་དག་ནི་དཀྱིལ་འཁོར་དུ་གཞུག་བའི་ཆོ་གའོ། །ད་ནི་དབང་བསྐུར་བ་བརྗོད་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་རྟེན་ཇི་ལྟར་གསལ་བ་བཞིན། །བདག་ཀྱང་བསྒྲལ་བའི་དོན་དུ་ནི། །ནམ ་མཁའ་རྡོ་རྗེ་དེང་བདག་གསོལ། །ཅེས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ་རང་གི་རིག་མ་སྐྱེས་བུའི་ཆུ། །བུམ་པ་བརྒྱད་པོས་ཐམས་ཅད་དེ། །རྡོ་རྗེ་ཐུགས་སུ་རབ་བསྒོམས ་ནས། །རྡོ་རྗེ་ཅན་གྱི་དབང་བསྐུར་བྱ། །ཁུ་ཚུར་དང་བཅས་པ་ནས་ཆུ་བླུགས་ལ། སངས་རྒྱས་ཀུན་གྱི་བྱིན་པ་ཡི། གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་མཛད་པ། །རྡོ་རྗེའི་དབང་བསྐུར་ཆེན ་པོའོ། །བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པས་ནི། །སློབ་མ་འཁོར་ལོ་སྒྱུར་བ་ལྟ་བུའི་དབང་བསྐུར་བྱའོ། །དེ་དག་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་རྗེས་ལ་གསེར་རམ། །གོས་ལ་སོགས་པའི་ལས ་བསྲུང་བའི་དབུ་རྒྱན་སློབ་མའི་མགོ་ལ་བཅིངས་ལ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་ལས་ནམ་མཁའ་ཨི་ཕྱོགས་ན་བཞུགས་བའི་དེ་བཞིན་གཤེགས་པ་ཐམས་ཅད་དབུ་རྒྱན་ལ་རིགས་ཀྱི་གཟུགས་སུ་གནས་པར་བལྟ་བར་བྱའོ། །དེ་དག་ནི ་དབུ་རྒྱན་གྱི་དབང་བསྐུར་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་ཆེན་པོའི་རྩེ་ལྔ་པ་སྙིང་གར་རང་གི་ལག་པས་གཟུང་ལ་དབང་བསྐུར་རྡོ་རྗེ་སེམས་ཞེས་བརྗོད་དོ། །སློབ་མ་སྣང་བ་མཛའ་ཡས་བྱ། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བྱ། །འདི ་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་དང། མགྲིན་པ་དང། མཚོགས་མ་རྣམས་སུ་རེག་པར་བྱས་ཏེ། ལག་པ་གཡས་པས་རྡོ་རྗེ་སྦྱིན་པར་བྱའོ། །དེ་དག་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་ག་སྟེ། ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ཤིང་ལག་པ་གཡོན་པའི་དྲིལ་བུ་བྱིན་ལ། རྡོ་རྗེ་དྲིལ་བུ་ལྡན་པ་དག་གི་འཁྱུད་པའི་ཚུལ་དུ་བྱས་ལ། ཨོཾ་བཛྲ་ཏི་བ་ཏི་?་བི་ཥེ་ཀ་ཏ། ཞེས་བྱ་བ་ནི་དྲིལ་བུའི་དབང་བསྐུར ་བའི་ཆོ་ག་སྟེ། བྱ་བ་གྲུབ་བའི་ཡེ་ཤེས་སོ། །དེ་ནས་མི་བསྐྱོད་པར་བསམས་ལ། མིང་གི་དབང་བསྐུར་བ་ཡང་སྦྱིན་པར་བྱ་སྟེ། མགོ་བོར་རྡོ་རྗེ་དང་དྲིལ་བུ་སྦྱིན་བར་བྱས་ལ། ཨོཾ་བཛྲ་ས་ཏྭཱ་སྟཝམ་བྷི་ཤིཉྩ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེ་དཔལ་གཏི ་མུག་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ། ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་བར་བྱའོ། །ཞེས་པ་ནི་མིང་གི་དབང་བསྐུར་བའི་ཆོ་ག་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་སོ། །དེ་ལྟར་དབང་བསྐུར་བ་རྣམ་བ་ལྔ་པོ་དེ་དག་ནི་རིགས་པའི་དབང་བསྐུར་ཞེས་བརྗོད་དོ། །ཐམས་ཅད་ཀྱང་སྤྱན་ལ་སོགས་པའི་རིག་པའི་བྱ་བ་ལ་འཇུག་པས་ཤེས་པས་སོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་དབང་བསྐུར་བས། ཀྱE་བདག ་ལ་སྩོལ་ཅིག་སྙིང་རྗེའི་མཆོག་།རང་གཞན་དོན་གྱི་ནུས་པར་འགྱུར། །ཇི་ལྟར་བདག་ལ་དེང་གསོལ་ཅིག་།ཅེས་གསོལ་བ་འདེབས་པའི་སློབ་མ་སྟེ། སེངྒེའི་སྟན་ལ་གཞག་སྟེ། སྣ་ཚོགས་པདྨ་འདབ་མ་བརྒྱད་བའི་སྟེང་རྡོ་རྗེ་སེམས ་དཔའ་ཨི་གཟུགས་སུ་དམིགས་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་བྱིན་ལ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག་། ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའི། ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གཟུང་བར་བྱའོ། །དེའི་རྗེས་ལ་ཨ་ཡིག་ལས་བྱུང་བའི་དྲིལ་བུ་དང། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཅན་རྗེས་འགྲོར་བཤད། །ཁྱོད ་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད་ཅེས་པ་འདིས་ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱ་ཞིང། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱ། །རང་བཞིན་དག་པའི་སེམས་དཔའ་མཆོག་།སྲིད་པ་ཡི་ནི་མཆོག ་ཏུ་བརྗོད་ཅེས་བརྗོད་ལ། སློབ་མས་དྲིལ་བུ་དཀྲོལ་བར་བྱའོ། །དེའི་རྗེས་ལ་ཡིད་ཀྱི་གཟུགས་ནི་བསྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བརྗོད། །གང་ཚེ་ཀུན་གྱི་གཟུགས་སུ་བསྟན། །དེ་ནི་ཕྱག་རྒྱ་རབ་ཏུ་གྲགས། ཞེས་པ་འདིས་རང ་ཉིད་ལྷའི་གཟུགས་ཀྱི་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་འཁྱུད་བར་བྱའོ། །སློབ་དཔོན་གྱིས་དེའི་ཚེ་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷ་རྣམས་ཀྱི་ཚོགས་ནམ་མཁའ་ལ་གནས་པ་རྣམས་ཀྱིས་དབང་བསྐུར ་བར་བསམ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་སྤྱིན་པ་ཡི། །གསང་གསུམ་གནས་ནས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོའོ། །ཞེས་པས་དབང་བསྐུར་བའོ། །དེ་སྐད་དུ་ཡང་གསུངས ་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློན་དཔོན་གྱི་ནི་དབང་དུ་འདོད། །ཅེས་པའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པ ་ལ། རྗེས་སུ་སྣང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པའོ། །ཆོས་ཀྱི་གནས་སུ་རིན་པོ་དང། རྡོ་རྗེ་དང། ་པདྨ་དང། རལ་གྲིའི་སྒྲ་བཅུག་པའི་རིམ་པ་ལས་ཚིགས་སུ་བཅད་པ་རྣམ་པ་ལྔ་ནི་རྗེས་སུ་སྣང་བར་སྦྱིན་པའོ། །དེའི་རྗེས་ལ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཨི་ཕྱག་ནི་གནས། ཁྱོད? ་ཀྱིས་ཀྱང་ནི་རྟག་ཏུ་ཟུང། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། ཞེས་པ་འདིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སློབ་མའི་ལག་ཏུ་སྦྱིན་པར་བྱ། ཨོཾ་སརྦབ་ཏ་ཐཱ་ག་ཏ་ས་མ་ཡ་བཛྲ་ཏིཥྛེ་ཥ་སྟཝཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུཾ་ཞེས་སློབ་མ་ལ་བརྗོད་པར་བྱས་ནས་རྡོ་རྗེའི ་བརྟུལ་ཞུགས་བླང་བར་བྱའོ། །ཞེས་པ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསམས་ཏེ། སྙིང་གར་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་གྲཝ་ནས་བཟུང་སྟེ། གཡས་པ་མཆོག་སྦྱིན་པའི ་ཕྱག་རྒྱ་བཅས་ནས། སློབ་མ་གང་གི་རིགས་དེའི་གཟུགས་སུ་དམིགས་ནས་ལུང་བསྟན་བར་བྱ་སྟེ། ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཕྱིར་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །སྲིད་པའི་མཆོག་འདི? ་འགྲུབ་པར་བྱེད། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ་མོ། །ཁྱོད་ནི་དམ་ཚིག་བསྒྲུབ་པའོ། །བྷུར་བྷུ་བ་སྭ་ཞིས་ལུང་བསྟན་བྱས་ལ། གང་འདི་ལྟ་བུའི་ཆོས་འབྱུང་བའི་ཕྱག་རྒྱས་ལུང་སྟོན་པར་བྱེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད ་དང། དེ་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་དང་བཅས་པའི་དཀྱིལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དོ། །གང་འདི་ལྟ་བུ་ཉིད་ནི་ཆོས་འབྱུང་བའི་ཕྱག་རྒྱ་སྟེ། བྱིན ་གྱིས་བརླབས་ཀྱིས་སྟོབས་ཏེ། འདི་ནི་སྔགས་ཀྱི་སྟོབས་སོ་ཞེས་དད་པར་བྱའོ་ཞེས་བརྗོད་དོ། །དེ་དག་གིས་ལུང་བསྟན་པའོ། །དེའི་རྗེས་ལ། མ་ཧཱ་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་དབུགས་འབྱུང་བ་སྦྱིན་པར་བྱ་སྟེ། ་གསང་བའི་དཀྱིལ་འཁོར་མཆོག་ཏུ་ནི། །ཞུགས་ཤིང་མཐོང་བ་དམ་པ་སྟེ། །སྡིག་པ་ཀུན་ལས་གྲོལ་བར་གནས། །ཁྱོད་ནི་དེ་རིང་བཟང་པོར་འདོད། །ཐེག་པ་ཆེན་པོ་བདེ་ཆེན་འདིར། །ཡང་ནི་འཆི་བ་ཡོད་མིན་ཏེ། །སྲིད་པའི ་སྡུག་བསྔལ་ལས་རྒལ་བའོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་པའི་ཕྱག་རྒྱ་སྟེ། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་བོར་བར་བྱ་བ་མིན། །མི་ཤེས ་པའང་རྨོངས་པ་ལ། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་དག་ཀྱང་སྨད་མི་བྱ། །དེ་ནི་སངས་རྒྱས་ཀུན་དང་མཉམ། །རང་དག་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ ་རྣམས་ཀྱིས་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བ་བཟུང། །འདི་ནི་མ་འོངས་རྫོགས་སངས་རྒྱས། དེ་རིང་སློབ་དཔོན་དཀྱིལ་འཁོར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ལྷ་རྣམས་ཀུན་གྱི་མཐུན་པར་གསུངས། ་སེམས་ཅན་རྗེས་སུ་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་གྱིས་ནི་བྲི་བར་གྱིས། །སྒྲུབ་པོ་རྣམས་ཀྱང་རྒྱུད་ལ་སྦྱོར། ཞེས་པ་ནི་དབུགས་དབྱུང་སྦྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི ་རྣམས་ནི་དབང་བསྐུར་བ་རྣམ་པ་ལྔའི་རྗེས་ལ་འམ་སློབ་དཔོན་གྱིས་དབང་བསྐུར་བའི་རྗེས་ལ་སྦྱིན་པར་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བ་ཉིད་ནི་ཕྱིར་མི་ལྡོག་བའི་དབང་བསྐུར་བ་ཞེས་བརྗོད་དོ། །དབང་བསྐུར་བ་ལྔ་དང། ་སློབ་དཔོན་གྱི་དབང་བསྐུར་བ་ལ་ནི་བུམ་པའི་དབང་བསྐུར་བ་ཞེས་བརྗོད་དེ། ཐམས་ཅད་ཀྱང་བུམ་པའི་བྱ་བ་ལས་འཇུག་པས་སོ། །དབང་བསྐུར་བ་དྲུག་པོ་འདི་དག་ནི་རྒྱུད་དེ་ཀུན་དད་མེ་འགལ་བའོ། །དེ་དག་ནི་སློབ་དཔོན་གྱིས་དབང་བསྐུར་བ་སྟེ། ་རྡོ་རྗེའི་ལུས་སུ་རྣམ་པར་དག་པའོ། །དེའི་རྗེས་ལ་ཡོལ་བ་ལ་སོགས་པ་རྣམས་ཀྱིས་དབེན་པར་བྱས་པའི་ཕྱོགས་སུ་སློབ་མ་གསང་བའི་དབང་བསྐུར་བའི་དོན་དུ་སྐལ་བ་དང་ལྡན་པས་ཕུལ་ཏེ་ངེས་པར་བྱུང་བའི་གནས་སྐབས་སུ་གསོལ་བ་གདབ་པར ་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་གསོལ། །བླ་མས་ཀྱང་ལྷའི་རྣལ་འབྱོར་དུ་ལྷག་པར་མོས་ཏེ། རང་རིག་པ་མངོན་དུ་བྱས་ལ། །ནམ ་མཁའ་ཨི་ཁམས་མི་འཚེར་བ་ཡིས། །ཤེས་རབ་ཀྱི་ནི་པད་བྱུང་སྟེ། །ཤེས་རབ་གདོང་ནི་གཙང་བ་དང། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །མཐེ་བོ་སྲིན་ལག་ལག་གིས་ནི། །སློབ་མའི་ཁ་རུ་ལྷུང་བར་བྱ། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད ་ཅིང་ལོངས་སྤྱོད་ཀྱི་སྦུབས་སུ་གཞུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་སོན་པའོ། །དེས་ཀྱང་ལངས་ཏེ་དེ་ལྟ་བུ་ཉིད་ཀྱིས་སྦྱིན་པར་བྱའོ། །དེ་དག་ནི་གསང་བའི་དབང་བསྐུར་བ་སྟེ། རྡོ་རྗེའི་ངག་རྣམ་པར་དག་པའོ། ། ་དེའི་རྗེས་ལ་སློབ་མའི་ལག་ཏུ་སྟེ། །ཕྱག་རྒྱ་ལག་ཏུ་གཏད་བྱ་ཞིང། །དེ་བཞིན་གཤེགས་རྣམས་དབང་པོར་བྱས། །སྤྱི་བོར་རྡོ་རྗེ་ཡང་དག་གཟུང། །བླ་མ་རྡོ་རྗེ་ཅན་གྱིས་བརྗོད། །འདི་ནི་ཁྱོད་ཟུང་ལེགས་པ་ཡིན། །སངས་རྒྱས་ཀུན་གྱིས ་བརྟན་པར་གསུངས། །འཁོར་ལོ་བསྐོར་བའི་རྣམ་འབྱོར་གྱིས། །དམ་པའི་བདེ་བ་ཡང་དག་བརྩམ། །འཇིག་རྟེན་གསུམ་འདི་དག་པ་སྟེ། །གཞན་གྱིས་ཀྱང་ནི་སངས་རྒྱས་མིན། །དེ་བས་ལྷན་ཅིག་མི་གནས་པར། །ཁྱོད་ཀྱིས་ཆགས? ་ཡང་བྱ་བ་མིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །བླ་མེད་དངོས་གྲུབ་འབྱུང་མི་འགྱུར། ཞེས་བརྗོད་ལ། སློབ་མའི་ཕྱིར་དེ་སྦྱིན་པར ་བྱའོ། །དེ་ནས་རང་ཉིད་ལྷའི་བདག་པོའི་རྣལ་འབྱོར་གྱིས། དེའི་མཚོགས་མ་དང། སྙིང་ག་དང། ལྟེ་བ་དང། གསང་བ་དང། བརླ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་ཧཱུཾ་སྭཱ་ཨཱ་ཧཱ་ཞེས་པའི་རིགས་སྔགས་ཀྱི་ཚོགས་སུ་བྱའོ།། ་དེའི་རྗེས་ལ་ཧཱུཾ་གིས་ཨས་པདྨ་དང་རྡོ་རྗེ་སྟེ། དེ་དག་གི་ཟེ་འབྲུ་ལ་ཡང་ཨ་དང་ཨཾ་ཡིག་གོ་།བུག་སྒོར་ཡང་ཕཊ་སེར་པོ་བསམ་པར་བྱས་ལ། །ོཾ་པདྨ་སུ་ཀ་ད་ར་མ་ཧཱ་ར་ག་སུ་ཁཾ་ད་ད་ཙ་དུ་རནྣ་ཏ་བཀ་བི་ཤ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཤ་མེ་ཞེས་བྱ ་བས་པདྨ་བྱིན་གྱིས་བརླབ་པ་དང། ཨོཾ་བཛྲ་མ་ཧཱ་དེ་ཤ་ཙ་དུ་རནྣ་ཏ་ད་ཡ་ཀ་ཁ་མུ་གེ་ཀ་ར་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཤ་མེ་ཞེས་པས་རྡོ་རྗེ་བྱིན་གྱིས་བརླབ་པའོ། །དེ་ནས་བྷ་གར་གཡོན་གྱིས་རྩ་གནས་པ། །རྡོ་རྗེ་དབྱིངས་ཀྱི་དབང ་ཕྱུག་མ་ཞེས་བྱས། ཅུང་ཟད་སོར་མོས་བསྐྱོད་བྱས་ན། །དེ་ཡིས་བླ་མའི་བཀའ་ལ་ཤེས། །དེའི་རྗེས་ལ། ཨོཾ་སརྦབ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བཱཏྨ་གོ་ཧཾ། ཞེས་དགའ་བ་བརྩམ་པར་བྱའོ། །མཁའ་ཁམས་རྡོ་རྗེ་ཡང་དག ་སྦྱོར། །རེག་པས་ངོ་མཚར་ཆེན་བོ་ལས། །གང་ཞིག་བདེ་བ་བསྐྱེད་པ་དེས། །མཆོག་ཏུ་དགའ་བར་དེས་བྱེད་པའོ། །མཆོག་དང་དགའ་བྲལ་དབུས་སུ་ནི། །མཚོན་ཞིང་བལྟོས་ལ་བསྟན་པར་གྱིས། ཞེས་པས་ཤེས་རབ ་ཡེ་ཤེས་ཀྱི་དབང་བསྐུར་བས། ཐུགས་རྡོ་རྗེ་རྣམ་པར་དག་པར་བྱེད་པའོ། །དེ་ནས་ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་སྦྱིན། །སློབ་མའི་མོས་པས་ཡིད་ཀྱི་ཡང་དག་ཤེས། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། ། ་དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་ལས་ལྷག་།དགའ་བྲལ་ཆགས་དང་བྲལ་ཉིད་དེ། །ལྷན་ཅིག་སྐྱེས་དགའ་ལྷག་མའོ། །དང་པོར་རེག་པར་འདོད་པ་དང། །གཉིས་པ་བདེ་བར་འདོད ་པ་སྟེ། །གསུམ་པ་ཆགས་པ་ཉམས་པ་སྟེ། །དེ་ནས་བཞི་པ་བསྒོམ་པར་བྱ། །རྣམ་པ་སྣ་ཚོགས་དང་པོའི་དགའ་། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དཀའ་བྲལ་རྣམ་པར་རྙེད་བ་སྟེ། ལྷན་སྐྱེས་མཚན་ཉིད་བྲལ་བའོ། །རྣམ་བ་སྣ་ཚོགས་སྣ ་ཚོགས་བརྗོད། །འོ་དང་འཁྱུད་པ་ལ་སོགས་ལ། །རྣམ་པར་སྨིན་པ་དེ་ལས་བཟློག་།བདེ་བའི་ཡེ་ཤེས་ཉེར་ལོངས་སྤྱོད། །རྣམ་པར་ངེས་པ་གྲོས་སུ་བརྗོད། །བདག་གིས་བདེ་བ་ཟོས་པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས ་བྲལ་རྣམ་པར་སྤངས། །དེས་ན་འདི་སྐད་དུ་གསུངས་ཏེ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །གསུམ་པོ་སྤངས་པས་འདི་ཉིད་ན། །ལྷན་ཅིག་སྐྱེས་པ་རྟོག་པ་བརྗོད། །ཅེས་དབང་བསྐུར་བ་ཐོབ་པ་ནི་བྱ་བ ་བྱས་པའོ། །ཞེས་བརྗོད་དེ། དེང་དུས་བདག་ཚེ་འབྲས་བུར་བཅས། །བདག་གིས་གསོན་པ་འབྲས་བུ་སྟེ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །བདག་ནི་དེ་ལྟར་སངས་རྒྱས་སྐྱེས། །གཞན་ཡང་འདིར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས ་པའི་བཀས?་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང། །དབང་བསྐུར་བ་སོ་སོ་ལ་བླ་མའི་དོན་དུ་གོས་གསུམ་དང་ཡོན་དབུལ་བར་བྱའོ། །མ་འབྱོར་བར་གྱུར་ན་དང་པོ་དང་བར་མ་དང་ཐ་མར་རོ། །ཐམས་ཅད་དུ་འབྱོར་པར་མ་གྱུར་པའི་ཕྱོགས་ལ་ནི། ་ཀུན་ཕྱོགས་གཅིག་ཏུ་བྱས་ཏེ། ཐོག་མ་ཉིད་དུ་གོས་གསུམ་དང། ཡོན་གྱི་བར་དུ་དབུལ་བར་བྱའོ། །ཡང་མ་འབྱོར་ན་ཇི་ལྟར་གང་ཡང་རུང་བ་སྟེ། བླ་རེ་དང་འཕན་རྣམས་ཏེ། རལ་པ་ལ་འཇམ་པོའི་སྟན་མཐོན་པོ་དང། གསེར་གྱི་སོར ་གདུབ་ངེས་པར་འབུལ་བར་བྱའོ། །དེ་བཞིན་དུ་སྦྱིན་སྲེག་དང་རབ་ཏུ་གནས་པས་ཡང་ངོ་ཞེས་པའོ། །དེ་ནས་སྦྱིན་སྲེག་བྱ་ཞིང། གཏོར་མ་སྦྱིན། འགྲོ་མཆོག་རྣམས་ཀྱང་འདུལ་བྱ་ཞིང། དེ་རྗེས་དགེ་འདུན་ཆོས་སྟོན ་བྱ། །མགོན་མེད་འཕོངས་པ་ཚིམ་པར་བྱའོ། །ཞེས་འདི་དག་ཐམས་ཅད་ཀྱི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ལག་པར་བྱའོ། །དེ་ལ་རྡོ་རྗེ་སོར་ནི་བརྒྱད་ནས་བརྩམས། ཉི་ཤུ་རྩ་གཉིས་གྲངས་མཉམ་བྱ། །རྡོ་རྗེ་བརྒྱད་ཀྱི་ཚུལ་ལས་བྱས། ། ་གསེར་དང་ར་གན་ལ་སོགས་བྱུང་བའོ། །རྡོ་རྗེ་ཞེས་བྱ་རྣམ་པ་གསུམ་རྩེ་གསུམ་རྩེ་ལྔ་རྩེ་དགུ་པའོ། །ཡང་ནི་རྣམ་པ་གཉིས་དབྱེ་སྟེ། ཞི་དང་མ་ཞིའི་དབྱེ་བས་སོ། །བཞི་བཔ་སྣ་ཚོག་རྡོ་རྗེ་ནི། རྩེ་མོ་ལྔ་པ་གདོང་བཞི་པའོ། །དབུ་མ་བཟུང ་བའི་གནས་ཡིན་ཏེ། །མཛའ་ཨི་རྩེ་མོ་དེའི་ཆོད། །ཆུ་སྲིན་སྤེལ་བ་མཛའ་དང་མཐར། །ཆུ་སྲིན་ཁ་ནས་བྱུང་བའོ། །རྩ་སྤོམ་རྩེ་མོ་བག་ཀྱིས་འཕྲ། །རྩེ་མོ་དགུ་ཞིང་རིམས་ཀྱིས་རྣོ། །ཕྱོགས་ཀྱི་ཆ་ལས་མ་འདས་བ། །དབུ་མའི་ར་ནི་ནས ་ཀྱི་དབྱིབས། །ར་བཞི་ཡི་ནི་བར་དག་ཀྱང། །དབུས་ཀྱི་རྭ་དང་བར་མཚམས་བྱ། །རྡོ་རྗེ་དང་ནི་རྗེས་མཐུན་པར། །ཆུང་ངུ་སོར་གཉིས་ཆ་བསྐྱེད་བྲི། །རྩེ་མོ་ཕན་ཚུན་མཉམ་བྱ་ཞིང། །དབུ་མ་ལ་ནི་ཅུང་ཟད་བསྙུང། །རྭ་བརྒྱད་རྩ་བའི་ཡན ་ལག་ཏུ། །པདྨའི་ཁ་ཕྱེ་སྐ་རགས་བརྟགས། །དབུས་ཀྱི་ཆ་ནི་ཅུང་ཟད་ཙམ། །སྐ་རགས་ལས་ནི་ལྷག་བར་བྱ། །ཕན་ཚུན་མཉམ་བའི་ལྷག་མ་ནི། །རིམ་གྱིས་ཉིས་འགྱུར་མཐོན་བོར་བྱ། །ཆུ་སྐྱེས་འདབ་མ་བརྒྱད་མཛེས་བའི། །ཁ་ནི ་རྩ་བར་ཕྲེང་བ་གཉིས། ཞེས་པ་ནི་རྡོ་རྗེའི་མཚན་ཉིད་དོ། །དྲིལ་བུའི་དྲུག་ཆ་ཀུན་ནས་ཞལ། །དེ་ལ་ཆ་བཞི་དག་བ་ཡི། །མཁར་བའི་རང་བཞིན་ལས་ནི་བྱ། །གཞན་ནི་གཞན་ལས་བསྲུང་བ་ཡིན། །དྲིལ་བུ་དེའི་ནི་ནང་གི་མཁར། ཞེང་དང ་མཆུ་རུ་མཉམ་པར་བྱ། །ཁ་ཁྱེར་ཨུཏཔལ་བརྒྱད་ཆ་ཡིན། །གཞན་ལ་བུམ་པའི་ཆ་དང་ནི། །སྟེང་གི་ཆ་ནི་གཉིས་ཡིན་ཏེ། །ངོས་སུ་ཤེས་རབ་གདོང་པ་བྱ། །གདོང་དེ་སྔར་གྱི་རྡོ་རྗེ་ཕྱེད། །ཉིད་དེ་རྡོ་རྗེ་ཕྱེད་འདྲ་བྱ། །དེ་ལྟར་སོར་བརྒྱད་ལ་སོགས་པའི། ། ་དྲིལ་བུའི་རྡོ་རྗེ་མཐུན་པར་སྦྱར། །ཅུང་ཟད་ཆུ་སྐྱེས་ཁ་བྱེ་བའི། །ཁ་འམ་ཡང་ན་ཁ་ལ་མཆུ། ཞེས་པ་ནི་དྲིལ་བུའི་མཚན་ཉིད་དོ། །རྡུལ་ཚོན་གྱི་ས་གཞིའི་དབྱེ་བ་དབྱེ་བ་བརྗོད་པའི་དོན་དུ་གསུངས་པ། ཤར་དུ་ཤེས་རབ་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། ་ལས་ཀྱི་ཆོ་ག་མཐོང་བ་ཡིས། ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རིག་པ་ཉི་མ་དང། ཟླ་བ་ལ་སོགས་པ་ལ་གནས་པའོ། །རྡོ་རྗེ་ཞེས་པ་ནི་རྩེ་ལྔ་པའོ། །འགོར་ལ་ནི་རྩིབས་བརྒྱད་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་རིན་པོ་ཆེ་སེར་པོ་ཆ་དགུ ་པ་དང། པདྨ་དམར་པོ་དང། རལ་གྲི་ལྗང་གུ་དང་ནང་གི་རིམ་པའི་ཕྱོགས་རྣམས་སུའོ། །མཚམས་རྣམས་སུ་ནི་འཁོར་ལོ་དང། རྡོ་རྗེ་དང། པདྨ་དང། ཨུཏཔ་ལ་རྣམས་སོ། །ཕྱི་རོལ་གྱི་རིམ་པའི་སྒོ་རྣམས་སུ་ནི་ཐོ་བ་ནག་པོ་དང། དབྱུག་པ ་དཀར་པོ་དང། པདྨ་དམར་པོ་དང། རལ་གྲི་ལྗང་གུའོ། །ཕྱི་རོལ་གྱི་འཕར་མའི་གྲཝ་རྣམས་ལ་ཡང། ཐོད་པ་རྣམ་པ་བཞིའོ། །ཕྱག་མཚན་ཀུན་ཏུ་ཞལ་དང་མཚུངས། ཞེས་བྱ་བ་ནི་ལྷ་རྣམས་རང་ཉིད་ཀྱི་ཞལ་གཙོ་བོའི་སྐུ་མདོག་དང་པོའི་ཁྲུ ་གང་ཙམ་ཞེས་པའི་འོག་ན་གནས་པའི་རིན་ཆེན་སོར་གཉིས་པ་དང། རྡོ་རྗེ་སོར་དྲུག་པ་བོར་བ་སྟེ། ཡུ་བ་ཁྲུ་གང་གི་ཚད་དོ། །དེའི་སྟེང་དུ་ཡུ་བའི་སྟེང་དུ་གནས་པ་དང། སྐ་རག་ཀྱིས་བཅིངས་པ་སོར་བཞི་པ་ལས་ཏེ་སྟེང་དུ་དཀྱིལ་འཁོར ་ཞེས་པ་སྟེ་གྲུ་བཞི་པའོ། །དེ་དག་ཐམས་ཅད་ཀྱི་ཚད་ཇི་ཙམ་ཞེ་ན་གསུངས་པ། སོར་བཞི་པའི་ཚད་ཞེས་པའོ། །གཏིང་དུ་སོར་གཉིས་ཞེས་པ་ནི། སོར་བཞི་པ་དང་ལྡན་པ་ལ་སོར་གཉིས་གཏིང་དུ་འབྲུ་བ་སྟེ། ཞེང་དུ་སོར་བཞི་པ་ལ ་གཏིང་དུ་སོར་ཕྱེད་བོར་བ་བྲུ་བ་སྟེ། དཀྱིལ་འཁོར་དུ་ནི་རྩེ་གསུམ་བའི་རྡོ་རྗེ་སོར་གཉིས་པའོ། །ཞེས་པ་སྟེ། མན་ངག་གོ་།བཅུད་འཛག་ཁུང་བུ་ཞེས་པ་ནི་དགང་གཟར་གྱི་མགོ་བོར་གནས་པ། པདྨའི་འདབ་མའི ་རྣམ་བ་ཞེང་དུ་སོར་བརྒྱད་པ། ཟབས་སུ་སོར་གཉིས་བའི་དབུས་སུ་རྒྱར་སོར་བཞི་བ་བཀོས་པར་གནས་བའི་རྡོ་རྗེ་རྩེ་གསུམ་པ་སོར་བཞིའི་ཚད་ཀྱི་དགང་གཟར་ལ། མར་འཛག་བའི་དོན་དུ་སོར་ཕྱེད་ཀྱི་བུག་པ་གང་ཡིན་པ་དེ་ནི་སོར་ཕྱེད་སྟེ། ་བཅུད་འཛག་ཁུང་བུའོ། །དེ་ལྟ་བུ་འདི་ནི་ཁྲུ་ངོ་པའི་ཚད་ཀྱི་དགང་གཟར་རོ། །བླུགས་གཟར་པདྨའི་འདབ་འདྲ་ཞེས་པ་ནི། བླུགས་གཟར་ཁྲུ་ཕྱེད་དང་གཉིས་པ་སྟེ། དེ་ཡང་འོག་ཏུ་རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པ་དེའི་འོག་ཏུ་རིན་པོ་ཆེ་སོར་གཅིག་པའོ། ། ་དེའི་སྟེང་དུ་ཡུ་བ་ཁྲུ་གང་པའོ། །དེའི་སྟེང་དུ་ཡང་སྐ་རགས་སོར་གསུམ་པས་ཉེ་བར་བརྒྱན་པའོ། །དེའི་སྟེང་དུ་སོར་དྲུག་པའི་ཚད་ཀྱི་པདྨའི་རྣམ་པའོ། །རྡོ་རྗེ་རྩེ་གསུམ་སོར་གསུམ་པས་བླུགས་གཟར་རོ། །རྒྱུད་ཀྱི་ཆེ་བའི་བདག ་ཉིད་བསྟན་པའི་དོན་དུ་དཀྱིལ་འཁོར་དུ་ནི་མ་ཞུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་ཀྱི་རྒྱུད་ལ་བརྟེན་ནས་མཆོད་པ་དང་དད་པ་ཙམ་གྱིས་ཞེས་པ་ལྷག་མའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། ནག་པོ་ཞེས་བྱ་བ་ལ་སོགས་པ ་སྟེ། དབང་པོ་མཆོག་གི་རྒྱུ་དང་འབྲས་བུའི་ཚུལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་མཁྱེན་ཏོ། །རྡོ་རྗེའི་ཚིག་ཅེས་བ་ནི་རྡོ་རྗེ་སེམས་དཔའ་ངེས་པའི་ཚིག་སྟེ་དངོས་པོའི་རང་བཞིན་བརྗོད་པ་ནི་དཀྱིལ་འཁོར་དུ་ནི་མ་ཞུགས་ཞེས་བྱ་བ་ལ ་སོགས་པའོ། །སློབ་མས་དཀྱིལ་འཁོར་དུ་གསར་དུ་འཇུག་པའི་དོན་དུ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་བཞིའི་ས་བོན་ཞེས་བྱའི་རླུང་དང་མེ་དང་ས་དང་ཆུ་དང་སྟེ་འབྱུང་བ་ཆེན་པོ་ས་བོན་ཡཾ་རཾ་ལཾ་བཾ་ཡི་གེ་རྣམས་ཀྱིས་སོ། །འཁོར ་ལོ་བཞི་ཞེས་པ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་སོ། །གནས་བཞི་ཞེས་པ་ནི་རྐང་བའི་འོག་དང། ལྟེ་བ་དང། སྙིང་ག་དང། མཚོགས་མར་རོ། །རིམ་བ་ཇི་ལྟ་བ་བཞིན་དུ་གནས་རྣམས་སུ་ས་བོན་གྱི་ཡི་གེ་བརྗོད་པའི་དོན་དུ་རྐང ་བ་ཞེས་བྱ་བ་ལས་བརྗོད་པའོ། །འཁོར་ལོ་བཞི་བསྟན་པའི་དོན་དུ་གསུངས་པ། གཞུའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། གྲཝ་གཉིས་སུ་གཡོ་བའི་བདན་གཉིས་དང་ལྡན་བའོ། །གྲུ་གསུམ་ཞེས་བྱ་བ་ནི་ཟུར་གསུམ་མོ། །བ་ནེ་ཞེས་བ་ནི་མེའི ་དཀྱིལ་འཁོར་རོ། །རྡོ་རྗེ་ཅན་ནི་འཛིན་བཟོད་པ། ཞེས་བྱ་བ་ནི་རྡོ་རྗེ་རི་བོ་འཛིན་པར་བཟོད་པའོ། །རྡོ་རྗེའི་རི་བོ་དེ་ཉིད་བསྟན་པའི་དོན་དུ་རི་རབ་ཅེས་བྱ་བ་ལ་སོགས་པ་སྟེ། སྤྲིན་ཞེས་པ་ནི་ཚོགས་རྣམས་སོ། །གསིལ་བ་ཆེན་པོ་ཞེས་ཇི ་སྐད་གསུངས་པའི་དོན་གསུངས་པའོ། །གངས་ཀྱི་རི་བོ་ཞེས་བྱ་བ་ལ་སོགས་པ་ལ་གངས་ཀྱི་རི་བོ་ནི་ཁ་བའི་ཡིའོ། །འབེབས་ཞེས་བ་ནི་ཡུལ་ལ་འབེབས་པའོ། །དག་ལ་འབེབས་པའི་དོན་དུ་གསུངས་པ་རྡོ་རྗེ་སྣང་བ་མཛའ་ཡས་སྦྱོར་བ་ཞེས་བྱ་བ་སྟེ། ་ཕེབས་པའི་སློབ་མའི་ལྕེ་ལ་ཡི་གེ་ཨ་དམར་པོ་ཡོངས་སུ་གྱུར་པའི་ཉི་མ་ལ་ཧྲཱི(རྒྱུད་འགྲེལ་བའི་དམ་ཚིག་ཅེས་པ་ནི་དྲི་ཞིས་ཞུ་བ་སྟེ། ཇི་སྐད་དུ་གསུངས་པའི་འབྱུང་བ་བཞི་པོ་བསྒོམས་པས་རང་གི་བསོད་ནམས་ཀྱི་སྟོབས་ལས་གང་ཡང་རུང་བའི་སེམས་བཀུག་པ་གང་གི་རྟགས་དེ་བསྟན་པའི་དོན་དུ་ཁྲུ་གང་ཞེས་བྱ་བ་ལ་སོགས ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་རིན་ཆེན་ཅོད་པཎ་སོར་དྲུག་པ་ཞེས་བྱ་བའི་བར་རྟོགས་པར་སླ་ཞེས་བ་སྟེ་མ་བཤད་དོ། །གནོད་སྦྱིན་མོ་བསྒྲུབ་པའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་གནོད་སྦྱིན་མོ་ནི་བསྒྲུབ ་དུས་སུ་ཞེས་བྱ་བ་ནི། གནོད་སྦྱིན་མོ་བསྒྲུབ་པར་འདོད་པའི་དུས་སུ་སྟེ་སྔོན་མོ་ཆེ་ཞེས་ལྷག་མའོ། །ས་བོན་མ་གསུངས་པ་ཡང་མན་ངག་གི་ཧཱུཾ་ཡིག་ལས་སྐྱེས་པའོ། །དེ་ཡང་གཞལ་ཡས་ཁང་ཡོངས་སུ་རྫོགས་པ་ནི་གཤིན ་རྗེ་གཤེད་ཀྱི་གཞལ་ཡས་ཁང་བཞིན་ནོ། །འདི་དག་ཐམས་ཅད་ནི་ཕྱག་གཉིས་པ་ཡིན་ལ། ཐོ་བ་ལ་སོགས་པ་ནི་ཕྱག་དྲུག་པ་ཉིད་དོ། །སྔར་གྱི་དཀྱིལ་འཁོར་ཞེས་པ་ནི་རྡུལ་ཚོན་བཀྱེ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བཞིན་ཏེ་གཤིན་རྗེ་གཤེད་ ་ཀྱི་དཀྱིལ་འཁོར་བཞིན་ནོ། །བདག་པོའི་མཚན་མ་འཛིན་ཞེས་པ་ནི་རལ་གཅིག་མ་བཞིན་ཐོད་པ་དང་གྲི་གུག་འཛིན་པའོ། །དོན་ནི་འདི་ཡིན་ཏེ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་སྔགས་ཀྱི་ཡི་གེ་འབུམ་ཅང་མི་སྨྲ་བར་བཟླས་ཏེ། ་གང་གི་ཚེ་གནོད་སྦྱིན་མོ་བསྒྲུབ་པ་དེའི་ཚེ་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་རས་ཁ་ཙར་མ་བཅད་པ་ལས་གནོད་སྦྱིན་མོ་བྲིས་པའི་ཐད་ཀ་བྱ་སྟེ། དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལང་ཚོ་ཕུན་སུམ་ཚོགས་པ་དང། སྒེག་པའི ་ཉམས་དང། མེ་ཏོག་དང། འབྲས་བུ་བཅས་པའི་མྱ་ངན་མེད་པ་འམ། པཱ་ཏ་འམ། ཨ་མྲའི་ཤིང་རྣམས་གང་ཡང་རུང་བའི་ཡལ་ག་ལག་པ་གཡོན་པས་འཛིན་ཅིང་གཡས་པས་མཆོག་སྦྱིན་པའོ། །དེའི་མདུན་དུ་མེ་ཏོག་དང། ་སྤོས་དང། བཤོས་གཙང་ལ་སོགས་པ་སྦྱིན་པ་དབེན་པའི་གནས་སུ་རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་སྔགས་བཟླས་པར་བྱས་ན་ཉི་མ་བདུན་གྱིས་འོང་བར་འགྱུར་རོ། །འོང་བར་གྱུར་ན་དྲི་ཞིམ་པའི་མེ་ཏོག་གི་ཆུ་མཆོད་ཡོན་དུ་སྦྱིན་པར་བྱའོ། ། ་དེ་ནས་ལས་སྒྲུབ་པར་འགྱུར་རོ། །མ་དང་སྲིང་མོ་དང། ཆུང་མ་སྟེ་གང་ཡང་རུང་བར་ངེས་པར་སྨྲ་བར་བྱའོ། །དེ་ལྟ་བུས་དེས་ཐ་སྙད་དུ་བྱེད་པར་འགྱུར་རོ། །གཞན་དུ་ན་གསོལ་བར་བྱེད་ཅེས་སོ། །ཡང་ན་ནག་པོའི་བཅུ་བཞི་འམ། །བརྒྱད་པའི ་ཆོས་གང་ཡང་རུང་བ་ལ་སྤང་ལེབ་ལ་སྔར་བཞིན་དུ་བྲི་བར་བྱས་ལ། རལ་གཅིག་མའི་རྣལ་འབྱོར་ལས་སྙིང་གའི་ས་བོན་གྱིས་བཀུག་སྟེ། ཐོ་བ་ལ་སོགས་པའི་སྔགས་བཞིས་ཉེ་བ་ཉིད་དུ་དགུག་པ་དང། རི་མོ་ལ་གཞུག་པ་དང་བཅིང་བ་དང། དབང་དུ་བྱས་ལ ་སྐྱེ་གནས་ལག་པས་བཀབ་ལ་སྔགས་བཟླ་བར་བྱའོ། །གཞན་དུ་ཅང་མི་སྨྲ་བས་སོ། །དེ་ནས་ཉི་མ་བདུན་གྱིས་འོང་བར་འགྱུར་རོ། །འོངས་ནས་སྒྲུབ་པོའི་སྟོབས་ཀྱིས་འདོད་པའི་བྱེད་ཅིང་བརྩེ་བ་སྣ་ཚོགས་པ་ཡང་སྟོན་པར་བྱེད་པར་འགྱུར་རོ། །འཇིགས་པར ་ཡང་སྟོན་པར་བྱེད་དོ། །འོན་ཀྱང་འཇིགས་པ་མི་བྱ་ཞིང་སྨྲ་བར་ཡང་མི་བྱའོ། །དེ་ནས་བདེ་བླག་ཏུ་གྱུར་པའི་རྗེས་ལ་དངོས་གྲུབ་ཏུ་འགྱུར་ཞིང་རྣལ་འབྱོར་པ་གང་ཡིན་པར་མངོན་པར་འདོད་པ་དང་རྩེ་བར་བྱེད་དོ། །དེ་ནས་ཀྱང་མ་གྲུབ་ན་དེའི་ཚེ་གཤིན་རྗེ་གཤེད ་ཀྱི་རྣལ་འབྱོར་མ། རལ་གཅིག་མའི་རྣལ་འབྱོར་གྱིས་རང་གི་ཁའི་ས་བོན་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་པ་དང། ལྕགས་ཀྱུ་རྣམས་ཀྱི་སྐྱེ་གནས་ཕུག་ལ། ཞགས་པས་སྐེ་ནས་བཅིངས་ཏེ། བཀུག་ནས་རི་མོ་ལ་གཞུག་པར་བྱའོ། །དེའི་མགོ་བོ་ཉིད ་ལ་གཤིན་རྗེ་མཐར་བྱེད་བསྐལ་པའི་མེ་དང་མཉམ་པར་བསམ་པར་བྱ་ཞིང་འོག་ནས་ཀྱང་རེ་བས་མེའི་ཐོབ་ཁུང་སྟེ། དེ་ནས་ང་རྒྱལ་དང་བཅས་པས་དེར་བཀུག་སྟེ་གཤིན་རྗེ་གཤེད་པོའི་སྔགས་པས་རལ་གཅིག་མའི་སྔགས་བཟླས་པར་བྱས་ན་ངེས་པ ་ཉིད་དུ་ཉི་མ་བདུན་དུ་འགྲུབ་པར་འགྱུར་རོ། །དེ་ནས་པཱུ་ཀ་སི་ནི་རབ་ཏུ་སྒྲུབ་ཅེས་བྱ་བ་ལ་དེའི་དངོས་གྲུབ་ནི་པཱུ་ཀ་སི་ཞེས་པ་སྟེ། དེས་ནི་སྙིང་པོ་འདོན་པར་བྱེད་པའོ། །སྐུ་མདོག་སེར་མོ་ཞེས་བྱ་བ་ནི་གོ་སླ་སྟེ། པུ་ཡིག་གི་ས་བོན་ལས་སྐྱེས་པ ་ཞེས་པ་ལྷག་མའོ། །པཱུ་ཀ་སི་ལས་ཞེས་བྱ་བ་ནི་སྙིང་འཁྲུག་པའི་ལས་སོ། །དོན་ནི་འདི་ཡིན་ཏེ། དེ་ལྟ་བུའི་རྣལ་འབྱོར་ལས་ལྕེ་ལས་ཛ་ཡིག་དམར་པོ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་སྒྲུབ་བྱའི་སྙིང་ཕུག་སྟེ། སྙིང་ལ་ཁཾ་ཡིག་དཀར་པོ ་བསམ་པར་བྱ་སྟེ། དེ་ནས་དེའི་སྙིང་འོད་ཟེར་དེ་རྣམས་ཀྱིས་བཀུག་སྟེ་།རང་གི་སྙིང་ལ་ཞུགས་པར་བསམ་པར་བྱའོ། །ཞགས་པ་ནི་གཡོན་དུའོ། །ཐོ་བ་ནི་གཡས་པར་རོ། །གཡས་པ་ན་མདའོ། །གཞུ་ནི་གཡོན་པ་སྟེ། ་དེ་ཡང་ཞགས་པ་ནི་དེའི་སྐེ་ནས་འཆིང་བར་བྱེད་དོ། །ལྕགས་ཀྱུ་ནི་འགུགས་པར་བྱེད་དོ། །གཞུ་ནི་བཀང་སྟེ་སྙིང་གི་གནས་སུ་མདའ་རྡེག་པར་བྱེད་དོ། །ོཾ་པུ་ཀ་ཕུག་ཀ་ཞེས་བྱ་བ་ནི་ཨོཾ་པུ་ཀ་ཆེ་གེ་མོའི་པུ་ཀ་ཞེས་བྱ་བ་འདི་ནི་ཡི་གེ་འབུམ་སྙོན་པར ་བྱའོ། །མི་སྣང་བའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མཇམ་པའི་རྡོ་རྗེ་རབ་བསྒྲུབ་པ་ནི་འཇམ་པའི་རྡོ་རྗེ་རབ་ཏུ་གྲུབ་ནས་སྒྲུབ་པའོ། །སེར་པོ་ཞེས་པ་ནི་རྩ་བའི་ཞལ་སེར་པོའོ། །གཡས་པ་དང་གཡོན་པ་དག་ནི་དཀར་པོ ་དང་སྔོན་པོའོ། །མན་ངག་ལས་ནི་གཡས་པ་ན་ནི་རལ་གྲི་དང། མདའ་དང་གྲི་གུག་འཛིན་པའོ། །གཡོན་པ་ནཾ་ཨུཏཔ་ལ་སྔོན་པོ་དང། གཞུ་དང་ཐོད་པ་འཛིན་པ་དང། ཕྱག་ཅེས་པ་ནི་གཡས་པའི་ཕྱག་དང་པོའོ། །འཁོར་ལོ་ལ་སོགས་གཞན ་ལ་དགོད་ཅེས་བྱ་བ་ནི་ཕྱག་གཞན་ལྷག་མ་རྣམས་སུའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་བཞིན་དུ་མཚན་མ་འཛིན་པའོ། །སྙིང་པོ་བསྡུས་པ་ཞེས་བྱ་བ་ནི་སྙིང་པོར་གྱུར་བའོ། །ཕྱག་མཚན་གྱི་གཙོ་བོ་བསྟན་པའི་དོན་དུ་གསུངས་པ། ་མྱ་ངན་མེད་འདའ་ཞེས་བྱ་བ་སྟེ། མེ་ཏོག་དང་འབྲས་བུར་བཅས་པའི་མྱ་ངན་མེད་པའི་ཡལ་འདབ་པོ། །ཡལ་ག་ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་གི་ཡལ་གའོ། །དབྱིག་པ་ཞེས་པས་ནི་དབྱིག་གུ་གསུམ་པའོ། །འདི་རྣམས་ཀྱང་ཕྱག ་གཉིས་པའི་ཕྱིར་ན་གཞན་གྱིས་ནི་བསྡིགས་མཛུབ་ཅན་ནོ། །སྐུ་མདོག་བསྟན་པའི་དོན་དུ་གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ཐོ་བ་ལ་སོགས་པ་ནི་སྔར་བཞིན་ནོ། །བསྒོམ་ཞེས་པ་ནི་འདི་ལྟ ་བུའི་བཅོམ་ལྡན་འདས་སོ། །མཐོང་བར་མི་འགྱུར་ཞེས་པ་ལ། །རྩ་ཡིག་ནི་བདག་ཉིད་སྙིང་རྗེའི་དབང་གིས་སྟོན་པར་ཡང་བྱེད་དོ། །གང་དུ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་སྟོན་པ་དེ་བཞིན་དུ་ལེའུ་འདི་ཡང་ངོ། །ལེའུ་བཅུ་བཞི་པའི་བཤད་པ་རྫོགས་སོ།། །། ་ས་བོན་ཕུ་ལས་ཡང་དག་བྱུང་ཞེས་བྱ་བ་ནི་སྔར་བཞིན་དུ་གཞལ་ཡས་ཁང་ལ་སོགས་པ་ཡོངས་སུ་རྫོགས་པའི་རྗེས་ལ་སྟེ། ཨ་ལ་སོགས་པ་རྣམས་ཀྱིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། ཀ་ལ་སོགས་པས་ནི་མཉམ་པ་ཉིད་དང། ཕུ་ཡིག་ལས ་བྱུང་བའི་སྦྲུལ་ནི་སོ་སོར་རྟོགས་པ་དང། སྦྲུལ་གྱི་སྙིང་གར་ཡང་ཡི་གེ་ཕུ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མེ་ལོང་ལ་སོགས་པ་གཅིག་ཏུ་གྱུར་ན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་སྐྱེས་པའི་ཕུ་ཡིག་ཅེས་བྱ་བ་ནི་རྡོ་རྗེ་ ་སེམས་དཔའ་རྫོགས་སོ།། །།ཕྱག་ན་སྦྲུལ་སྣམས་ཞེས་པ་ནི་གཡས་པའི་ཕྱག་ནའོ། །གཡས་པའི་ཕྱག་གཞན་དག་ནི་རལ་གྲི་དང་གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་གསུམ་དུ་འཁོར་ལོ་དང། པདྨ་དང། ཐོབ་བསྣམས་བའོ།། ་རྨ་བྱ་ལ་ནི་ཞོན་ཞེས་བྱ་བ་ལ་བྱ་ལ་བཅིབས་པའོ། །རྨ་བྱ་མ་ལ་སོགས་པ་རིམ་པ་བཞིན་དུ་བཞིན་དུ་ཕྱག་གཡས་པའི་མཚམས་བསྟན་པའི་དོན་དུ་གསུངས་པ། སྒྲོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲོ་ནི་རྨ་བྱའི་སྒྲོའི་ཚོགས་སོ། །ཡལ ་ག་ནི་བྱང་ཆུབ་ཀྱི་ཤིང་གི་ཡལ་གའོ། །ལྕགས་སྒྲོག་ནི་རྡོ་རྗེ་ལུ་གུ་བརྒྱུད་དོ། །འདི་རྣམས་ཀྱི་རིམ་པ་ཇི་ལྟ་བར་ཁ་དོག་དབྱེ་བ་བསྟན་པའི་དོན་དུ་གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་ཀྱི་ཕྱག་མཚན་ཇི་སྐད ་གསུངས་པའི་བར་དུ་ནས་ཕྱག་གཞན་རྣམས་སུ་ཡང་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་བཞིན་དུ་ཕྱག་མཚན་རྣམས་སོ། །མེ་ཏོག་ལ་སོགས་ཞེས་བྱ་བ་ནི་སྔར་བཞིན་དུ་ཕྱག་གཉིས་པ་ཉིད་དོ། །དེ་ལྟར་བསྒོམ་པ་ཡོངས་སུ ་རྫོགས་པ་དང། ཆུའི་དཀྱིལ་འཁོར་དུ་ལམ་ཡོངས་སུ་གྱུར་པ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་བསྒོམ་པར་བྱའོ། །ཀུ་རུ་ཀུ་ལེ་ཡང་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་བསྐྱེད་པའི་མཐར་ཐམས་ཅད་སྔ་མ་བཞིན་ནོ། །ཁྱད་པར་ནི ་མངོན་པར་བྱང་ཆུབ་པ་ལྔ་སྟེ། ས་བོན་ལས་ཨུཏཔ་ལ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ལ། དེའི་ལྟེ་བར་ཟླ་བ་ལས་ངས་པའི་སོན་ལས་སྤྲོས་པ་དང་བསྡུས་པ་ནི་བྱ་བ་གྲུབ་པ་དང། ཐམས་ཅད་རོ་གཅིག་ཏུ་གྱུར་བ་ནི་ཤིན་ཏུ་རྣམ་པར་དག་པའི ་ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བའི་ཧྲཱི(རྒྱུད་འགྲེལ་ཨུཏཔ་ལ་སྔོན་པོ་ལྟར་སྔོ་བསངས་དང། དམར་པོ་དང། མདོག་སྣ་ཚོགས་དང། སེར་པོ་རྣམས་སོ། །གཡོན་པར་ཕྱག་བཞིར་ནི་པདྨ་དང། སྟོབས་ཀྱི་རྒྱུ་དང་ནོར་བདག་དང། པདྨ་ཆེན་པོ་རྣམས་དང། ས་རིམ་པ་ཇི་ལྟ་བར་དཀར་པོ ་དང། ནག་པོ་དང། སེར་པོ་དང། དཀར་བསངས་ཀྱི་མདོག་རྣམས་སོ། །ཀླུ་འགུགས་པར་བྱེད་པ་གསུངས་པ། འདིས་ནི་ཆར་འབེབས་པའི་ནུས་མཐུ་འབྱུང་བ་ཉིད་དོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམ་པོར་སེ་མ་བཏང་བ་ལ ་རམས་ཀྱི་ཁུ་བས་རལ་གྲི་རྩིབས་བརྒྱད་པའི་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། ལྟེ་བར་ཀུ་རུ་ཀུ་ལླེའི་སྔགས་བསྒྲུབ་བྱའི་ཀླུའི་མིང་དང་སྤེལ་ཏེ་བྲི་བར་བྱའོ། །ོཾ་ཀུ་རུ་ཀུ་ལླེ་ཧྲི(རྒྱུད་འགྲེལ་ཤ་ཡ། ཏ་ར་ཛཧ་ཡ། ག་ར་ཛཧ་ཡ་ཕུ་ཧྲི(རྒྱུད་འགྲེལ་རྣམས་ཀྱི་མིང་དང་སྤེལ་བར་བྱས་ལ། ཁམ་ཕོར་སོ་མ་བཏང་བ་གཞན་ཞིག་གིས་ཁ་སྦྱར་བར་བྱ་ཞིང་སྐུད་པ་སེར་པོས་བཀྲི་བར་བྱའོ། །དེ་རུ་ཀུ་རུ་ཀུལླེ་དགུག་པ་དང། གཞུག་བ་དང། བཅིང་བ་དང། དབང་དུ་བྱས་ལ། ཡང་དག་པར་མཆོད་ ་ཅིང་གནང་བ་མནོས་ནས་ཀླུས་བྱིན་གྱིས་བརླབས་པ་ཆུ་མིག་ལ་སོགས་པར་བཅུག་ན་དེར་འབེབས་པར་འགྱུར་རོ། །རིག་པ་འཛིན་པ་དགུག་པའི་དོན་དུ་རྡོ་རྗེ་ལུས་མེད་བསྟན་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དབང་དུ་བྱེད་ཅེས་པ་ནི་ཕན་པར ་བྱེད་པའོ། །ཕྱག་ན་མདའ་དང་གཞུ་དང། བསྣམས་ཤེས་ཞེས་བྱ་བ་ནི་གཡས་དང་གཡོན་གྱི་ཕྱག་དག་ན་མདའ་དང་གཞུ་འཛིན་པའོ། །དགའ་བ་ལ་སོགས་པའི་ཕྱག་མཚན་བསྟན་པའི་དོན་དུ་གསུངས་པ། གཞུ་དང་ཞེས་བྱ་བ་ལ ་སོགས་པའོ། །སྐུ་མདོག་བསྟན་པའི་དོན་དུ་གསུངས་པ། སེར་པོ་ཞེས་བྱ་བ་ལ་སོགས་པའོ། །མ་འགགས་བ་ལ་སོགས་པ་ཡི་ནི། རྡོ་རྗེ་ཙར་ཏསྩི་ག་ལ་སོགས་པ་སྐུ་མདོག་ཡིན་ལ། དཔྱིད་ལ་སོགས་པ་ནི་ཐོ་བ་ལ་སོགས་པའི་མདོག ་གོ་།འདི་དག་ཐམས་ཅད་ཀྱང་ཕྱག་གཉིས་པའོ་ཞེས་པ་ལྷག་མའོ། །གཤིན་རྗེ་གཤེད་པོ་ཞེས་བྱ་བ་ནི་སྔར་གྱི་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སོ། །དགུག་པའི་ཆོ་ག་བསྟན་པའི་དོན་དུ་གསུངས་པ། བུད་མེད་ཀྱི་ནི ་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་རོག་གདོང་གི་ནང་དུ་གནས་ཞེས་བྱ་བ་ནི་བསྒྲུབ་བྱ་བུད་མེད་ཀྱི་སྐྱེ་གནས་ཀྱི་དབུས་སུ་གནས་པའོ། །གཞན་ཡང་བདག་ཉིད་རྡོ་རྗེ་ལུས་མེད་ཀྱི་རྣལ་འབྱོར་དང་ལྡན་པར་གྱུར་པས་སོ། །རྡོ་རྗེ་ལུས་མེད ་ཅེས་བྱ་བ་ནི་དེའི་སྔགས་སོ་ཏེ་སྔགས་དང་ལྷ་དག་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེའི་སྔགས་ནི་ཅི་ཞེན་གསུངས་པ། ཡི་གེ་སི་ཏིའི་སྔགས་སོ། །ཡི་གེ་སི་ཏ་ལས་ཡང་དག་བྱུང་ཞེས་བྱ་བ་ནི་ཤིན་ཏུ་གསལ་བའི་འོད་ཟེར་འབར་བ་ ་རྣམ་པར་སྤྲོ་བ་དེའི་ལུས་ཐམས་ཅད་ཁྱབ་པའོ། །མྱོས་ནས་བདེ་བ་འདོད་ཅེས་བྱ་བ་ནི་ཤིན་ཏུ་བདེ་བ་འདོད་པའོ། །ོཾ་གྱིས་ཡི་གེ་དབྱངས་དང་སྤེལ་ཞེས་བྱ་བ་ནི་མན་ངག་གིས་ཨོཾ་དང་ཧྲི་ཡིག་ནི་དང་པོ་?། ་ཡི་གེ་སྭཱ་ཧཱ་དེ་རྗེས་སྦྱིན་ཞེས་བྱ་བ་ནི་ཡི་གེ་སིདྡྷ་དབུས་སུ་སྦྱིན་ཞིང་མཐར་ནི་སྭཱ་ཧཱའི་སྒྲ་སྦྱིན་པར་བྱའོ། །དེ་ལས་ནི་ཨོཾ་ཧྲི(རྒྱུད་འགྲེལ་བསྟན་པ་དེའི་རྡོ་རྗེ་ལུས་ཀྱི་སྒྲུབ་པའི་ཐབས་སོ། །ལེའུ་བཅོ་ལྔ་པའི་བཤད་པ་རྫོགས་སོ།། །།ཤེས་པར་ཞེས་པ་ནི་མངོན་དུ་བྱེད་པའོ། །དེའི་རང་བཞིན་བསྟན་པའི་དོན་དུ་གསུངས་པའོ། །ཕྱག་གཉིས་ཞེས་བྱ་བ་ལ་སོགས ་པ་སྟེ་རྡོ་རྗེ་ཕྱག་ཏུ་ཞེས་བྱ་བ་ནི་གཡས་པའི་ཕྱག་རྒྱའོ། །གོ་རོ་ཏཾ་ནི་ཐོད་པའོ། །གཞན་ལ་ཞེས་པ་ནི་གཡོན་པར་རོ། །ཕྱག་ལྔ་ཞེས་པ་ནི་འཁོར་ལོ་དང། རྣ་ཆ་དང། མགུལ་རྒྱན་དང། ལག་གདུབ་དང། སྐར་ག་རྣམས་སོ། ་ས་བོན་ཧཱུཾ་ལས་ཡང་དག་བྱུང་ཞེས་པ་ནི་བདུན་པོ་རྣམ་པར་དག་པ་ནི་བླ་ན་མེད་པའི་མཆོད་པ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའ་ཞུ་པའི་བར་དུ་བྱས་ནས་སོ། །ཡི་དགས་ལ་གནས་ཞེས་པ་ནི་རོའི་སྙིང་གར་ཉི་མ་ལ་གནས་པའོ། །རབ ་སྦྱོར་བས་ཞེས་བྱ་ནི་རྣམ་པར་དག་པ་ལས་སོ། །སྣ་ཚོགས་གཟུགས་ཞེས་པ་ནི་དཀར་པོ་དང། སེར་པོ་དང། དམར་པོ་དང། སྔོ་བསངས་ཀྱི་མདོག་རྣམས་སོ། །ཡི་དགས་ལ་གནས་ཞེས་པ་ནི་རོའི་སྙིང་གར་ཟླ་བ་ལ་གནས་པའོ། ། ་ཆོས་ཀྱི་འཁོར་ལོ་ནི་འཁོར་ལོའི་རྩིབས་བརྒྱད་པའོ། ། ཤྭདཐ་ནི་བྱང་ཆུབ་ཀྱི་ཤིང་ངོ། །ཡིད་བཞིན་ནོར་བུ་དང། དཔག་བསམ་གྱི་ཤིང་སྟེ་དེ་རྣམས་ཀྱི་འོག་ཏུ་ནི་རྣལ་འབྱོར་མ་རྣམས་བྲི་བར་བྱའོ། །རྡོ་རྗེ་ཞེས་པ་ནི་རྩེ་མོ་ལྔ་པའོ།། ་ལྷ་མོ་ཞེས་པ་ནི་ལྷ་མོ་རྣམས་ཀྱིའོ། །ཕྱག་གཡས་ཆ་ཞེས་བྱ་བ་ནི་གཡས་པའི་ཕྱག་ཏུའོ། །ཐོད་པའི་སྣོད་ནི་མིའི་སྣོད་དུ། །ོ་པས་བྱ་ནི་གཡོན་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་སྤྱན་དང་ཞེས་བྱ་བ་ལ་སོགས་པས་སོ། །སོར་སྦྱར་བར་བྱའི། །སྒོའི་ཆ་ཞེས་? ་ནི་ཤར་ཕྱོགས་དང། ལྷོ་ཕྱོགས་ལ་སོགས་པའི་སྒོ་རྣམས་སོ། །འཁྱིལ་པར་བཅས་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའིའོ། །ལས་ཀྱི་ཆོ་ག་མཐོང་བས་ཞེས་བྱ་བ་ནི་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་གཡོན་དུ་ཁ་ཊཝཱཾ་གའོ། །དེ་ལ་སྦྱིན?་ལ་སོགས་པ་ནི་དཀར་པོ་དང། ་སེར་པོ་དང། དམར་པོ་དང། སྔོ་བསངས་དང། འཁོར་ལོ་དང། རྡོ་རྗེ་དང་རལ་གྲི་གཡས་པ་དག་གིས་འཛིན་པའོ། །གཡོན་དུ་ནི་ཐོད་པ་འཛིན་པའོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་ཐོ་བ་དང། དབྱུག་པ་དང་པདྨ་དང། རལ་གྲི་འཛིན་པའོ། ། ་གཡོན་པ་ནི་ཞགས་པ་འཛིན་ཅིང་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་མ་གསུངས་ཀྱང་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པའོ། །ཕྱག་རྒྱ་རྒྱས་བཏབ་པ་ཡང་བྱ་བའོ་ཞེས་པའོ། །འདིར་ནི་བཅོམ་ལྡན་འདས་བསྐྱེད་པ་ཉིད་ཀྱིས་དཀྱིལ་འཁོར་བ་ཞེས་པ་ཡང་བསྐྱོད ་པ་སྟེ་བཅོམ་ལྡན་འདས་ཀྱི་སྙིང་གའི་ས་བོན་ལས་སོ། །ལེའུ་བཅུ་དྲུག་པའི་བཤད་པ་རྫོགས་སོ།། །།རྒྱུད་ནི་ཐམས་ཅད་དུ་བསྒོམ་པ་རྣམས་དཀྲུགས་ཀྱང་རིམ་པ་ཇི་ལྟེ་པ་བཞིན་དུ་རྟོགས་པར་བྱ་སྟེ་དེ་བཞིན་དུ་བརྗོད་པ་གསུངས་པ། ་རྣམ་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིད་འགྱུར་གྱིས་ཟླ་བ་མེ་ལོང་གང་བ་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྣམ་པའོ། །ཀལ་སོགས་པ་དང་ཝ་ཡ་རཾ་ལ་དང་བཅས་པ་ལྷག་མ་སྟེ། གསལ ་བྱེད་བཞི་བཅུ་ཐམ་པ་ཉིས་འགྱུར་གྱི་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་བྱང་ཆུབ་པ་གཉིས་པའོ། །ས་བོན་གྱི་ཡི་གེ་ལས་མཚན་མར་སྐྱེས་ཤིང་མཚན་མ་ལ་ཡང་ས་བོན་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཏེ་གསུམ་པའི་རྣམ་པའོ། །དེ་དག་ལས ་སྤྲོས་པ་ལས་བསྡུ་བ་ནི་བཞི་པའི་རྣམ་པའོ། །དེ་ལ་ཟླ་བ་ལ་སོགས་པ་ཐམས་ཅད་ཞུ་བ་རོ་གཅིག་ཏུ་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་རྣམ་བ་ལྔའོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས ་དཔའ་ཨོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་ཀླུ་བཞིན་ཉེ་བར་བསྐུལ་ནས་མངོན་པར་འདོད་པའི་ལྷའི་གཟུགས་ཏེ་གཙོ་བོའོ། །དེ་ཉིད་གསུངས་པ། ཀླུ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ཙར་ཏསྩི་ཀ་སོགས་ཞེས་བྱ་བ་ནི་གང་སྔར་བྱམས་པ་ལ་སོགས་པ་བསྒོམ ་པ་དེ་ཉིད་དུ་རྟོག་པར་བྱ་སྟེ་དཀྱིལ་འཁོར་རྣམས་ནི་ད་དུང་དུ་སྐྱེ་བར་མ་གྱུར་པས་སོ། །གང་དུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་མེད་པར་དེར་ནི་ཐམས་ཅད་བསྡུས་པ་ལས་བྱུང་བའི་མཚན་མ་ལ་གནས་པའི་ས་བོན་རྡོ་རྗེ་སེམས་དཔའ་ཨོ། །གང་གི་ཕྱིར་མཚན ་མ་ནི་རྡོ་རྗེར་བརྗོད་ལ་དེ་གང་སེམས་དཔའ་ནི་ས་བོན་ཏེ་དེས་ན་རྡོ་རྗེ་སེམས་དཔའ་ཨོ། །དེ་ལ་ཁྱད་པར་ནི་ཀླུ་ཡིས་བསྐུལ་བ་དང་ཉེ་བར་བྲལ་བ་ཉིད་དེ་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཙམ་མོ། །དྲུག་ལས་སྐྱེས་པའོ། །ཞེས་བྱ་བ་ནི ་དྲུག་སྟེ་སྔར་བཤད་ཟིན་ཏོ། །སོགས་ཞེས་བྱ་བའི་སྒྲ་ནི་དབྱངས་དུ་མ་དང་ལྡན་པའོ། །ལོངས་ཞེས་པ་ནི་བཞེངས་པའོ། །དད་སྒྲོལ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་མཚན་ཉིད་ཅན་གྱི་བྱམས་པ་དང། ་སྡུག་བསྔལ་དང། སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པ་བསྒྲལ་པར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང། རྣམ་པ་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་བསྡུ་བའི་འདོད་པ། བདག་ཉིད་ཅན་གྱི་དགའ་བ་དང། དེ་བཞིན་དུ་འཇིག ་རྟེན་ལས་འདས་པའི་བདེ་བའི་རྒྱུན་ལ་འདོད་པའི་རྣམ་པ་ཅན་གྱི་བཏང་སྙོམས་ཏེ། དེ་ལྟ་བུའི་ཚངས་པའི་གནས་བཞི་བསྒོམ་པར་བྱས་ལ། འགྲོ་བ་རྣམས་རྨི་ལམ་དང་སྒྱུ་མ་ལྟ་བུར་བསམ་ཞིང། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བ་བཱུཏྨ? ་ཀོཉ་ཧཾ་ཞེས་པའི་སྔགས་བརྗོད་པས་སེམས་ནམ་མཁའ་དང་མཉམ་པར་བྱའོ། །མདུན་དུ་རེ་བ་ལས་ནི་ཉི་མ་རྣམ་པར་བསྒོམ། ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང། གུར་བཅིངས་པ་ཡང་རྣམ་པར་བསྒོམ་པར་བྱའོ། །དེས ་ས་གཞི་བཅིང་བ་དང། དེ་ནི་ཁོང་པ་ལྟ་བུ་སྟེ་དེའི་ནང་དུ་སྣ་ཚོགས་རྡོ་རྗེ་གནས་པའི་སྟེང་དུ་གནས་པ་ནམ་མཁའ་ཨི་བདག་ནམ་མཁའ་ཨི་ཕྱོགས་སུ་ཡཾ་ཡིག་ནག་པོ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་གཉིས་སུ་བ་དན་གཡོ་བ་གཉིས་དེ་བ་ལྡན་པའོ། །དེའི ་སྟེང་དུ་རཾ་ཡིག་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་གྲཝ་རྣམས་སུ་རེ་ཕས་མཚན་པའོ། །དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཁ་འོག་ཏུ་བལྟས་པ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་སེར་པོ་ལས་སའི ་དཀྱིལ་འཁོར་སེར་པོ་གྲཝ་བཞི་པ་གྲཝ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྒོམ་པར་བྱའོ། །དེའི་ཐོག་ཏུ་རླུང་གི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཡོངས་སུ་གྱུ་པ་ལས་གཞལ་ཡས་ཁང་གི་རིམ་གཉིས་པར་སྣ་ཚོགས་པདྨའི་འདབ་མའི་སྟེང ་དུ་རང་རང་གནས་ཇི་ལྟ་བར་ཟླ་བ་དང་ཉི་མའི་གདན་རྣམས་སོ། །གྲཝ་བཞི་པ་ལ་སྒོ་བཞི་པ། ཀ་བ་བརྒྱད་ཀྱི་ཉེ་བར་བརྒྱན། །རྟ་བབས་བཞི་དང་ཡང་དག་ལྡན། །དྲ་བ་དྲ་ཕྱེད་དྲིལ་བུ་དང། །བ་དན་ལ་སོགས་དང་བཅས་པའོ། །མཚན་ཉིད་ཐམས་ཅད ་ཡང་དག་རྫོགས་པ་བསྒོམ་པར་བྱའོ། །ནང་གི་རིམ་པའི་དབུས་སུ་ཨ་ཡིག་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་པ་རྣམས་ཀྱི་ས་གཡས་བསྐོར་དང་གཡོན་བསྐོར་གྱི་ཉིས་འགྱུར་ལས་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པར ་དག་པའོ། དེའི་སྟེང་དུ་ཀ་ཡིག་ལ་སོགས་པ་གསལ་བྱེད་རྣམས་ལས་ལྷག་པར་ད་ད་ཝ་ཡ་ར་ལའི་ཡི་གེ་རྣམས་ཀྱི་ཉིས་འགྱུར་གྱི་རིམ་པ་དང་རིམ་པ་ཡིན་པ་ལས་ཉི་མའི་དཀྱིལ་འཁོར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པའོ། །དེའི་སྟེང ་དུ་ཧཱུཾ་ཡིག་ལ་དེ་ཉིད་ལས་རྡོ་རྗེ་རྩེ་ལྔ་པའོ། །དེའི་ལྟེ་བ་ལ་ཡང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་དག་པའོ། །ཧཱུཾ་ཡིག་དེ་ཉིད་ལས་གཤིན་རྗེ་གཤེད་ཀྱི་འཁོར་ལོ་སྤྲོས་པས་སེམས་ཅན ་གྱི་དོན་བྱས་ནས་ཡང་སྙིང་པོར་བཀུག་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་ཐམས་ཅད་སྐད་ཅིག་གིས་ཞུ་བར་གྱུར་པ་ལས་དཀར་པོ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒོམ་པར་བྱའོ། །དེ་ལྟར་ན་མངོན་པར ་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་གཤིན་རྗེ་གཤེད་ཀྱི་ཕྱག་མཚན་འཛིན་པ་སྐུ་མདོག་དཀར་པོ་ཞལ་གསུམ་ནི་རྩ་བ་དཀར་པོ། །གཡས་བ་ནག་པོ་གཡོན་པ་དམར་པོ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར ་ལ་གནས་པའོ། །རང་སྣང་བའི་རྡོ་རྗེ་ཕག་མོའི་རྣམ་པ་དམར་པོ་དང་སྙོམས་པར་ཞུགས་པར་བལྟ་བར་བྱའོ། །དེ་དག་ནི་རྣལ་འབྱོར་རོ། །དེ་ནས་རང་གི་སྙིང་གར་གནས་པའི་ཧཱུཾ་ཡིག་གིས་འོད་ཟེར་རྣམས་ཀྱི་གཤིན་རྗེ་གཤེད ་ཀྱི་དཀྱིལ་འཁོར་བཀུག་སྟེ། ཁར་ཞུགས་ནས་ཆགས་པ་དང་རྗེས་སུ་མཐུན་པས་ཞུ་པར་གྱུར་ཏེ། །རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་ནང་དུ་སྤྲོས་པ་དང། བྱང་ཆུབ་ཀྱི་སེམས་དེ་དག་ལས་སྐྱེས་པ་དཀྱིལ་འཁོར་བའི་ས་བོན ་ཀྱི་ཡི་གེ་རྣམས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ལ་ནང་གི་རིམ་པའི་ཤར་དུ་ནི་ཟླ་བའི་དཀྱིལ་འཁོར་ལ་ཀྵེ་ཡིག་དཀར་པོ་དང། ལྷོ་ཕྱོགས་སུ་ཉི་མ་ལ་གནས་པའི་མ་ཡིག་སེར་པོ་དང། ནུབ་ཏུ་པ་ནི་རྗེ་བཙུན་ནོ། ། ་སྙིང་རྗེ་ཁྲོས་པ་ཞེས་བྱ་བ་ནི་ཐུགས་རྗེ་ལས་བསྐུལ་བའི་ཁྲོ་པོའི་ཁམས་གསུམ་ཞེས་བྱ་བ་ནི་སྲིད་པ་གསུམ་སྟེ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སོ། །སོལ་ཞེས་པ་ནི་སོལ་བར་བྱེད ་པའོ། །དེ་དག་ནི་རྡོ་རྗེ་ཙར་ཏསྩི་ཀའི་རྣམས་སོ། །བདུད་རྩི་དང་གཡས་ཞེས་བྱ་བ་ནི་ཉོན་མོངས་པ་དང། ལྷ་དང་ཕུང་པོ་དང། འཆི་བདག་གི་གཟུགས་ཏེ་བདུད་བཞི་པོ་འདི་དག་གོ་།རྒྱལ་བར་མཛོད་ཅེས་པ་ནི་ཕ་རོལ་ལས་རྒྱས་བས་ཏེ་ང་རྒྱལ་བར་བྱས ་པའོ། །དང་སྒྲོལ་ཞེས་བྱ་བ་ནི་རྒྱལ་རིགས་སོ། །མཛོད་ཅེས་བ་ནི་འདོད་པའོ། །རྡོ་རྗེ་ཕག་མོའོ། །འཇིག་རྟེན་མགོན་པོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འགྲོན་དུ་བོས་པའོ། །སྟོང་ཉིད་ནི་སྟོང་པ་ཉིད་ལས་ཏེ་བདེ་བ་ཆེན་པོའི་རོར་མཐར་ཕྱིན ་པའོ། །འཇིག་རྟེན་བསོད་ནམས་ཞེས་བྱ་བ་ནི་འཇིག་རྟེན་པའི་བསོད་ནམས་ཀྱིས་སོ། །དེ་དག་ནི་རྡོ་རྗེ་དབྱངས་ཅན་སའིའོ། །ཅི་ཕྱིར་ཁྱོད་ནི་གང་གི་ཕྱིར། །སྟོང་ཉིད་སེམས་ཞེས་བྱ་བ་ནི། །སྟོང་ཉིད་རྣམ་པར་སེམས་དཔའ་སྟེ། །སྟོང་པ་ཉིད་ནི་དོན ་དུའོ། ཞེས་པའོ། །འཇིག་རྟེན་འགྲོན་བོས་ཞེས་བྱ་བ་ནི་འཇིག་རྟེན་རྣམས་བོས་པའོ། །དེ་དག་ནི་རྡོ་རྗེ་གཽ་རིའི་འོ། །ཀླུའི་དགོས་པ་བསྟན་པའི་དོན་དུ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་ནི་འདི་ཡིན་ཏེ། ཐུགས་རྗེ ་ཆགས་པའི་སེམས་ཀྱིས་ཞུ་ཞིང་ཐིམ་པའི་རྗེས་ལ་ཡང་དག་པར་བསྐུལ་བ་དང་དེའི་རྗེས་ལ་སྐར་མདའའཕང་བ་བཞིན་བྱང་ཆུབ་ཀྱི་སེམས་ཞུགས་སོ། །ཞེས་རྟོགས་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཨོཾ་ཨཱ(རྒྱུད་འགྲེལ་གསུམ་པོ་འབར་བའི་གཟུགས་སོ། །རྒྱུད་འདིར་བདེ་བླག་ཏུ་རྟོགས་པའི་དོན་དུ་ཐོག་མར་ཞེས་བྱ་བ་ནི་གང་གི་བརྡ་སྟེ་དང་པོའི་རྣལ་འབྱོར་གྱི་དང་པོར་བརྟན་པའི་དོན་རྡོ་རྗེ་སེམས་དཔའ་ཨི་དང་པོ་སྟེ། བདུན་པོ་རྣམ་པར་དག་པ་བླ་ན་མེད་པའི ་མཆོད་པ་ནས་བཟུང་སྟེ། རྡོ་རྗེ་སེམས་དཔའ་ཨི་རྫོགས་པའི་མཐར་ཐུག་པ་སྟེ་རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུ་མཐུན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་ཞུ་བ་ལས་ཡང་དག་པར་བསྐུལ་བས་ལངས་པའི་ལྷ་སྟེ་འབྲས་བུ ་གཤིན་རྗེ་གཤེད་དོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་འཁོར་ལོའི་ཚོགས་སོ། །སྐུ་དང་གསུང་དང་ཐུགས་ཉིད་ཅེས་བྱ་བ་ནི་སྐུ་དང། གསུང་དང། ཐུགས་བྱིན་གྱིས་བརླབས ་པའོ། །དེ་དག་གི་དོན་དུ་འདི་དག་ཡིན་ཏེ། སྒྲུབ་ཐབས་ལེགས་པར་བརྗོད་པར་བྱའོ། །རང་གི་སྙིང་གར་ཡཾ་ཡིག་དམར་པོ་ལས་བྱུང་བའི་ཉི་མ་དམར་པོ་དེ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་འོད་ཟེར་རྣམས་བྱུང་སྟེ། མདུན་དུ་ཞགས་པ ་དང། ལྕགས་ཀྱུའི་རྣམ་པ་གཉིས་སུ་གྱུར་པས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་འདྲ་བར་བསྒོམ་པར་བྱ་བའི་འོག་ནས་ཕུག་ཅིང་སྟེང་ནས་བཅིངས་ཏེ། མདུན་དུ་གནས་པ་ལ་འོད་ཟེར་རྣམས་དང་པོར་བྱ་སྟེ། དེ་དག ་གི་སྒོ་ལས་མཆོད་པ་སྣ་ཚོགས་པ་རྣམས་སྤྲུལ་ཞིང་ཕྱག་བྱ་བ་དང། ཇི་སྲིད་དུ་བདག་གིས་སྡིག་པ་བགྱིས་པ་དང་བགྱིད་དུ་སྩལ་བ་དང། རྗེས་སུ་ཡི་རང་བའི་སྡིག་བ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཡང་བདག་གིས་འཚོ་བའི ་དོན་དུ་མི་བགྱིད་དོ་ཞེས་སྡོམ་པར་གྱིའོ། །གང་ཇི་སྲིད་བསོད་ནམས་བྱས་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང། དེ་ནས་དེ་ལྟར་མཆོད་པ་ལ་སོགས་པ་ཇི་སྲིད་བསོད་ནམས་སུ་གྱུར་བ་དེ་དག་ཐམས་ཅད་འགྲོ་བ་རྣམས་ཀྱི་དོན་དུ་བླ་ན་མེད་པའི ་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བགྱིའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་འཆིའོ། །དེའི་རྗེས་ལ་བདག་ཉིད་ཀྱིས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་སངས་རྒྱས་པར་གྱུར་པ་དང། སེམས ་ཅན་ཐམས་ཅད་དཔལ་གཤིན་རྗེ་གཤེད་ཀྱི་གཟུགས་སུ་རྒྱས་པར་བྱའོ། །དེ་ལྟ་བུའི་དོན་གྱིས་བདག་ཉིད་གསང་སྔགས་ཆེན་པོ་འདི་ཉིད་ཡང་དག་པར་བརྟེན་པར་བགྱིའོ། །དེ་ལྟར་མཆོད་པ་དང། སྡིག་པ་གཤགས་པ་དང། བསོད ་ནམས་ཡོངས་སུ་བསྔོ་བ་དང། གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང། ལམ་བསྟེན་པའི་མཚན་ཉིད་དོ་ཞེས་པ་བདུན་པོ་རྣམས་ཡང་དག་པའི་མཆོད་པ་བྱས་ལ། ཉི་མ་ལ་གནས་པའི་མེ་ཡིས་དམར ་པོ་དང། བྱང་དུ་དེ་ཡིག་ལྗང་གུ་ཉི་མ་ལ་གནས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་ཟླ་བའི་དཀྱིལ་འཁོར་གནས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཛས་དེ་རུ་ཞེས་པའི་ཡི་གེ་རྣམ་བཞི་དཀར་པོ་དང། ནག་པོ་དང། དམར་པོ་དང། ་ལྗང་གུའི་མདོག་གོ་།ཕྱི་རོལ་གྱི་རིམ་པའི་ཤར་དང། ལྷོ་ལ་སོགས་པའི་སྒོ་རྣམས་སུ་ཡ་ཙ་ནི་ར་ཞེས་པའི་ཡི་གེ་བཞི་པོ་ཉི་མ་ལ་གནས་ཤིང་ནག་པོ་དང། དཀར་པོ་དང། དམར་པོ་དང། ལྗང་གུའི་མདོག་གོ་།གྲཝ་བཞི་རུ་ནི་ཟླ་བའི་དཀྱིལ ་འཁོར་ལ་གནས་པའི་ཎ་ཡ་ནི་ར་ཞེས་པའི་ཡི་གེ་བཞི་པོ་ཁ་དོག་དཀར་པོ་བལྟ་བར་བྱའོ། །དེ་ནས་རང་གི་རིག་མ་དང་ལྷན་ཅིག་ཏུ་ཆགས་པ་དང། རྗེས་སུ་ཆགས་པར་ཞུ་བ་ལས་རྡོ་རྗེ་སེམས་དཔའ་ཞུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་སྔོན ་གྱི་སྨོན་ལམ་གྱིས་སྟོབས་ཀྱི་དབང་གིས་བྱམས་པ་དང་སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་ཀྱི་ཙར་ཏསྩི་ཀ་ལ་སོགས་པ་རྣལ་འབྱོར་མ་བཞི་པོ་རྣམས་ནང་གི་རིམ་པའི་གྲཝ་རྣམས་སུ་བལྟ་བར་བྱའོ། །དེ་ལ་རྡོ་རྗེ་ཙར་ཏསྩི་ཀས་ནི་འདི་ལྟར། ་གསོལ་བ་འདེབས་བར་བྱེད་དེ། སྙིང་རྗེས་ཁྲོས་པའི་རྗེ་བཙུན་བཞེངས། །སྲིད་གསུམ་ཀུན་གྱི་གཏི་མུག་སོལ། །དེ་བཞིན་རྡོ་རྗེ་ཕག་མོས་ཀྱང་སྟེ་རྗེ་བཙུན་གསོལ་བས་མ་བཞུགས་བཞེངས། བདུད་འདི་དག་ལས་རྒྱལ་བར་མཛོད། དེ་བཞིན ་དུ་རྡོ་རྗེ་དབྱངས་ཅན་མས་ཀྱང་འཇིག་རྟེན་མགོན་པོས་སྟོང་ཉིད་ཇི་ལྟར་བཞུགས། རྗེ་བཙུན་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག་།དེ་བཞིན་དུ་རྡོ་རྗེ་གོ་རིམས་ཀྱང་བྱང་ཆུབ་འདོད་པའི་འཇིག་རྟེན་འགྲོན་པོས་ནས། ཅི་ཕྱིར་ཁྱོད་ནི་སྟོང་ཉིད ་སེམས་དཔའ་ཨི་བསྐྱེད། གླུའི་དེ་མཐག་པའི་རྗེས་ཉིད་དུ། ཨོཾ་ཨཱ(རྒྱུད་འགྲེལ་ཡིག་སྦོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །དེའི་ལྟེ་བར་ཡང་ཉི་མ་དམར་པོ་ལ་གནས་བའི་ཡཾ་ཡིག་སྔོན་པོའོ། །དེ་ནས་ས་བོན་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་གནག་ཅིང་ཁྲོ་ལ་དྲག་པ་མགོ་བོའི ་ཕྲེང་བ་འཕྱང་བ་འཛིན་པ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྨིན་མ་དང། ཨང་ཚོམས་སེར་པོ། །མཆེ་བ་ཅུང་ཟད་གཙིགས་པ། གསུས་པ་འཕྱང་བ། འཇིགས་པའི་དུས་ཀྱི་མེ་ལྟ་བུ། སྦྲུལ་བརྒྱད་ཀྱིས ་བརྒྱན་པ། སྟག་གི་པགས་པ་རྣམས་དཀྲིས་པ། ཞལ་གསུམ་པ། རྩ་བ་ནག་པོ། གཡས་དཀར་པོ་གཡོན་དམར་བ་ཕྱག་དྲུག་སྟེ། གཡས་པའི་ཕྱག་གསུམ་ན་རྡོ་རྗེ་དང། རལ་གྲི་དང། གྲི་གུག་འཛིན་པའོ།། ་གཡོན་པའི་ཕྱག་གིས་ནི་འཁོར་ལོ་དང། པདྨ་དང་ཐོད་པ་འཛིན་པ་མ་ཧེ་ཆེན་པོའི་རྒྱབ་ཏུ་ཉི་མ་ལ་ཞབས་གཡོན་བརྐྱང་བའོ། །དབུ་ལ་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་བའི་དུམ་བུ་ལྔ་གནས་ཤིང་ཕྱག་རྒྱ་ལྔ་འཛིན་པའོ། །བ ་སྤུའི་བུ་ག་རྣམས་ལས་རང་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་ཚོགས་སྤྲོ་ཞིང། ཨོཾ་ཧྲཱི(རྒྱུད་འགྲེལ་རྗེས་ལ་ནང་གི་རིམ་པའི་ཤར་ཕྱོགས་སུ་གནས་པའི་ཀྵེ་ཡིག་ལས་གཏི་མུག་གཤིན་རྗེ་གཤེད་དཀར་པོ། །རྩ་བའི་ཞལ་དེ་ཀར་བ་གཡས་སྔོན་པོ། །གཡོན་པ་དམར་པོ། ཕྱག་གཡས་པ་རྣམས་ཀྱི་འཁོར་ལོ་དང། ་རལ་གྲི་དང། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱི་རིན་པོ་ཆེ་དང། པདྨ་དང། ཐོད་བ་འཛིན་ཅིང་ཨོཾ་ཛི་ན་ཛྲིག་ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་མ་ཡིག་ཡོངས་སུ་གྱུར་པ་ལས་ཕྲ་མ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ ་རྩ་བའི་ཞལ་སེར་པོ། །གཡས་དཀར་པོ་གཡོན་པ་དམར་བ། གཡས་པའི་ཕྱག་རྣམས་ཀྱིས་རིན་པོ་ཆེ་དང། རལ་གྲི་དང། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་ནི་འཁོར་ལོ་དང་པདྨ་དང། ཐོད་པ་འཛིན་ཞིང་ཨོཾ་རཏན་དྷིག་ཅེས ་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་མེ་ཡིག་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། རྩ་བའི་ཞལ་དམར་ཞིང་གཡས་པ་ནག་པོ། །གཡོན་པ་དམར་པོའོ། །གཡས་པའི་ཕྱག་རྣམས་སུ་པདྨ ་དམར་པོ་དང་།?་རལ་གྲི་དང་གྲི་གུག་འཛིན་པ། གཡོན་པའི་ཕྱག་རྣམས་སུ་འཁོར་ལོ་དང། རིན་པོ་ཆེ་དང། ཐོད་པ་འཛིན་པའོ། །ོཾ་ཨ་རོ་ལི་ཀ་ཅེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་སུ་དེ་ཡིག་ཡོངས་སུ་གྱུར་པ་ལས། ་ཕྲག་དོག་གཤིན་རྗེ་གཤེད་མ་ར་ཀ་ཏའི་མདོག་ཅན། རྩ་བའི་ཞལ་ལྗང་གུ་གཡས་པ་ནག་པོ་གཡོན་པ་སེར་པོ། གཡས་པའི་ཕྱག་རྣམས་སུ་རལ་གྲི་དང། རྡོ་རྗེ་དང། གྲི་གུག་འཛིན་ཅིང། གཡོན་པའི་ཕྱག་རྣམས་ཀྱིས་འཁོར་ལོ་དང ་པདྨ་དང་ཐོད་པ་འཛིན་ཅིང། ཨོཾ་པྲཛྙཱ་?་ཅེས་པའི་སྔགས་བརྗོད་པར་བྱའོ། །བཞི་པོ་དེ་རྣམས་ཀྱང་ཞབས་གཡོན་བརྐྱང་བ་དབུ་སྐྲ་སེར་པོ་གྱེན་དུ་བགྲེང་བ། སྤྱན་གསུམ་ཟླུམ་ཞིང་དམར་བ་འཇིག་པའི་དུས་ཀྱི་མེ་ལྟར་བཟོད་པར་དཀའ་འོ། །དེ་ནས ་ནང་གི་རིམ་པའི་མེའི་མཚམས་སུ་གནས་པ་ཛ་ཡིག་ལས་རྡོ་རྗེ་ཙར་ཏསྩི་ཀ་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་བྱམས་པ་ཆེན་པོའི་རང་བཞིན། ཨོཾ་མ་ཧཱ་ར་ཏི་ཞེས་པའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །དེ་ནས་བདེན་བྲལ་དུ་ས་ཡིག ་ས་རྡོ་རྗེ་ཕག་མོ་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལ། རྩ་བའི་ཞལ་ཕག་པའི་གདོང་ཅན་སྙིང་རྗེའི་བདག་ཉིད་ཅན། ཨོཾ་དེ་ཥ་ར་ཏི་ཞེས་པའི་སྔགས་བརྗོད་ཅིང་བསམ་བར་བྱའོ། །དེ་ནས་རླུང་གི་མཚམས ་སུ་དོ་ཡིག་ལས་རྡོ་རྗེ་དབྱངས་ཅན་མ་སྐུ་མདོག་དམར་མོ། །འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་ཞིང་དགའ་བའི་བདག་ཉིད་ཅན། ཨོཾ་རཱ་ག་ར་ཏི་ཞེས་པའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་དབང་ལྡན་དུ་དུ་ཡིག་ལས ་རྡོ་རྗེ་གཽ་རིམ་ཕྲག་དོག་གཤིན་རྗེ་གཤེད་དང་མཚུངས་བ་ལ། རལ་གྲི་གནས་སུ་ཨུཏཔ་ལ་སེར་བོ་འཛིན་པ་བཏང་སྙོམས་ཀྱི་བདག་ཉིད་ཅན། ཨོཾ་བཛྲ་རཱ་ཏི་ཞེས་བྱ་བའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །རྣལ་འབྱོར་མ་དེ་རྣམས ་ཀྱང་ཞབས་གཡས་བརྐྱང་བས་གནས་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པའི་ཤར་ཕྱོགས་ཀྱི་སྒོར་ཡཾ་ཡིག་ལས་ཐོ་བ་གཤིན་རྗེ་གཤེད་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་བར་ནི་རྡོ་རྗེའི་གནས་སུ་རྡོ་རྗེ་རྩེ་གསུམ་པས ་མཚན་པའི་ཐོ་བ་འཛིན་པ་སྟེ། ཨོཾ་མུཏཀ་ར་དྷྲིག་ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་ཙ་ཡིག་ཡོངས་སུ་གྱུར་པ་ལས་དབྱིག་པ་གཤིན་རྗེ་གཤེད་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་པར་ནི ་འཁོར་ལོའི་གནས་སུ་རྡོ་རྗེ་རྩེ་གསུམ་བས་མཚན་པའི་དབྱིག་པ་འཛིན་ཅིང་ཨོཾ་དཎྜ་དྷྲིག་ཅེས་བའི་སྔགས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་ནི་ཡིག་ཡོངས་སུ་གྱུར་པ་ལས་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད ་དང་འདྲ་བ་སྟེ། ཨོཾ་པདྨ་དྷྲིག་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོར་ར་ཡིག་ཡོངས་སུ་གྱུར་པ་ལས། རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བ་ཨོཾ་ཁཌག་དྷྲིག་ཅེས་པའི་སྔགས་བརྗོད་ཅིང ་བསམ་པར་བྱའོ། །དཀྱིལ་འཁོར་བའི་ལྷ་རྣམས་ཀྱང་འཁོར་ལོའི་བདག་པོའི་རྒྱུན་གྱིས་བརྒྱན་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པར་གྲཝ་བཞི་ལ་གནས་པ་ནི་ན་ཡོ་ནི་རཱའི་ས་བོན་ལས་སྣ་ཚོགས་པདྨ་ལ་གནས་པའི་རང་གི་གདན་ལ་ཐོད་པ་རྣམ་པ། ་བཞི་པོར་བདུད་རྩི་རྣམ་པ་ལྔས་གང་བར་བསམ་པར་བྱའོ། །དེ་དག་ནི་འཁོར་ལོ་ཐམས་ཅད་རྫོགས་པ་སྟེ། ཤིན་ཏུ་རྣལ་འབྱོར་དུ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་བ་རྣམས་ཀྱི་མིག་ལ་སོགས་པ་ལ། ཨོཾ་བཛྲ ་ཙཀྵུ་ཨོཾ་བཛྲ་ཀྲོ་དྷ་ཨོཾ་བཛྲ་གྲ་ན། ཨོཾ་བཛྲ་ཛི་བ། ཨོཾ་བཛྲ་ཀཱ་ཡ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ། །དེ་བཞིན་དུ་མགོ་བོ་ལ་ཟླ་བར་ཨོཾ་ཡིག་དཀར་པོ་གནས་པ་དང། མགྲིན་པ་ཨ་ཡིག་དམར་པོ་པདྨ་དམར་པོ་ལ ་གནས་པ་དང། སྙིང་གར་ཉི་མ་དམར་པོ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་ལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའ་ཨི་ཕྱོགས་སུ་གནས་པའི་སངས་རྒྱས་ཐམས་ཅད་ལ་ཡང་དག ་པར་མོས་པར་དེ་བཞིན་གཤེགས་པ་ཐམས་ཅད་དེ་བདག་ལ་དབང་བསྐུར་ཁྱེད་ཀྱིས་གསོལ་ཅེས་གསོལ་བར་བདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བྱ་སྟེ། བུམ་པ་བདུད་རྩི་ལྔས་གང་བ ་བཟུང་སྟེ་དབང་བསྐུར་བར་བྱེད་དོ། །དེ་ནས་ཕྱི་དང་ནང་གི་དྲི་མ་མ་ལུས་བ་བཀྲུ་སྟེ་འབར་ཞིང་གསལ་བ་དང་ལྡན་པ་བདག་ཉིད་ཀྱི་ཕྱི་དང་ནང་གི་དྲི་མ་མ་ལུས་པ་དག་པར་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར ་པ་རྣམས་ཀྱི་དབུ་ལ་རང་གི་རིགས་ཀྱི་བདག་པོ་ལྟ་བར་བྱའོ། །དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་གྱི་བདག་པོ་ནི་མི་བསྐྱོད་པའོ། །གཏི་མུག་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །ཕྲ་མ་ནི་གཤིན་རྗེ་གཤེད་ཀྱི་རིན་ཆེན ་འབྱུང་ལྡན་ནོ། །འདོད་ཆགས་གཤིན་རྗེ་གཤེད་ཀྱི་སྣང་བ་མཛའ་ཡས་སོ། །ཕྲག་དོག་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཙར་ཏསྩི་ཀ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཕག་མོ་ནི་མི་བསྐྱོད་པའོ། ། ་རྡོ་རྗེ་དབྱངས་ཅན་མའི་ནི་སྣང་བ་མཛའ་ཡས་སོ། །རྡོ་རྗེ་གཽ་རི་མ་ནི་དོན་ཡོད་གྲུབ་པའོ། །ཐོ་བ་གཤིན་རྗེ་གཤེད་ཀྱི་ནི་མི་བསྐྱོད་པའོ། །དབྱིག་པ་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །པདྨ་གཤིན་རྗེ་གཤེད་ཀྱི་སྣང་བ་མཛའ་ ་ཡས་སོ། །རལ་གྲི་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་བ་ཞེས་བྱའོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་ཡང་དག་པར་མཆོད་ནས། ཨོཾ་མུཏཀ་རཱ་ཛ། ཨོཾ་དནད་ཧཱུཾ། ཨོཾ་པདྨ ་བཾ། ཨོཾ་ཁང་བ་ཧོ་ཞེས་པའི་སྔགས་རྣམ་པ་བཞི་དགུག་པ་དང་།གཞུག་པ་དང་བཅིང་བ་དང། དབང་དུ་བྱས་པས་དམ་ཚིག་གི་འཁོར་ལོ་དང། ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ། །དེ་ནས་ཡང་ཡཾ་ཡོངས་སུ ་གྱུར་པ་ལས་ཇི་སྐད་གསུངས་པའི་རླུང་གི་དཀྱིལ་འཁོར་ལ་དེ་སྤར་བའི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་རོ། །དེས་བསྲོས་པའི་ས་མིག་དཀར་པོ་ཡོངས་སུ་གྱུར་པའི་ཐོད་པ་སྲོག་དང་བྲལ་བའི་གོ་ཀུ་ད་ཧ་ན་ཨོཾ ་ཡིག་གིས་བྱིན་གྱིས་བརླབས་བས་ཞུ་བར་གྱུར་པར་བལྟ་བར་བྱ་ཞིང། ཨོཾ་ཡིག་གི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་བདུད་བླངས་ཏེ། དེར་ཞུགས་པས་བདུད་རྩི་རྣམ་པ་ལྔས ་བསིལ་བར་བྱ་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་གྱུར་པར་བལྟ་བར་བྱ་ཞིང། རྡོ་རྗེ་ཙར་ཏསྩི་ཀའི་ཞལ་གྱི་གླུས་མཆོད་པར་བྱ་སྟེ། ཨ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་མོའི་གཟུགས་ཀྱི་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །སྤོས་པའི་རང་བཞིན་འདི་མཐོང་མཛད། །དེ་ནས་རྡོ ་རྗེ་ཕག་མོའི་ཞལ་ནས། ས་བླ་ས་འོག་ས་སྟེང་གསུམ། །ཁྱོད་ཀྱི་གར་ཀྱིས་གཡོ་བར་མཛད། །མིག་དམན་ལྟར་ནག་ཁྲོས་པའི་ཐུགས། ཁྱོད་ནི་རོ་ལངས་བཞིན་གར་མཛོད། །དེ་ནས་རྡོ་རྗེ་དབྱངས་ཅན་མའི་ཞལ་ནས། མདངས་ནག་ཚད་ནི་? ་ཐུག་པ་ལ། །རྣམ་པར་སྣ་ཚོགས་གཟུགས་ཡུལ་མཛད། །དབྱངས་ཅན་མ་བདག་གསོལ་བ་འདེབས། །བདེ་བ་ཆེན་པོ་ཁྱོད་གར་མཛོད། །དེ་ནས་རྡོ་རྗེ་གཽ་རི་མའི་ཞལ་ནས་ཀྱང། །ཧྲཱི(རྒྱུད་འགྲེལ་གྱི་འཁྲུལ་པ་སོལ། །རྗེ་བཙུན་སྙིང་རྗེའི་དབང་གིས་ཁྲོས། །འགྲོ་བས་གར་བྱེད་པ་ནི་མཐོང་ཞེས་པའི་གླུའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས། དེ་ལ་བསྟོད་པ་བྱ་སྟེ། གཏི་མུག་གཤིན་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །ཕྲ་མོ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། ། ་འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག་།རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པའི། །རྡོ ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག་།དཀྱིལ་འཁོར་གཙོ་ལ་ཕྱག་འཚལ ་བསྟོད། །ཅེས་པ་སྟེ། དེ་ནི་རྣལ་འབྱོར་ཆེན་པོ་སྟེ། །མིག་སོགས་བྱིན་གྱིས་བརླབས་པ་དང། །སྐུ་དང་གསུང་དང་ཐུགས་ཉིད་དང། ཡེ་ཤེས་འཁོར་ལོ་གཞུག་པ་ཡང། །བདུད་རྩི་མྱང་པ་དག་དང་ནི། །མཆོད ་པ་ཆེ་དང་བསྟོད་བ་ནི། །རྣལ་འབྱོར་ཆེན་པོ་ཞེས་བརྗོད་པའོ། ཞེས་པ་འདིས་ཉེ་བར་མཚན་པར་བྱ་སྟེ། །འཆད་པར་འགྱུར་བས་ཀྱང་རྣལ་འབྱོར་ཆེན་པོར་རྟོགས་པར་བྱའོ། །བདག་ཉིད་དེ་ལྟར་བསྒོམ་ནས་ཐམས་ཅད་ཀྱི་སྙིང་གར་རང་རང་གི ་སྟན་དང། ཟླ་བ་དང་ཉི་མ་ལ་གནས་པའི་རང་རང་གི་ས་བོན་ཡི་གེ་རྣམས་བལྟ་ཞིང་ཟླ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཡཀྵེ་མ་མེད་ཡ་ཙ་ནི་རཱ་ཛ་ས་དོ་རུ། ན་ཡོ་ནི་རཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་བཞིན་དུ་ལྷ་ཐམས་ཅད་ཀྱི ་སྐུ་རྣམས་ལས་རང་དང་འདྲ་བའི་ལྷའི་སྐུ་སེམས་ཅན་གྱི་དོན་དུ་སྤྲོ་བར་བྱའོ། །དེ་ལ་ཞེ་སྡང་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་བརྟུལ་ནས་མཆོད་པ་ཆེན་པོ་ཞེ་སྡང་ཆེ་བ་ལས་བཀོད་ནས་འོངས་ཏེ་དཀྱིལ་འཁོར་གྱི་བདག་པོའི ་ལུས་ལ་རབ་ཏུ་ཞུགས་པས་ཞེ་སྡང་གཤིན་རྗེ་གཤེད་ཀྱི་འཁོར་ལོར་བལྟ་བར་བྱའོ། །དེ་བཞིན་དུ་གཏི་མུག་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་གཏི་མུག་ཆེ་བ་ལས་བཀོད་ནས་གཏི་མུག་གཤིན་རྗེ ་གཤེད་ཀྱི་ཚོགས་རྣམས་གཏི་མུག་གཤིན་རྗེ་གཤེད་ཀྱི་སྐུ་ལ་བསྡུ་བར་བྱའོ། །དེ་བཞིན་དུ་ཕྲ་མའི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲ་མ་ཆེ་བ་ལ་བཀོད་ནས་ཕྲ་མ་གཤིན་རྗེ་གཤེད ་ཀྱི་ལྷའི་འཁོར་ལོ་རྣམས་བསྡུ་བར་བྱའོ། །དེ་བཞིན་དུ་ཕྲག་དོག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱང་རྟོགས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པ་བྱས་པས་ངལ་བར་གྱུར་ན། ཡན་ལག་དྲུག་གི་རྣལ ་འབྱོར་བསྒོམ་པར་བྱ་སྟེ། ནག་དང་སེར་དང་དེ་བཞིན་དམར། །སྔོ་བསངས་དཀར་ལྗང་རིམ་པ་བཞིན། །ལྷན་ཅིག་སྐྱེ་དགའ་ཙམ་དུ་ནི། །འཁོར་ལོ་བདག་པོར་བཅས་པ་བསྒོམ། །དེ་ནས་ལངས་ཏེ་སྔར་བཞིན་དུ་ལྷའི་འཁོར་ལོ་རྣམས་བསྒོམ་ཞིང་?་པ་གང ་བསྡུ་བ་ལ་སོགས་པའི་སྔགས་བཟླ་བར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་དང་ལྡན་པས་གཏེར་མ་བྱིན་གྱིས་བརླབས་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བརྩམས་པར་བྱའོ། །དེ་ནས་ཇི་ལྟར་བྱ་བ་བསྟན་པའི་དོན་དུ་གསུངས་པ། སློབ་དཔོན་ལ་སོགས ་པ་རྣམས་ཏེ། བདེ་གཤེགས་བཀའ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་གང་ལ་གནས་པ་འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ། །སྤུན་ཞེས་པ་ནི་རྡོ་རྗེ་འཆང་གི་སྤྲུལ་པ་ལ་སྤུན་དུ་གྱུར་པ་སྟེ་སེམས་ཅན་རྣམས་ཉིད་ཀྱི་སྐྱོན་བསྟན ་པར་མི་བྱའོ། ཞེས་པ་འབྲེལ་ཏེ། དེ་བཞིན་ཁྲོ་བར་མི་བྱ་ཞེས་པ་ནི་ཁྲོས་པ་ལས་ལེགས་པར་ཆོས་བསྟན་པ་མ་ཡིན་པའོ། །བདེན་པ་ཞེས་པ་ནི་དོན་དམ་པའོ། །ཆོས་ཤེས་པ་ནི་རུལ་པ་དང་འགལ་བ་ལ་སོགས་པའོ། །ཆོས་ལ་ཚད་ནི ་ཞེས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་ལྷ་ལ་སོགས་པ་ལ་ཏེ་དགོས་པ་ཆུང་ངུ་ལ་ཞེས་བྱ་བའོ། །རྟག་ཏུ་བསྟན་པར་བྱ་ཞེས་པ་ནི་ལྷག་མའོ། །ཤེས་རབ་རང་བཞིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་རྣམས་ཀྱིའོ། །སློང་མོས ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མངོན་བར་མེད་པས་སོ། །རྣལ་འབྱོར་པར་མི་བྱ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་རོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །རྟག་ཏུ་ཞེས་པ་ནི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་རྣལ ་འབྱོར་གྱིས་སོ། །སྔར་དམ་ཚིག་མངོན་པར་རྗོད་པ་ལས་ཡང་གང་ཞིག་བརྗོད་པ་ནི་དེའི་དོན་ཡང་འདི་ཡིན་ཏེ། བསྲུང་བ་དང། བཟའ་བ་དེ་དག་གི་དམ་ཚིག་ནི་གཉིས་ཏེ། སྔར་ནི་བཟའ་བའི་དམ་ཚིག་བརྗོད་པ་ཡིན་ལ། ། ་འདིར་ནི་བསྲུང་བའི་དམ་ཚིག་ཏུ་དགོངས་ཏེ། བླ་མ་སྨོད་པ་ཞེས་པ་ནི་གནོད་པ་བྱེད་པའོ། །དེ་བཞིན་དུ་དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་ཉམས་པ་ནའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །བདེ ་གཤེགས་རྣམས་ལ་ཞེས་པ་ནི་བླ་མ་རྣམས་ལ་ཞེས་པའོ། །དེ་དང་ཉེ་བར་མ་གྱུར་ན་སངས་རྒྱས་རྣམས་ཉིད་ལའོ། །ཉམས་པའི་གནས་སྐབས་སུ་བླ་མ་འདི་ཇི་ལྟ་བུ་ཞིག་ལ་བྱ་ཞེ་ན་གསུངས་པ། དད་པས་ཞེས་བྱ་བ་ལ་སོགས་པ ་སྟེ། དམ་ཚིག་ཅེས་བྱ་བ་ལ་ནི་གོ་གུ་ང་ཧ་ན་ལ་སོགས་པ་བརྟེན་པའོ། །གཞན་མི་རྟག་ཅེས་པ་ནི་དམ་ཚིག་བསྟེན་པར་བྱེད་པ་ཇི་ལྟར་གཞན་གྱིས་མི་རིགས་པའོ། །ཉེས་པ་མ་ལུས་ཞེས་པ་ནི་ལུང་ལས་གསུངས་པའི་ཉེས་པ ་བསྲུང་བའོ། །བསམ་གཏན་ལ་སོགས་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། །སེམས་ཅན་མཆོག་གཞོལ་ཞེས་པ་ནི་སེམས་ཅན་གྱི་དོན་མཆོག་པའོ། །བླ་མ་དེར་ནི་བླ་མ་ཞེས་བྱ་བ་ནི་བླ་མ་དེ་ལ་གུས་པར་བྱ་བའོ། ། ་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གསུངས་པ། བསྟན་ཞེས་པ་ནི་བསྟན་པ་ཉན་པ་དང་ཀློག་པའོ། །དུལ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལས་དམན་པར་སེམས་པའོ། །དད་པའི་བསམ་པ་ནི་རབ་ཏུ་དང་བའོ། ། ་མཛེས་ཞེས་པ་ནི་ལུས་དང་ཡན་ལག་དམན་པ་མ་ཡིན་པའོ། །སྨིན་བྱ་ཞེས་པ་ནི་ཆོས་བསྟན་པ་ལ་སྦྱོར་བའོ། །མཆོག་ཏུ་དགའ་བ་ཆེན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་བར་གྱུར་ཅེས་པ་ནི་མཆོག ་ཏུ་ཚིམ་པར་བྱེད་པའོ། །ཆེད་དུ་བརྗོད་ཅེས་བྱ་བ་ནི་བརྗོད་པ་དང་ལྡན་པ་རྣམས་སོ། །ཅི་བརྗོད་ཅེན་གསུངས་པ། གཤིན་རྗེ་གཤེད་ཀྱི་མཐར་ཐུག་ཅེས་པ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་ལྷར་དངོས་གྲུབ་མྱུར་བ་གདོན ་མི་ཟ་བར་འབྱུང་བའི་འཁོར་ལོ་རྣམས་ལས་གཞན་དག་ཏུ་དེ་བཞིན་དུ་མ་ཡིན་པས་སོ། །ཐོད་པའི་མཐར་ཐུག་ཤེས་པ་ནི་ཐོད་པ་འཆད་བའི་མཐར་ཐུག་པ་སྟེ། ཧེ་རུ་ཀའི་རྣལ་འབྱོར་གྱི་མཐར་ཐུག་པའོ། །དེ་ལྟ་བས་ན་ཉན་ཐོས་ལ་སོགས་པའི ་བརྟུལ་ཞུགས་ནི་མཐར་ཐུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ེ་མའོ་ཞི་བ་ཆེན་པོའི་ཆོས་ཞེས་བྱ་བ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུ་གཉིས་མེད་བདེན་པར་མི་འགྱུར་བ་ལས་ཞི་བ་ཆེན་པོར་བྱེད་པ་པོས་འཇིགས་པ་མཛད་ལ་ཞེས་བྱ་བ་ནི ་ཞི་བར་གྱུར་ནས་འདུལ་བྱ་རྣམས་ལ་སྨད་དུ་བྱུང་བའི་འཇིགས་པའི་གཟུགས་སུ་མ་སྤྲུལ་པའོ། །དེ་ལྟ་བུའི་ལྷ་གཉིས་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པའོ། །འཁོར་བ་མྱ་ངན་ལས་འདས་ཞེས་བྱ་བ་ནི་ཞི་བའོ། ། ་ཨེ་མའོ་འཁོར་བ་ཞི་བ་ཉིད་ཅེས་བྱ་བ་ནི། འདི་ཡང་འཁོར་བ་ལྟ་བུ་འམ། འཇིག་རྟེན་པ་ལྟ་བུ་སྟེ། ལྷ་རྣམས་ཀྱི་རྣམ་པས་འཇུག་པས་དེ་ལྟ་བུ་ལ་ཡང་རྒྱུན་གྱིས་འཇུག་པར་བྱེད་པའོ། །ེ་མའོ་འདི་ནི་ཞེས་བྱ་བ་ལ་སོགས ་པ་སྟེ། ཉེས་པ་གང་དེ་ཤེས་ཞེས་པ་ནི་ཁྱིམ་དང་ཁྱིམ་ཐབ་དང། སྐྱེ་བ་དང། འཆི་བ་ལ་སོགས་པའོ། །དེ་དག་ནི་འཁོར་བའི་བསྐྱོན་ཏེ། འདིར་ཡང་དེ་ལྟ་བུ་སྟེ། ཐམས་ཅད་མཆོག་གི་ཡོན་ཏན་དུ་གྱུར་པ་ཡིན་ནོ། ། ་གང་གི་ཕྱིར་འདི་ནི་གཞལ་ཡས་ཁང་དུ་གནས་པ་ལ་སོགས་པ་ཡིན་ཡང་འཆིང་བའི་རྒྱུ་མ་ཡིན་ནོ། །འོན་ཀྱང་གྲོལ་བ་ཉིད་དུ་བྱེད་པའོ། །ཡང་སྐྱོན་རྣམས་ཡོན་ཏན་དུ་ཇི་ལྟར་བྱེད་ཅེ་ན་གསུངས་པ། བྱང་ཆུབ་མེད་ཅིང ་ཞེས་པ་སྟེ། འདི་ཡང་བྱང་ཆུབ་འདི་བསྒྲུབ་པར་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་སྒྲུབ་པར་བྱེད་པའོ། །ཞེས་ལོགས་སུ་མངོན་པར་ཞེན་པ་མེད་པའོ། །མངོན་རྟོགས་མེད་ཅེས་པ་ནི་མངོན་པར་རྟོགས་པ་ནི་བྱང་ཆུབ ་ཀྱིས་དོན་དུ་ལམ་སྟེ་དེར་ལོགས་སུ་མངོན་པར་ཞེན་པར་མི་བྱའོ། །དངོས་པོ་མིན་ཞིང་བསྒོམ་པ་མིན་ཞེས་བྱ་བ་ནི་བདག་ཉིད་བསྒོམ་པར་བྱ་བ་དང། བསྒོམ་པ་པོ་དང། བསྒོམ་པ་མ་ཡིན་ཏེ། ཐ་དད་ཀྱི་མངོན ་པར་ཞེན་པ་དང་བྲལ་ཞིང་སེམས་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པའི་བདག་ཉིད་ཙམ་མོ། །ཅིའི་ཕྱིར་ཡང་མངོན་པར་ཞེན་པ་མེད་པ་ཞེ་ན་གསུངས་པ། ཁམས་ཀྱང་མིན་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་གྱི ་གཟུགས་ལ་སོགས་པའི་རྟེན་མེད་པའོ། །གཟུང་བ་མེད་པས་འཛིན་པ་ཡང་མེད་དམ་ཞེ་ན་ཀྱང་མེད་ཞེས་པ་སྟེ། འཛིན་པའི་རྣམ་པར་ཤེས་པ་ཡང་མེད་ཅེས་པའི་དོན་ཏོ། །འོ་ན་སོ་སོར་སྣང་བ་ན་ཇི་ལྟ་བུ་ཞེ་ན། ནམ ་མཁའ་ཨི་དཀྱིལ་འཁོར་དང་མཚུངས་པ་ཉིད་ཅེས་པ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ནམ་མཁའ་ཨི་རང་བཞིན་ནོ། །སྔོན་པོ་དང། དཀར་པོ་ལ་སོགས་པའི་རང་བཞིན་དང་བྲལ་བ་སྣང་བ་ཙམ་སྟེ། དེ་ལྟ་བུ་ཡང་མུན་པ་དང། ་སྤྲིན་ལ་སོགས་པའི་གཞི་ཡིན་པ་དེ་རྣམས་བསྡུས་ནས་ནམ་མཁའ་ཉིད་ནི། འདིར་འདི་ལྟ་བུ་ཞེས་རྨོངས་པའི་ཡིད་ཅན་རྣམས་མངོན་པར་ཞེན་པའི་དེ་བཞིན་དུ་བདེ་བ་ཆེན་པོ་རོ་གཅིག་པར་རྟོགས་པ་རྣམས་དང་བྲལ ་བའི་ཤེས་པ་དང་འདི་ཉིད་ལ་སྟེ། འདི་ལྟ་བུ་རྣམས་སྣ་ཚོགས་པའི་གཞི་ཡིན་པས་དེ་ཉིད་རང་བཞིན་ནོ། །ཞེས་རྨོངས་པ་རྣམས་མངོན་པར་ཞེན་པའོ། །འདི་ཉིད་གསུངས་པ། ནམ་མཁའ་ལྟ་བུ་ཞེས་པ་སྟེ། བདག ་མེད་ཆོས་འདི་བདེ་ཆེན་པོ། ཞེས་བྱ་བ་ནི་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན། །དེ་ཉིད་བདག་མེད་པའི་ཆོས་ཡིན་ལ། དེ་ཡང་སྣང་བར་འདོད་ཅིང་རྣམ་པའི་རང་བཞིན་མེད་པར་གྱུར་པ་སྟེ། རང་བཞིན་མེད ་པ་རྣམ་པ་བྲལ་བ་ཞེས་པའོ། །གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་དེའི་ཕྱིར་ན་འབྱུང་བ་ལྔ་མ་གྲུབ་པར་བསྟན་པའི་དོན་དུ་གསུངས་པ། ས་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཉིད་དུ་འདོད་ཅིང ་རྡུལ་ཕྲ་རབ་ཀྱི་ཆ་ཤས་མེད་པའི་དངོས་པོ་ཞེས་བརྗོད་དེ། འདི་ནི་ཕྱོགས་ཀྱི་ཆའི་དབྱེ་བས་རྟོགས་པ་གང་ལ་ཆ་ཤས་མེད་པ་ཡིན། ད་ལྟ་བས་ན་རྡུལ་ཕྲ་རབ་མ་གྲུབ་པས་ས་ལ་སོགས་པའི་བྱ་བ་ནི་སྙིམ་པ་ཆུ་སྟེར་བ་ཉིད་དོ། །གལ་ཏེ་འདི་དག ་ཐམས་ཅད་ལ་གཟུང་བ་དང། འཛིན་པ་སྣ་ཚོགས་རང་བཞིན་གྱིས་མེད་ན་གང་ལས་སྐྱེ་བར་འགྱུར་ཞེ་ན། གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། །རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །དེའི་བདེན་པ་ནི་སེམས་དཔའ་ཨོ། །དེའི་རབ་ཏུ་སྦྱོད ་བས་ཞེས་པ་ནི་གཏི་མུག་རབ་ཏུ་འབྱེད་པའི་སྦྱོར་བའོ། །བསྐྱེད་པ་ནི་དེ་ལས་ཏེ། འདིར་ཡང་རྟེན་ཅིང་འབྲལ་བར་འབྱུང་བ་དང་པོར་འདི་ནི་བལྟ་བར་བྱ། བདག་ནི་བལྟ་བྱེད་དོ་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཅི་གཟུང་བ་དང། འཛིན་པ་དེ་ཞེས ་པ་ལ་བརྟེན་པ་མ་ཡིན་ནམ་ཞེ་ན། གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གསལ་ཞིང་སྣང་བ་བརྟེན་པའི་གཟུང་བ་དང་འཛིན་པའི་རྣམ་པའོ། །དེ་དངོས་མེད་བཤད་ཅེས་པ་ནི་བདེན་པའི་ངོ ་བོ་མ་ཡིན་པའོ། །ཡང་ན་དེའི་དོན་ནི་འདི་ཡིན་ཏེ། ཤེས་པ་ལ་བརྟེན་ནས་གཟུང་བ་དང་འཛིན་པའི་རང་བཞིན་དུ་བརྟགས་པ་ཡང་ཅི་ཕ་རོལ་པོའི་ཤེས་པ་ནི་གཟུང་བའི་དང་འཛིན་པའི་རང་བཞིན་མ་ཡིན་ཏེ། ཕ་རོལ་གྱི་རང་རིག་པ་མངོན ་སུམ་དུ་མ་གྱུར་བའི་ཕྱིར་རོ། །གང་གི་ཡང་དག་པར་རིག་པ་ལས་བརྟེན་པ་ཡང་མ་ཡིན་ཏེ། གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་ཡང་མངོན་དུ་གྱུར་པ་མ་ཡིན་པས་ན་གཟུང་བར་མ་གྲུབ་པ་ཉིད་དོ། ་དེ་ལྟར་བྱུང་བའི་རང་རིག་པ་ཡང་གཅིག་པ་ཉིད་ཀྱིས་ནི་གཟུང་བ་དང་འཛིན་པ་ཇི་ལྟར་ཡིན་ཏེ་བདག?་ཉིད་ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཀྱིས་ན་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཞེས་བྱ་བ་ནི་གང་དེ་ལྟ ་བུ་དེའི་དོན་གྱིས་ན་དངོས་པོ་མེད་པ་སྟེ། ཤེས་པ་ལ་བརྟེན་པའི་གཟུང་བ་དང་འཛིན་པར་ཡང་དངོས་པོར་མ་གྲུབ་པའོ། །འོ་ན་འདི་ལྟ་བུ་ཡང་སྟེ་བདེན་པར་གྱུར་པའི་གཟུང་བ་དང་འཛིན་པའི་རྣམ་པ་སྤང་བའི་དོན་དུ་ངེས་པ་ཉིད་དུ་ཐབས་གམས? ་བར་བྱས་ན་དེ་ནི་གཉེན་པོ་ལ་ཏེ་བདེན་པའོ། །དེ་ལྟ་བུའི་སྦྱོར་བ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་བ་ཞེས་འོས་པའོ། །རྣམ་པ་གཞན་གྱིས་གཟུང་བ་དང་འཛིན་པའི་དེ་ཞེས་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི ་ཡིན་ཏེ། རྣལ་འབྱོར་པའི་འབྲེལ་པ་ནི་ཡོད་པ་སྟེ། གཞན་ཡང་འདི་ནི་ཆད་པ་མ་ཡིན་ཏེ་སྣང་བ་ཙམ་དུ་ཡོད་པའི་ཕྱིར་རོ། །ཇི་སྐད་གསུངས་པའི་དབྱད་པ་མི་བཟོད་པས་ན་རྟག་པ་མ་ཡིན་པའོ་དང། དོན་དམ་པ་ཡང་མ་གྲུབ་ན ་རྣམ་པ་གཞན་གྱི་གཟུང་བ་དང་འཛིན་པའི་ངོར་བརྟགས་པ་དེ་ཇི་ལྟར་གྲུབ། དེ་ནི་ལྷའི་རྣལ་འབྱོར་པ་ཡང་དོན་འདི་གསལ་བར་བྱ་བའི་ཕྱིར་ཡན་ལག་མེད་ཅིང་ཞེས་པ་ལ་སོགས་པ་སྟེ་གསལ་ཞིང་སྣང་བ་ལས་ཡན་ལག་ལ་སོགས་པ ་སྟེ། དེས་ན་ཆད་པ་ཡང་མ་ཡིན་ཞིང་ཇི་སྐད་གསུངས་པའི་སྤྱད་པ་མི་བསོད་པས་ན་རྟག་པ་མ་ཡིན་པས་སོ། །ཅི་དེ་ལྟ་མོད་ཀྱི་འོ་ན་ནི་དོན་དམ་པ་གང་ཡིན་ཞེ་ན། གང་མཆོག་ཏུ་དགའ་བའི་མཚན་ཉིད་ཅན་ནོ། །ཞེས་པ་ལྷག་མའོ། ་བཟུང་བ་དང་འཛིན་པའི་རྣམ་པ་ཡོངས་སུ་སྤངས་པ་གང་བདེ་བ་ཆེན་པོར་རོ། །ཅིག་པའི་ཡེ་ཤེས་དེ་ནི་བདེན་བ་ཞེས་པའི་དོན་ཏོ། །གང་ལས་ཤེན་གསུངས་པ། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས ་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་ཞེས་བྱའོ། །དེའི་རྟེན་ནི་ཤེས་པའི་རྣམ་པ་སྟེ། ཆོས་ཅན་དེ་ལས་ཆོས་རྣམས་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱང་དོན་དམ་པར་མ་གྲུབ་པོ་ཞེས་པའི་དགོངས་པ་བསྟན་པའི་དོན་དུ་གསུངས་པ། །ཐོག་མ་ཞེས་བྱ་བ ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་དག་ཐམས་ཅད་དག་གིས་རྟོགས་པར་བྱས་ནས་གོ་བར་བྱ་བའི་དོན་དུ་གསུངས་པ། དེ་ནས་བཅོམ་ལྡན་འདས་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གིས་ཅི་ཞིག་བརྗོད་ཅེ་ན། ་དྲི་མེད་ཅེས་བྱ་བ་ལ་སོགས་པའོ། །དྲི་མེད་ནི་དྲི་མ་མེད་པས་ཏེ་ཕྱི་རོལ་གྱིས་གཟུང་བ་དང་དེ་ལ་བལྟོས་པ་རྣམས་སོ། །དག་པ་ནི་རྣམ་པར་དག་པ་སྟེ། ཡེ་ཤེས་ནི་གཟུགས་སུ་གཟུང་བ་དང་དེ་ལ་བལྟོས་པའི་གཟུང་བ་དང་འཛིན་པར་མ་བྱུང ་བའོ། །ཧོ་ཞེས་པ་ནི་མཉས་པའོ། །གང་ཡིན་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་མ་བཅོས་པར་འདོད་པ་ཡིན་ལ། དགའ་བ་ནི་བདེ་བ་ཆེན་པོ་ཡིན་པས་སོ། །འདི་ལྟ་བུ་ཡང་ཐབས་ཀྱིས་སྒྲུབ་བྱ་བསོད ་ནམས་བདེན་པའི་བདག་ཉིད་མ་ཡིན་ནོ་ཞེ་ན། གསུངས་པ། བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྟེ། བསོད་ནམས་ནི་བསོད་ནམས་ཡིས་སོ། །ཐོབ་པ་ཞེས་ནི་རབ་ཏུ་ཐོབ་པའོ། །མ་ཞེས་པ་ནི་མ་ཡིན་པའོ། །འབྲེལ་པ་ནི་འབྲེལ ་པར་བྱེད་པའོ། །དེ་ཡང་ཐབས་ཀྱི་རང་བཞིན་གྱིས་ཕྱི་རོལ་གྱི་བསོད་ནམས་བདེན་པའི་བདག་ཉིད་དེ་དེར་བྱེད་དོ་ཞེས་པའི་དོན་ཏོ། །ཐབས་ཀྱི་ངོ་བོ་ནི་ལུས་སུ་སྣང་བ་ཙམ་དང། བསོད་ནམས་ཀྱི་རང་བཞིན་པས་ན་ཡོད་པ་ཉིད་དོ། །འོ་ན ་དེ་ལྟ་བུ་ནི་གཟུང་བ་དང་འཛིན་པ་སངས་པ་ན་རྣམ་པར་ཤེས་པ་ཙམ་འབའ་ཞིག་གིས་གནས་པ་ཡང་མ་ཡིན་པ་དེ་ནི་སྟོང་པ་ཉིད་དུ་བརྗོད་ཅིང་སྙིང་རྗེ་མེད་པར་འགྱུར་བས་ན། དེ་ལྟར་འདི་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དབྱེར་མེད་དུ ་གསུངས་པའི་དོན་དུ་སྙིང་རྗེའི་སེམས་ཀྱིས་ཤེས་པས་ཏེ། སྙིང་རྗེའི་སེམས་ནི་རྨི་ལམ་དང་སྒྱུ་མ་ལྟ་བུའི་རང་བཞིན་གྱི་ངོ་བོའོ། །ཡོད་ཅེས་པ་ནི་ཇི་སྲིད་ནམ་མཁར་གནས་པའི་བར་དུ་སེམས་ཅན་མ་ལུས་པའི ་དོན་མཛད་པའི་ནུས་པ་ཡོད་པའོ། །དང་བ་ཞེས་པ་ནི་གཟུང་བ་དང་འཛིན་པ་ཡོངས་སུ་སྤངས་པ་སྟེ་དྲི་མ་མེད་པའོ། །དེའི་ཕྱིར་བདག་ཉིད་གསུངས་པ། གཏེར་ཆེན་གཅིག་པུས་ཞེས་པ་ལ། གཏེར་ཆེན་ནི་གཏེར་ཆེན་པོ་དང ་འདྲ་བ་སྟེ། འགྲོ་བ་མ་ལུས་པའི་འཚོ་བ་སྟེར་བས་ནའོ། །དེ་བཞིན་ཉིད་ཅེས་པ་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སོ། །སྟོང་པ་ཞེས་པ་ནི་གཟུང་བ་དང་འཛིན་པའི་སྐྱོན་དང་བྲལ་བའོ། །འོ་ན་དེ ་ལྟ་བུ་དོན་དམ་པ་བྱས་པས་འགྲོ་བ་འདི་དག་རྣམས་ལ་ནི་སྐྱེ་ཞིང་འགྲོ་བ་ཡིན་པས་དེ་དག་གི་རང་བཞིན་ལ་མ་ཁྱབ་པོ་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ་མཆོག་ནི་འགྲོ་བ་ལ་ཁྱབ་པའོ། །དགའ་བ་ནི་ཉོན ་མོངས་པ་དང་བྲལ་བའོ། །དེའི་ཕྱིར་འདི་ཉིད་དང་པོ་ཞེས་པ་སྟེ་དང་པོ་ཉིད་དངོས་པོ་མེད་པ་སྟེ། གཅིག་གི་རང་བཞིན་དུ་འོས་པ་མེད་པས་ཁྱབ་ཅེས་པའི་དོན་ཡིན་ལ། དེ་ཡང་གཅིག་གི་རང་བཞིན་དུ་ངེས་པ་ལ་ནི་མཆོག་ཏུ་དགའ་བ ་མེད་དོ་ཞེས་པའོ། །དགའ་བ་ནི་ཉོན་མོངས་པ་དང་བྲལ་བ་ཡིན་ན། དེ་ཡང་ཇི་ལྟར་ཤེས་ཤེ་ན་གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ཞེ་རང་བཞིན་གྱིས་ཉོན་མོངས་པ་དང་བྲལ་བ་ཡིན་ལ་དེས ་ན་དགའ་བ་ཆེན་པོའི་དོན་ཏོ། །དེ་ལྟ་བས་ན་འདི་ནི་ཆོས་རྣམས་ངོ་བོས་ཤེས་པ་སྟེ། ཆོས་ནི་རང་གི་མཚན་ཉིད་འཛིན་པ་བསྟན་པ་དང། གཡོ་བའི་དངོས་པོ་མ་ལུས་པའོ། །དེ་རྣམས་ཀྱི་རང་བཞིན་ནི་གཉུག་མའི་དེ་ཁོ་ན་ཉིད་དེ ་མཁའ་འགྲོ་མ་རྣམས་ཀྱང་དེ་རང་བཞིན་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ལས་སོ། །འོན་འདི་ལྟར་འགྲོ་བ་ནི་རྐྱེན་ལ་སྐྱེ་བ་དང་ལྡན་པའི་འགྲོ་བའི་རང་བཞིན་ཏེ་དེ་དག་དེར་འགྱུར་རོ་ཞེ་ན་གསུངས་པ། མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ་མེད་པ ་ནི་མེད་པ་ཉིད་དོ། །དེ་ནི་དེ་རྣམས་ཀྱིའོ། །དེ་བཞིན་ཉིད་ཅེས་པ་ནི་དེ་བཞིན་ཉིད་ལའོ། །བསོད་ནམས་མེད་ཅིང་སྡིག་པ་མེད་ཅེས་པ་ནི་ཐམས་ཅད་ཀྱང་རོ་མཉམ་པ་དེའི་རང་བཞིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། འཇིགས་དང ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིགས་པ་དང་སྐྱེ་བ་ནི་སྡིག་པ་དང་བསོད་ནམས་ཀྱི་སྦྱོར་བ་ཡན་ན་དེ་དག་དངོས་པོ་མེད་པ་ལས། ཅིའི་ཕྱིར་དེ་དག་གི་རང་བཞིན་འབྱུང་ཞེས་པའོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སངས་རྒྱས་ཀྱི་ཐུགས་ཀྱི་རང་བཞིན ་ནོ། །དེ་གསལ་བ་ནི་གཏན་ལ་འབེབས་པའོ། །དེ་སྟོན་པར་བྱེད་པ་དག་གི་ཚོགས་ཏེ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པའི་ལེའུ་འོ། །ལེའུ་བཅུ་བདུན་པའི་བཤད་པ་རྫོགས་སོ།། །།རྒྱུད་འབྱུང་བའི་སྐབས་ལ་འབབ་པའི ་དོན་གསུངས་པ། དེ་ནས་གཏམ་རྒྱུད་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ལྷགས་ཏེ་ཞེས་བྱ་བ་ནི་མངོན་པར་ཕྱོགས་པ་གྱུར་པའོ། །བདུད་ཆེན་པོ་ལས་རྒྱལ་བ་ཞེས་བྱ་བ་ལ་བདུད་ཆེན་པོ་ནི་ཉོན་མོངས་པ་ལ་སོགས་པའི་མཚན་ཉིད་རྣམས་སོ།། ་ཕ་རོལ་ལས་རྒྱལ་བས་རྒྱལ་བ་སྟེ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཛིན་པ་གཤིན་རྗེ་གཤེད་ཀྱི་གཟུགས་ཞེས་པའི་དོན་ཏོ། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གཙོ་བོ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་གཙོ ་བོའོ། །ངེས་པར་ཕྱུང་བར་གྱུར་ནས། ཞེས་བྱ་བ་ནི་སྐུ་གསུང་ཐུགས་རྣམས་ཀྱིས་གཤིན་རྗེ་གཤེད་དུ་གྱུར་པའོ། །དགོས་པ་བསྟན་པའི་དོན་དུ་ངེས་པར་ཕྱུང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱང་དེའི་དུས་སུ་གནས་པའི་ལྷ? ་ལ་སོགས་པ་རྣམས་དེ་བཞིན་དུ་སྣང་བ་ཡིན་པས་འདི་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་རང་ཉིད་ཀྱིས་བདག་ཉིད་ཀྱིས་བདག་ཉིད་ལ་བཀའ་བསྒོ་བ་ཡང་མ་ཡིན་ནོ། །སྐད་ཅིག་ལ་ཞེས་པ་ནི་དུས་སུ་ཉུང་ངུ་ཉེ་བར ་མཚོན་བའོ། །ལེགས་པར་རབ་ཏུ་ཡིད་ལ་བྱས་སོ། ཞེས་བྱ་བ་ནི་བདུད་རྣམས་སོ། །ཞེས་པ་ལྷག་མའོ། །ལེགས་སོ་སྦྱིན་པ་དང་ལྡན་པ་གང་ཡིན་ཞེ་ན། ལེགས་པར་བྱེད་པ་ནི་གང་རབ་ཏུ་བྱེད་པ་ནི་གང་ཞེས་པའི་དོན་ཏོ། ། ་གསང་བ་ཆེན་པོའི་བདག་པོ་ཞེས་བྱ་བ་ལ་གསང་བ་ཆེན་པོ་ནི་གནོད་སྦྱིན་ནོ། །དེ་རྣམས་ཀྱི་བདག་པོ་ནི་ཕྱག་ན་རྡོ་རྗེའོ། །རྡོ་རྗེའི་རིགས་ཀྱི་གཙོ་བོ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཏེ་འདིར་དེའི་རིགས་མཆོག་ཏུ་གྱུར་པས་ན་དེའི་དབང ་དུ་བྱས་ཞེས་བའོ། །ཅི་རྒྱུད་འདི་གཙོ་བོ་ཡིན་པའོ། །དགྱེས་པའི་རྡོ་རྗེའི་རྒྱུད་བཞིན་དུ་ཡང་དག་པར་བྱུང་བ་ཡིན་ཞེ་ན། གསུངས་པ། ན་ད་ཀུ་བེ་རའི་ཡབ་ཅེས་བྱ་བ་ལ་སོགས་པ་སྟེ། ན་ད་ཀུ་བེ་རེ་ཞེས་པའི་རྒྱུད་རྐང་པ་གཅིག་དང་བཅས ་པའི་འབུམ་ཕྲག་གཅིག་པ་ལས་ཕྱུང་ཞེས་པའི་དོན་ནོ། །ནན་ཏན་དུ་བྱས་ཞེས་པ་ནི་ཡང་དག་པའི་ནན་ཏན་གྱིས་ཏེ་དེས་འདུལ་བའི་བློ་དང་ལྡན་པ་རྣམས་ཀྱི་དོན་དུའོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་རྒྱུད་ཀྱི་རྒྱལ་པོ་ལས ་སོ། །ོརྒྱན་ནས་བྱུང་ཞེས་པ་ནི་ཨོརྒྱན་ནས་ཡང་དག་པར་བྱུང་བའོ། །ལེའུ་བཅོ་བརྒྱད་པའི་བཤད་པ་རྫོགས་སོ།། །།གང་གིས་རྒྱ་མཚོའི་ཆུ་ཡང་རྨིག་པས་འགེབས་ཤིང་རི་བོའང་རབ་ཏུ་གཡོ་བ་ཡི། །མ་ཧེའི་རྒྱབ ་ཏུ་ཉི་མ་དམར་པའི་གནས་སུ་གང་ཞིག་ཞོན་ཞིང་རོལ་བ་ནི། །བསྐལ་པའི་མཐར་བྱུང་སྤྲིན་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་རྣམ་པས་ཡུན་རིངས་སུ། །འགྲོ་བ་རྣམས་ཀྱི་ཕུན་སུམ་ཚོགས་པ་རབ་ཏུ་འབྱོར་པའི་རྒྱུར་གྱུར་ཅིང། ། ་བདེ་གཤེགས་དགོངས་པ་ཡོངས་སུ་ཤེས་པའི་སྟོབས་ནི་རིན་ཆེན་ཏེ། །སྲིད་གསུམ་མུན་པ་འཇོམས་ཤིང་དགའ་བས་འདི་ནི་ཕྲེང་བའང་ཡིན། །རིན་ཆེན་འོད་ཟེར་ལྡན་པས་སྙིང་ལ་གནས་པའི་ཡོན་ཏན་བྱེད། །མདོག་བཟང་ཕྲེང་བར་བརྒྱུས ་པའི་ཡོན་ཏན་ལྡན་པ་འདི་ཡི་ནི། །སྣོད་ཀྱི་སེམས་ཅན་རྟག་ཏུ་སེམས་ཉིད་དགའ་ཞིང་རྒྱས་པ་དང། །ཤིན་ཏུ་དགའ་བའི་ཡིད་ཀྱིས་མུན་པ་སེལ་བས་ཉི་མ་བཞིན། །རིན་ཆེན་ཕྲེང་བ་དང་ནི་འདྲ་བས་རིན་ཆེན་ཕྲེང་བ་སྟེ། །ཡང ་དག་བསྡུས་པས་འགྲོ་བ་ལས་ནི་རྒྱལ་བའོ། །དེ་ཡི་གཉིས་མེད་རྟོགས་པའི་ལས་ནི་མཚུངས་མེད་པའི། །སྙིང་རྗེ་དང་ནི་སྟོང་པའི་བརྩེ་བས་སྣོད་དུ་གྱུར། །སེམས་ཅན་ཀུན་གྱི་སྣོད་རྣམས་ལས་ནི་བདེ་གཤེགས་ཀྱི། །དགོངས ་པའི་བདུད་རྩིའི་ཆུ་ཡིས་བྲན་པའི་བརྩེ་ཆེན་པོ། །ཀུན་མཁྱེན་ཡང་དག་སེམས་འདི་རྒྱ་མཚོའི་ཆུ་རླབས་བཞིན། །རྒྱལ་བ་གཤིན་རྗེ་གཤེད་དཔལ་རྣམ་སྤྲས་ནན་ཏན་ལས། །ཡོན་ཏན་དཔལ་དུ་གྱུར་པའི་དཀའ་འགྲེལ་འདི་ཡིན་ཏེ། ། ་རིན་ཆེན་ཕྲེང་བ་ཞེས་ནི་མིང་དུ་བརྗོད་པའོ། །མ་ག་དྷ་ཡི་ཤར་གྱི་ཕྱོགས། །བྷི་གལ་ཞེས་བྱ་བའི་ཡུལ། །བི་ཀྲམ་པུ་རིའི་གཙུག་ལག་ཁང། །སྐུ་འཁྲུངས་མཁས་པ་ཆེན་པོ་ལས། ། བ་དྷུ་ཏཱི་པར་གྱུར་པའི། །གཞོན་ནུ་ཟླ་བས་མཛད་པ་ཡིན། ། ་རྒྱ་གར་མཁན་པོ་ལི་ལ་བཛྲ་ལ། །བོད་ཀྱི་ལོ་ཙ་བསོད་ནམས་རྒྱལ་མཚན་ནི། །རུས་པ་དབྱེལ་ལ་མཁན་ནི་སེར་རྩ་ཡིས། །རྙེད་དང་གྲགས་པའི་དོན་དུ་འདི་མ་བསྒྱུར། །རང་གི་སློབ་མ་རྣམས་ཀྱིས་གསོལ་བཏབ་ནས། །ཕན་པའི་བསམ་པས ་འདི་དོན་ལེགས་པར་བསྒྱུར། །གལ་ཏེ་ལྟག་ཆད་འགའ་ཞིག་ཡོད་སྲིད་ན། །རྒྱ་དཔེ་གཞན་དང་མཁས་པ་གཞན་དག་ལ། །ད་དུང་བདག་ཉིད་ཞུས་གཏུགས་ལེགས་པར་བགྱིད། །སྒྲ་ཡི་མིང་དང་རྣམ་རྟོག་སྣ་ཚོགས་བས། །ལོ་ཙཱ་གཞན་གྱིས ་བཅོས་པ་མ་མཛད་ཅིག་།མཉན་ཅིང་ཤེས་ན་འདི་ལ་བཤད་པ་མཛོད།། །།དཔལ། ཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་གཞོན་ནུ་ཟླ་བས་མཛད་པ ་རྫོགས་སོ།། །།འདི་བྲིས་དགེ་བའི་མཐུ་དང་ནུས་པ་ཡིས། །གཤིན་རྗེ་གཤེད་པོའི་གོ་འཕང་མཆོག་ཐོབ་ནས། །ཕ་མས་གཙོ་བྱས་འགྲོ་དྲུག་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་ཚེ་འདིར་མ་ཐོབ་པ་དང། །གདོན ་བགེགས་འབྱུང་པོའི་ཚོགས་རྣམས་ཞི་མཛད་པའི། །གཤིན་རྗེ་གཤེད་པོའི་གོ་འཕང་མྱུར་ཐོབ་ཤོག། (།།!། །གཤིན་རྗེའི་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་བཞུགས་སོ།།)་།།རྒྱ་གར་སྐད་དུ། ་