CLOSE WINDOW

N1575: dpal gshin rje gshed kyi rgyud kyi dka' 'grel lhan cig skyes pa'i snang ba zhes bya ba
Wyliee-texts based on the ACIP/ALL Input

ཀ་ར་ཝརྨས་ཞུས་ཏེ་གཏན་ལ་ཕབ་པ།། (དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་དཔལ་འཛིན་གྱིས་མཛད་པ་བཞུགས་སོ།།)་།། *། །རྒྱ་གར་སྐད་དུ། ཤྲཱི་ཡ་མཱ་རི་ཏནྟྲ་པཉྫི་ཀཱ་ས་ཧ་ཛཱ་ལོ་ཀ་ནཱ་མ། བོད་སྐད་དུ། དཔལ་གཤིན ་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་བླ་མ་རྣམས། །ཟབ་མོ་རྡོ་རྗེ་འཆང་བཏུད་དེ། །དཔལ ་ལྡན་གཤིན་རྗེའི་དཀའ་འགྲེལ་ནི། །ལྷན་ཅིག་སྐྱེས་པའི་སྣང་བ་བྲི། །ལུང་དང་ཚང་མས་སྤྱོད་པ་ཡི། །བློ་གསལ་རྣམས་ལའང་སྤས་པ་ལ། །སྒྲ་ཙམ་ཉིད་ཀྱང་མི་ཤེས་པའི། །བདག་འདྲ་རྨོངས་པ་སྨོས་ཅི་དགོས། །འོན་ཀྱང་བླ་མའི་ཟབ་མོའི་བཀའ་ཨི། །ཅུང ་ཟད་དོན་སྟོབས་ཐོས་སྐྱེས་གང། །བདག་ནི་ཡོངས་སུ་ངལ་བ་ཡིས། །དེ་ཡི་དོན་ནི་དྲན་པར་བྱ། །ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་མཐོང་ནས་འཇུག་པ་ཡིན་པས། དེའི་ཕྱིར་དང་པོར་འཇུག་པའི་ཡན་ལག་ཏུ་ཐུན་མོང་མ་ཡིན་པའི་འབྲས་བུ ་འཐོབ་པའི་རྒྱུ་དགོངས་པ་སྒྲུབ་པར་ནུས་པ་བརྗོད་པར་བྱའོ། །གང་ཡང་བསྟན་བཅོས་དག་ནི་ཐམས་ཅད་དང། །ལས་རྣམས་དག་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་སྨྲས་པར། །དེ་སྲིད་སུ་ཞིག་ལེན་པར་བྱེད། ཅེས་བསྟན་པ་ཡིན་ནོ། །དེ་ཡང་འབྲེལ་པ ་དང་བརྗོད་པར་བྱེད་པ་མ་བསྟན་པར། རྟོག་པར་མི་ནུས་པ་ཡིན་པའི་ཕྱིར། འབྲེལ་བ་དང་བརྗོད་པར་བྱེད་པ་ཡང་བསྟན་པར་བྱའོ། །ཐབས་མེད་པར་ཡང་བསྒྲུབ་པར་མི་ནུས་པས་ཐབས་ཀྱང་བསྟན་པར་བྱའོ། །དེ་ལ་བདག་དང་གཞན་གྱི་བདེ་བ་མཆོག་གི་རྒྱུ། ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཉིད་ནི་འདིར་བརྗོད་པར་བྱ་བ་སྟེ། འདིར་དགོས་པའོ། །དེ་གང་གིས་ངེས་པར་སྟོན་པར་བྱེད་པ་དེ་ཡང་རྗོད་པར་བྱེད་པ་ཡིན་པས་སངས་རྒྱས་ཀྱིས་མཛད་པ་སྙན་དངགས་ཀྱིས་སྟོན་པ་ལྟར་རྒྱུད་ལ་ཡང་གཤིན ་རྗེ་གཤེད་ནག་པོ་ཞེས་དེ་སྐད་བརྗོད་དོ། །རྗོད་བྱེད་དང་བརྗོད་བྱ་འདི་དག་གི་བརྗོད་པ་དང་བརྗོད་བྱའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་དོན་གྱི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདོད་ཐབས་ཀྱང་གསུངས་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ ་ཏུ་སེམས་བསྐྱེད་པ་དང། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་དབང་བསྐུར་བ་ཐོབ་པས་རྣལ་འབྱོར་བཞི་བསྒོམས་པའི་མཚན་ཉིད་ཅན་ཡིན་ཏེ། གང་གི་ཕྱིར་འདིས་བདག་དེའི་ངོ་བོར་མངོན་སུམ་དུ་འགྱུར་བ་ཡིན་ནོ། །དེ་ཕྱིར་ཡང་དག་ཡང་དག་མིན། ། ་ཤིན་ཏུ་བསྒོམས་པ་གང་གང་ཡིན། །བསྒོམས་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་གཏོགས་བློ་འབྲས་བུ། ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ནི་འདི་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཐམས་ཅད་ཀྱང་ཐམས་ཅད་དུ་བདག ་ཉིད་ཀྱི་བདེ་བའི་དོན་དུ་འཇུག་པ་ཡིན་ཏེ། དེ་ཡང་འདི་ལྟར་སྤང་བྱ་དང་བསྒྲུབ་བྱ་མི་ཤེས་པས་མུ་སྟེགས་པ་རྣམས་ནི་ལྷ་དང་མིའི་བདེ་བ་འདོད་པ་ཉིད་ཀྱིས་འཇུག་པར་བྱེད་དེ། ཆུ་དང་མེ་ལ་སོགས་པའི་ནང་དུ་བདག་ཉིད་འཇུག་པ་དང། འདབ་མ་དང་ནས་ལ ་སོགས་པ་ཟ་བ་དང་གཅིག་ལ་སློང་བ་དང་གཉིས་ལ་སློང་བ་ལ་སོགས་པས་ལུས་ལ་གནོད་པ་བྱེད་ཀྱང། རེ་ཞིག་དེ་ལ་སོགས་པའི་དཀའ་ལས་ཀྱི་བརྟུལ་ཞུགས་ཀྱིས་སྤྱོད་ན་ཡང་འབྲས་བུ་བདེ་བ་ནི་མེད་དོ། །གང་གི་ཕྱིར་སྡུག་བསྔལ་ལ་སོགས་སེམས ་གཡེངས་ན། །གཡེངས་པའི་དངོས་གྲུབ་གཞན་དུ་འགྱུར། །དངོས་གྲུབ་མེད་ན་འཁོར་བ་སྟེ། །འཁོར་བས་དམྱལ་བ་སྒྲུབ་པར་བྱེད། ཅེས་གསུངས་པས་སོ། །ཉན་ཐོས་ལ་སོགས་པ་ཡང་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པས ་ཕུང་པོ་མེད་པའི་བདེ་བ་མཆོག་ཡིན་ནོ། ཞེས་བྱ་བར། ཤེས?་ནས་བདག་ཉིད་མྱ་ངན་ལས་འདས་པར་ངེས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱོད་པ་ཡང་སྦྱིན་པ་ལ་སོགས་པ་ལ་ཞུགས་ན་ཡང་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་མེད་པའི་ཕྱིར། སྙིང་རྗེ་དམན་པས་བདག་ཉིད་ཀྱི་མྱ་ངན་ལས་འདས་པ་གཙོར་བྱེད་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་ཐོབ་པའི་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དེ་ཡང་སངས་རྒྱས་ནི་མ་ཡིན་ཏེ་དེ་ལྟ་ན་ནི་ས ་བཅུ་པར་སངས་རྒྱས་པར་ཐལ་བར་འགྱུར་རོ། །གཞན་ཡང་ཟབ་མོ་མངོན་སུམ་དུ་བྱས་པ་ཉིད་ཡིན་ཡང་སེམས་ཅན་གྱི་དོན་ནི་མེད་དེ། འགྲོ་བ་མ་ལུས་པ་ཉེ་བར་འཚོ་བར་གྱུར་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འདོད་ན་བདག་མེད་པའི་མཐར་ཐུག་པ་ལ ་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་ནི་མ་ཡིན་ཏེ། དེ་ནི་བརྟགས་པའི་གཉེན་པོ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང་ཐབས་དང་བྲལ་བའི་དངོས་མེད་ཙམ། །བསྒྲུབ་པར་བྱ་བའང་མ་ཡིན་ཏེ། །བདག་དང་གཞན་གྱི་དོན་སྒྲུབ་མཐུ། །མེད་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན། །ཞེས་བསྟན ་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། ཞེས་བརྗོད་པར་ཡང་མི་བྱ་སྟེ། གང་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ནི་ཇི་ལྟར་སེམས ་ངེས་པར་འགྱུར། དེ་ལྟར་ན་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་བསྒོམས་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམས་པའི་ངལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར ་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གནས་པས་ཀྱང་སྐུ་གསུང་གི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ ་ནི་བསྒོམས་པས་གསལ་བར་འགྱུར་རོ། །དེའི་ཕྱིར། སངས་རྒྱས་ཉིད་ནི་སྡུ་བའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་ཏུ་ཡང། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་ཏུ་མཐོང་བ་མ་ཡིན་ནམ། ཞེས་བསྟན་པ་དང་ཐམས་ཅད་གསང་བ་ལས་ཀྱང། ་སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་འཐོབ། ཅེས་གསུངས་པས། སངས་རྒྱས་ཀྱི་རྣལ་འབྱོར་ཡང་སེམས་ཅན་མ ་ལུས་པ་འདུལ་བ་དང། ཁྲོ་ཞིང་ཞི་བའི་བདག་ཉིད་ཅན་གཤིན་རྗེ་གཤེད་ནག་པོ་ཉིད་དོ། །བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེར་ནི ་འདི་ལྟར་རས་བྲིས་ལ་སོགས་པར་རྟོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ་རང་གི་ལྷའི་རྣལ་འབྱོར་གྱིས་རས་བྲིས་ལ་སོགས་པར་རྟོགས་པའི་ལྷ་ལ་དམིགས་ནས་འཐུན་པའི་དངོས ་གྲུབ་སྒྲུབ་པར་བྱེད་དོ། །རྣལ་འབྱོར་བླ་ན་མེད་པར་ནི་གཙོ་བོ་ཉིད་དུ་དེ་རྒྱུའི་གཙོ་བོར་མ་བསྟན་ཏོ། །འདིར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་བདག་ཉིད་ཅན་གཅིག་ཏུ་འགྲོ་བ་མ ་ལུས་པ་ལ་ཕན་པར་བྱེད་པ་ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་བསྟན་ཏེ། དེས་ན་ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པས་བླ་ན་མེད་པའོ། །ཏཀྵ་ཀའི་མགོ་ལ་ཡོད་པའི་རིམས་ནད་སེལ་བའི་གཙུག་གི་ནོར་བུ་བཞིན་དུ་བསྒྲུབ་པར་མི ་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཡུལ་མ་ལུས་པ་ལ་བརྟེན་ཅིང་བསྒྲུབས་པས་གསལ་པོར་འགྱུར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན་སྔགས་ལ་སོགས་པས་སྦྱངས་པའི་དུག་ལ་སྤྱོད་པ་ལྟར་ཁྱད་པར་ཅན་གྱི་འབྲས་བུ་འདྲེན་པར་བྱེད་པ་ཉིད་དོ། །དེ་ཡང་ཇི ་ལྟར་དུག་གི་དེ་ཉིད་རིག་།དུག་གིས་དུག་ནི་སེལ་བར་བྱེད། །དེ་བཞིན་འདོད་པའི་རྩེད་མོའི་རོས། །བརྟགས་པ་ཐམས་ཅད་སྦྱོར་བར་བྱ། ཞེས་གསུངས་པས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང། དཀའ་ཐུབ་སྡོམ་པ་མི་བཟང་པས། །བསྟེན་ཀྱང་འགྲུབ ་པར་མི་འགྱུར་ཏེ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་གསུངས་སོ། །ད་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པས་དགོས་པ་དང་བསྡུས་པའི་དོན་དང་ཚིག་གི་དོན་དང། འབྲེལ་པ་དང། རྒལ་བ་དང། ལན་རྣམས་བརྗོད་པར ་བྱའོ། །དེ་ལ་རེ་ཞིག་དགོས་པ་སྨྲས་ཟིན་ཏོ། །བསྡུས་པའི་དོན་ནི་མངོན་པར་རྟོགས་པ་ལས་ཤེས་པར་བྱའོ། །ད་ནི་འབྲེལ་པ་མངོན་དུ་འགྲོ་བའི་ཚིག་འགའ་ཞིག་གིས་བཤད་པ་བརྗོད་པར་བྱའོ། །རྒལ་བ་དང་ལན་ནི་དེ་དང་དེར་བསྒྲུབ་པར་བྱའོ། །འདི་སྐད་ཅེས ་བྱ་བ་ལ་སོགས་པ་ལ། འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་རྒྱུད་མ་ལུས་པའི་དོན་དང་གཞུང་སེམས་ལ་བསྡོགས་ནས་འདི་སྐད་ཅེས་ངེས་པར་བྱས་ནས་རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ཉེ་བར ་སྟོན་པ་ལ་གཅིག་ཏུ་ངེས་པ་བྱས་ནས་ཕྱིན་ཅི་མ་ལོག་སྨྲས་པའོ། །བདག་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་གིས་དོན་དང་གཞུང་དག་ཐོས་ཀྱི་བདག་གིས་བྱས་པ་ཡང་མ་ཡིན། བཅོམ་ལྡན་འདས ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པས་བསྟན་པ་ཡང་མ་ཡིན་ཞེས་པའོ། །ཡང་ན་བདག་གིས་རང་གི་མོས་པའི་དབང་གིས་འདི་སྐད་ཐོས་ཀྱི། གཞན་གྱིས་ནི་གཞན་དུ་ཡང་མ་ཡིན་ཏེ། འཆད་བར་འགྱུར་བའི་འཁོར་བསྟན་པས་སོ། །འདིས་ནི་གཞན ་དང་ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ་དཔོན་མ་ཁོལ་གྱིས་ཀྱང། གསུང་གཅིག་གིས་ནི་བསྟན་མོད་ཀྱང། །དུ་མ་ཉིད་དུ་རྟོགས་མཛད་པར། །བདག་ལ་ཉེ་བར་སྟོན་ཏོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། ཞེས་གསུངས་པས ་སོ། །ཐོས་པས་ཞེས་བྱ་བས་ནི་བདག་ཉིད་ཉན་པའི་དུས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་བསྟན་ལ། བསྡུད་པའི་དུས་ན་ནི་འདིས་སངས་རྒྱས་ཉིད་ཡིན་ཏེ། གང་གི་ཕྱིར་ལེའུ་བཅོ་བརྒྱད་པ་ལས། དེའི་དུས་ན་བདག་གིས་བཅོམ་ལྡན་འདས་ཀྱིས ་གསུངས་པ་ཐོས་ཏེ། སྐད་ཅིག་མ་གཅིག་ལ་ཟུང་ཞིང་དོན་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །འདིས་ནི་ཡང་བསྟན་པས་ཤིན་ཏུ་ཡང་ཚད་མ་ཡིན་ནོ། ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པས་ཡང་འདི་ལྟར་ཤེས ་པར་བྱའོ། །སློབ་དཔོན་མེད་པར་འདིའི་བྱ་བ་མི་བྱའོ། །ཞེས་ཡང་དག་པར་གཟུང་བར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ་གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང་དེ་རིམ་པ་བཞིན་བསྟན་པར་བྱ་བའི་ཕྱིར། དུས་གཅིག་ན་ཞེས་བྱ་བ་གསུངས་ཏེ་། ་འདིས་ནི་ཤིན་ཏུ་དཀོན་པ་ཉིད་དང་བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དེ། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པ་ངོ་མཚར་ཆེ་བའི་ཆོས་ནི་གཞན་གྱི་ཚེ་བསྟན་པར་མི་སྲིད་པའི་ཕྱིར་རོ། །འདིས་ནི་མ་འོངས་པའི་འགྲོ་བ་རྣམས་གུས་པ་བསྐྱེད་པ་བསྟན་པར ་བྱེད་པའོ། །དུས་གཅིག་གི་ཚེ་བདག་གིས་འདི་ཐོས་ཀྱི་གཞན་གྱི་ཚེ་ནི་གཞན་དང་གཞན་པའི་འདི་ཐོས་སོ། །ཞེས་མང་དུ་ཐོས་པ་ཉིད་ཀྱང་བསྟན་ཏོ། །གལ་ཏེ་ཡི་གེ་དང་ངག་དང་ཚིག་སྣ་ཚོགས་པ་ཐ་དད་པ་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། ་བདེན་ན་ཡང་རྒྱུན་མི་འཆད་པར་རྟག་ཏུ་ཐོས་པ་འམ། ཡང་ན་བཅོམ་ལྡན་འདས་ཀྱིས་དབང་གིས་བདག་གིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་པས་དུས་གཅིག་ཉིད་དུ་ཐོབ་ཅེས་བྱ་བའོ། །གང་ལས་ཞེས་འདྲིན་བཅོམ་ལྡན་འདས་ལས་ཏེ། ་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོ་བླ་ན་མེད་པའི་ཤེས་རབ་ནི་བཅོམ་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་སོ། །དེ་ཡང་འཇོམས་པའི་ཕྱིར་ན་བཅོམ་ལྡན་ཏེ། །ཉོན་མོངས་བདུད་ལ་སོགས་འཇོམས་པས། །ཤེས ་རབ་ཉོན་མོངས་དེ་འཇོམས་ཕྱིར། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། ཅེས་གསུངས་པ་དང་ཡང་ན་དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས ་བྱ་ཞེས་བྱ་བས་དེ་དང་ལྡན་པ་ལ་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་པས་གསུངས་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ལས་ཐོས་པས་གཞན་དག་ལ་དེ་ལྟ་བུར་གྱུར་པ་མེད་པའི་ཕྱིར་རོ། །འདི་ནི་སྟོན་པ་ཕུན ་སུམ་ཚོགས་པ་བསྟན་ཏོ། །གནས་གང་དུ་ཐོས་ཤེས་འདྲི་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །རང་རང་གི་རང་བཞིན་གྱིས་དེ་བཞིན་ཉིད་དུ་སོང་བས་ན་དེ་བཞིན་གཤེགས ་པ་སྟེ་ཆོས་ཀྱི་སྐུའི་ངོ་བོའོ། །ཀུན་རྫོབ་ཏུ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་གཟུགས་ཉིད་ཀྱིས་རང་གི་མོས་པའི་དབང་གིས་རྣམ་པ་གང་དང་གང་གིས་འཇིག་རྟེན་ལ་སྣང་བར་གྱུར་པའི་གཟུགས་དེ་དང་དེར་གཤེགས་དེ་བཞིན་གཤེགས་པའོ། །ཆོས་ཀྱི ་སྐུ་ཉིད་ཡིན་ན་ཡང་སྙིང་རྗེའི་དབང་གིས་དེ་བཞིན་དུ་སྣང་བ་ཡིན་གྱི་དེ་ཁོ་ན་ཉིད་ལ་ནི་རྟོག་པ་མ་ལུས་པ་མི་མངའ་བས་གར་ཡང་གཤེགས་པ་མེད་དེ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས ་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་ཐམས་ཅད་ཀྱི་བྷ་ག་སྟེ། མི་ཕྱེད་ཅིང་འབྱེད་པ་བྱེད་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པའི་དང། བླ་ན ་མེད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དང། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་ཉིད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་འོག་ཏུ་ཟུར་གཅིག་སྟེང་དུ ་ཟུར་གཉིས་པའོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། གང་གི་ཚེ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ལྷན་ཅིག་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཀྱི་ཁོངས་སུ ་གཏོགས་པའི་གཞལ་ཡས་ཁང་ན་བཞུགས་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་ཞེས་བྱའོ། །འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་ལྟ་བུའི་ཁྱད་པར་ཅན་གྱི་གནས་སུ་འདོད་ཆགས་ཆེན་པོས་འདུལ་བ་རྣམས་ཡིད་མཉམ ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་སོ་སོར་རྟོགས་པ་བཟོད་པར་འགྱུར་རོ། །དེས་ན་འདི་དག་ལ་འདི་ན་ཕན་གདགས་པ་ཆེན་པོ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བདེ་བ་དང ་ལྡན་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་པས་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །མང་པོའི་ཚིག་ཉིད་ནི་འཇིག་རྟེན་གསུམ་པོ་མ་ལུས་པའི་རྡུལ་ཕྲ་རབ་སོ ་སོའི་ཁོངས་སུ་གཏོགས་པའི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་གི་ནང་ན་དཀྱིལ་འཁོར་བ་ཐམས་ཅད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རང་གི་རིག་མ་གཉིས་སུ་མེད་པར་སྣང་བར་འགྱུར་བའོ། །བཞུགས་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས ་ཀྱིས་གདུལ་བྱའི་འགྲོ་བའི་སེམས་འཕྲོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་ཉིད་ཆེ་བ་དང། ཕན་པ་ཆེན་པོ་མཛད་པ་ཉིད་དང། དབང་པོ་དང་བཅས་པ་ཉིད་དུ་བསྒྲུབ་པའི་ཕྱིར་འཁོར་འདུས་པ་ཆེན་པོ་ཉིད་དུ་གསུངས་པ། གཏི་མུག ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་དང་ཤེས་པ་མེད་པ་ནི་གཏི་མུག་སྟེ། དེ་ཉིད་ནི་གཟུགས་བརྙན་ལྟར་མི་འཁྲུལ་པ་ཉིད་ཀྱི་ཕྱིར་མི་ཕྱེད་པ་དང། དེ ་ལས་གཞན་པ་འབྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ཏེ། བྱམས་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། མྱ་ངན་ལས་འདས་པའི་འཆི་བའི་གཤིན་རྗེ་འཇོམས་པས། དེའི་ཕྱིར་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དེ། དེས་ཀྱང་དེར་ཐོས ་ཤེས་བྱའོ། །ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། གཞན་འབྱེད་པའི་ཚིག་ནི་ཕྲ་མ་ཞེས་བྱའོ། །དེ་ལ་གཞན་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་སྟེ། རིགས་པ་དང་ལུང་གིས་ཕྱེ་ཞིང་སུན་ཕྱུང་ནས་རང་དང་མཉམ་པ་ཉིད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་དེ། །ཞེས་བྱ ་བ་དང་དང་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དབྱེར་མེད་པ་དང་དེས་གཞན་དག་འབྱེད་པ་ཉིད་ཀྱིས་རྡོ་རྗེ་ཞེས་བྱ་ལ། སྙིང་རྗེ་ཆེན་པོ་རང་བཞིན་གྱིས་མངོན་སུམ་དུ་བྱས་པའི་ངོ་བོས་མི་འདྲ་བའི་མྱ་ངན་ལས་འདས་པའི་གཤིན་རྗེ་གཤེད་པོ་ཡིན་པས ་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་ལ་ཞེན་པ་ནི་ཆགས་པའོ། །དེའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པ་དང་གཞན་འབྱེད་པར་བྱེད་པ་ཉིད་ཡིན་པའི ་ཕྱིར་དང། དགའ་བ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། །འདོད་ཆགས་དང་བྲལ་བས་བསྐྱེད་པའི་མྱ་ངན་ལས་འདས་པའི་འཆི་བའི་གཤིན་རྗེ་འཇོམས་པས། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ ་དང། ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་སྡང་བ་སྟེ། རང་རང་གི་སེམས་ཅན་གྱི་དོན་བྱེད་པ་གྲུབ་པ་ལ་གཞག་གྱིས་མི་བྱ་སྟེ། དེ་བདག་གིས་བྱའོ་ཞེས་རྣམ་པར་སྡང་བའོ། །བྱ་བ་ནན་ཏན་ཉིད་ཀྱི་ཕྱིར་མི་ཕྱེད་ཅིང་འབྱེད་པར་བྱེད་པས་རྡོ་རྗེ་སྟེ། བཏང་སྙོམས་ཆེན་པོ ་མངོན་སུམ་དུ་བྱས་པའི་ཕྱིར་རང་གི་དོན་ཙམ་གྱིས་མྱ་ངན་ལས་འདས་པའི་གཤིན་རྗེ་འཇོམས་པར་བྱེད་པས་ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་ཕན་ཚུན་དགའ་བར་མི་བྱེད་པ་ལ་སྡང་བ་ནི་ཞེ་སྡང་ངོ། ། ་ཡང་ན་ཆོས་ཐམས་ཅད་ཤེས་པ་དང་ཤེས་བྱ་བ་ལ་སོགས་པའི་ངོ་བོར་རྣམ་པར་བཞག་པ་ལ་སྡང་བ་ནི་བདག་མེད་པའི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེ་སྡང་ངོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པ་ཉིད་དང། དེ་ལས་གཞན་པ་འབྱེད་པར་བྱེད ་པའི་ཕྱིར་དང། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མདོར་བའི་རྟག་ཏུ་བདེ་བ་ཉིད་ཀྱི་མྱ་ངན་ལས་འདས་པར་ལྟུང་བའི་གཤིན་རྗེ་འཇོམས་པར་བྱེད་པའི་ཕྱིར་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ།། ་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། འཇིགས་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་འཇིག་པར་བྱེད་པ་མཚོན་པས་ཐོབ་སྟེ། ཕུང་པོའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པ་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་དོ། །མཐར་འཛིན་པར་ལྟ་བ་དང ་ཉོན་མོངས་པའི་སྒྲིབ་པ་འཇིག་པར་བྱེད་པས་དབྱིག་པས་ཉེ་བར་མཚོན་པ་སྟེ། ཉོན་མོངས་པའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་དབྱིག་པ་གཤིན་རྗེ་གཤེད་དོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པས་གོས་པ་མེད་པའི་ཆོས་རབ་ཏུ་སྟོན ་པ་ནི་པདྨས་ཉེ་བར་མཚོན་པ་ཡིན་པ་དང་འཆི་བདག་གི་བདུད་ཀྱི་གཤིན་རྗེ་འཇིག་པར་བྱེད་པས་གཤིན་རྗེ་གཤེད་དོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་གཅོད་པར་བྱེད་པ་ནི་རལ་གྲིས་ཉེ་བར་མཚོན་པ་ཡིན་པ་དང། རྣམ་པར ་གཡེང་བར་བྱེད་པའི་ལྷའི་བུའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་རལ་གྲི་གཤིན་རྗེ་གཤེད་དོ། །མི་ཕྱེད་པའི་བྱམས་པ་ཆེན་པོའི་ངོ་བོས་རང་གི་གདུལ་བྱ་ལ་སྤྱོད་པར་བྱེད་པས་རྡོ་རྗེ་ཙར་ཏསྩི་ཀའོ། །རྡོ་རྗེ་ནི་གཏི་མུག་གཤིན་རྗེ་གཤེད་ལ ་སོགས་པའོ། །བར་ནི་དེ་རྣམས་ཀྱི་མཆོག་སྟེ་གཤིན་རྗེ་གཤེད་ནག་པོའོ། །ཧི་ནི་དེ་ལ་ཕན་པ་སྟེ། བྱང་ཆུབ་ལའོ། །དེ་ཡང་རང་གི་ཕྱག་རྒྱ་དང་གཉིས་སུ་མེད་པར་གྱུར་པ་ཉིད་ལས་འཐོབ་ནས་དེས་ན་རྡོ་རྗེ་ཕག་མོའོ། །བཱ་རཱ་ཧཱི་ཞེས་བྱ་བའི་ཚིག ་གིས་ནི་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འབྱུང་བས་ཞེ་སྡང་གི་ནང་དུ་ལྷུང་བའི་སེམས་ཅན་བཟློག་པར་བྱེད་ཅིང་ཞེ་སྡང་ལས་བཟློག་ནས་ཞེ་སྡང་ཆེན་པོ་ལ་སྦྱོར་བར་བྱེད་དོ། །དེའི་ཕྱིར་བཛྲ་བཱ་རཱ་ནི་བཅོམ་ལྡན་འདས་ཉིད་དོ།། ་ཧཱི་ནི་དེ་ལ་ཕན་པ་ཉིད་དེ་སྔ་མ་བཞིན་ནོ། །དབྱེར་མེད་པའི་གདུལ་བྱའི་པདྨ་མ་ལུས་པའི་སྐྱེ་གནས་ཡིན་པའི་ཕྱིར་རྡོ་རྗེའི་མཚོ་ནི་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །དེ་ཉིད་ནི་ལྷན་ཅིག་སྐྱེས་པའི་མཆོག་གི་བདེ་བ་གཉིས་སུ་མེད་པའི་དགའ་བ་སྐྱེད་པར་བྱེད་པ ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དབྱངས་ཅན་མའོ། །གོ་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་སེམས་ཅན་གྱི་དོན་གྱི་ངོ་བོ་ཉིད་དུ་སོང་ཞིང་འཛིན་པར་བྱེད་པས་གཽ་རི་སྟེ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདི་ནི་དེ་ལ ་ཕན་པའི་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས་གཽ་རི་སྟེ། རང་གི་བྱ་བ་ལ་མི་ཕྱེད་པས་རྡོ་རྗེ་ཡང་ཡིན་ལ་དེ་ཉིད་གཽ་རི་ཡང་ཡིན་པས་རྡོ་རྗེ་གཽ་རིའོ། །མཚམས་སུ་ཞེས་བྱ་བ་ནི་མཚམས་བཞིར་གནས་པའི་ཐོད་པ ་བཞི་པོ་ཐོད་པ་གཤིན་རྗེ་གཤེད་དེ། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པའི་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོའོ། །བཅུ་བདུན་པོ་སྨོས་པས་འདི་དག་དང་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་ན་ཡང་སོགས་པ་ཞེས་བྱ་བའི་སྒྲ་ནི་འདི ་ལྟར་སྒྲུབ་པར་བྱེད་དེ། འདི་དག་ཉི་ཚེ་དང་མ་ཡིན་གྱི་གཞན་ཡང་ནང་གི་བདག་ཉིད་ཅན་གྱི་དབང་པོ་རྣམ་པར་དག་པར་གྲུབ་པ་རྡོ་རྗེ་མིག་ལ་སོགས་པ་དང་ཡང་ངོ། །འདི་སྐད་བསྟན་པར་ཡང་འགྱུར་ཏེ་དེ་ལྟ་བུའི་ཁྱད་པར་ཅན་གཙོ་བོར་གྱུར་པ་གང་ལ་ཡོད ་པ་དེ་ནི་དེ་དག་ལ་སོགས་པ་སྟེ། མིག་རྡོ་རྗེ་ལ་སོགས་པ་དང། ལུས་རྡོ་རྗེ་ལ་སོགས་པའོ། །འདི་རྣམས་ཀྱིས་ཐམས་ཅད་ཀྱི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གྲུབ་པ་ཡིན་ནོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཁོ་ནའི་སྤྱན་ལ་སོགས་པ་བྱིན ་གྱིས་བརླབ་པར་འདོད་དོ། །དེ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ་ལ་མཐུན་པ་མ་ཡིན་ནོ། ཞེས་ཁོ་བོའི་བླ་མ་གསུང་ངོ། །རྟ་མཆོག་གི་དཀྱིལ་འཁོར་ལ་སོགས་པའི་ལྷ་མོ་ལ་སོགས་པ་དང་ལྷན་ཅིག་ཐོས་སོ་ཞེས་བྱ་བར་འབྲེལ་ལོ། །ད་ནི་དངོས ་གྲུབ་དང་མན་ངག་ནི་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དང། རང་དགར་འཇུག་ལ་དགག་པའི་ཕྱིར་མངོན་པར་རྟོགས་པ་ལ་སོགས་པའི་འབྲེལ་བ་འཆོལ་བར་བསྟན་པ་ནི་ཐེ་ཚོམ་མེད་པར་བསྒྲུབ་པའི་ཕྱིར་ཏེ། ཇི་ལྟ་བ་བཞེད་དུ་བསྟན། ཐེ ་ཚོམ་དུ་འགྱུར་བ་ནི་སྒྲའི་དོན་དུ་མར་འབྱུང་བའི་ཕྱིར་རོ། །ཇི་ལྟར་དཀར་པོ་རྒྱུག་ཅེས་བྱ་བས་ཅི་ཁྱི་འདི་རྒྱུག་གམ་འོན་ཏེ་དཀར་པོའི་ཡོན་ཏན་དང་ལྡན་པ་གཞན་རྒྱུག་ཅེས་བྱ་བ་ལྟ་བུའོ། །དེ་ལྟ་བས་ན་གང་མཁས་པ་ང་རྒྱལ་བྱེད་པ་དག་རང་དགར་འཇུག་པར་མ་གྱུར ་ཅིག་ཅེས་བརླབ་པར་བྱ་བའི་ཕྱིར་འབྲེལ་པ་འཚལ་བར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་ཞེས་བྱ་བ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ཆེན་པོ་ངེས་པར་ཕྱུང་ནས་ཞེས་བྱ་བའི་བར་རིམ་པར་ཕྱེ་ནམ་བཅོ་བརྒྱད་པ་ལས་གསུངས ་པའི་དེ་མ་ཐག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བལྟ་བར་བྱའོ། །དང་པོའི་དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་ནས་ཤེས་བྱ་བ་ནི་ངེས་པར་བཟུང་བ་འམ་ཚིག་གི་རྒྱན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས ་དཔས་ཕྱག་ན་རྡོ་རྗེ་ལ་བོས་ཏེ། གསུངས་པ་ཞེས་བྱ་བར་འབྲེལ་ལོ། །དེ་ལ་བོས་ཏེ་གསུངས་པ་ནི་འདི་ཡིན་ཏེ། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་གྲུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ། ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས ་སུ་བསྒྱུར་ལ། བདུད་ལ་སོགས་པ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་བཅོ་བརྒྱད་པ་ནས་གསུངས་པ་འབྲེལ་ཏོ། །ད་ནི་དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་གང་དེ་ལྟ་བུའི་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས ་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། །ནམ་མཁའ་ཨི་རྡོ་རྗེའི་དཀྱིལ་དུ་བསམ་ཞེས་བྱ་བའི་རྗེས་ཐོགས་སུའོ། །ཐམས་ཅད་ཀྱང་དེ་ཡིན ་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཆད་དོ། །བདུད་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །ཏིང་ངེ་འཛིན་གང་གིས་དེ་དག་འཇོམས ་པར་བྱེད་གཅོད་པར་བྱེད་པ་དེ་ཉིད་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་མིང་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེའི་བདག་ཉིད་དུ་ངེས་པར་བསྟན་ཏོ་ཞེས་བྱ་བ་སྟེ་རྣམ་པར་སྤྲོས་སོ་ཞེས་བྱ ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་དོན་བསྟན་པའི་ཕྱིར། ཟླ་བ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་སོགས་པ་དབྱང་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཟླ་བའོ། །དེའི་སྟེང་དུ་ག་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ ་བཞི་དང་ཌ་ཌཧ་ད་དྷ་ཡ་ལ་བསྣན་པའི་ཡི་གེ་བཞི་བཅུ་ཉིས་འགྱུར་དུ་བྱས་པའི་ཐབས་ཀྱི་བདག་ཉིད་ཅན་གྱི་ཟླ་བ་བཞིན་ནོ། །དེ་དག་གཉི་ག་ཡང་རོ་མཉམ་པར་གྱུར་པའི་ཟླ་བ་དང། དེ་ལས་གྱུར་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀར་ལ ་དམར་བའི་ཧཱུཾ་ལས་སྐྱེས་པ། ནོར་བུ་དམར་པོ་ལྟ་བུའི་རྡོ་རྗེའོ། །དེའི་སྦྱོར་བ་ཁྱད་པར་ཅན་ལས་ཉིད་དང་མཚུངས་པའི་ཤེས་རབ་ཀྱིས་འཁྱུད་པའི་རྡོ་རྗེ་འཆང་གི་རྣམ་པ་ཅན་དཀར་ལ་དམར་བ་གཡོན་བརྐྱང་བ་གཡས་བསྐུམ་པ། དེ་ལས་གྱུར་པ་རོལ་ཅིང་ཁྲོ ་བ་ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་གྲི་གུག་བསྣམས་པ། ཕྱག་གཡོན་པ་རྣམས་ན་འཁོར་ལོ་དང་པདྨ་དང་ཐོད་པ་བསྣམས་པ། ཞི་བ་དང་ཐ་མལ་པ་རྗེས་སུ་འཛིན་པས་ཞི་བ་ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཁྲོ་བོའི་གཟུགས་ཅན་ནོ།། ་ནག་པོར་ལ་ལ་འདོད་དོ། །དེ་ནི་མི་འཐད་དེ་གང་གི་ཕྱིར་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེས་སུ་བཟུང་བའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུད་གཞན་ནས་བསྟན་པ་དང་ཡང་འགལ ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། ནོར་བུ་ཆུ་ཤེལ་འོད་འདྲ་ཞིང། ཞེས་གསུངས་པ་དང། དཔལ་འདུས་པའི་དོན་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་ཀྱང། ཟླ་བ་རྒྱས་པའི་མདངས་ལྟར་དཀར་བ་ལ། །གཡས་དང་གཡོན་པའི ་ཞལ་ནི་སྔོ་དང་དམར། ཞེས་གསུངས་པས། དེའི་ཕྱིར་ཟླ་བ་རྡོ་རྗེ་སྦྱོར་བ་ཡིས་ཏེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་བསྒོམ་པར་བྱའོ། །འདིའི་ཕྱག་དང་ཞལ་དང་མདོག་དང་དབྱིབས་ནི་རིམ་པར་ཕྱེ་བ ་བཞི་པ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདུད་རྣམས་ཞི་བར་བྱ་ཕྱིར་དང། ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །སྟོང་པ་ཉིད་བསྒོམ་པའི་རྗེས་ཐོགས་སུ་རྣལ་འབྱོར་པའི་བསྲུང་བ་གསུངས་པ། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ། ཞེས་བྱའོ། །རང་གི ་དོན་རྫོགས་ནས་གཞན་གྱི་དོན་བྱ་བའི་ཕྱིར་གཞན་གྱི་དོན་སྤྲུལ་པའི་དཀྱིལ་འཁོར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་བསྐྱེད་པ་ནི་ཉིད་དང ་མཚུངས་པའི་ཆུ་སྐྱེས་སུ་རྫོགས་པར་བྱེད་པས། དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོའི་ངོ་བོའོ། །གང་གིས་བདུད་ཐམས་ཅད་འདུལ་བར་བྱེད་པ་དེས་ནི་མི་ཕྱེད་པའི་གཤིན་རྗེ་གཤེད་ཀྱི་གཟུགས ་དེ་ཉིད་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །དེ་ལ་སྙོམས་པར་ཞུགས་པ་ནི་དེར་སེམས་རྩེ་གཅིག་པར་བྱས་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་པའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད ་ཀྱི་ས་བོན་འདི་ཞེས་བྱ་བ་ནི་བསྐྱེད་པའི་རྒྱུའོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ། །འདི་སྐད་བསྟན་པར་འགྱུར་ཏེ་རང་གི་སྙིང་གའི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ནས། ཞལ་དུ་བཅུག་སྟེ་ཐུགས་སུ་བཞུ་ནས་རྡོ་རྗེའི་ལམ ་ནས་ཕྱུང་ཞིང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་ཟླ་བ་ཞུ་བར་གྱུར་པ་ལས་བྱུང་བའི་ཡ་ལས་གཞལ་ཡས་ཁང་སྤྲུལ་པར་མཛད་པ་དེ་འདི་ལྟར་འཆད་པར་འགྱུར་བའི་གནས་དེར་ཉི་མ་དང་ཟླ་བ་ལ་སོགས་པ་ལ་ས་བོན་བཅུ་བདུན་དགོད་པར་བྱ་བ་ཡིན་ནོ། །འདིར? ་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པ་ནི་མ་ཡིན་ནོ་ཞེས་ལ་ལ་འདོད་དོ། །དེའི་ལུགས་ལྟར་ན་བྷ་གར་ལིང་ག་རྣམས་བསྒོམ་ཉིད། །དཀྱིལ་འཁོར་བདག་པོར་རྣམ་པར་བསྒོམ། ཞེས་རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་པ་དང་འགལ་བར་འགྱུར་རོ། ་གཞན་ཡང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་དཀྱིལ་འཁོར་བསྐྱེད་ནས་འབྱིན་པར་བྱེད་པ་ཡང་སྙོམས་པར་འཇུག་པ་མེད་ན་ཇི་ལྟར་དེར་འགྱུར། འོན་ཏེ་དེ་མེད་དུ་ཟད་མོད་ཅེ་ན། དེ་ལྟར་ན་ནི་འབྱིན་པའི་སྔགས་དགོད་པ་མེད་པར་འགྱུར་རོ། །འོན་ཏེ་སྔགས་ཉིད ་ཀྱིས་རང་གི་སྙིང་ག་ནས་སྤྲོ་པར་བྱའོ། །ཞེ་ན་དེ་ལྟར་ན་ནི་ས་བོན་དགོད་པའི་དོན་ཅི་ཡིན། ས་བོན་ལས་བསྐྱེད་ནས་གནས་ཇི་ལྟར་བར་འབྱིན་པར་འབྱེད་ཅིང་དགོད་པར་བྱ་བར་ནི་གྲགས་སོ། །གང་གི་ཚེ་དམ་ཚིག་གི་དཀྱིལ་འཁོར་དུ་ས་བོན་ལས་རྫོགས་པར་གྱུར་ན། ་དེའི་ཚེ་དེ་ལྟར་ཕྱུང་ནས་གང་དུ་ཁྱེར་བར་བྱེད། དེའི་ཕྱིར་ངེས་པ་ཁོ་ནར་གསང་བའི་དཀྱིལ་འཁོར་དུ་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་ལྷའི་འཁོར་ལོ་མ་ལུས་པ་སྤྲུལ་ལ་ཕྱུང་ནས་དམ་ཚིག་གི་དཀྱིལ་འཁོར་དུ་རྣམ་པར་གཞག་པར་བྱའོ། །ཞེས་བྱ་བས་ཆོག ་གོ་མང་དུ་སྨྲ་ཅི་དགོས། ར་སོགས་ཡི་གེ་དང་པོ་ནི་ཡའོ། །དེ་ནི་གཤིན་རྗེ་གཤེད་དུ་འགྱུར་བ་སྟེ་འབྱུང་བའོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཀྵེ་ནི་གཏི་མུག་བརྗོད་ཅེས་བྱ་བ་ལ་ཡི་གེ་ཀྵེ་གྱུར་པ་ནས་གཏི་མུག་དུ་བརྗོད་ཅེས ་བྱ་བ་སྟེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དག་བསྐྱེད་པ་ཡང་རང་རང་གི་ས་བོན་གྱུར་པ་ལས་རབ་ཏུ་བསྒྲུབ་པར་བྱའོ། །ཉིད་དང་མཚུངས་པའི་ཆུ་སྐྱེས་སུ ་གཞལ་ཡས་ཁང་བསྐྱེད་པ་ནི་རིགས་སོ། །སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་ནམ་མཁའ་ཨོ། །དེ་ཉིད་བརྟགས་པ་མ་ལུས་པ་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང། མི་ཕྱེད་པའི་ཕྱིར ་རྡོ་རྗེའོ། །ཆོས་ཀྱི་བརྡས་ནི་ཉིད་དང་མཚུངས་པའི་ཆོས་འབྱུང་བའི་ཕྱག་རྒྱ་ཡང་ཡིན་ནོ། །དེའི་དཀྱིལ་དུ་སྟེ་ཉིད་མཚུངས་པའི་ཆུ་སྐྱེས་ཀྱི་ལྟེ་པའི་ངོ་བོ་སྣ་ཚོགས་པདྨ་དང། སྣ་ཚོགས་རྡོ་རྗེའི་སྟེང་དུ་ཟླ་ལ་གནས་པའི་གཞལ་ཡས་ཁང་གི་གཟུགས ་དེར་བསམ་པ་སྟེ། སྣ་ཚོགས་རྡོ་རྗེ་ནི་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིའི་ཁ་དོག་གི་ཁྱད་པར་ནི་བཅུ་བཞི་པ་ལས་བསྟན་པར་བྱའོ། །དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །ཤར་དུ་ཞེས་བྱ་བ་ནི་རྩིབས་ཀྱི་རྩ་བར་ཞེས་བྱ་བའི་དོན ་ཏོ། །གཞན་དུ་ཡང་དེ་བཞིན་ནོ། །མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་མཚམས་བཞིར་ཞེས་བྱ་བའི་དོན་ཏོ། སྒོའི་རྡོ་རྗེ་རྩེ་བཞི་ལ་ཞེས་བྱ་བ་ནི་སྒོར་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྩེ་མོ་ལའོ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི ་རུ། ཞེས་བྱ་བ་ནི། སྣ་ཚོགས་རྡོ་རྗེའི་མཚམས་བཞིའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི་ལྷག་མའོ། །ད་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་སྔགས་གསུངས་པ་ནི། ཨོཾ་ཧྲཱི: ་ཥྚརཱི(རྒྱུད་འགྲེལ་མཆེད་པར་འགྱུར་རོ། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱ(རྒྱུད་འགྲེལ་འཁོར་ལོ་དང། པདྨ་དང་རྡོ་རྗེའི་དཀྱིལ་ན་བཞུགས་པའི་ལྷའི་གཟུགས་ཏེ། སྔགས་འདི་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་བསྐྱེད་ཟིན་པའི་མདོག་དང་ཞལ་དང་ཕྱག་མཚན་བསྟན་ཏོ། །ཞི་བ་ཞེས་བྱ་བ་ལ་ཞི་བ ་ཞེས་བྱ་བ་ནི་ཞི་བའི་ལས་བྱེད་པའི་ཕྱིར་རོ། །གསལ་བའི་གཟུགས་ནི་ཟླ་བའི་གཟུགས་སོ། །གང་གི་གཟུགས་དེ་དང་འདྲ་བར་འོད་གསལ་བའི་རྒྱུ་ཞེས་བྱའོ། །རྒྱས་པ་ཞེས་བྱ་བ་ནི་རྒྱས་པའི་ལས་ལའོ། །གསེར་གྱི་རྣམ་པའི་ཞེས་བྱ་བ་ནི་སེར་པོའོ། །དབང་བྱེད་པ་ཞེས་བྱ་བ་ནི ་དབང་དུ་བྱ་པའི་ལས་ལའོ། །པདྨ་རཱ་ག་ནི་རིན་པོ་ཆེའི་ཁྱད་པར་རོ། །རིན་ཆེན་མརྒད་འོད་དང་ལྡན་ཞེས་བྱ་བ་ནི་ལྗང་གུ་སྟེ། རིན་པོ་ཆེ་མརྒད་དང་འདྲ་བའི་འོད་ཅན་ནོ། །ཤུགས་ཅན་ཞེས་བྱ་བ་ནི་རལ་གྲིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་ཉིད་ནི་གཤིན་རྗེ་གཤེད་ནག་པོའོ། །དེ་རྒྱས་པར་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །མངོན་པར་ནི་དངོས་པོ་ཀུན་གྱིས་སོ། །རྟོགས་པ་ནི་མངོན་སུམ་དུ་ངོ་བོ་ཉིད་གང་གིས་ཐོབ་པ་སྟེ། དེ་ནི་མངོན་པར་རྟོགས་པའོ། །མི་ཤེས་པ་ཐམས་ཅད ་མི་སྣང་བར་བྱེད་པས་གོས་དང་འདྲ་བའི་ཕྱིར་རིམ་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་དེ་ཉིད་ནི་རིམ་པར་ཕྱེ་བ་ཡང་ཡིན་པས་མངོན་པར་རྟོགས་པའི་རིམ་པས་ཕྱེ་བ་སྟེ། གཉིས་པ་ལ་ལྟོས་ནས་དང་པོའོ། །རྫོགས་སོ་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །དཔལ ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་ལྷ་རས་མཛད་པ་ལས་རིམ་བར་ཕྱེ་བ་དང་པོའི་བཤད་པའོ།། །།ད་ནི་སེམས་ཅན་རྣམས་དབང་བསྐུར་བ་ལ་སོགས་པས་སྣོད་དུ་བསྒྲུབས་ནས་གསང་པ་བསྟན་བར་བྱའོ་ཞེས་བྱ ་བ་ཡིན་ལ་དེ་ཡང་སྔོན་དུ་དཀྱིལ་འཁོར་འགྲོ་བ་ཡིན་ནོ་ཞེས་བྱ་བ་ལས་དང་པོ་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་རྣམས་སྡུད་པ་པོ་ཉིད་ཡིན་པས ་ཆེན་པོའོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་བས་རྡོ་རྗེའོ། །དེ་ཡང་བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཞེས་གསུངས་པས་སོ། །གང་ལ་དེ་ལ་སེམས་དཔའ་ཡོད་པ་དེ་ལ་བསྟོད་པ་ཞེས་བྱ་བ་འཆང་བར་འགྱུར་པའི་ཡོན་ཏན་དམ་པས་བསྟོང ་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་ནི་གཏི་མུག་གོ་།དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། གང་ལ་དེའི་ངོ་བོ་ཡོད་པ་དེ་ནི་དེ་ཉིད་དོ། །གཤིན་རྗེ་གཤེད་ནག་པོ་ནི་བསྟན་ཟིན་ཏོ། །རབ ་འཇིགས་པ་ཞེས་བྱ་བ་ནི་རང་གི་མི་མཐུན་པའི་ཕྱོགས་སོ། །འདི་ཡང་ཡེ་ཤེས་ལྔའི་བདག་ཉིད་ཡིན་པས་སངས་རྒྱས་ཀུན་རང་བཞིན་ནོ། །རང་གི་གདུལ་བྱ་རྣམས་ལ་སྟོན་ཅིང་ཕན་པ་ལ་སྦྱོར་བར་བྱེད་པས་སྟོན་པའོ། །རྡོ་རྗེ་སྐུ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས ་ཐམས་ཅད་ཀྱིས་མི་འཇིགས་ཤིང་མི་ཕྱེད་པའི་ཡེ་ཤེས་ལྔའོ། །དེ་ལྟར་བོས་ནས་ཕྱག་འཚལ་ཞིང་བསྟོད་པའོ། །ཡང་ན་གཤིན་རྗེ་ཞེས་བྱ་བ་ནས་བསྟོད་བ་ལ་ཐུག་པའི་ཚིག་ལྔས་གཤིན་རྗེ་གཤེད་ལྔ་བསྟན་ཏོ། །རྡོ་རྗེ་སྐུ་ལ་ཞེས་བྱ་བ་གཅིག་པུས་ནི་དབྱེ ་བ་མ་བྱས་པའི་རྡོ་རྗེ་འཆང་སྟེ། ཅི་ལྟར་རིགས་པར་སྦྱར་བར་བྱའོ། །དེ་བཞིན་དུ་ཕུ་མ་རྡོ་རྗེ་ལ་སོགས་པ་ལ་ཡང་སྦྱར་རོ། །འདིས་ནི་མ་འོངས་པའི་སློབ་དཔོན་རྣམས་ཀྱིས་ཀྱང་གསོལ་བ་གདབ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བྲི་བར་བྱའོ། །ཞེས་བསྟན་པ། ་ཡིན་ནོ། །མཆོད་པའི་རྗེས་ཐོགས་སུ་བསྟོད་པ་ཡང་བྱའོ། །ད་ནི་རྣལ་འབྱོར་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་གསུངས་པ། རྡོ་རྗེ་མིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་རྡོ་རྗེ་ལྟར་མི་ཕྱེད་ཅིང་མི་ཤིགས ་པའི་མིག་སྒྲུབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་གཞག་ལ་ཡང་གོ་བར་བྱའོ། ཞེས་བྱ་བ་བསྟན་ཟིན་པའོ། །མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་མིག་ལ་སོགས་པ་ལྷའི་ངོ་བོ་ཉིད་ཡང་དག་པར་སྒྲུབ་པར་བྱེད་འཐོབ་པར་བྱེད་པ་གང་ཡིན ་བ་དེ་ནི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་གི་ངེས་པ་མངོན་པར་རྟོགས་པར་སྒྲུབ་པར་བྱེད་པ་སྟེ་འདིར་མ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བར་བསྟན་ཏོ། །འཇིགས་པ་ཞེས་བྱ་བ་ནི་དྲག ་པོའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ། །དེ་ཡང་དཔལ་གསང་བ་འདུས་པ་ལས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་གསུངས་པ། གཤིན་རྗེ་གཤེད་པོ་ཉིད་མཚུངས་པ་ཞེས ་བྱ་བ་ནི་འདྲ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་གཟུགས་ཅན་ཡིན་པ་དེ་བཞིན་དུ་དཀྱིལ་འཁོར་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་དོན་ཀུན་ནི་འདོད་པར་བྱ་བ་ལྔ་པོ་གཟུགས་ལ་སོགས་པའོ།། ་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་སྒྲུབ་པར་བྱེད་པ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོ་བསྒོམས་པས་མངོན་སུམ་དུ་བྱེད་པས་འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། ཐིག་གདབ་པ་གསུངས་བ་ལ་སར་པ་ཞེས་བྱ་བ་ནི་ལོངས་མ་སྤྱད་པའོ། །ལེགས ་བསྒྲིལ་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི་དབྱེ་བ་ལས་སྐུད་པ་ལྔའི་བདག་ཉིད་དུ་བསྒྲིལ་བའོ། །ལེགས་པའི་ཚད་ལ་ཞེས་བྱ་བ་ནི་སྒོའི་ཉི་ཤུ་ཆར་སྦོམ་པ། དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དུ་རིང་བའོ། །མཛེས་པ་ཞེས་བྱ་བ་ནི་དྲི་ཞིམ་པོ་ལྔ་དང་བདུད་རྩི ་ལྡས་སྤངས་པ་རང་གི་ལྷའི་གཟུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཞུགས་པས་ཡེ་ཤེས་ཀྱིས་སྐུད་པར་བྱས་པས་ཐིབ་གདབ་པོ་ཞེས་བྱ་བར་འབྲེལ་ཏོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་ལ་བཟོ་བའོ། །ཆོ་ག་ནི ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྒྲུབས་སོ། །མཚན་ཉིད་ཐམས་ཅད་རབ་རྫོགས་ཤིང་ཞེས་བྱ། གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ། །བར་ཆད་ཐམས་ཅད་རབ་ཉམས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བར་ཆད ་ཐམས་ཅད་རྣམ་པར་ཉམས་པའོ། །ཞི་བ་ལ་སོགས་རབ་འཇུག་བ་ཞེས་བྱ་བའི་ཞི་བ་དང་རྒྱས་བ་ལ་སོགས་པའི་ལས་བྱེད་པའོ། །དཀྱིལ་འཁོར་ཉིད་གང་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བྱད་དང་འདྲ་བ་ཡོད་པར་བསྡུ་བར་བྱའོ། །འདིས་ནི་ཕྱག?་?་ཉིད ་ཀྱི་རྟོག་བ་སྤོང་བར་བྱེད་དོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ། །དེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་བྲི་བར་བྱའོ། །རྩེ་མོ་ལྔ་དང་མཉམ་ལྡན་པ་ཞེས་བྱ་བ་ནི་ཕྱོགས་བཞིར་རོ། །དེའི་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ། །དབུས་སུ་ཞེས་བྱ་བ ་ནི་དབུས་ཀྱི་གནས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་ཁ་གྱེས་བ། མཛེས་བ་བྲི་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འབར་བ་འཁྲིགས་པའི་ཞེས་བྱ་བ་ནི་དབྱེར་མེད་པའི་འོད་ཀྱིས་བསྐོར་བས་སོ། །ཤར་གྱི་རྩིབས་ལ་ཞེས་བྱ་བ་ནི་ཤར་གྱི་རྩིབས་ཀྱི་རྩ་བར་ཞེས་བྱ་བའི་དོན ་ཏོ། །འཁོར་ལོ་ཞེས་བྱ་བ་ནི་རྩིབས་བརྒྱད་བ་དཀར་པོའོ། །འཁོར་ལོའི་འོད་ཀྱིས་འཁྲིགས་བསྐོར་བ་ཞེས་བྱ་བ་ནི་འཁོར་ལོའི་རྣམ་པ་ཅན་གྱི་འོད་ཀྱིས་ཀུན་ཏུ་བསྐོར་བའོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་ནི་རིན་པོ་ཆེ་དང་པདྨ ་དང་རལ་གྲིའོ། །ཤར་གྱི་མཚམས་སུ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མེའི་མཚམས་སུ་ཞེས་བྱ་བའི་བོན་ཏོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་མཚམས་རྣམས་སུ་ནི་རྡོ་རྗེ་ལ་སོགས་པའོ། །དེ་བཞིན་དུ་ཐོབ་དང་དབྱིག་པ་དང་འདམ་སྐྱེས་དང ་རལ་གྲི་རྣམས་ཤར་ལ་སོགས་པའི་སྒོ་རྣམས་སུ་བྲི་བར་བྱའོ། །རྫོགས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་སྒྲུབ་བའི་རིམ་པས་བསྐྱེད་པ་སྟེ། དེ་ནི་བཅུ་བཞི་པ་ལས་འཆད་པར་འགྱུར་རོ། །ཐེ་ཚོམ་ནི་མེད་པར་ཞེས་བྱ་བ་ནི་མཆོད་བྱ་དང་མཆོད་པ་བོ་དང ་མཆོད་པ་དབྱེར་མེད་པའི་བློས་སོ། །རིམ་པར་ཕྱེ་བ་གང་གིས་དཀྱིལ་འཁོར་ཆེན་པོ་སྒྲུབ་བར་བྱེད་པའི་རིམ་པར་ཕྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་བ་ལས་རིམ་པར་ཕྱེ་བ ་གཉིས་པའི་བཤད་པའོ། །གསོལ་བ་མ་བཏབ་པར་དཀྱིལ་འཁོར་བྲི་བར་མི་བྱའོ། །ཞེས་མ་འོངས་པའི་སློབ་དཔོན་རྣམས་ལ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་གདབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར ་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །སྡིག་པ་ཐམས་ཅད་དེ། དེས་སྐྱེས་ཟིན་པའི་སྲོག་གཅོད་པ་ལ་སོགས་པ་རྣམས་འཇོམས་པའོ། །དཀྱིལ་འཁོར་ཐམས་ཅད་ནི་རྒྱུད་གཞན་ནས་སྒྲུབ་པ་ཡང་ལེན་ཅིང་བསྒྲུབས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོའོ། ། ་འདི་སྐད་བསྟན་པར་འགྱུར་ཏེ། འདིར་དབང་བསྐུར་བ་ཐོབ་པའི་བསྒོམ་པ་པོས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱའོ། །རྣལ་འབྱོར་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཛིན ་ཆེན་པོ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔའོ། །དེ་དེའི་བདག་ཉིད་དུ་འཛིན་བར་མཛད་པས་རྡོ་རྗེ་འཆང་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདུད་རྩི་གང་གིས་མྱང་བར་བྱེད་ཅིང་དེ་ཉིད་ཀྱིས་དབང་དུ་བྱེད ་པ་དེ་ནི་མི་འདའ་བར་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་གོ་།ངེས་པར་བྱུང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་སྤྲོས་པ་དང་ལྡན་པའོ། །དེ་ཉིད་གསུངས་པ། ཨོཾ་ཨཱ(རྒྱུད་འགྲེལ་དེས་ན་ཨུའོ། །གནས་བ་གསུངས་པ། སྒྱུ་མ་ལྟ་བུའི་ཞེས་བྱ་བས་མའོ། །འདི་དག་གསུམ་པ་ནི་ཨོཾ་མཾ། །ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཞེས་བྱ་བ་ཨ་སྟེ། མཚན་མ་མེད་བ་ཞེས་བྱ་བའི་དོན་ཏོ། །གནས་པ་གསུངས་པ་དངོས་པོ་དང་བྲལ་བ་ལས ་དངོས་པོ་དང་བྲལ་བའི་ཆོས་རྣམས་རབ་ཏུ་འབྱུང་ངོ་ཞེས་བྱ་བས་ཨཱ(རྒྱུད་འགྲེལ་བསྡུས་པ་ནི་ཧཱུཾ་ངོ། །ཡང་ན་བདུད་རྩི་ནི་བདུད་རྩི་ལྔའོ། །དེ་མྱང་བ་ནི་ཉེ་བར་ལོངས་སྤྱོད་པའོ། །དེའི་དོན་གྱིས་དམ་ཚིག་ནི་འདའ་བར་མི་བྱ་བའི་སྔགས་ཀྱི་གཟུགས་སོ། །ངེས་པར་ཕྱུང་ཞེས་བྱ་བ་ནི་གསལ་བར་བསྟན་པ་སྟེ། །ོཾ་ཨཱ: ་ཧཱུཾ་འདི་སྐད་བསྟན་ཏེ། འདིས་བདུད་རྩི་ལྔ་མངོན་པར་སྔགས་ལ་མྱང་བར་བྱའོ། །ཞེས་བྱ་བ་ཡིན་ནོ། །མྱང་བའི་ཆོ་ག་གསུངས་པ། རྡོ་རྗེ་ལྕེའི་ཞེས་བྱ་བ་ལ། ལྕེ་ཉིད་རྡོ་རྗེ་སྟེ། མན་ངག་གི་ཧཱུཾ་ལས་སྐྱེས་པའོ། །དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་སྦྱོར་བ ་ཡིས་ཞེས་བྱ་བ་སྟེ། འོད་ཟེར་སྤུ་གུ་འདྲ་བའི་རྡོ་རྗེ་ལྕེའི་སྦྱོར་བ་དེས་སོ། །རྡོ་རྗེ་ཅན་ཀུན་ཞེས་བྱ་བ་ལ། རྡོ་རྗེ་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང། བྱ་བ་ནན་ཏན་དང། ཆོས་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། ། ་དཔལ་གསང་བ་འདུས་པ་ལས་ཀྱང། ཤེས་དང་ཤེས་བྱ་ལྔ་ཉིད་ནི། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིན། ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་ཅན་གང་ལ་དེ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ནི་ཀུན་ཡང་ཡིན་ལ་རྡོ་རྗེ ་ཅན་ཡིན་པས་རྡོ་རྗེ་ཅན་ཀུན་ཏེ་དེ་རྣམས་སོ། །ཀུན་ཞེས་བྱ་བའི་སྒྲས་ནི་དེའི་རིགས་རྣམས་ཀྱང་བསྡུའོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ་འཇིག་རྟེན་གསུམ་པོ་མ་ལུས་པ་ན་བཞུགས་པའི་འཁོར་དང་བཅས་པའི་སངས་རྒྱས་རྣམས། བདག་གི་ལུས་ལ་ ་བཅུག་ལ། བདུད་རྩི་མྱང་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདུད་རྩི་སྒྲུབ་པའི་ཐབས་གསུངས་པ། །རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག་ཅེས་བྱ་བ་ལ་གཞུག་ཅེས་བྱ་བ་ནི་རླུང་དང་མེ་ལ་གནས་པའི་སྣོད་དུ། བི་མུ་མ་ར་སུ་དང། ད་ཧ་ན་གོ་ཀུ ་རྣམས་རྡོ་རྗེ་དང་བཅས་པར་ཞུ་བར་བྱས་ལ། ཨོཾ་ཀྱི་འོད་ཀྱིས་དགུག་གོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འབྱུང་གནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ངོ་བོས་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གིས་འཁོར་ལོ་བསྐྱེད་ནས་ཡེ་ཤེས་ཀྱི་འཁོར་ལོ་ཇི་ལྟར། ་གཞུག་པར་བྱ་ཞེ་ན། གསུངས་པ་ངོ་བོ་ཉིད་ཅེས་བྱ་བ་སྟེ། ངོ་བོ་ཉིད་ནི་དམ་ཚིག་གི་འཁོར་ལོའི་ངོ་བོ་ཇི་ལྟ་བའི་གཟུགས་ངེས་ཞེས་བྱ་བའི་དོན་ཏོ། །དགུག་པ་དང་ནི་ཞེས་བྱ་བ་ནི་དགུག་པའོ། གཞུག་པ་དང་ཞེས་བྱ་བ་ནི་རབ་ཏུ་གཞུག་པའོ། །བཅིངས་པ་དང་ཞེས་བྱ ་པ་ནི་ཡིད་མི་གཡོ་བར་བྱ་བའོ། །དབང་དུ་བྱ་ཞེས་བྱ་བ་ནི་དགའ་བར་བྱ་བའོ། །འདི་དག་ཇི་ལྟར་བྱ་བ་ཡིན་ཞེ་ན། གསུངས་པ། ཐོབ་ལ་སོགས་སྔགས་བཞི་ཡིས་ཞེས་བྱ་བས་སོ། །ཐོ་བ་ལ་སོགས་པ་སྟེ། ཐོ་བ་དང་དབྱིག་པ་དང་པདྨ་དང་རལ་གྲི་གཤིན་རྗེ་གཤེད ་བཞིའི་སྔགས་བཞི་ཡིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིམ་པར་ཕྱེ་བ་བཅུ་གསུམ་པ་ལས་གོ་བར་བྱའོ། །དཀྱིལ་འཁོར་གྱི་གཙོ་བོ་བསྒོམ་པ་གསུངས་པ། མ་ཧེ་རྡོ་རྗེ་ཞེས་བྱ་བ་ལ་མ་ཧེ་ཤ་ནི་མ་ཧེའོ། །དེའི་རྒྱབ་ཏུ་ནི་རྡོ་རྗེ་སྟེ། ཡང་ལས་རྫོགས་པ་ཞེས་བྱ་ ་པའི་དོན་ཏོ། །རྣམ་བསྒོམ་ཞེས་བྱ་བ་དེ་ནས་དེ་གྱུར་པ་ལས་བསྒོམ་པའོ། །རྟ་བདུན་ལྡན་པ་ནི་ཉི་མའོ། །དམར་པོ་ཡིན་པའི་ཕྱིར་དེ་ཉིད་ནི་དཀྱིལ་འཁོར་དམར་པོའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་ཏེ། ཉི་མ་ཉིད་དོ། །གཞན་ནི་གོ་བླའོ།། ་ད་ནི་རྣལ་འབྱོར་པ་མཚན་དང་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་མི་ནུས་ན་དལ་གསོ་བའི་རྒྱུར་མི་སྣང་བ་ལ་སོགས་པའི་དངོས་གྲུབ་གསུངས་པ། མི་ཚིལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ནོ། །རྡོ་རྗེ་ལས་ཀྱི་རྣལ་འབྱོར་པས་སྔོན་དུ་བསྙེན་པ་བྱས ་ལ་མདུང་གིས་ཕུག་པ་འམ། །དཔྱངས་པ་འམ། མཚོན་གྱིས་རྒྱབ་པའི་མི་ཐོད་པར་དེ་ལྟ་བུའི་མིའི་སྐྲ་དང་ཨར་ཀའི་སྤྲ་བ་བསྲས་པས་སྡོང་བུ་བྱས་ལ་མར་མེ་སྦར་ཏེ། དེའི་སྟེང་དུ་ཐོད་པ་གཞན་ཞིག་ལ་ཇི་སྐད་གསུངས་པའི་གནས་སུ་དུ་བ་བསྒྲུབས་ལ་དེ་བསྒྲུབ ་ནས་ཐོད་པར་གཞག་ལ། དེ་ཡང་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བསྒོམས་ནས་མར་བོའི་གང་ཡང་རུང་བ་ཞིག་གི་ནུབ་མོ་ལག་པ་གཡོན་པས་བཀབ་ནས་ཇི་སྲིད་འབར་བའི་བར་དུ་བཟླས་པ་བྱས་ནས་དེ་མིག་ལ་བཀུས་ན་སུས་ཀྱང་མི་མཐོང་ངོ། །འཇིག་རྟེན་གསུམ ་དུ་ཡང་སྤྱོད་པར་འགྱུར་རོ། །དུ་འབྱུང་བས་ན་ས་སྤྱོད་དུ་འགྱུར་རོ། །དྲོ་བས་ནི་འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། ཞེས་བྱ་བ་ནི་མན་ངག་གོ་།རྐང་མགྱོགས་བསྒྲུབ་པ་ནི་དེའི་རྣལ་འབྱོར་པས་གུར་ཀུམ་ཞེས་བྱ་བ་ནི་མངལ་ནས་སྐྱེས་པའི ་རང་བྱུང་གི་ཁྲག་གོ་།དེ་ཡང་གུར་གུམ་མངལ་གྱི་ཁྲག་ཡིན་ནོ་ཞེས་བྱ་བས་བསྟན་པས་སོ། །ཁྲག་ཅེས་བྱ་བ་ནི་སྔར་བསྟན་པའི་ཤའི་ཞེས་བྱ་བ་ནི་མན་ངག་གོ་།སྔར་བསྟན་པའི་གནས་སུ་སྔར་བསྟན་པ་བཞག་ལ་དེར་རྡོ་རྗེ་ལས་རྣམ་པར་བསྒོམས་ནས་ལག ་པ་གཡས་པས་བཀབ་ལ་ཇི་སྲིད་དུ་སྔར་བསྟན་པའི་དངོས་གྲུབ་གསུམ་འབྱུང་གི་བར་དུ་བཟླ་བར་བྱའོ་ཞེས་བྱ་བའོ། །རི་ལུ་བསྒྲུབ་པའི་ཐབས་ནི་གསེར་དང་དངུལ་དང་ཟངས་མ་རྣམས། །མན་ཆ་གསུམ་དང་བཞི་བཞི་དག་།ར་ཏི་དང་པོ་ཐུབ་པ་དང། །ཡོན་ཏན ་མདའ་ཡིས་བཤད་པའོ། །རིམ་པ་བཞིན་དུ་རི་ལུར་བཅིང། ཞེས་བྱ་བ་འདི་དག་གིས་ཤ་ལྔ་དང་ལྡན་པའི་བདུད་རྩི་ལྔ་རྒྱ་ཤུག་གི་འབྲས་བུ་ཙམ་མམ་རས་བལ་གྱི་འབྲས་བུ་ཙམ་རིམ་པ་བཞིན་བཏུམས་ནས་དེའི་རྣམ་པར་བསྒོམས་ལ་ལག་པས ་བཀབ་ཅིང་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་ཁར་བཅུག་ནས་གང་དུ་འདོད་པ་དེར་བསམས་པ་ཙམ་གྱིས་ཐོགས་པ་མེད་པར་འགྲོའོ། །རལ་གྲི་བསྒྲུབ་པ་ནི་གདོང་དྲུག་པའི་ས་བོན་ལས་བྱུང་བའི་ཁབ་ལོང་གི་ལྕགས་ལས ་བྱས་པའི་རལ་གྲི་དེའི་རྣལ་འབྱོར་གྱིས་དེའི་བདག་ཉིད་དུ་བསྒོམས་ནས་ལག་པས་གཟུང་ནས་ཇི་སྲིད་འབར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་དེ་བླངས་ནས་ཐོགས་པ་མེད་པར་གང་དུ་འདོད་པ་དེར་འགྲོའོ། །སུམ་ཅུ་པ་ཁྲོས་ཀྱང་མི་འཕམ་མོ། །དེ་བཞིན ་དུ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ལྕགས་ལས་བྱས་པ་འམ། གསེར་ལས་བྱས་པའི་རྡོ་རྗེ་ལ་བསྒྲུབ་པར་བྱའོ། །དེ་བཞིན་དུ་གཏི་མུག་གི་རྣལ་འབྱོར་གྱིས་ནི་དངུལ་ལས་བྱས་པ་འམ་ཤེལ་ལས་བྱས་པའི་འཁོར་ལོ་ནི་འཁོར་ལོ་ཐོགས ་པའི་རིག་པ་འཛིན་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཕྲ་མའི་རྣལ་འབྱོར་གྱིས་ནི་རིན་པོ་ཆེ་མརྒད་ཆ་དགུ་པས་ནི་རིན་པོ་ཆེའི་རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་བཞིན་དུ་འདོད་ཆགས་ཀྱི་རྣལ་འབྱོར་གྱི་ཟངས་ལས་བྱས་པའམ་པདྨ་རཱ་ག་ལས་བྱས་པའི་པདྨས་ནི་པདྨ ་ཐོགས་པའི་རིག་འཛིན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྐྱོ་བ་དང། ཞགས་པ་དང། གྷི་ཝང་གི་ཐིག་ལེ་དང། མཆིལ་ལྷམ་ལ་སོགས་པ་རྒྱུད་གཞན་དུ་མཐོང་བ་དག་ལ་ཡང་ལས་ཀྱི་རྣལ་འབྱོར་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །ལས་ནི་དངོས་གྲུབ་སྣ་ཚོགས ་ཀྱི་རྒྱུ་མཚན་གྱི་ཁྱད་པར་གྱི་ལྷའི་རྣལ་འབྱོར་གྱིས་གཟུགས་ཀྱིས་དེ་དང་དེ་བསྒྲུབ་པའོ། །རིམ་པར་ཕྱེ་བ་གང་དུ་དེ་བསྟན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ ་གསུམ་པའི་བཤད་པའོ།། །།ད་ནི་སྡུག་པ་ཅན་དང་ཞི་བ་དང་བར་མ་རྣམས་རྗེས་སུ་བཟུང་བའི་ཕྱིར། རྣལ་འབྱོར་པས་ཚར་བཅད་པ་དང། རྗེས་སུ་བཟུང་བའི་ལས་བྱའོ་ཞེས་བྱ་བས། དེ་ནས་བཅོམ་ལྡན ་འདས་ཞེས་བྱ་བ་ནས་ཡོན་ཏན་རྒྱ་མཚོ་རྣམས་གསན་ཞེས་བྱ་བའི་བར་གྱིས་དེའི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་གསུངས་པ་ཡིན་ནོ། །བུད་མེད་དབང་དུ་བྱ་བ་དང་གསུང་བའི་ལ་ནི་གྷི་ཝང་གིས་སོ། །སྐྱེས་པ་ལ་ནི་གུར་ཀུམ་གྱིས ་སོ། །དག་རེངས་པར་བྱ་བ་ལ་ཁྱད་པར་འདི་ཡོད་དོ། །བསྒྲུབ་བྱའི་ལྕེ་ལ་ལཾ་ལས་སྐྱེས་པའི་དབང་གིས་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གནོན་པའི་གཤིན་རྗེ་གཤེད་སེར་པོ་བསྒོམ་པར་བྱའོ། །ཚར་གཅོད་པའི་སྤྲུལ་པའི་ཁྲོ་བོ ་གསུངས་པ་བ་སྤུའི་ཁུང་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ་ནི་བ་སྤུའི་ཁུང་ཆེན་པོ་སྟེ། ཁུང་བུའི་ཚོགས་སོ། །དེ་ལས་རྣམ་པར་སྤྲོ་བར་བྱའོ། །རང་རིག་བདག་པོ་ཞེས་བྱ་བ་ལ་རིགས་ནི་གཏི་མུག་ལ་སོགས་པའོ། །དེ་དང་ལྡན་པ་ནི་བདག་པོ་སྟེ། ་རིགས་ཀྱི་བདག་བོའོ། །འདི་རང་ཡང་ཡིན་ལ་རིགས་ཀྱི་བདག་པོ་ཡང་ཡིན་པས་རང་རིག་བདག་པོའོ། །དོན་ནི་འདི་ཡིན་ཏེ། འདིས་བདག་ཉིད་ཀྱི་རིགས་ཀྱི་ཁྲོ་བོ་གཟུགས་ཀྱིས་སྤྲོ་བར་བྱའོ། །དེ་རྣམ་པར་སྤྲོས་ནས་བསྒྲུབ་བྱའི་ལུས་ལ་ཞུགས་? ་གནས་པའི་ཡེ་ཤེས་ཀྱི་ལྷ་ཡང་དག་པར་མཆོད་དེ། དེའི་ལས་དེ་བྱེད་པར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་རྣམས་འདི་ནི་འདི་ལྟ་བུའི་ལས་བྱེད་པ་དམྱལ་བར་འགྲོ་བ་ཡིན་གྱིས་དེའི་ཕྱིར་འདི་ཡོངས་སུ་བཏང་བར་འཚལ་ལོ་ཞེས་བྱས་བ་དཔལ་དེ་དག་དེ་མ ་ཐག་ཏུ་དེ་བཏང་ནས་འོང་བར་འགྱུར་རོ། །དེ་ནས་ཡོན་ཆབ་ལ་སོགས་པ་ཕུལ་ལ་རང་གི་ཡེ་ཤེས་ཀྱི་ས་བོན་ལ་གཞུག་གོ་།རང་གི་ཁྲོ་བོའི་ཚོགས་ཀྱིས་དེའི་སྲུང་བ་ལ་སོགས་པ་བླངས་ནས་འོང་བར་བྱེད་དོ། །བསྲུང་བ་ལ་སོགས་པ་དེ་དག་ཀྱང་ཉིད་ཀྱི་བཙུན ་མོའི་པདྨའི་ནང་དུ་གཤིན་རྗེ་གཤེད་ཁྲོ་བོའི་ཕུར་བུས་བཏབ་པ་ལ་རྡོ་རྗེས་བཙིར་བར་བྱའོ། །ཕྱི་ནས་ལས་ཐམས་ཅད་ཀྱང་བྱའོ། །གསལ་པོར་ནི་བླ་མ་ལས་ཤེས་སོ། །འཁྲུལ་འཁོར་ནི་བྲིས་པའི་འཁོར་ལོའོ། །སྔགས་ནི་ཧྲཱི(རྒྱུད་འགྲེལ་པའོ། །རྒྱུད་ནི་བསམ་གཏན་ནོ། །འདི་དག་ཉིད་བསང་བ་ལ་སོགས་པ་ལ་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ་།གང་དུ་རིམ་པར་ཕྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷེ་རས ་མཛད་པ་ལས་རིམ་པར་ཕྱེ་བ་བཞི་པའི་བཤད་པའོ།། །།ད་ནི་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཕྱོགས་གཅིག་དབྱེ་བ་དང་བསྐྲད་པའི་ལས་གཉིས་ཉེ་བར་གཞག་པར་བྱ་བའི་ཕྱིར། འཁོར་ལོ་རིམ་བཞིན་བྲི ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་བླའོ། །ལྷོར་བལྟས་ལ་ཞེས་བྱ་བ་ནི་ལྷོར་མངོན་པར་ཕྱོགས་པའོ། །རང་ཁྲག་ཅེས་བྱ་བ་ནི་སྲིན་ལག་གིའོ། །རོ་བསྲགས་ཐལ་བ་ནི་དུར་ཁྲོད་ཀྱི་མེ་ཡིའོ། །སྨྱོན་པའི་ཁུ་བ་ནི་ང་རུ་རའི་འདབ་མའི་ཁུ ་པའོ། །རས་ནི་རས་ཉིད་དོ། །གཤིན་རྗེའི་ལུས་ལ་གནས་པ་ཞེས་པ་ནི་གཤིན་རྗེའི་ལྟོ་བར་གནས་པའོ། །རྟ་དང་མ་ཧེ་ནི་རྒྱབ་ཏུའོ། །བསྐྲད་པ་ནི་གདོན་པའོ། །ང་མོའི་ལུས་ལ་བསྐྱོན་ཞེས་པ་ནི་རྒྱབ་ཏུ་གནས་པའོ། །བཙུན་མོའི་སྙིང་ག་ནི་པདྨའོ། །དེ་ལ་ཞེས་བྱ ་བ་ནི་རའི་སྙིང་ལ་གནས་པའོ། །རི་བོའི་དཀྱིལ་དུ་ཞེས་བྱ་བ་ནི་སྟེང་དང་འོག་དང་གཡས་དང་གཡོན་དང་མདུན་རྒྱབ་ཀྱི་རའི་དཀྱིལ་དུ་གཞག་པ་ཞེས་བྱ་བའི་དོན་ཏོ། །ཤ་ར་བྷ་ནི་རྐང་པ་བརྒྱད་ཡོད་པའི་སེང་གེའོ། །དེ་བཞིན་དུ་སྨྱོ་བར་བྱ་བ་མི་སྨྱོ་བར ་བྱེད་པའམ། སྤྲེའུ་ལ་སོགས་པ་ལ་བསྒྲུབ་བྱ་དགོད་པར་མཚོན་པར་བྱའོ། །རོ་ཙ་ན་ནི་གི་ཝང་སྟེ་བུད་མེད་དབང་དུ་བྱ་བ་དང་གསུང་བ་ལའོ། །ཁ་ཆེ་ནི་གུར་ཀུམ་སྟེ། སྐྱེས་པ་དབང་དུ་བྱ་བ་དང་རྒྱས་པ་ལའོ། །ཞི་བ་དང་རྒྱས་པ་ནི་དགེ་བའི་སེམས ་ཀྱིས་སོ། །ཁྲི་ནི་བྱ་རོག་ཆེན་པོའོ། །བྲི་བར་བྱ་ཞེས་བྱ་བ་ནི་བསྐྲད་པ་ལའོ། །རོ་སྲེག་བ་ནི་དུར་ཁོད་ཀྱི་མེའོ། །པདྨ་ཁ་སྦྱར་ནི་ཐོད་པ་ཁ་སྦྱར་རོ། །མངོན་སྤྱོད་གསུམ་ལ་ཞེས་བྱ་བ་ལྷག་མའོ། །ཚར་བཅད་པ་ནི་ཚང་བཅད་པར་བྱའོ། །ལྷོ་ཕྱོགས་ན་གནས་ཏེ་ཞེས ་བྱ་བ་ནི་ཁ་ལྷོར་བལྟས་ཏེ་གནས་ཞེས་བྱ་བའི་དོན་ཏོ། །ཞི་བ་ལ་ཞེས་བྱ་བ་ནི་ཞི་བའི་ལས་ལའོ། །ཡ་ཞེས་བྱ་བ་ནི་ཤར་གྱི་ཡའོ། །ནི་དེ་གཉི་ག་ཞེས་བྱ་བ་ནི་ཡི་གེ་གཉིས་སོ། །ཡིན་དེའི་དབུས་ཀྱི་ཡི་གེ་ཡའོ། །ཡེ་ཤེས་ནི་གཤིན་རྗེ་གཤེད་ཀྱི་རྣམ་པའོ།། ་དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ་སྟེ། རྣལ་འབྱོར་བ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རབ་ཏུ་དྲག་པའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་ཆེ་བའི་བདག་ཉིད་གསུངས་པའོ། །འཁོར་ལོ་བྲི་བའི་གོ་རིམས་གང་དུ ་བསྟན་པ་དེ་ལ་དེ་སྨད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་བར་ཕྱེ་བ་ལྔ་བའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ནས། དབུ་ལ་གཤིན་རྗེ་གཤེད་པོ ་བསྒོམ་ཞེས་བྱ་བའི་བར་གྱིས་རྒྱས་གདབ་པ་གསུངས་ནས་གཏོར་མ་སྔོན་དུ་འགྲོ་བའི་འཁོར་ལོ་རྣམ་པར་ལྟ་བའི་རིམ་པར་ཕྱེ་བ་གསུངས་པ། དེ་ཡང་རྟག་ཏུ་དཀྱིལ་འཁོར་བསྒོམ་པར་བྱེད་པ་དང། དམ་ཚིག་བསྒྲུབ་པ་ལ་བརྩོན་པ་དང། ་སྡོམ་པ་གཟུང་བ་དང་དབང་ཐོབ་པས་བྱའོ་ཞེས་བསླབ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། ཞེས་བྱ་བ་ལ་བྲི་བར་བྱ་བ་ནི་བསྒོམ་པར་བྱའོ། །རྟག་ཏུ་ནི་རྒྱུན་ཏུའོ། །སྦྱིན་སྲེག་ནི་ནང་གི་བདག་ཉིད་ཅན་ནོ། །དམ་ཚིག་ནི་བསྲུང་བར་བྱ ་བ་དང་བཟའ་བར་བྱ་བའོ། །དེ་ལ་བསྲུང་བ་ནི་མཚམས་མེད་པ་བྱེད་པ་ལས་སོ། །བཟའ་བ་ནི་གོ་ཀུལ་སོགས་པའོ། །སྡོམ་པ་ནི་སློབ་དཔོན་གྱིའོ། །དང་པོ་ཞེས་བྱ་བ་ལ་སོགས་པས་དབང་མདོར་བསྟན་པའོ། །རྒྱས་པར་བསྟན་པ་ཡང་བཤད་པར་བྱའོ། །ཟླ་བ ་བཟའ་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའོ། །བཞི་པོ་འདི་ནི་དབང་ཆེན་པོ་ཞེས་བྱ་བ་ལ་དབང་བསྐུར་བ་བཞི་པོ་འདི་ཉིད་ཤེས་རབ་ཡེ་ཤེས་ཀྱི་རྒྱུའི་གནས་སྐབས་ཙམ་དང་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དབང་ནི་མ་ཡིན་ནོ། །དྲི་མ་འཁྲུད་པར ་ཆོས་འཐུན་པས་སོ་ཞེ་ན། དེ་ཡིན་དུ་ཟད་མོད་བདག་ལ་ཅི་གནོད་སྔགས་ནི་དེ་ནས་བཤད་པར་བྱ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བཤད་པར་བྱའོ། །རབ་ཀྱི་མཐར་ཐུག་པའི་དོན་ཡང་དཀྱིལ་འཁོར་གྱི་ཆོ་གར་རྒྱས་པར་བསྟན་པས་འདིར་མི་བརྗོད་དོ། །ཕྱི ་རོལ་གྱི་ལྷ་མཉེས་པར་བྱ་བའི་གནས་གསུངས་པ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་གསུམ་ནི་གྲུར་གསུམ་མོ། །ཆུ་ནི་བྱང་ཆུབ་ཀྱི་སེམས་སོ། །བསྲེས་ཞེས་བྱ་བ་ནི་ཁྲག་དང་གསལ་བྱེད་ལྔའོ། །དོན་ནི་འདི་ཡིན་ཏེ། ་གསལ་བྱེད་ལྔ་དང་བཅས་པའི་བདུད་རྩི་ལྔས་དཀྱིལ་འཁོར་གྲུ་གསུམ་བྱས་ལ་དེར་ཕྱི་རོལ་གྱི་ལྷ་རྣམས་ཚིམ་པར་བྱ་ཞིང་གཏོར་མ་ཡང་དེར་སྦྱིན་པར་བྱ་ཞེས་བྱའོ། །ཧ་ཧ་ཞེས་ཀྱང་དྲན་པར་བྱ་ཞེས་བྱ་བ་ནི་མཉེས་ནས་མཇུག་རྫོགས་པར་བྱ་བའི ་ཕྱིར་གང་མོ་རྣམ་པ་བརྒྱད་བྱའོ། །ད་ནི་འཁོར་ལོ་བྲི་བའི་རིམ་པ་གསུངས་པའི་འཁོར་ལོ་རིམ་གསུམ་བྱས་ནས་ཞེས་བྱ་བ་ལ། དཀྱིལ་མ་གཏོགས་པ་རེ་མིག་བརྒྱད་པའི་དཀྱིལ་འཁོར་དང། དེའི་ཕྱི་རོལ་དུ་གཞན་རེ་མིག་བཅུ་གཉིས་པའི་དཀྱིལ་འཁོར་དང། ་དེའི་ཡང་ཕྱི་རོལ་དུ་གཞན་རེ་མིག་བཅུ་དྲུག་པའི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་སྐད་གསུངས་པའི་ཞི་བ་དང་རྒྱས་པའི་ཆོ་ག་དང་ལས་དེ་དང་དེའི་རྣལ་འབྱོར་གྱིས་སོ། །མཁས་པ་ནི་གོམས་པའི་བདག་ཉིད་དོ། །ཀུན་ཏུ་ཞེས་བྱ་བ་ནི་རྣམ་པ་ཀུན་གྱིས་དགོད་པར ་བྱེ། ཞེས་བྱ་བའི་དོན་ཏོ། །གྲུབ་པའི་སྔགས་ནི་ཡི་གེ་བཅུ་གཉིས་པའི་ཡཙྪ་ནི་རཱ་ཛཱ་སོ་དོ་དུ་ན་ཡོ་ནི་ར་ཞེས་བརྗོད་པ་སྟེ། རེ་མིག་བཅུ་གཉིས་པར་དགོད་པར་བྱའོ། །འདིའི་ཆེ་བའི་བདག་ཉིད་གསུངས་པ། མ་ལུས་ལུས་པ་མེད་པར་འགྲུབ། ཅེས་བྱ་བ་ལ་སོགས ་པའོ། །ལྷག་མ་མ་ལུས་པ་ནི་མ་ལུས་པའོ། །དེས་ན་ལུས་པ་མེད་པར་འགྲུབ་པའོ། །ཅི་ཞིག་ཅེ་ན། འཇིག་རྟེན་གསུམ་སྟེ། འཇིག་རྟེན་གསུམ་གྱི་ལས་ཞེས་བྱ་བ་ནི་ལྷག་མའོ། །རྒྱུ་དང་མི་རྒྱུ་བ་ནི་བརྟན་པ་དང་གཡོ་བའོ། །རྩ་བའི་སྔགས་གསུངས་བ། ཡ་མ་རཱ་ཛཱ ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་དུ་ཡང་ཞེས་བྱ་བ་ནི་དཀྱིལ་གྱི་རེ་མིག་ལའོ། །ཀྵེ་མ་མེད་ནི་ཤར་ལ་སོགས་པའི་ཕྱོགས་སུའོ། །ཧཱུཾ་གཉིས་དང་བཅས་པའི་བསྒྲུབ་བྱའི་མིང་ལས་ཐམས་ཅད་ལ་དགོད་པར་བྱའོ་ཞེས་གསུངས་པས། བསྒྲུབ་བྱའི་མིང་ནི་ཞེས་བྱ་བ ་ལ་སོགས་པའོ། །རེ་མིག་བཅུ་གཉིས་པའི་སྔགས་གསུངས་?། ཡཙྪ་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་ཞེས་བྱ་བ་ནི་རེ་མིག་བརྒྱད་པའི་ཕྱི་རོལ་རེ་མིག་བཅུ་གཉིས་པ་ལའོ། །གཡོན་ནས་བརྩམས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུའོ། །གསུམ་པ་ཞེས་བྱ་བ ་ནི་རེ་མིག་བཅུ་དྲུག་པ་ལའོ། །ཆ་རེ་བོར་བ་ལ་སྟེ་དེའི་རེ་མིག་དང་པོ་ལ་ཨོཾ་དེའི་རྒྱབ་ཏུ་ཧྲཱིའོ། །དེའི་གཉིས་པ་ལ་ཥྚརིའོ། །དེའི་རྒྱབ་ཏུ་ཝིའོ། །གསུམ་པ་ལ་ནི་ཀྲིའོ། །དེའི་རྒྱབ་ཏུ་ཏཱའོ། །བཞི་པ་ལ་ནི་ནའོ། །དེའི་རྒྱབ་ཏུ་ཡང་ནའོ། །ལྔ་པ་ལ་ནི་ཧཱུཾ་ངོ། །དེའི ་རྒྱབ་ཏུ་ཡང་ཧཱུཾ་ངོ། །དྲུག་པ་ལ་ནི་ཕའོ། །དེའི་རྒྱབ་ཏུ་ཊའོ། །བདུན་པ་ལ་ནི་དེ་ཉིད་དོ། །བརྒྱད་པ་ལ་ནི་སྭཱའོ། །དེའི་རྒྱབ་ཏུ་ནི་ཧཱའོ། །དེ་ལྟར་མདོར་བསྡུས་ནས་བྲི་བར་བྱའོ། །ོཾ་ཧྲཱི་ཥྚརི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་བྱ་བ་རེ ་མིག་བརྒྱད་པོ་ལ་དགོད་པར་རོ། །ཡད་འདི་ནི་མངོན་སྤྱོད་ཙམ་ལ་ཡིན་ནོ། །ཞི་བ་ལ་སོགས་པ་ལ་ནི་ཚུལ་ཇི་ལྟ་བ་བཞིན་དུའོ། །བོར་བའི་རེ་མིག་རྣམས་ལ་ཡང་བྲི་བར་བྱ་བ་ཡིན་པས་གསུངས་པ། དེའི་བར་དག་ཐམས་ཅད་ཀྱི། ཞེས་བྱ་བ་ལ ་སོགས་པ་སྟེ། ལས་དང་རྗེས་སུ་འཐུན་པར་ནི། ཞེས་བྱ་བ་ནི་ལས་ཇི་ལྟ་བའི་རྗེས་སུ་འབྲངས་ནས་སོ། །ཕྱག་འཚལ་ཞེས་པ་ནི་ཨོཾ་མོ། །དེའི་ཕྱི་ནས་ན་མའོ། །དེའི་རྗེས་ལ་སྔགས་དང་མིང་ངོ། །མཛའ་དང་ལྡན་པར་ཡང་ན་མའོ། ཞེས་བྱ་བའི་སྭཱ་ཧཱའི ་ལྟག་ཏུ་ཡང་ན་མ(རྒྱུད་འགྲེལ་ཕྱི་བ་གང་དུ་འཁོར་ལོ་རྣམ་པར་བྲི་བ་དགོད་པར་ཀུན་ཏུ་བསྟན་པ་དེ་ལ་དེ་སྐད་ཅེས་སོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དྲུག་པའི་བཤད་པའོ།། །། ་ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པས་གདུག་པ་ཅན་ཚར་བཅད་ཅིང་སེམས་ཅན་གཞུག་པའོ། །ཞེས་བྱ་བས་དེའི་ཕྱིར་གདུག་པ་ཅན་ཚར་བཅད་པ་གསུངས་པ་ཞལ་གསུམ་ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ་བསྒོམ་བྱ་ཞེས་བྱ་བ་དང་འབྲེལ་ལོ།། ་དེ་ལ་སྙིང་གར་སྣ་ཚོགས་པདྨ་དང་ཟླ་བར་ཡི་གེ་ཛ་བཀོད་ལ། སངས་རྒྱས་རྣམས་དམིགས་ནས་ཕྱག་འཚལ་བ་ལ་སོགས་པ་མ་ལུས་པ་བསྒྲུབས་ལ། སྟོང་པ་ཉིད་དུ་བསྒོམས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་ཞིང་ཨོཾ་ལས་ཉི་མ་ཧཱུཾ་ལས་རྡོ་རྗེས ་རྡོ་རྗེ་གུར་གྱི་དཀྱིལ་དུ་པདྨ་དང་ཟླ་བ་ལ་ཛ་དང་འཁོར་ལོ་ལས་བྱུང་བའི་ཞལ་གསུམ་པ་རྩ་བའི་ཞལ་དང་སྐུ་ཀུན་དཀར་བ། ཞལ་གཡས་དང་གཡོན་སྔོ་བ་དང་དམར་བ། གཡས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་ན་པདྨ་དང་ནོར་བུ་འཛིན་པ། རྩ་བའི ་གཡས་དང་གཡོན་ན་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཅན། གཡོན་བརྐྱང་བའི་ཞབས་ཅན་ལུས་ལ་ཤ་མེད་པ་སྐྲ་དམར་སེར་འབར་ཞིང་གྱེན་དུ་འགྲེང་བ། མི་མགོ་རློན་པ་ཁྲག་འཛག་པའི་འཕྲེང་བ་འཕྱང་བ་རུས་པའི་རྒྱན་གྱིས་བརྒྱན ་པ། འོད་ཀྱི་འཕྲེང་བ་འཕྲོ་བའོ། །མཁས་པས་ཞེས་བྱ་བ་ནི་འགུགས་པ་ལ་མཁས་པའོ། །ཁྲག་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ལ། དེའི་སྦྱོར་བ་ནི་འདི་ཡིན་ཏེ། རང་གི་ལྕེ་ལ་ཡི་གེ་ཛ་དམར་པོ་བཀོད་ལ་དེའི་འོད་ཁབ་ཀྱི་རྣམ་པ་ལྟ་བུས་སྙིང་ཕུག་ལ་། ་དེའི་ཕྱི་ནས་སྤྲོས་པའི་འོད་ཟེར་པདྨའི་སྣམ་པ་ལྟ་བུས་ཁྲག་རྣམས་བཀུག་ནས། བདག་ཉིད་ཀྱི་ཁ་གང་བར་བསྒོམ་པར་བྱའོ། །དོན་འདི་འཆད་པར་འགྱུར་བའི་ཁ་གདངས་པ་དག་བྱས་པས་ནི་ཞེས་བྱ་བས་རྫོགས་པར་བྱའོ། །ཕག་མོའི་ཏིང་ངེ་འཛིན་གྱིས ་ཆང་དགུག་པ་གསུངས་པ། ཞལ་གསུམ་པ་སྟེ། རྩ་བའི་ཞལ་ཕག་གདོང་ལྟ་བུ་སྔོན་པོའོ། །ཞལ་གཡས་དང་གཡོན་པ་ནི་དཀར་པོ་དང་དམར་པོའོ། །ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་།གཡོན་ན་འཁོར་ལོ་པདྨ་བསྣམས་པ། ཕྱག་གཙོ་བོ་གཉིས་ན ་གྲི་གུག་དང་ཐད་པ་དང་འཁྱུད་པའི་ཚུལ་ཅན་ནོ། །ཕྱག། འཚལ་བ་ལ་སོགས་པ་ལྷག་མ་ནི་སྔ་མ་བཞིན་ནོ། །ས་དང་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི་ཁྱད་པར་རོ། །ཆང་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ལ་ལྕེ་ལ་ཛ་དམར་པོ་བཀོད་ལ་དེའི་འོད་ཟེར་སྦུ ་གུའི་རྣམ་པ་འདྲ་བས་བཀུག་ལ་འཆད་པར་འགྱུར་བའི་རྫ་མཁན་གྱི་ལག་པ་ཕྱིས་པའི་ས་ལ་བུམ་པ་བྱས་པར་གཞུག་གོ་།ཤེས་རབ་འཕེལ་བར་བྱ་བའི་ཕྱིར་དབྱངས་ཅན་མ་སྤྲུལ་པ་གསུངས་ཏེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཕྱག ་འཚལ་བ་ལ་སོགས་པ་ཐམས་ཅད་ནི་སྔ་མ་བཞིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། དོ་དང་པདྨ་ལས་བྱུང་བའི་རྩ་བའི་ཞལ་དང་ལུས་ཀུན་དམར་བ་གཡས་སྔོ་བ་གཡོན་དམར་བ་གཡས་ན་པདྨ་དང་རལ་གྲི། གཡོན་ན་འཁོར་ལོ་དང་ནོར་བུ ་འཛིན་པ། གཞན་དག་གི་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཅན་ཞི་བ། རིན་པོ་ཆེའི་རྒྱན་འཆང་བའོ། །འདིར་སྦྱོར་བ་ནི་འཆད་པར་འགྱུར་པའི་ཚེས་ཀྱི་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །ཁུ་བ་དགུག་པའི ་གཽ་རི་སྤྲུལ་པ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གཡས་དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བ། ཕྱག་གཡས་ན་རལ་གྲི་དང་འཁོར་ལོ། །གཡོན་ན་ནོར་བུ་དང་པདྨ་བསྣམས་པ། གཞན་དག་གིས་གྲི་གུག་དང་ཐོད་པ་བསྣམས ་པས་འཁྱུད་པའི་ཚུལ་ཅན་ནོ། །ནོར་བུ་མརྒད་འདྲ་བ་ནི་རིན་པོ་ཆེ་ལྗང་གུའོ། །ཁ་བ་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ནི་ཛ་དམར་པའི་འོད་ཀྱིས་འཆད་པར་འགྱུར་བའི་པདྨའི་ཁ་དང་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །ལྷ་མོ་ཀུན་ཡང་གཡོན ་བརྐྱང་བའི་ཞབས་ཀྱིས་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པའོ། །ཕག་མོ་དང་གཽ་རི་གཉིས་ནི་ཐུང་ཞིང་ལྟོ་འཕྱང་བའོ། །ཙར་ཙིཀ་ནི་སྐེམ་པའོ། །དབྱངས་ཅན་མ་ནི་ཞི་བའོ། །དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་ཇི་སྐད་སྨྲས་པའི་སྦྱོར་བ་རྣམས་སྟོན ་པར་བྱེད་པའོ། །ཁྲག་འགུགས་པའི་ཞེས་བྱ་བ་ལ་གང་གིས་ཁྲག་འགུགས་པར་བྱེད་པའི་རྡོ་རྗེ་ཙར་ཙི་ཀ་འདི་ནི་བྱམས་པ་ཆེན་པོའི་ངོ་བོ་དང་དབྱེར་མེད་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་ཞེས་བྱའོ། །འདི་ཞེས་བྱ་བ ་ནི་འཆད་པར་འགྱུར་བའོ། །སྔགས་ཞེས་བྱ་བ་ནི་ཡིད?་སྐྱོབས་པར་འགྱུར་བའི་ཕྱིར་རོ། །གསུངས་སོ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །ཁ་ཞེས་བྱ་བ་ནི་ཁྲོ་བོའི་གཟུགས་ཅན་ཉིད་དོ། །གདངས་ཤེས་བྱ་བ་ནི་རབ་ཏུ་ཕྱེ་བའོ། །འདི་དག་ཅེས་པ་ནི ་སྨྲས་མ་ཐག་པའོ། །འཇིག་རྟེན་གསུམ་ནི་འཇིག་རྟེན་གྱི་སྲིད་པའོ། །ཁྲག་ཆེན་ཞེས་བྱ་བ་ནི་ཁྲག་ཀུན་ནོ། །དཀོན་མཆོག་གསུམ་ལ་སོགས་པ་ལ་སྡང་བའི་ཞེས་བྱ་བ་ནི་ལྷག་མའོ། །ཆང་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ལ་གང་གིས་ཆང་འགུགས་པར་བྱེད་པ་འདི་ནི ་སྙིང་རྗེའི་ངོ་བོ་དང་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །གསུངས་པ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །ཁྲུ་གང་ཙམ་གྱི་བུམ་པ་རྫས་མཁན་ལག་པ་ཕྱིས་པའི་སས་ཞེས་བྱ་བ་རྫ: ་མཁན་གྱིའོ། །བུམ་པ་ཞེས་བྱ་བ་རྫ་མཁན་གྱིས་སོ། །ཁ་མཛེས་ཞེས་བྱ་བ་ནི་མཐོ་གང་གིས་ཁྱོན་ཙམ་མོ། །རྐུན་མའི་སྐྲའི་རྟེན་བཞག་སྟེ་ཞེས་བྱ་བ་ནི་དབྱངས་པའི་རྐུན་མའི་སྐྲའི་རྟེན་ལ་གཞག་པའོ། །དོན་ནི་འདི་ཡིན་ཏེ། ཆང་ཚོད་གི་ཁྱིམ་ནས་ཆང་བླངས ་ལ། སྔར་བསྟན་པའི་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱིས་བུམ་པར་བླུག་ལ་ཤིན་ཏུ་མཉམ་པར་བཞག་པའི་ཡིད་ཀྱིས་རྟེན་ལ་གཞག་ལ། སྔར་བསྟན་པའི་ཆོ་གས་སྔགས་གང་དང་གང་དུ་བཟླས་པ་བྱས་པའི་ཆང་ལུས་པ་མེད་པར་འགུག་པར་བྱེད་དོ། ། ་སྔགས་འདིའི་ཆེ་བའི་བདག་ཉིད་ནི། པ་ཏ་ན་མཆོད་རྟེན་དུ་བསྟན་ཞེས་བྱ་བ་ནི་པ་ཏ་ནའི་མཆོད་རྟེན་ཞེས་བྱ་བ་ཨོ་ཏྲའི་ཡུལ་ཤར་ཕྱོགས་ཀྱི་ཡུལ་གྱི་རྒྱ་མཚོའི་འགྲམ་མོ། །དེར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་ཚོགས་ཀྱི་དཀྱིལ་འཁོར་དུ། བཅོམ ་ལྡན་འདས་མ་རྡོ་རྗེ་ཕག་མོས་འཇིག་རྟེན་གསུམ་པོ་མ་ལུས་པའི་ཆང་བཀུག་གོ་ཞེས་ཐོས་ཏེ། དེ་ནས་དེ་ལྟར་ཡང་རྡོ་རྗེ་ཕག་མོའི་སྙིང་པོའི་ཁྱིམ་ན་ནམ་ཡང་ཟད་པར་མེད་དོ་ཞེས་ཟེར་ཏེ། འདི་ལ་དད་པ་རྣམས་ཀྱི་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི ་ཕྱིར་འདིའི་ཆེ་བའི་བདག་ཉིད་ཉེ་བར་བསྟན་ཏོ། །དལ་གྱིས་དམིགས་ནས་ཞེས་བྱ་བ་ནི་བསྟན་པར་བྱས་ནས་སོ། །རབ་ཏུ་གྲགས་ཤེས་པ་ནི་སྒྲུབ་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཉིད ་དོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་རྒྱ་མཚོའི་ཕ་རོལ་མི་གནས་པའི་མྱ་ངན་ལས་འདས་པར་ཕྱིན་པ་ནི་སོན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དབྱེར་མེད་པའི ་ངོ་བོ་རྡོ་རྗེ་དབྱངས་ཅན་མའི་རྣམ་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཚེས་ཀྱི་དང་པོ་ནས་བཟུང་སྟེ། ཀུན་ཏུ་ཟླ་བ་ཉའི་བར། ཞེས་བྱ་བ་ལ་ཚེས་གཅིག་ནས་བརྩམས་ནས་ཟླ་བ་ཉའི་བར་དུའོ། །ཀུན་ཏུ་ནི་རྣམ་པ་ཀུན ་གྱིས་སོ། །ཇི་སྲིད་ཟླ་བའི་རྗེས་འཇུག་པས། ཞེས་བྱ་བ་ནི་ཟླ་བ་འཕེལ་བའི་རིམ་པས་སོ། །དེ་ལ་མངོན་དུ་ཕྱོགས་པས་ཤེས་བྱ་བ་ནི་མན་ངག་གོ་།དེས་ཅིང་འགྱུར་ཞེ་ན་གསུངས་པ་འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་པ་ནི་ཐབས་དང ་ཤེས་རབ་ཀྱི་སྙོམས་པར་འཇུག་པའོ། །དེ་འདི་ལ་ཡོད་པས་རྣལ་འབྱོར་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་དབང་ཕྱུག་ནི་ཇི་སྲིད་ཕྱག་རྒྱ་ཆེན་པོའི་བར་ཕུན་སུམ་ཚོགས་པ་མ་ལུས་པ་འགྲུབ་པ་སྟེ། འདིའི་སྒོམ་པ་རབ་ཀྱི་མཐར ་ཕྱིན་ན་དེ་ལྟ་བུའི་དངོས་གྲུབ་ཁྱད་པར་ཅན་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །བྱ་བའི་འབྲས་བུ་གསུངས་པ། ཚིགས་བཅད་བརྒྱ་ཞེས་བྱ་བ་ལ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བརྒྱ་དང་སྟོང་ཡང་ཟིན་པའོ། །འདི་ཞེས་བྱ་བ་ནི་བྱ་བ་དང་ལྡན་པའི་རྣལ ་འབྱོར་པའོ། །འགྲུབ་པར་འགྱུར་ཞེས་པ་ནི་ངེས་པར་འགྲུབ་པར་བྱེད་པའོ། །མ་ལུས་པར་ཞི་བ་ལ་སོགས་པའི་ལས་རྣམས་སོ། །ལུས་པ་མེད་པ་ནི་ཇི་ལྟར་འབྱུང་བ་སྟེ། ཁམས་གསུམ་པའི་ལས་དེ་ལྟར་བྱ་ཞེས་བྱ་བའི་དོན་ཏོ། །མ་ལུས་པ ་དག་ནི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཁྱབ་འཇུག་དང་བདེ་བྱེད་དང་ཚངས་པ་ལ་སོགས་པ་འདུལ་བའི་ལས་ཞེས་བྱ་བའི་དོན་ཏོ། །ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ནི་གང་གིས་ཁུ་བ་འགུགས་པར་བྱེད་པ་འདི་ལ་བཏང་སྙོམས་ཆེན ་པོའི་ངོ་བོས་གཽ་རིའི་རྣམ་པ་ལྟ་བུའི་མི་ཕྱེད་པ་ཡོད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །པདྨའི་ཁ་ཞེས་བྱ་བ་ནི་བཙུན་མོའི་ཟེ་འབྲུའོ། །རྡོ་རྗེ་ནས་ཞེས་བྱ་བ་ནི་སྐྱེས་པའི་རྡོ་རྗེའི་ཁུང་བུའོ། །རླུང་ཞེས་བྱ་བ་ནི་འཇུག་པའི་རླུང ་ངོ། །དྲིལ་བུ་ཞེས་བྱ་བ་ནི་ཨོཾ་ཀ་ཌཧ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲའོ། །ལྕགས་ཀྱུའི་སྤྱོར་བ་ནི་ལྕགས་ཀྱུའི་རྣམ་པ་ལྟ་བུའི་འོད་ཟེར་གྱི་སྦྱོར་བའོ། །རླུང་དང་དྲིལ་བུ་དང་ལྕགས་ཀྱུ་སྦྱོར་བ་ནི་དྲིལ་བུའི་ལྕགས་ཀྱུའི་རླུང་སྦྱོར་རོ། །དོན་ནི་འདི་ཡིན་ཏེ། ་ཛ་དམར་པོ་ལྕེ་ལ་བཀོད་པའི་འོད་ཟེར་འབྱུང་བའི་རླུང་བྱུང་ནས་བསྒྲུབ་བྱའི་བསྟན་པའི་ལམ་ནས་ཞུགས་ནས། ཀླད་པ་ན་ཡོད་པ་ཚུན་ཆད་བླངས་ནས་བསྟན་པའི་ལམ་དུ་བལྟས་ལ། དེ་ལས་འཇུག་པའི་རླུང་གིས་རང་གི་ཁར་བཏུང་བར་བསམ་མོ། །དེ་ཡང ་གསུངས་པ། འགུགས་པར་བྱེད་བྱ་བ་ལ་སོགས་པ་སྟེ། ཁུ་བའི་ཚོགས་ནི་ཁུ་བ་བསྡུས་པའོ། །འདས་དང་ཞེས་བྱ་བ་ནི་སྔགས་བཟླས་པའོ། །བསྒོམས་པ་ནི་གོམས་པར་བྱེད་པའོ། །སྦྱོར་བ་འདི་དག་ལ་སེམས་བསྟན་པར་གྱུར་པར་བྱའོ། །དབེན་པ ་ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་རྒྱས་པར་བཤད་པ་གསུངས་པ། ནག་པོ་ནི་འཇིགས་པ་ཞེས་བྱ་བ་ལ་ནག་པོ་ནི་གཤིན་རྗེ་གཤེད་ནག་པོའོ། །དེ་འཇིག་པ་ནི་ཉམས་པར་བྱེད་པའོ། །དེ ་ཉིད་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱེར་མེད་པས་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འཆང་བར་འགྱུར་བའོ། །དབང་བསྐུར་བ་མཆོག་གི་དམ་ཚིག་ཤེས་བྱ་བ་ལ། མཆོག་ནི་གང་དུ ་དབང་བསྐུར་བས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའོ། །དེ་ནི་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་གོ་།དེ་བྱུང་བ་མཛད་དོ་ཞེས་བྱ་བར་གསུངས་པར་གྱུར་པའོ། །ུ་དུམ་བར་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན ་ཏེ། དཀྱིལ་འཁོར་དུ་འཇུག་པའི་དུས་སུ་དཀྱིལ་འཁོར་དུ་འཕངས་པའི་ཕྲེང་བ་ཚིག་བཅད་འདིས་མགོ་ལ་བཅིང་བར་བྱའོ། །ཡང་ན་རིགས་ལྔ་ཉིད་དུ་གཏོགས་པའི་རིགས་མ་ལྔ་པོ་བསྟན་པས་ནི། མེ་ཏོག་མིང་གིས་སློབ་མ་ལ། །བདེ ་བ་དམ་པ་གཏོགས་པར་བྱེད། ཅེས་པས་དེ་དག་རེ་རེ་ལ་ཡང་མྱུ་གུ་དང་ཁ་བྱེ་བ་དང། རྒྱས་པའི་བྱེ་བྲག་གིས་གསུམ་ཡིན་པ་ཉིད་ནི་ཕྲེང་བ་སྟེ། རྒྱན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རལ་གྲི་ཆེན་པོ་ཁམས་གསུམ་པའི་ཞེས་བྱ་བ་ལ། ཁམས་གསུམ་དུ ་བྱུང་བའི་འདོད་ཆགས་ལ་སོགས་པ་དེ་གཅོད་པར་ཆོས་འཐུན་པར་རལ་གྲི་དང་འདྲ་བར་རལ་གྲི་སྟེ། ཞེས་རྡོ་རྗེ་བྱ་བའོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཕྱག་བྱས་པའོ། །བདུད་ལས་ཞེས་བྱ་བ་ནི་ཕུང ་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། རྣམ་པར་གཡེང་བར་བྱེད་པ་ནི་ལྷའི་བུའི་བདུད་དེ། དེ་དག་ལས་སོ། །ལས་ཀྱི་རལ་གྲི་ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པའི་ཕྱིར་ཕྲག་དོག་གཤིན་རྗེ་གཤེད་དོ། །དེ་ནི་རལ་གྲི ་དང་འདྲ་བར་ཇི་ལྟར་ལས་ཐམས་ཅད་རབ་ཏུ་སྒྲུབ་པ་ཉིད་ཀྱིས་ཉོན་མོངས་པ་གཅོད་པར་བྱེད་པ་དེ་བཞིན་དུ་འདི་ཡང་དེ་ལྟ་བུའི་དོན་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། ཅེས་བྱ་བ་ལ་ཤེས་རབ ་ཉིད་རྣམ་པར་རྟོག་པ་མ་ལུས་པ་ཉམས་པར་བྱེད་པས་ཐབས་ཏེ། དེའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །དེ་ཡང་རྣམ་པ་ཀུན་གྱི་མཆོག་ལྡན་པའོ། །སྟོང་པ་ཉིད་ནི་རྡོ ་རྗེས་བརྗོད། ཅེས་གསུངས་པས་སོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱེད་པས་དྲིལ་བུའོ། །སྒྲུབ་པ་ནི་བླ་ན་མེད་པའི་བྱང་ཆུབ་རྫོགས་པར་བྱེད་པའོ། །རྡོ་རྗེ་ཁྱོད་ཅེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཁྱོད་ཅེས་བྱ་བའི་དོན་ཏོ། །འདི་ནི་དྲིལ ་བུའི་དམ་ཚིག་སྔོན་དུ་འགྲོ་བའི་དབུགས་དབྱུང་བའོ། །སློབ་མ་ཡང་དག་ཟུང་ཞེས་བྱ་བ་ནི་རྗེས་སུ་སྣང་བ་སྦྱིན་པའོ། །འདི་ནི་ཞེས་བྱ་བ་ནི་བླ་མའི་མདུན་ན་གནས་པའོ། །བླ་མའི་རྡོ་རྗེའི་ནང་གི་མཐར་མཐེ་བོང་དང་སྲིན་ལག་གིས་མནན་པའི་རང་གི་རིག་པས་མྱོང་བའོ། །བཏུང ་བ་རིན་པོ་ཆེ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་བཞིན་གཤེགས་པའི་དགའ་བ་རྒྱས་པར་བྱེད་པས་རིན་པོ་ཆེའོ། །རྡོ་རྗེའི་ལུས་ནི་རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་གྱི་ལུས་ཀྱི་རྡོ་རྗེ་སྟེ། ཡེ་ཤེས་ལྔའི་ངོ་བོར་དེ་སྒྲུབ་པར་བྱེད་པའོ། །འཐུང་ཞེས་བྱ་བ་ནི ་ལོངས་སྤྱོད་ཀྱི་སྤུབས་སུ་གཏོང་པར་བྱེད་པ་སྟེ། རང་རིག་པའི་མཐར་བྱ་བའི་ཕྱིར་རོ། །འདིས་ཅིར་འགྱུར་བ་དེ་གསུངས་པ། ཡེ་ཤེས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་དབྱེར་མེད་པའི་བླ་ན་མེད་པའི་རྟོག་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་དགའ་བའི ་སེམས་ཤེས་བྱ་བ་ནི་བརྟན་པའོ། །བདག་ཉིད་ཅེས་བྱ་བ་ནི་རང་གིས་རིག་ན་ཡང་སློབ་མ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུའི་རྣམ་པར་གཞུག་པའི་རྡོ་རྗེ་སློབ་དཔོན་གྱིས་ཞེས་བྱ་བའི་དོན་ཏོ། །གང་དུ་དགུག་པ་ལ་སོགས་པའི་སྦྱོར་བ་མངོན་པར་བརྗོད་པ་དེ་ལ་དེ ་སྐད་ཅེས་བྱའོ། །དཔག་གཤིན་རྗེ་གཤེད་ནག་པོའི་དཀའ་འབྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བདུན་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་གསོལ་བ་བཏབ་པའི་ ་རྗེས་ཐོགས་ལའོ། །རྡོ་རྗེ་ནི་ཡེ་ཤེས་དེའི་བདག་ཉིད་འཆང་བས་རྡོ་རྗེ་འཛིན་ནོ། །བསྲུང་བ་ནི་བདུད་མ་ལུས་བསྐྲོད་པར་བྱེད་པས་རྡོ་རྗེར་བ་སྤྲུལ་པ་ཉིད་དོ། །འཁོར་ལོ་ནི་རྡོ་རྗེ་ར་བ་དང་གུར་གྱི་རྣམ་པ་གཉིས་སྦྱོར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །བགེགས ་ནི་ལུས་ལས་ཀུན་ཏུ་བྱུང་བའོ། །ལོག་པར་འདྲེན་པ་ནི་ངག་ལས་ཀུན་ཏུ་བྱུང་བའོ། །གདུག་པ་ཅན་ནི་སེམས་ལས་ཀུན་ཏུ་འབྱུང་བའོ། །བསལ་བ་ནི་རྣམ་པར་གཅོད་པའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་གཅིག་པའོ།། ་རལ་གྲི་འཆང་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་འཆང་དེ་ཉིད་དུ་གྲུབ་པས་རལ་གྲི་གང་འཛིན་པ་ཉིད་ཀྱིས་མཚན་མ་ཐམས་ཅད་ཉེ་བར་མཚོན་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ། བརྗོད་པའི་དུས་སུ་རལ་གྲིའི་གནས་སུ་རྡོ་རྗེ་གང? ་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་བཅུག་པས་ཚིགས་སུ་བཅད་པ་ལྟར་འགྱུར་བའོ། །བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་དང་ལྡན་པས་དཔལ་ལྡན་ནོ། །རལ་གྲི་འབར་བ་ཞེས་བྱ་བ་ནི་མཚོན་པ་སྟེ། སྔ་མ་བཞིན་ནོ། །གང་ལ་འབར་ཞིང་གསལ ་བའི་གཟུགས་ཡོད་པ་དེས་བཅོད་པ་ཞེས་བྱ་བ་འགེགས་པ་སྟེ། སྔར་བསྟན་པའི་བགེགས་ལ་སོགས་པའོ། །གསལ་པོར་བྱ་བའི་ཕྱིར་གསུངས་པ། རིགས་གསུམ་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས ་ཀྱི་བདག་ཉིད་ལས་སྐྱེས་པའོ། །སའི་ལྷ་མོ་ལྷག་པར་གནས་པར་བྱའི་ཕྱིར་གསུངས་པ། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའི་དོན་གྱི་གཉིས་པའོ། །སློབ་མ་གཞུག་པ་གསུངས་པ། གོས་ཀྱི་ཞེས ་བྱ་བ་ནི་གོས་ཀྱི་ཁྱད་པར་དེ་དམར་པོའོ། །སློབ་དཔོན་གྱིས་དྲི་བར་བྱ་བ་གསུངས་པ། ཁྱོད་སུ་ཞེས་བྱ་བ་སྟེ། གང་ལ་དགའ་ཞེས་བྱ་བ་ནི་ལྷག་མའོ། །སློབ་མས་སྨྲས་པར་བྱ་བ་གསུངས་པ། བསྐལ་བཟངས་བདག་ནི་ཞེས་བྱ་བ་སྟེ། བདེ་བ་ཆེན ་པོ་ཞེས་བྱ་བ་ནི་ལྷག་མའོ། །ཅི་ཞིག་བྱས་ནས་བྱ་བ་ཡིན་པ་དེ་གསུངས་པ། ཡོལ་བའི་པར་དུ་ཞེས་བྱ་བ་གོས་ཀྱི་ཡོལ་བའི་བར་དུའོ། །བླ་མ་ལ་གསོལ་བ་བཏབ་པ་ཞེས་བྱ་བར་འབྲེལ་ཏོ། །བློ་བཟང་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བར་སྤྲོ་བའི ་?མིང་ཅན་ནོ། །གསོལ་བ་བཏབ་པ་གསུངས་པ། ཇི་ལྟར་ཞེས་བྱ་བ་ནི་ཆོ་ག་གང་གིས་སོ། །སངས་རྒྱས་ནི་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་སྤྲུལ་པའི་ངོ་བོ་ཉིད་དོ། །ཆོས་ཆེན་པོས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་གནས་སྐབས་དང།?་།རྡོ་རྗེ ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་ལས་སེམས་དཔས་ནི་དེ་སྐད་ཅེས་བྱའོ། །བདག་གི་ཞེས་བྱ་བ་ནི་བདག་ལའོ། །དེ་བཞིན་དུ་ཆོ་ག་ངེས་དབང་བསྐུར་བར་བྱའོ། །མཆོག་ནི་མངོན་པར་འདོད ་པ་དེ་འདོད་པའོ། །བདག་ནི་བདག་གོ་།སྩལ་དུ་གསོལ་བ་ནི་བྱིན་ཅིག་པའོ། །སློབ་མའི་བྱ་བ་མདོར་བསྟན་པ་གསུངས་པ། དེ་བཞིན་གླུ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཐམས་ཅད་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་རྟོགས་པར་བྱའོ། །དེ་ནས་ཤེས ་བྱ་བ་བསོད་ནམས་ཀྱི་ཚོགས་ཀྱི་རྗེས་ཐོགས་སུའོ། །རྡོ་རྗེ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་ངོ་བོ་ཉིད་དོ། །དེ་དེའི་བདག་ཉིད་དུ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་བླ་ན་མེད་པ་ཉིད་ཡིན་པས་རྒྱལ་པོ་ཉིད་དོ་ཞེས་བྱ་བས་རྒྱལ་པོའོ། །ོཾ་ཞེས་བྱ་བ་ནི ་ཁས་ལེན་པ་སྟེ། མ་སྐྱེས་པ་དང། རྣམ་པར་རྟོག་པ་སྤངས་པ་དང། སྒྱུ་མ་ལྟ་བུ་ཉིད་ནི་ཨོཾ་མོ། །ཤཱུ་ནྱ་ཏ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་གཅིག་དང་དུ་མ་ཉིད་དང་བྲལ་བས་བདག་མེད་པ་ཉིད་དོ། །དེའི་ངོ་བོ་ཉིད་ནི་བདེན་པའོ། །དེ་ཉིད་ནི་རྟོགས་པའི ་ངོ་བོ་ཉིད་ཀྱི་ཛྙཱ་ནའོ། །དེ་ཉིད་ནི་མི་ཕྱེད་ཅིང་གཞན་འབྱེད་པའི་ཕྱིར་དང། བླ་ན་མེད་པའི་ཕྱིར་བཛྲའོ། །དེའི་བདག་ཉིད་ཀྱི་ངོ་བོ་སྭཱ་བྷཱ་བ་གང་ལ་ཡོད་པ་དེའི་བདག་ཉིད་ནི་ཨཱཏྨ་ཀོའོ། །དེའི་བདག་ཉིད་ཡིན་པས་ཨ་ཧཾ་སྟེ། ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ ་ཨཱཏྨཀོཉཧཾ་ཞེས་བསྡུ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ངོ་བོ་ཟང་ཟིང་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེའི་བདག་ཉིད་གང་ལ་ཡོད་པ་དེའི་བདག་ཉིད་ཨ་ཧཾ་ཞེས་བྱ་བ་ནི་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་སྟེ། ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་པའི་རྗེས་ཐོགས་སུ་བྱ་བའོ། །ཁུ་བ་ཡོངས་སུ་གྱུར་པ་ལས་གཞེངས་ནས་སྲིད་པ་དང་ཞི་བ་གཉིས་སུ་མེད་པ་ཉིད་ཀྱིས་ང་རྒྱལ་གསུངས་པ། བྷརྨཱ་དྷཱ་ཏུ་ནི་རང་བཞིན་སྟོང་པ་ཉིད་དོ། །གང་ལ་རང་བཞིན་དེ་ཡོད་པ་དེ་སྭ་བྷཱ ་པ་སྟེ་ཕྱག་དང་ཞལ་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་ཨཱཏྨ་ཀོཉཧཾ་ངོ། །ད་ནི་ཞི་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ལས་རབ་འབྱམས་གསུངས་པ་སྟེ། ཞི་བ་ལ་སོགས་དབྱེ་བའི་ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང ་དགུག་པ་དང་རེངས་པ་དང་དབྱེ་བ་དང་བསྐྲད་པ་དང་མངོན་སྤྱོད་ཀྱི་དབྱེ་བས་སོ། །གྲུབ་པ་སྟེ་རྫོགས་པར་གྱུར་ནའོ། །ཡིད་ཞེས་བྱ་བ་བྱུང་ནའོ། །དེ་ཉིད་ཀྱི་ཕྱིར་ལས་རྣམས་ཐམས་ཅད་རབ་བསྒྲུབ་པ་ཞེས་བྱ་བའོ། །ཞི་བའི་སེམས་ཀྱིས་ཞེས་བྱ་བ་ནི་དགེ་བའི་སེམས ་ཀྱིས་རྣམ་པར་མི་གཡེང་པས་སོ། །རྒྱས་པའི་སེམས་ཀྱིས་ཞེས་བྱ་བ་ནི་བུ་རམ་དང་འོ་མ་ཟ་ཞིང་ངོ། །ཆགས་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཆགས་པའི་སེམས་ཀྱིས་སོ། །ལ་ཡང་ངོ་ཞེས་བྱ་བ་ནི་ཁྲོས་པ་དང་བཅས་པའི་སེམས་ཀྱིས་སོ། །ཐབ་ཁུང་གསུངས་པ། ་ཞི་བའི་དཀྱིལ་འཁོར་རྣམ་པ་སྟེ་ཞིས་པ་ནི་ཟླུམ་པོའོ། །རྫིང་བུ་འདྲ་ཞེས་བྱ་བ་ནི་གྲུ་བཞིའོ། །ཟླ་གམ་འདྲ་ཞེས་བྱ་བ་ནི་གཞུ་ལྟ་བུའོ། །ནམ་མཁའ་ཨི་ཁམས་འདྲ་ཞེས་བྱ་བ་ནི་གྲུ་གསུམ་པའོ། །དེ་དག་གི་རྒྱའི་ཚད་གསུངས་པ། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྟེ་། ་ཟབས་སུ་གསུངས་པ་ནི་གཏིང་དུ་ཁྲུ་ཕྱེད་ཚད་ཅེས་བྱ་བ་ལ་སོགས་པའོ། །སོར་ལྔ་གཉིས་ནི་བཅུའོ། །ཞི་བ་ལ་ནི་སོར་བཞི་བོར་པའི་པདྨ་རྒྱས་པ་ལྟ་བུའི་རྣམ་པ་སོར་བཞི་མཐོ་བའི་ཁ་ཁྱེར་རོ། །དཀྱིལ་དུ་ནི་སོར་བརྒྱད་པའི་བཞིའི་རྡོ་རྗེའོ། །ཡམ ་ཤིང་ནི་དཀྱིལ་འཁོར་གྱི་ཆོ་གར་བསྟན་ཏོ། །རྒྱས་པ་ལ་ནི་སོར་བརྒྱད་པོར་བའི་ཁ་ཁྱེར་རྡོ་རྗེས་མཚན་པའོ། །དཀྱིལ་དུ་ནི་རྡོ་རྗེ་སྔ་མ་ལྟ་བུའོ། །ཞོ་དང་སྦྲང་རྩི་དང་ཤ་ཁ་ར་དང། མ་གོང་པའི་འབྲས་དང། སྲན་གྲེའུ་དང། ནྱ་གྲོ་ཏ་རློན་པའི་ཡམ་ཤིང་སོར ་ཉི་ཤུ་རྩ་བཞི་པའོ། །མངོན་སྤྱོད་ལ་ནི་ནིམ་པ་དང། དུག་དང། ད་དུ་ར་དང། ཚ་བའི་མར་དང། སྐྱེ་ཚེ་དང། ཚ་བ་རྣམས་སོ། །བསྐྲད་པ་ལ་ནི་ཁྭའི་སྒོའོ། །གང་དུ་སྦྱིན་སྲེག་གི་ཆོ་ག་གསུངས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དཔལ་གཤིན་རྗེ་གཤེད་ནག་པོའི ་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བརྒྱད་པའི་བཤད་པའོ།། །།ད་ནི་རྒྱ་མཚོའི་ཞེས་བྱ་བ་ལ་སོགས་པས་ཆར་དབབ་པའི་ཆོ་ག་གསུངས་པ་ནི། དེ་ལ་དཔལ་གཤིན་རྗེ་གཤེད་ནག་པོའི ་རྣལ་འབྱོར་བ་ལྷག་པའི་བསམ་པ་བསྟན་པས། རམས་ཀྱི་ཁུ་བས་ཁ་ཕོར་མ་སྲེགས་པའི་ནང་དུ། རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་ཀུ་རུ་ཀུ་ལའི་སྔགས་བསྒྲུབ་བྱའི་མིང་དང་སྤེལ་བར་བྲི་བར་བྱའོ།། ་དེ་ལ་དབྱར་ཟླ་ཐ་ཆུང་ལ་ཀར་ཀོ་ཏས་སོ། །སྟོན་ཟླ་ར་བ་ལ་ཤཾ་ཀ་བ་ལས་སོ། །སྟོན་ཟླ་འབྲིང་པོ་ལ་ཏག་ཀྵ་ཀའོ། །སྟོན་ཟླ་ཐ་ཆུང་ལ་བྷ་སུ་ཀིས་སོ། །དེ་དག་ཉིད་ཡང་གདབ་ནས་དགུན་ཟླ་ར་བ་ལ་སོགས་པ་ལ་ཆར་འབེབས་སོ། །དེ་ལས་གཞན་པའི་ཁམ་ཕོར་མ ་བསྲེགས་པ་དང་ཁ་སྦྱར་དུ་བྱས་ལ། སྐུད་པ་སྔོན་པོས་བཅིངས་ནས་དེར་ཀུ་རུ་ཀུ་ལ་འཆད་པར་འགྱུར་པའི་གཟུགས་ཀྱིས་བཀུག་ལ་ཡང་དག་པར་མཆོད་དེ་བཀས་སྒོ་ལ་ཀླུ་གནས་པའི་མཚོ་ལ་སོགས་པར་གཞུག་པར་བྱའོ། །ཡང་ན་མ་སི་བིཥྲཏྲི་ཀྲོ་ཊཝ ་བསྟེན་པའི་སྔགས་ཀྱི་ཚིག་བྲིས་ལ། དེ་ཡོངས་སུ་གྱུར་པ་ལས། ཀུ་རུ་ཀུ་ལ་ཀླུ་ཐམས་ཅད་སྐྲག་པར་བྱེད་པ་བསྒོམས་ལ་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་མ་བདག་གི་ཆེ་གེ་མོའི་དགོས་པ་མཛོད་ཅིག་ཅེས་བཀའ་བསྒོ་ནས་ཀླུའི་གནས་སུ་གཞུག་པར ་བྱའོ། །དེ་ནས་ཆར་དབབ་པའི་ས་ཕྱོགས་སུ་འདུག་ལ་གདུགས་དང། རྒྱལ་མཚན་དང། བླ་རེ་དང་ཡོལ་བ་ལ་སོགས་པ་ཐམས་ཅད་སྔོན་པོར་བྱས་ལ་གདུང་བའི་ཁྱད་པར་ཐམས་ཅད་དང་ལྡན་པར་རྒྱན་སྔོན་པོ་དང་ལྡན་པའི་རྣལ་འབྱོར་པས་མེའི་དཀྱིལ ་འཁོར་གྲུ་གསུམ་པ་འོད་འབར་ཞིང་གསལ་བར་བྲིས་ལ། དེའི་དབུས་སུ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་སྔོན་པོའོ། །དེའི་དབུས་སུ་ཆུའི་དཀྱིལ་འཁོར་བུམ་བ་ལྟ་བུ་དཀར་པོའོ། །དེ་ལ་པདྨ་འདབ་མ་བརྒྱད་པའོ། །དེའི་དཀྱིལ་དུ་ཆུ་བདུག ་སྤྲུལ་དཀར་པོ་བདུན་གྱི་གདེངས་ཀ་ཡོད་པ། སྐྱེས་བུའི་ཆ་བྱད་ཅན་ལག་པ་གཡས་ན་རལ་གྲི་གཡོན་ན་ཀླུའི་ཞགས་པ་ཐོགས་པའོ། །ཤར་གྱི་འདབ་མ་ལ་དགའ་བོ་ཨུཏཔ་ལ་སྔོན་པོ་ལྟར་ལྗང་བ། ལྷོའི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དཀར་པོ། ནུབ ་ཀྱི་འདབ་མ་ལ་ཏཀྵ་ཀ་དམར་པོ། བྱང་གི་འདབ་མ་ལ་ཀར་ཀོ་ཊ་ནག་པོ། །མེར་ནི་པདྨ་སྟེ། དཀར་པོའོ། །བདེན་བྲལ་དུ་ནི་པདྨ་ཆེན་པོ་སྟེ། དཀར་སྐྱ། རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་ཀྱི་མདོག་གོ་།དེ་ནས་ནི་ལས་ཀླུ་ཐམས་ཅད ་བསྐྱེད་ལ། བུ་རམ་དང། འོ་མ་དང་མར་ལ་སོགས་པ་ཀླུ་ལ་འོས་པས་བཤོས་གཙང་ཡི་གེ་ཕུས་སྔགས་ལ་དབུལ་ལོ། །མེ་ཏོག་སྔོན་པོ་དེ་བཞིན་དྲི། །གོས་དང་འཕན་དག་སྔོན་པོ་དང། །སྔོན་པོ་ཆུ་དང་ལྡན་པ་ཡིས། །བུམ་པ་དག་ཀྱང་དབུལ་བར་བྱ། ། ་དུས་ཀྱི་རྗེས་སུ་འབྲང་བ་དང། ཏ་ཀ་ར་དང། ཀུན་ཏུ་རུ་དང། ཆུ་སྲིན་སྡེར་མོ་དང། ཡུངས་ཀར་སེར་པོ་དང། ན་ག་པུས་པ་རྣམས་ཤ་ཁ་ར་དང་སྦྱར་བ་འམ། ཡང་ན་ནཱ་ག་གེ་སར་གྱི་རྡུལ་ཤ་ཁ་ར་དང། སྦྱར་བའི་སྤོས་དང་ཞུན་མར་གྱི་མར་མེ་མངོན ་པར་བསྔགས་པ་ཡང་དབུལ་བར་བྱའོ། །དེ་ནས་ཛཧཱ་ནཾ་ཛ(རྒྱུད་འགྲེལ་བཅོམ་ལྡན་འདས་ཀྱི་དཀའ་དང། བདག་ལ་བརྩེ་བར་དགོངས་ནས་ཆར་ཆེན་པོ་དབབ་པ་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་ཀླུ་རྣམས་ཀུན་ནས་ཆར་ཆེན་པོ་འབེབས་པ་ལ་ཆེད་ཆེར་བྱེད་པར་བསམས་ལ། ཨོཾ་ཧྲཱི(རྒྱུད་འགྲེལ་པུ་ན་བ་ནཾ་བ་རི་ཤ་པ་ཡ་སྭཱཧཱ་ཞེས་བཟླས་ལ་དེའི་རྗེས་ལ་ཆར་འབེབས་སོ། །གལ་ཏེ་ཡང་མི་འབེབས་ན་དེ་ནས་མེ་ཐབ་ཟླུམ་པོ་ལ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ་དགུག་ཅིང་དེ་རྣམས་ཀྱི་ལྕེ་ལ་ཡི་གེ་ནཾ་བསྒོམས་ནས། ཡོན་ཆབ་ལ་སོགས་པ ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་བུ་རམ་དང་འོ་མ་དང་ཞུན་མར་གྱི་བཀང་པའི་སྲེག་བླུགས་གསུམ་བྱིན་ནས། ཨོཾ་ནཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བུ་རམ་དང་འོ་མ་ལ་སོགས་པ་བསྲེག་གོ་།དེ་ལྟར་ཚིམ་བར་གྱུར་པས་ཆར་འབེབས་སོ། །དེ་ལྟར་ན་ཡང་ཆར? ་མི་འབེབས་ན་ཆད་པ་བྱ་སྟེ། སྔ་མའི་རིམ་པ་ཉིད་ཀྱིས་ཀླུའི་དཀྱིལ་འཁོར་བྱ་སྟེ། འོན་ཀྱང་དང་པོར་རླུང་གི་དཀྱིལ་འཁོར་བྲི་བར་བྱའོ། །བདག་ཉིད་ཀྱང་བློ་ཡིས་པདྨའི་དབུས་སུ་བསྐལ་པའི་མེ་ལྟར་འབར་པའི་རྣམ་པ་ཅན། ཀླུ་ཐམས་ཅད་འཇིགས ་པར་བྱེད་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དུ་བྱས་ནས། ཀླུ་ཐམས་ཅད་ཀྱི་མཇུག་མ་བསྡོམ་པ་ལ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་ནས་རང་གི་སྔགས་ཀྱི་ཡི་གེ་རེ་རེའི་བར་དུ་ཀླུའི་སྙིང་པོ་བཅུག་ནས་ང་རྒྱལ་དང་བཅས་པས་བཟླ་བར་བྱའོ། །དེ་ནས ་རླུང་གིས་བསྐུལ་པའི་མེའི་འོད་ཀྱིས་པདྨ་སྙིང་པར་ལྟ་སྟེ། དེ་ལྟར་འོག་ནས་མེས་གདུངས་ཤིང་སྟེང་ནས་ཀྱང་ཁྲོ་བོའི་མེས་གདུངས་པས་ཤིན་ཏུ་སེམས་སྟོར་བར་གྱུར་པས་ཆུ་སྐྱུག་པར་བྱེད་པའི་ཀླུའི་འཁོར་ལོར་མོས་པར་བསམས་ན་ངེས་པར་ཆར་འབེབས་སོ།། ་དེ་ལྟ་ན་ཡང་ཆར་མི་འབེབས་ན་དུར་ཁྲོད་ཀྱི་གོས་སམ་མཚོན་གྱི་བསང་པའི་གོས་ལ་དུག་དང། ཚ་བ་དང། སྐྱེ་ཚེ་དང། ཚ་བའི་མར་གྱིས་རྩིབས་བརྒྱད་པའི་རལ་གྲིའི་འཁོར་ལོ་བྲིས་ལ། དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པའི་འདབ་མ་སོ་སོ་ལ་ཀླུའི ་སྙིང་པོ་ཡི་གེ་བཾ་དང་ཧཱུཾ་གིས་བར་དུ་བཅུག་པ་བྲི་བར་བྱའོ། །ཆུ་རླུང་གི་ངོས་ཀྱི་ས་འམ། ཀླུའི་གནས་ཀྱི་ས་དང། རོ་བསྲེགས་པའི་ཐལ་བ་དང་གྲོགས་མཁར་གྱིས་དང། ཤིང་གཅིག་གི་རྩ་བའི་ས་དང་བཅས་པ་ལས་ཀླུའི་གཟུགས་བྱས་ལ་འཁྲུལ ་འཁོར་བྲིས་ནས་དེའི་སྙིང་གར་བཅུག་ནས་བཀུག་པའི་རྗེས་ལ་བསྐལ་པའི་མེ་ལྟར་འབར་བའི་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གྱུར་པས་ཞབས་ཀྱིས་དེའི་གཟུགས་མནན་ནས། སྔ་མ་བཞིན་དུ་ཁྲོས་པ་དང་བཅས་པས་བསྔགས་བཟླ་བར་བྱ་ཞིང་ནམ ་མཁའ་ཨི་དཀྱིལ་མ་ལུས་པ་ན་ཀླུ་རྣམས་ཀྱིས་ཁྱབ་པས་ཆར་ཆེན་པོ་འབེབས་པར་བྱེད་པར་བསམས་ན་ཆར་འབབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་མི་འབབ་ན་གཟུགས་དེ་ཉིད་ཚ་བ་གསུམ་དང་སྐྱེ་ཚེ་ལ་སོགས་པས་མངོན་པར་བྱུགས ་ལ་གྲུ་གསུམ་པ་ཐབ་ཁུང་གི་འགྲམ་དུ་བཞག་ནས་དུར་ཁྲོད་ཀྱི་ཤིང་ལས་མེ་སྦར་ལ་ཁྲོས་པས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་བསྡུད་པ་འམ། ཡུངས་ཀར་བརྡེགས་ན་ངེས་པར་ཆར་འབེབས་སོ། །དེ་ལྟ་ན་ཡང་མི་འབབ་ནི། དེའི་ཚེ་གཟུགས་དེ་ཉིད ་སྐྱེ་ཚེ་དང་ཚྭ་དང་དུག་དང། ད་དུ་ར་ལས་བྱས་པ་ལ་སེང་ལྡེང་གི་ཕུར་པ་སོར་དགུ་པས་སྙིང་གར་གདབ་ཅིང་རྐང་པ་གཡོན་པས་མགོ་བོ་མནན་ལ། ཁ་ལྷོ་འམ་ནུབ་ཏུ་བལྟས་ཏེ། ཆར་འབབ་པའི་ཚུལ་གྱིས་མནན་ཅིང་མེ་ཐབ་གྲུ་གསུམ་པ་ལ་དུར་ཁྲོད་ཀྱི ་མེ་ཕུ་ཡིས་སྤར་ལ། དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམས་ནས། དེའི་ཞལ་དུ་ཧཱུཾ་གིས་མནན་པའི་ལྕེ་ལ་ཁྲོས་ཤིང་སྔགས་འཚོལ་བར་བརྗོད་པས་མཇུག་མ་ནས་བརྩམས་ནས་མཚོན་རྣོན་པོས་བཅད་ཅིང་བཅད་ཅིང་བརྒྱ་རྩ་བརྒྱད་ཀྱི་བར་དུ་བསྲེགས ་པས་ཆར་འབབ་བར་འགྱུར་རོ། །དེ་ལྟ་ན་ཡང་གལ་ཏེ་མི་འབབ་ན། འདི་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐྱོན་ཏེ། བདག་ཉིད་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གི་རྣལ་འབྱོར་དུ་བསྒོམས་ནས་སྔ་མ་བཞིན་དུ་ཆུ་ངོགས་གཉིས་ཀྱི་ས་ལ་སོགས་པ་ལས ་གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ལ། འཁོར་ལོ་དེ་སྙིང་གར་བཅུག་ནས་རྐང་པས་མནན་ཏེ། རྐང་བ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ནས་དེ་བཞིན་དུ་བཅད་ཅིང་བཅད་ཅིང་མངོན་སྤྱོད་ལ་གནས་པའི་རྡོ་རྗེ་འཆང་གི་ཞལ་དུ་བསྐྱུར་བར་བྱའོ། །དེ་ལྟ་བུས ་ཁྲི་བྱས་ནས་ངེས་པར་གཤིན་རྗེ་གཤེད་ཀྱིས་ཆར་འབེབས་པར་བྱེད་དོ། །བཅད་པ་ནི་ཀླུ་ལ་སོགས་པའི་ཞི་བའི་ཐབ་ཁུང་དུ་གཏི་མུག་གཤིན་རྗེ་གཤེད་ཇི་ལྟ་བ་བཞིན་དུ་བསྒོམས་ནས། ཞི་བའི་ཚོགས་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི ་བྱའོ། །དེ་ལྟ་ན་ཡང་ཀླུ་གདུག་པ་ཅན་ཚར་མི་གཅོད་ན། དེའི་ཚེ་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་མངོན་སྤྱོད་ཀྱི་ཆོ་གས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང། རས་བལ་གྱི་འབྲས་བུར་བཅས་པས་སྦྱིན་སྲེག་བྱས་ན་ངེས་པར་ཆར་གཅོད་དོ།། ་ཆར་ནི་མི་འབབ་དུས་དག་ཏུ། ཞེས་བྱ་བ་ནི་ཆར་མི་འབབ་པའི་ཚེའོ། །འབབ་པར་ཞེས་བྱ་བ་ནི་ཆར་འབབ་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །རྒྱ་མཚོར་གཞོན་པ་དང་འགྲོ་བའི་ཚེ་རླབས་རེངས་པར་བྱེད་པའི་ཆོ་གས་གསུངས་པ། སྦྲུལ་ནག་པོ་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ། །ལྷ་ལ་སོགས་པ་ལྟ་བའི་ཕྱིར་སྦྱོར་བ་གསུངས་པ། ཙན་དའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། ཙན་དའི་འབྲས་བུ་ནི་ད་དུ་རའི་འབྲས་བུའོ། །གཞན་དག་ནི་གོ་སླའོ། །དོན་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དབང་དུ་བྱ་བའི་ཆོ ་གས་ཐབ་ཁུང་བྱས་ལ། བསྟན་པ་ལྟར་སྦྱིན་སྲེག་བྱས་ལ། ལྷ་དེ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དོ། །འདི་ནི་མཚོན་པ་ཅམ་སྟེ། ཚངས་པ་ལ་སོགས་པ་ཡང་མཐོང་བར་འགྱུར་རོ། །མཐོང་ནས་དགྱེས་པར་འགྱུར་བས་མངོན་པར་འདོད་པ་སྟེར་བར་འགྱུར་རོ། ། ་གདུག་པ་ཐམས་ཅད་ཚར་བཅད་པའི་ཕྱིར། དུར་ཁྲོད་རོ་བསྲེགས་ཡོད་པའི་ཤིང། ཞེས་བྱ་བ་གསུངས་ཏེ། ཡོག་པ་ནི་གང་གིས་ཤི་བའི་རོ་བསྐུལ་བའོ། །མན་ངག་ནི་ཨར་ཀའི་ཤིང་ལས་གཟུགས་ནི་གཟུགས་བརྙན་བྱ་བའོ། །སྨྱོན་པའི་ཁུ་བ་ནི་ད་དུ་རའི་ལོ ་མའི་ཁུ་བའོ། །དེ་ལ་བསྒྲུབ་བྱ་བཀུག་ལ་བཟླས་ན་མཛེས་ཐེབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབུམ་ཕྲག་བཞི་ནི་བཟླས་བྱས་ན་ཞེས་བྱ་བ་ནི་འབུམ་ཕྲག་བཞི་བཟླས་པའོ། །གྲུབ་པའི་ཡུངས་ཀར་ནི་ཡུངས་ཀར་སེར་པོའོ། །དེ་བླངས་ཏེ་ཞེས་བྱ་བ་མང་པོ ་ཉིད་དོ། །དེ་ན་གྲུབ་པའི་ཡུངས་ཀར་བླངས་བྱས་ཞེས་བྱའོ། །སྤྲུལ་གྱིས་གཟུང་ནས་འགྱེལ་བ་ལ། ཞེས་བྱ་བ་སྦྲུལ་གྱིས་གཟུང་ནས་འགྱེལ་བ་ལ་གཏོར་ན་འཚོ་བར་འགྱུར་བས་འགྱེལ་བ་འཚོ་བྱ་ཞེས་བྱ་སྟེ། བྱ་ཞེས་བྱ་བ་ནི་བྱ་བ་ཉིད་དོ། །དོན་ནི་འདི་ཡིན་ཏེ ་གཤིན་རྗེ་གཤེད་མདོག་དཀར་པོ་ཞི་བས་ཡར་ངོའི་ཚེས་གཅིག་ལ་གྲུབ་པའི་ཡུངས་ཀར་དཀར་པོ་ལག་ཏུ་བླངས་ལ་སྔགས་འབུམ་ཕྲག་བཞིའི་བར་དུ་བཟླ་བར་བྱའོ། །དེ་ནས་དེ་རྣལ་འབྱོར་པས་བསྡུས་ནས་གཟུང་བར་བྱའོ། །དེ་ནས ་སྤྲུལ་གྱིས་གཟུང་བ་བྱུང་ན་དེས་བསྡེགས་ན་འཚོ་བར་འགྱུར་རོ། །དེ་ལས་གཞན་པའི་སྦྱོར་བ་མན་ངག་གིས་བཤད་པར་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་གཤེད་ཀྱིས་རྣལ་འབྱོར་བྱས་ལ་དུག་སད་པར་བྱ་བའི་དོན་དུ་བསྒྲུབ་བྱའི་སྙིང་གར་ཧཱུཾ་དམ ་ཧྲཱི(རྒྱུད་འགྲེལ་དུ་འོད་ཟེར་གྱིས་བརྒྱན་པའི་ཧཱུཾ་དཀར་པོ་བདུད་རྩི་འཛག་པ་ལྟ་བར་བྱའོ། །གཞན་དག་ནི་འོད་དཀར་པོ་ཅན་གྱི་དཀྱིལ་དུ་ཧ་བཀོད་པས་སོ། ཞེས་མན་ངག་སྟོན་ཏོ། །དེ་ནས་ཧྲཱི(རྒྱུད་འགྲེལ་ཨོཾ་ཏྲི་ཧ་ཧཱུཾ་ཛ་ཧ་ཞེས་བྱ་བའི་སྔགས་བརྗོད་ཅིང། འགྱེལ་བ་དེའི་སྤྱི་བོའི་སྐྲ་ནས་བརྩམས་ནས་རྐང་བའི་བར་དུ་བྱ་བའོ། །དེ་ལ་ལག་པ་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་དུག་བླངས་ནས་འོངས་པས་ནག་པོར་གྱུར་པ་དེ་གཞན་དུ་བོར་ནས་བདུད་རྩིས ་གང། དཀར་པོ་འཕྲོ་བར་གྱུར་བས་དཀར་པོར་གྱུར་པར་བསམ་མོ། །ཡང་ན་སྤང་ལེབ་ལ་ནི་ཡི་གེ་བཅུ་པ་དེ་དེ་དང་ཧ་ཡིག་དཀར་པོ་རེ་རེར་སྤེལ་ལ་བསྒྲུབ་བྱའི་མིང་སྤེལ་བྲི་བར་བྱའོ། །དེས་དུག་མེད་པར་འགྱུར་ཞིང་འཚོ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ།། ་ཡང་ན་མགོ་ལ་ཧྲཱི་བདུད་རྩིའི་ཚོགས་འོ་མ་ལྟ་བུ་འབབ་པ་བཀོད་ལ་ལུས་ལ་གནས་པའི་དུག་ངོ་བོ་ཉིད་ཀྱིས་ནག་པོར་འདུག་པའི་དྲི་མ་རིམ་གྱིས་སེལ་བར་བྱེད་པའི་འོད་ཀྱི་རྒྱུན་བསམས་ལ། སྔགས་བཟླས་པས་དུག་མེད་པར་འགྱུར་རོ། །རེངས་པར ་བྱ་བའི་དོན་དུ་ནི་ཡི་གེ་ཉིད་ཀྱིས་དབང་ཆེན་གྱིས་བཅིངས་པ་མདོག་སེར་པོ་མགོ་ལ་སོགས་པ་རྣམས་སུ་དགོད་དོ། །སྦར་བ་ནི་མེའི་ས་བོན་མཆེ་བས་བཏབ་པའི་གནས་སུ་བསྒོམས་ལ། ཕྱག་འཚལ་དང་པོ་གཤེགས་གསོལ་མཛའ་། །བརྡེགས་པ་ཆོ་ག་བཞིན་དུ་སྦྱར། ་དུག་ནི་བཅིང་བ་བྱས་པ་ཡིན། །རྣལ་འབྱོར་པས་ནི་གསལ་འདོད་ཀྱང་ཞེས་པས་སོ། །གཏོར་ན་འཚོ་བྱ་ཐེ་ཚོམ་མེད། ཅེས་བྱ་བ་ཡིན་ནོ། །རི་གཤོང་ཆུའི་ས་ཞེས་བྱ་བུལ་སོགས་པ་མགོའི་ནད་ཞི་བར་བྱ་བ་ནི་གོ་སླའོ། །དེ་ལྟ་བུ་གཞན་ཡང་འབྱུང་པོ་དང་ཕོལ་མིག་དང ་འབྲུམ་ཕན་ལ་སོགས་པ་ཡང་གསོ་བར་བྱའོ། །གདུག་པ་ཅན་ཚར་བཅད་པའི་ཕྱིར། འཇིགས་བྱེད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གསུངས་པ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ཐལ་བ་ནི་དུར་ཁྲོད་ཀྱི་མེའི་ཐལ་བའོ། །དེ་ཡིས་ནི་དུར་ཁྲོད་ཀྱིས་ཏེ། ་གཤིན་རྗེ་གཤེད་ཀྱི་གཟུགས་བྱའོ་ཞེས་བྱ་བར་འགྲེལ་ཏོ། །གཡས་པ་ན་སྟེ་ཞེས་ཕྱག་གཡས་ནའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་དགྱེས་པའོ། །གཡོན་པ་ཞེས་བྱ་བ་ནི་ཕྱག་གཡོན་པའོ། །མི་མགོ་ཞེས་བྱ་བ་ནི་སྐྱེས་པའི་མགོ་བོའོ། །དཀར་པོ་ཞེས་བྱ་བ་ནི ་བྲི་བ་འམ་དེ་ལྟར་བསྒོམ་པའོ། །དེ་ཡིས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཏེ། དེས་བཀུག་སྟེ་འཇོམས་པར་བྱེད། རྣམ་པར་འཇིགས་པར་བྱེད་པའོ་འདི་སྐད་ཅེས་བསྟན་པར་འགྱུར་ཏེ། གཤིན་རྗེ་གཤེད་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་གསང་བའི་གནས་སུ་བྱས་ལ ་རབ་གནས་བྱ་ཞིང་རང་དེ་ལྟ་བུའི་སྦྱོར་བ་དང་ལྡན་པས་བསྟན་པ་ལྟར་བྱའོ། །དེ་ཉིད་གསུངས་པ། ཉིན་རེ་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་དང་ནི་ཤ་ལྔ་ཡིས་ཞེས་བྱ་བ་ནི་ཤ་ལྔ་ཡིས་ཞེས་བྱ་བའི་བདུད་རྩི་ལྔ་དང་ཤ་ལྡན་པས་སོ། །རྟག་ཏུ་ཞེས ་བྱ་བ་ནི་ཉིན་རེ་ཞིང་ངོ། །གསོལ་བ་གདབ་པ་ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །ཐུན་བཞི་འམ་ཐུན་གསུམ་དུ་བདག་གི་དགྲ་འདི་ཚོམས་ཤིག་ཅེས་བྱ་བ་ནི་བསྐུལ་ཚིག་དང་བཅས་པའི་སྔགས་བཟླ་ཞིང་ནུབ་མོ་འདི་སྐད་བརྗོད་པས་ཉལ་ན་ཐོ་རངས་ཀྱི་དུས་སུ་དགྲ ་སྟེ། དགྲ་བོ་ཉིད་འཆི་བར་འགྱུར་བ་སྟེ། དེའི་ཚེ་འདུ་བྱེད་ཟད་པར་འགྱུར་རོ། །ཡང་ན་ནད་ཀྱི་ཐེབས་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་མ་ཤིན་ཡང་དེ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྨྱོ་བར་བྱ་བའི་སྦྱོར་བ་གསུངས་པ་ལ། དགྲའི་བེ་རོ་ཙ་ན ་ཞེས་བྱ་བ་ནི་དགྲའི་དྲི་ཆེན་ནོ། མིའི་རྐང་སྦུབས་ཞེས་བྱ་བ་ནི་སྐྱེས་བུའི་རྐང་གི་སྦུབས་སོ། །དེས་དགང་བར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། །བཀང་ནས་ཞེས་བྱ་བ་གང་ཡིན་པ་དེ་གསུངས་པ། རབ་ཏུ་བཀང་ནས་འབུམ་བཟླས་ན། །ཤིང་རྩེར་རྒྱུ་བའི་ཡི་དགས ་མཚུངས་ཤེས་བྱ་བ་ལ་ཡི་དགས་ཀྱི་ཤིང་གི་རྩེ་མོ་ལ་བཏགས་ནའོ། །རྒྱུ་བ་ཡི་དགས་མཚུངས་ཞེས་བྱ་བ་ནི་ཇི་ལྟར་ཡི་དགས་ཤིང་སྐམ་པོ་ལྟ་བུའི་བདག་ཉིད་ཡིན་པ་ལྟར་དེ་ལྟ་བུར་རྒྱུ་བ་སྟེ། ཡོངས་སུ་འཁྱམ་ཞེས་བྱ་བ་དང་སྨྱོ་བར་འགྱུར་ཞེས་བྱ་བའི་དོན ་ཏོ། །དོན་ནི་འདི་ཡིན་ཏེ། མིའི་རྗེ་ངར་གྱི་རུས་པའི་སྦུབས་སུ་དགྲའི་དྲི་ཆེན་གྱིས་བཀང་ནས། འཁྲུལ་འཁོར་ནི་དུག་དང་ཚ་དང་ད་རུ་རའི་ལོ་མའི་ཁུ་བའི་སྣག་ཚ་དང། བྱ་རོག་གི་རྗེ་ངར་གྱི་རུས་པ་འམ། སྒྲོའི་རྩ་བའི་སྨྱུ་གུས་རྒྱལ་མཚན་གྱི་གོས་སམ། དུར་ཁྲོད་ཀྱི ་གོས་ལ་བྲིས་ལ་གཞུག་ཅིང། ས་ཀོ་ཏ་ཀའི་ཤིང་ངམ། བ་རུ་རའི་ཤིང་ལ་བཏགས་ན་བསྟན་པ་བཞིན་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་ཆེན་པོ་བསྒྲུབ་པ་བསྟན་ཏེ། རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་ཏོ། །གཤིན་རྗེ་གཤེད་ ་འཇིགས་བྱེད་ནི་འཇིགས་སུ་རུང་བའོ། །གང་དུ་དགྲ་ཚར་བཅད་པ་གསུངས་པ་དེ་ནི་འཇིགས་བྱེད་གཤིན་རྗེ་གཤེད་དེ། དེ་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས ་རིམ་པར་ཕྱེ་བ་དགུ་པའི་བཤད་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་བསྒྲུབ་པའི་ཐབས་མདོར་སྟོན་ཏོ། །ཤིང་ལ་སྦྱངས་པ་ཞེས་བྱ་བ་དབྱངས་པའོ། །མ་གོད་ཅེས་བྱ་བ ་ནི་མཚོན་གྱིས་མ་ཕོག་པའོ། །རྨ་མེད་པ་ཞེས་བྱ་བ་རྣག་ཏུ་མ་རུལ་བའོ། །ཕབ་ལ་ལེགས་པར་བཀྲུ་བྱ་སྟེ་ཞེས་བྱ་བ་ནི་ཁྲུས་བྱ་བའོ། །སྔགས་ནི་ཧྲཱི(རྒྱུད་འགྲེལ་བསྟན་པ་ཡིན་ཏེ། རྐུན་མ་དཔྱངས་པའི་རོ་ཤིང་ལས་ཕབ་ལ་དྲི་ཞིམ་པོ་ལ་སོགས་པས་བཀྲུ་ཞིང་དེར་རོ་ལངས་གཞུག་སྟེ། ནག་པོ་འཇིགས་སུ་རུང་བ་གྲི་གུག་དང་ཐོད་པ་ལག་ན་ཐོགས་པའོ། །སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་སོ་རྩི་ལ་སོགས ་པ་ཡང་བྱིན་ནས། དེའི་སྙིང་གའི་སྟེང་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ཁྲོ་བ་དང་བཅས་པས་འདུག་ལ་སྔགས་བཟླ་བར་བྱའོ། །སྔགས་ཀྱི་ཕྱེ་བའི་བདག་ཉིད་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་བསམ་པ་མེད་པ་ནི་ཤི་བའོ། །རྣལ་ ་འབྱོར་བས་འཇིགས་པར་མི་བྱ་བ་གསུངས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། གསུངས་པ་རྣལ་འབྱོར་པ་ནི་གང་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། རལ་གྲི་དང། མིག་སྨན་དང། རྐང་པ་བྱུག་པ་དང། ་ཞགས་པ་དང། ལྕགས་ཀྱུ་དང། རྡོ་རྗེ་དང། གི་ཝང་དང། དངུལ་ཆུ་དང། བཅུད་ཀྱིས་ལེན་པ་ལ་སོགས་པ་གང་ཅི་ཡང་རུང་བ་རྣལ་འབྱོར་པས་བླང་བར་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །དེ་ཀུན་ཐམས་ཅད་སྟེར་བར་བྱེད་ཅེས་བྱ་བ ་སྦྱིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རིག་པའི་བརྟུལ་ཞུགས་ཀྱི་ཕྱིར་བུ་མོ་དགུག་པའི་སྦྱོར་བ་གསུངས་པ། མ་ཧེ་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དོམ་ནི་དོམ་ཉིད་དོ། །འདི་དག་ཅེས་བྱ་བ་ནི ་རྫས་འདི་དག་གཅིག་ཏགས་ཤེས་སོ། །གཟུགས་སུ་བྱ་བ་ནི་ཤིན་ཏུ་འཇིགས་པའི་གཤིན་རྗེ་གཤེད་ཀྱི་གཟུགས་ཏེ། དེ་ཉིད་ཀྱི་ཕྱིར་གཤིན་རྗེ་གཤེད་པོ་འཇིགས་པའི་གཟུགས་ཞེས་གསུངས་པའོ། །འདིར་ཡང་ཉིན་རེ་ཞིང་སྔ་མ་བཞིན་དུ་ཤ་ལྔ ་བཅས་པའི་བདུད་རྩི་ལྔས་གཏོར་མ་སྦྱིན་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་པས་གསོལ་གདབ། །ཧྲཱི(རྒྱུད་འགྲེལ་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕ་གང་ཡིན་པས་ཞེས་བྱ་བའོ། །འདིར་ནི་དེའི་ཕ་ལ་ཇི་ལྟར་འབྱུང་བ་དེ་གསུངས་པ་སྟེ། རྨི་ལམ་གཤིན་རྗེ་གཤེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་འཇིགས་པར་གྱུར་ན་ངེས་པར་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་ནི ་འདི་ཡིན་ཏེ། བསྟན་པའི་ཚོགས་གཤིན་རྗེ་གཤེད་འདུས་བྱས་ལ་རབ་གནས་བྱ་ཞིང་དེའི་མདུན་དུ་བདག་ཉིད་གཤིན་རྗེ་གཤེད་པོའི་རྣལ་འབྱོར་གྱི་ང་རྒྱལ་དང་བཅས་པས་བཟླས་པ་བྱས་ན་འདོད་པ་དེ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་པར ་རྟོག་པའི་རིམ་པར་ཕྱེ་བར་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་ཕྱག་དང་ཞལ་དང་མདོག་ནི་བསྟན་ཟིན་ཏོ། །སྒོ་སྐྱོང་རྣམས་ཀྱི་འདིར་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །རལ་གྲི་ཞེས་བྱ་བ་ནི་སྔོ་ལྗང་ངོ། །རིམ་པར་ཕྱེ་བ་དང་པོར ་གསུངས་པའི་དཀྱིལ་འཁོར་གྱི་བདག་པོ་ཇི་ལྟར་བསྒོམ་པར་བྱ་བ་དེ་ལྟ་བུ་ཉིད་དུ་སྒྲུབ་པའི་ཕྱིར། བྷ་གར་ཞེས་བྱ་བ་གསུངས་པ་ནི་ཉིད་དང་མཚུངས་པའི་པདྨ་ལའོ། །ལིང་ག་ཞེས་བྱ་བ་ནི་རང་གི་གསང་བའི་རྡོ་རྗེའོ། །རྣམ་བསྒོམ་ཉིད་ཅེས་བྱ་བ་ནི་རྣམ་པར ་བསྒོམ་པར་བྱ་བའོ། །དཀྱིལ་འཁོར་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོའོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་དོན་འདི་ཡིན་ཏེ། ཉིད་དང་མཚུངས་པ་དང། འཁྱུད་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་བྱས་ལ། བཅོམ་ལྡན་འདས་རྣམ་པར་བསྒོམ་པར་བྱའོ།། ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བཅོམ་ལྡན་འདས་ནི་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་འདོད་པ་གསལ་བ་ཡིན་ནོ། །ད་ནི་རིམ་པ་གང་གིས་གསང་བའི་དཀྱིལ་འཁོར་དུ་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་རྗེས་སུ་དྲན་པ་བསྒོམ་པ་གསུངས་པ། ཞེ ་སྡང་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་ལ་ཞེ་སྡང་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སོ། །འབྲས་བུ་རྡོ་རྗེ་འཆང་གཤིན་རྗེ་གཤེད་ནག་པོའི་གཟུགས་ཀྱི་རྗེས་སུ་སྟེ་ཕྱིན་ནས་སོ། །དྲན་པ་ནི་རྗེས་སུ་དྲན་པ་སྟེ་ཞེ་སྡང་རྗེས་སུ་དྲན་པ་དང་ལྡན་པའོ། །རྣལ་འབྱོར ་ཞེས་པ་ནི་རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པས། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། ཞེས་གསུངས་པས་སོ། །དེ་གང་ལ་ཡོད་པ་དེ་ནི་ཤེས་རབ ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །འདིས་ནི་བདག་ཉིད་དེ་ཁོ་ནའི་བདག་ཉིད་ཅན་ནོ་ཞེས་བསྟན་ཏོ། །གཏི་མུག་ནི་གཏི་མུག་གཤིན་རྗེ་གཤེད་དོ། །ཞེ་སྡང་གི་རྗེས་ལ་སྟེ་ཕྱིན་ནས་སོ། །དྲན་པ་ནི་རྗེས་སུ་དྲན་པའོ། །ཕྲ་མ་ཞེས་བྱ་བ་ལ་ཕྲ་མ་ནི་གཏི་མུག ་གི་རྗེས་ལ་ཏེ་སྔ་མ་བཞིན་ནོ། །འདོད་ཆགས་ནི་ཕྲ་མའི་རྗེས་ལ་སྔ་མ་བཞིན་ནོ། །དེའི་རྗེས་ལ་ནི་ཕྲག་དོག་སྟེ། ཕྲག་དོག་ནི་གཤིན་རྗེ་གཤེད་དོ། །དྲན་པ་ཞེས་བྱ་བ་ནི་རྣམ་པར་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི ་དམ་ཚིག་བསྲུང་བ་གང་ལ་ཡོད་པ་དེ་ནི་བརྟུལ་ཞུགས་ཅན་ནོ། །ད་ནི་གསང་བའི་འཁོར་ལོ་རྫོགས་ནས་སྤྲོ་བ་གསུངས་པ། བ་སྤུའི་ཁུང་ནས་སྤྲོ་བར་བྱ་ཞེས་བྱ་བ་ལ་སྤྲོ་བ་ནི་སྟོན་ལ། དམ་ཚིག་གི་འཁོར་ལོར་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བ་སྤུའི་ཁུང ་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་བ་སྤུའི་ཁུང་ནས་སོ། །རིགས་ཀྱི་ཞེས་བྱ་བ་ནི་གཞན་དག་གི་རྒྱུར་གྱུར་པ་ཞེ་སྡང་ལ་སོགས་པའི་རིགས་སོ། །དེ་ཉིད་ཀྱི་སྤྲིན་རྣམས་ནི་མཛའ་མེད་པའི་སྤྲུལ་པའི་གཟུགས་ཉིད་ཀྱིས་ནམ་མཁའ་ཨི་དཀྱིལ་འཁོར་ཁྱབ་པའོ། །སོ་སོ ་ཞེས་བྱ་བ་རེ་རེ་ལས་ཀྱང་ངོ། །སྤྲོ་བར་བྱ་ཞེས་བྱ་བ་སྔ་མ་བཞིན་སྦྱར་རོ། །དཀྱིལ་འཁོར་བའི་གདན་གསུངས་པ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དྲན་པ་བསྒོམ་པ་གང་བསྟན་པ་དེ་ནི་རྗེས་སུ་དྲན་པ་བསྒོམ་པའི་རིམ་པར ་ཕྱེ་བའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་པའི་བཤད་པའོ།། །།ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི ་ཕྱིར། རིག་པའི་བརྟུལ་ཞུགས་ཀྱི་ངོ་བོ་སྤྱོད་པ་བྱའོ་ཞེས་བྱ་བས་དེའི་ཕྱིར་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་རྩེ་བའི་མངོན་དུ་འགྲོ་བ་བསྟན་པས་སྤྱོད་པའི་རིམ་པར་ཕྱེ་བ་གསུངས་པ། ཞེ་སྡང་གིས་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ནི་ཕན་ཚུན་མི ་དགའ་བའོ། །དེས་མནན་པ་ནི་ཤིན་ཏུ་ཁྱབ་པའོ། །འགྲོ་བ་ཞེས་བྱ་བ་ནི་སྣ་ཚོགས་པའོ། །མཐོང་ནས་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགས་སུ་མཛད་དོ་ཞེས་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་གསུངས་པ། ཞེ་སྡང་ཐམས་ཅད་ཟད་པར་བྱེད་ཅེས་བྱ་བ་སྟེ། ་ཞེ་སྡང་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །དེའི་ཟད་པ་ནི་དངོས་པོ་མེད་པར་བྱེད་པའོ། །དེས་ན་ཞེ་སྡང་ཐམས་ཅད་ཟད་པར་བྱེད་ཅེས་བྱའོ། །འདིས་ནི་འདི་ལྟར་བསྟན་པ་ཡིན་ཏེ། འདིའི་ངོ་བོ་མངོན་པར་རྟོགས་པར་གྱུར་པ་ན་དེ་དག ་ཀྱང་ཟད་པར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ན། ཇི་ལྟར་ན་གཟུགས་འདི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། སྙིང་རྗེའི་དབང་གིས་ཞེས་བྱ་བ་སྟེ། སྙིང་རྗེའི་གཞན་དབང་དུ་གྱུར་པས་ཞེས་བྱ་བའི ་དོན་ཏོ། །དེ་བཞིན་དུ་གཏི་མུག་གིས་མནན་ཞེས་བྱ་བ་ལ་སོགས་པར་ཡང་གོ་བར་བྱའོ། །རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོ་གསུངས་པ་ནི་བྱམས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟེར ་བའོ། །དེར་ནི་ཙར་ཙི་ཀ་ཞེས་གསུངས་སོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུད་ཞུགས་པ་ལས་འབྱིན་པར་འདོད་པའོ། །དགའ་བ་ནི་སེམས་ཅན་རྣམས་ངོ་བོ་ཉིད་མེད་པར་རྟོགས་ནས་དེ་དག་ལ་འདི་ཡོད་དོ་ཞེས་བྱ་བས་དགའ་བ ་མེད་པར་རྟོགས་པར་ནུས་སོ་ཞེས་དགའ་བའི་སེམས་སོ། །བཏང་སྙོམས་ནི་བདག་ཉིད་ཀྱིས་བདེ་བ་དང། སྡུག་བསྔལ་དང། རྙེད་པ་དང། མ་རྙེད་པ་དང། གྲགས་པ་དང། མ་གྲགས་པ་དང། སྨད་པ་དང། བསྟོད་པ་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སེམས་མཉམ ་པ་ཉིད་དོ། །དཀྱིལ་འཁོར་ཇི་ལྟར་སྤྲོ་པར་བྱ་ཞེ་ན། གསུངས་པ། བདག་ཉིད་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཅེས་བྱ་བ་ནི་རང་གི་གཟུགས་ཀྱིས་སོ། །རྫོགས་པར་བྱས་ནས་ཤེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཨི་རྗེས་ཐོགས་པའོ། །བཅོམ་ལྡན་འདས་ཀྱི ་གཟུགས་སུ་རྫོགས་པར་བྱས་ནས་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་ནས་ཤེ་ན། གསུངས་པ། སྙིང་གའི་ས་བོན་ཞེས་བྱ་བ་གསུངས་ཏེ། སྙིང་ག་ན་གནས་པའི་ཡ་ལས་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། སྙིང་གའི་ས ་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། ཁ་ནས་ཞུགས་པ་སྙིང་གའི་ས་བོན་གྱིས་ཞུ་བར་གྱུར་ཏེ། དེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བ་སྟེ། ལྷ་མོའི་པདྨའི་ནང་དུ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། གསུངས་པ་འགྲུབ་པར ་འདི་ལ་ཞེས་བྱ་བ་ལ་སོགས་པ་པོ་སླའོ། །ད་ནི་ཡེ་ཤེས་ལ་དབང་ཐོབ་པའི་རྣལ་འབྱོར་པས་ཡང་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར། རིག་པ་བརྟུལ་ཞུགས་ཀྱི་ངོ་བོ་སྤྱད་པར་བྱའོ་ཞེས་བྱ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པ་སྟེ། སྤྱོད་པ་ནི་བྱ་བའི་ངོ་བོ་ཉིད་དོ། །དེ་མཚན་ཉིད་གང་གིས་མཚོན་པར་བྱེད་པ་དེའི་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅན་མཆོག་ཅེས་བྱ་བ་ཀུན་གྱི་གོང་མ་སྟེ། བདག་དང་གཞན་གྱི་དོན་ངེས་པར་བསྒྲུབ་པའི་ཕྱིར་རོ། །གང་གི་ཡིན་ཞེ་ན། གཤིན་རྗེ་གཤེད ་པོ་ཞེས་བྱ་བ་གསུངས་པའི། །འཇིགས་གཟུགས་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་འཇིགས་པར་མཛད་པས་འཇིགས་གཟུགས་ཏེ། གཟུགས་དེ་གང་མ?་ཡོད་པའོ། །ཅིའི་དོན་དུ་སྤྱོད་པར་བྱེད་ཅེ་ན། གསུངས་པ། སྐུ་དང་གསུང་དང་ཐུགས་སུ་འགྲུབ ་ཅེས་བྱ་སྟེ། དྲག་པོ་རང་ཞི་བ་ལ་སོགས་པའི་རྣམ་པའི་སྐུའི་སྦྱོར་བ་ཉིད་ནི་སྤྲུལ་པའི་སྐུའི་གཟུགས་སོ། །གདུལ་བྱ་མ་ལུས་པའི་དབང་གིས་བསྟན་པའི་ངོ་བོ་དག་གི་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྣམ་པར་རྟོག་པ་མ་ལུས་པ་ནུས ་པར་འགྱུར་བའི་རང་བཞིན་མེད་པའི་ངོ་བོ་ཉིད་ཀྱི་སེམས་ནི་ཆོས་ཀྱི་སྐུའོ། །འདི་རྣམས་འགྲུབ་པ་ནི་རྫོགས་པར་འགྱུར་བ་སྟེ་དེའི་དོན་དུའོ། །སྐུ་དང་གསུང་དང་ཐུགས་འགྲུབ་པར་བྱ་བའི་ཕྱིར་ཏེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང། ཆོས་ཀྱི་སྐུ་རྫོགས་པར ་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལྕགས་ནི་ལྕགས་སོ། །གཟུང་བར་བྱ་ཞེས་བྱ་བ་ནི་གསོར་བའོ། །སེང་གེ་སྒྲ་ཞེས་བྱ་བ་ནི་ཉོན་མོངས་པའི་རི་དྭགས་མ་ལུས་པ་གསོད་པར་བྱེད་པས་སེང་གེ་སྟེ། བཅོམ་ལྡན ་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་སྒྲ་ནི་ཡ་མ་རཱ་ཛཱི་ཞེས་བྱ་བ་ལ་སོགས་པའོ། །རིག་པ་དང་ཡང་དག་པར་སྦྱོར་བ་གསུངས་པ། རྡོ་རྗེ་གཤིན་རྗེ་གཤེད་སྦྱོར་བས་ཞེས་བྱ་བ་ལ་རང་ཉིད་གཤིན་རྗེ་གཤེད་དེ། རང་གི་རིག་པའི་ཉམས་སུ་མྱོང་བ་དེ་ཉིད ་གཤིན་རྗེ་གཤེད་དོ། །རྣམ་པར་མི་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པའོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ཉིད་ཀྱི་རིག་པའི ་བརྟུལ་ཞུགས་སྔོན་དུ་འགྲོ་བའི་སྤྱོད་པ་སྤྱད་དོ་ཞེས་བ་ནི་ལྷག་མའོ། །ཅི་དང་པོ་ཉིད་ནས་བྱ་འམ་ཞེ་ན། གསུངས་པ། ནུས་པ་ཅུང་ཞིག་སྐྱེས་བ་ན་ཞེས་བྱ་བ་སྟེ། ནུས་པ་ནི་སེམས་ཀྱི་སྟེ། སྔགས་ལ་སོགས་པའི་ནུས་པའོ། །སྐྱེས་པ་ནི་ཡོད་པའོ། །རོལ་ཅིང ་ཞེས་བྱ་བ་ནི་སེམས་ཅན་མངོན་པར་དང་བར་བྱ་བའི་མཚན་ཉིད་དོ། །སྡུག་ལས་སྐྱེས་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་དང་ལྡན་པའི་གླུའི་ཁྱད་པར་རོ། །འདིས་ནི་མཉམ་པར་མ་བཞག་པའི་སྦྱོར་བ་བསྟན་ཏོ། །བསྟན་པའི་རིག་པ་དང་སྙོམས་པར་འཇུག་པ་གསལ ་པོར་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་ངེས་པར་བཤད་པ་གསུངས་པ། རྒྱལ་མཚན་ཞེས་བྱ་བ་ལ་རྒྱལ་མཚན་ནི་མཚན་མའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེའོ། །ཁྱམས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཚོགས་སྐྱེས་སོ། །དེ་ནས་ཞེས་བྱ་བ་ནི་བུ་མོ་རྙེད་པའི་རྗེས ་ཐོགས་སུའོ། །མཐོང་ནས་ཞེས་བྱ་བ་ནི་ཧཱུཾ་དང་ཨོཾ་ལས་སྐྱེས་པའི་རྡོ་རྗེ་དང། ནོར་བུ་དང་ཕཊ་ལས་བུག་པ་དང། ཧཱུཾ་དང་ཨ་དག་ལས་པདྨ་དང་གེ་སར་དང་ཕཊ་ནི་བུག་པར་རོ། །འོ་མ་ཞེས་བྱ་བ་ནི་བདུད་རྩི་སྟེ། ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཅན་གྱི་བྱང་ཆུབ་ཀྱི ་སེམས་ཞེས་བྱ་བའི་དོན་ཏོ། །དེར་ནི་ཞེས་བྱ་བ་ནི་གཉི་གའི་བུག་པ་ནས་མཉམ་དུ་ཚོགས་པའི་སྐད་ཅིག་གོ་།རབ་བསྒྲུབ་བྱ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བསྒྲུབ་པར་བྱའོ། །དོན་ནི་འདི་ཡིན་ཏེ། བླ་མ་ལ་སོགས་པའི་བཀའ་ཐོབ་ནས་སྔགས་པས ་རིག་པའི་བརྟུལ་ཞུགས་ཀྱི་རིམ་པས། ཐུན་བཞིར་ལྷ་ལ་སོགས་པའི་བུ་མོ་བཀུག་སྟེ། ནང་དང་ཕྱིའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཇི་ལྟར་རྙེད་པའི་མན་ངག་གིས་བདག་གོམས་པར་བྱེད་པས་ཉེ་བར་མཚོན་པར་བྱ་སྟེ། ཨ་བ་དྷཱུ་ཏཱི་ཞེས་བྱ་བའི ་རྩར?་སོར་མོ་དང་ལྕེས་མངོན་དུ་ཕྱོགས་པར་བྱས་ལ། རྡོ་རྗེ་དལ་བུས་བསྐྱོད་པས་དུས་དང་གནས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཀྱི་སེམས་མི་གཏོང་བས་གནས་ན་ཟླ་བ་བཅོ་བརྒྱད་དམ། ཟླ་བ་དྲུག་གམ། གསུམ་མམ། ཕྱེད་དང་གཉིས་སམ། ཐུན་བཞི་སྐྱ ་རེངས་འཆར་བའི་དུས་སུ་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་ངོ་བོར་དངོས་པོ་ཐམས་ཅད་མཚོན་ནས་ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ་ཞེས་བྱ་བ་ནི་རྫོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། འོ་མ་ལ ་སེམས་གཅིག་གོམས་པས་ཞེས་བྱ་བ་ལ་སོགས་འོ་མ་ནི་རང་གི་རིག་པའི་ཕན་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཏེ། གོམས་པ་ནི་ཡང་དང་ཡང་དུ་འཇལ་བའོ། །འོ་མ་གོམས་པའི་དེ་ཉིད་གཉིས་སུ་མེད་པའི་སེམས་ཏེ། དེས་ན་འོ་མ་ལ་ ་སེམས་གཅིག་གོམས་པས་སོ། །བས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་གསུམ་པའོ། །དེའི་རྒྱུས་གོམས་པའི་གནས་སྐབས་ན་རྒྱུར་གྱུར་པས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པའི་དོན་བདེ་བ་ཆེན་པོའི་ངོ་བོ་མངོན་པར་རྫོགས་པར ་བྱང་ཆུབ་པ་རབ་ཏུ་བསྒྲུབ་པ་སྟེ། རྫོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སོར་མོས་བཅུང་ཞིག་བསྐྱོད་བྱས་ནས། །ཕྱི་ནས་ལྕེ་ཡིས་སྐམས་པས་ཀྱང། །ན་དི་གང་དེ་རྒྱུས་པ་ལས། །བྱང་ཆུབ་སེམས་ནི་འབབ་པར་འགྱུར། །སྔགས་པས་རྡོ་རྗེ་ཅུང ་ཞིག་ཙམ། །འབར་བར་དུ་ནི་བསྒུལ་བར་བྱ། །ནོར་བུ་ལ་གནས་ཕཊ་ཀྱིས་ནི། །སེམས་ལས་བྱུང་བ་བརྟན་པར་བྱ། །བྱང་ཆུབ་སེམས་ནི་མ་ཤོར་ན། །དམ་པའི་བདེ་བ་རྒྱས་མྱོང་འགྱུར། །འགྲོ་བ་དེ་ཡི་རང་བཞིན་དུ། །སྤྲོས་པ་རྒྱུན་མི་ཆད་སྣང་བྱ། །བརྟན ་པ་ཁྱབ་པ་བདེ་བ་ཞི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ཤོར་གྱུར་ན། །ཐོབ་པ་ཉམས་འགྱུར་སེམས་བརྒྱལ་ཕྱིར། ཞེས་བསྟན་པ་ཡིན་ནོ། །རིག་མ་འདུ་བྱ་བ་གསལ་བར་གསུངས་པ། ཕག་མོའི་ནི་བྱ་བ་ལ་སོགས་པ་ལ ་ཕག་མོའི་ནི་བཤད་ཟིན་ཏོ། །ཉིད་དང་མཚུངས་པའི་ཤེས་རབ་བོ། །དེའི་ངོ་བོ་བཟུང་བ་ནི་བརྟག་པ་སྟེ་བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ། །བཙུན་མོ་ཀུན་ལ་ཞེས་བྱ་བ་ནི་རིགས་ཐམས་ཅད་ལས་བྱུང་བའི་བཙུན་མོའོ། །འདོད་པའི་ཞེས་བྱ་བ་ནི་འདོད་པར ་བྱ་བའོ། །དོན་ནི་འདི་ཡིན་ཏེ། རིགས་ལྔ་དང་འབྲེལ་བའི་གང་ཡང་རུང་བའི་བུ་མོ་བླངས་ལ། ཐོས་པ་ལ་སོགས་པའི་ཡོན་ཏན་གྱིས་འདུས་བྱས་པ་ཉིད་དང་མཚུངས་པར་བསྐྱེད་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་འདོད་པར་བྱའོ། །དེ་ལྟར་རྣམ་པར ་གནས་པའི་རྣལ་འབྱོར་པས་འཇིགས་པ་མེད་པར་བྱ་བ་གསུངས་པ། དཔའ་བོས་སེང་གེ་བཞིན་ཞེས་བྱ་བ་ལ། ཉོན་མོངས་པའི་རི་དགས་ཐམས་ཅད་གསོད་བར་བྱེད་པས་སེང་གེ་སྟེ། བཅོམ་ལྡན་འདས་སོ། །དེ་བཞིན་དུ་སྤྱོད་པ་བྱ་ཞེས་བྱ་བའི་དོན་ཏོ།། ་དེའི་ཕྱིར་གསུངས་པ། དཔའ་པོས་ཞེས་བྱ་བ་ལ་ཉོན་མོངས་པའི་དགྲ་མ་ལུས་པ་ལས་རྒྱལ་བས་ན་དཔའ་བོའོ། །འདོད་པའི་དོན་ཀུན་རབ་ཏུ་བསྒྲུབ་ཅེས་བྱ་བ་ལ་འདོད་པར་བྱ་བས་ན་འདོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཐམས་ཅད་ཀྱང་ཡིན ་ལ་འདོད་པ་ཡང་ཡིན་པས་འདོད་པའི་དོན་ཀུན་ནོ། །དེས་དོན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་སྒྲུབ་པར་བྱེད་པས། འདོད་པའི་དོན་ཀུན་རབ་བསྒྲུབ་པའོ། །དོན་ནི་འདི་ཡིན་ཏེ། འདོད་པའི་ཡོན་ཏན་ལྔའི་རོལ་མོ་མ་ལུས་བས་རིག་པའི་བརྟུལ ་ཞུགས་ཀྱི་སྤྱོད་པ་བསྒྲུབ་པར་བྱའོ་ཞེས་བྱའོ། །ད་ནི་སྙིང་རྗེས་གདུལ་བྱའི་བསམ་པའི་དབང་གིས་བསྒྲུབ་པའི་ཐབས་ཀྱི་ཁྱད་པར་གཞན་གསུངས་པ། དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྲུང་བ་དང་གུར་གྱི་རྗེས་ཐོགས་སུའོ། །གང་ལ་ཕྱག་རྒྱ་ཡོད་པ་དེ ་ནི་ཕྱག་བརྒྱ་པ་སྟེ། དེའི་སྒྲུབ་པའི་ཐབས་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གསང་སྔགས་ཆེན་པོའི་ཡི་གེ་གཅིག་ཅེས་བྱ་བ་ནི་ཥྚརཱི(རྒྱུད་འགྲེལ་པར་བྱ་ཞེས་བྱ་བ་ལ་གང་ལ་མ་ཧེ་ལྟ་བུའི་གདོང་ཡོད་པ་དེ་ནི་མ་ཧེ་འོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ་གུར་གྱི་ཁོངས་སུ་ཆུད་འབའ་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ཁྲོ་བོའི་གཟུགས་ཉིད་ཡིན་པས་ཉི་མའི་དཀྱིལ ་འཁོར་ཏེ། དེ་ལ་གནས་པའོ། །མ་ཧེའི་སྟེང་དུ་ཞེས་བྱ་བ་ནི་མ་ཧེའི་རྒྱབ་ཀྱི་སྟེང་དུའོ། །དོན་ནི་འདི་ཡིན་ཏེ། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྟོང་པ་ཉིད་དང། བསྲུང་བ་དང་གུར་གྱི་ནང་དུ་ཥྚརཱི(རྒྱུད་འགྲེལ་ཞལ་ཅན། མ་ཧེའི་སྟེང་དུ་གཤིན་རྗེ་མནན་པ་དཔག་ཏུ་མེད་པའི་འོད་ཀྱི་འཕྲེང་བ་འཕྲོ་བ། གཡོན་བརྐྱང་བ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་པར་བྱའོ། །ཕྱག་གི་གཙོ་བོ་གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དང་རལ ་གྲི་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཚོན་ཆ་བསྣམས་པ་ཞེས་བྱ་བར་གསུངས་པ། གང་ཡང་ཅུང་ཞིག་གཅོད་ཅིང་ཞེས་བྱ་བ་ལ་སོགས་པས་སོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའོ། །དེ་ལས་གཞན ་ཡང་དེ་ནས་ཤེས་བྱ་བ་ལ་སོགས་པས་དབྱིག་པ་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐབས་གསུངས་པ་ལ་ཡང་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །འོན་ཀྱང་ཡི་གེ་ཧྲཱི(རྒྱུད་འགྲེལ་ཡང་དག་བཤད་བྱ་བ་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྱུར་བའི་ཞལ་ཅན་གྱི་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་གསུངས་པ་སྟེ། འདི་ཡང་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །ཧཱུཾ་ལས་བསྐྱེད་བ་ཞེས་བྱ་བ་ནི་ཁྱད་པར་རོ། །སྔར་གཤིན་རྗེ ་གཤེད་གཉིས་ཀྱི་བཟླས་པའི་སྔགས་ཡི་གེ་ཥྚརཱི(རྒྱུད་འགྲེལ་ཚིག་སྒྲུབ་པའི་ཐབས་གསུངས་པ། དམ་ཚིག་སྒྲུབ་ཐབས་བཤད་པར་བྱ་ཞེས་བྱ་བ་ལ། དམ་ཚིག་འདིས་རྣམ་པར་མི་རྟོགས་པ་དང་མཉམ་པར་བྱེད་ཅིང་ཐོབ་པར་བྱེད་པས་དམ་ཚིག་གམ། རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། ་དེའི་སྒྲུབ་ཐབས་སོ། །རྣམ་པར་མི་རྟོག་པ་ཉིད་ཀྱིས་དགོས་པ་ཐམས་ཅད་བསྒྲུབ་པས། དེའི་ཕྱིར་དགོས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནི་སེམས་ཅན་ལ་གནོད་པ་མེད་པས་བྱའོ་ཞེས་གསུངས་པ་ནི་ངན་པ་དང་བྲལ་ཞེས་བྱ་བ་སྟེ། ་དཔྱས་དང་བྲལ་བ་ནི་ངན་པ་དང་བྲལ་ཏེ། སྲོག་ཆགས་ལ་གནོད་པ་དང་བྲལ་བས་ངན་པ་དང་བྲལ་བའོ། །རྙེད་དཀའ་མིན་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བོར་བ་ཉིད་དོ། །ཤ་ཆེན་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྣུམ་ཆེན་གྱིས་ཞེས་བྱ་བ་ནི་མ་རུང་ལ ་སྐྱོན་པ་འམ། མཚོན་གྱིས་ཕུག་པ་འམ། ཤིང་ལ་བཏགས་པའི་མེའི་ཚིལ་གྱིས་སོ། །རམས་དང་བསྲེས་པའི་ཞེས་བྱ་བ་ལ་དེ་དག་མཉམ་བར་བསྐོལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། དབང་དུ་འགྱུར་ཞེས་བྱ་བ་ལ་སོགས་པའོ། ། ་གཞན་ཡང་སྦྱོར་བ་གསུངས་པ། སྣང་མཛད་ནི་བཻ་རོ་ཙ་ནའོ། །སི་དུ་བ་ར་ནི་སིན་དུ་རའི་ལོ་མའོ། །བིལ་བ་ནི་དཔལ་འབྲས་སོ། །སོ་ཕག་ཕྱེ་མ་བསྲེས་པ་དང་ཞེས་བྱ་བ་དང། རྟག་པ་ལ་སོགས་པ་དང་མཉམ་པའི་སོ་ཕག་གི་ཕྱེ་མའོ། །གསེར་ཤིང་ལོ་མའི་ཁུ་བ་རྣམས ་ཞེས་བྱ་བ་ནི་ད་དུ་རའི་ལོ་མའི་ཁུ་བ་དང་བཏགས་ལ་བསྲེ་བར་བྱའོ། །འདི་ཡིས་ཞེས་བྱ་བ་ནི་གོ་སླའོ། །སྦྱོར་བ་གཞན་ཡང་གསུངས་པ། གཅི་བ་ཆེན་པོ་ཞེས་བྱ་བ་ལ་གཅི་བ་ཆེན་པོ་ནི་གཅིན་ནོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །འདི་དག་མཉམ་པར་རྟག ་ཏུ་བཏུང་བར་བྱ་སྟེ། དབུགས་རྒྱུ་བའི་སྣའི་ཁུང་བུ་ནས་སོ། །རེ་རེས་ཀྱང་རྒས་པ་དང་ཤི་བ་སྤོང་བར་འགྱུར་རོ་ཞེས་ཤེས་པར་བྱས་ལ། འཆི་བའི་ཚེ་འཕྲལ་གྱི་རྡོ་རྗེའི་བདུད་རྩི་སྣ་གཉིས་ཀྱི་སྤུབས་ནས་ཕུས་བཏབ་ལ་བླུགས་ན་ཡང་འཚོ་བར་འགྱུར་རོ། །སྦྱོར་བ་འདིའི ་ཕན་ཡོན་གསུངས་པ་ནི། འདི་ནི་རྣལ་འབྱོར་མཆོག་གཙོ་བོར་ཤེས་བྱ་བའོ། །ཅི་ལྟར་ཞེ་ན། གསུངས་པ། རབ་འབྱུང་མེ་ཏོག་བཏུང་བ་བཞིན་ཞེས་བྱ་བ་སྟེ། རབ་འབྱུང་གི་མེ་ཏོག་ནི་བུད་མེད་ཀྱི་དང་པོའི་མེ་ཏོག་གོ་།བསྙན་པའི་ཆོགས་འཐུངས་ན་འཆི་བར་མི ་འགྱུར་རོ་ཞེས་གྲགས་ཏེ། དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ནག་མོ་ཡི་ནི་མར་ངོ་བླང། དཀར་མོ་ཡི་ནི་ཡར་ངོ་བླང། ཞེས་བྱ་བ་ཡིན་ལ། སྔོ་བསངས་དང། དཀར་བསངས་ནི་དེ་དག་གི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི་མན་ངག་གོ་།གང་དུ་སྤྱོད་པ ་སྟོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་གཅིག་པའི་བཤད་པའོ།། །།ད་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ ་སོགས་པས་བསྒྲུབ་པའི་མཆོད་པའི་གླུས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སེམས་ཀྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་བྱམས ་པའི་བདག་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །འདི་ནི་ཆེན་པོ་ཡང་ཡིན་ཞིང་སྐྱེས་བུ་ཡང་ཡིན་པས་སྐྱེས་བུ་ཆེན་པོ་སྟེ། གང་ཕྱིར་ཕོ་བྲང་འགེངས་བྱེད་པ། །དེའི་ཕྱིར་སྐྱེས་བུ་ཞེས་བརྗོད་དོ། ཞེས་བྱ་བའི་ཚིག་གིས་སྐྱེས་བུ་སྟེ། སངས་རྒྱས་ཀྱི་ཞིང་གི་ངོ་བོ་མ་ལུས ་པའི་རྟེན་གྱི་དཀྱིལ་འཁོར་གྱི་ཕོ་བྲང་བརྟེན་པའི་དཀྱིལ་འཁོར་གྱི་འགེངས་པའི་ཕྱིར་རོ། །སྙིང་རྗེའི་དབང་གིས་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ་།ཙར་ཙི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ལ་དེའི་རྣམ་པར་སེམས་རྩེ་གཅིག་པར་བྱས་ཞེས་བྱ་བའི་དོན ་ཏོ། །ཕག་མོའི་རྣམ་པ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །མཆོད་པའི་གླུ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་དུ་གསལ་བར་བྱེད་པའི་ངོ་བོ་ཉིད་དོ། །བརྗོད་པར་མཛད་དོ་ཞེས་བྱ་བ་ནི་གསུང་བ ་དང་ལྡན་པའོ། ། ཀྱེ་ཀྱེ་ཞེས་བྱ་བ་ནི་ཡུལ་ར་དའི་བོད་སྐད་དོ། །ཡང་བླ་ན་མེད་པའི་སྐུ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཨ་ཀྱེ་ཀྱི་ཞེས་བོད་པའོ། །གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བ་ནི་བོད་པ་སྟེ། འདིའི་དོན་ནི་བཤད་ཟིན་ཏོ། །བླ་མ་ཞེས་བྱ་བ་ནི་བླ་མའོ། ། ་སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད་ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ཏེ། གདུག་པ་ཅན་རྣམས་འཇིགས་པར་བྱེད་པས་སྲིན་པོའི་གཟུགས་སོ། །ཉོན་མོངས་པའི་རྣམ་པར་རྟོག་པ་མ་ལུས་པར་ཟད་པར་བྱེད་པའི་ཕྱིར་རང་བཞིན་ཁྱོད་ཅེས་བྱ་བ་ནི ་སྲིན་པོའི་གཟུགས་ཀྱི་རང་བཞིན་ནོ། །བདག་གིས་ཞེས་བྱ་བ་ནི་བྱམས་པ་བདག་གིས་སོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཉིད་དོ། །མཐོང་ན་ཞེས་བྱ་བ་ནི་བལྟས་ན་ཞེས་བྱ་བ་སྟེ། མཐོང་བར་གྱུར་ན་ཞེས་བྱ་བའི་བར་དུའོ། །ཤིན་ཏུ་འཇིགས་ཤེས་བྱ་བ་ནི་སྐྲག ་པར་གྱུར་པ་སྟེ། ཞི་བ་ཉིད་ཡིན་ན་ཡང་འདི་ལྟ་བུའི་རྣམ་པར་གནས་པར་གྱུར་པའི་ཕྱིར་རོ། །འདི་ཐོང་མཛོད་ཅེས་བྱ་བ་ནི་ཡོངས་ཐོང་མཛོད་ཅེས་བྱ་བའོ། །ཁྲོས་པའི་རང་བཞིན་ཞེས་བྱ་བ་ནི་ཁྲོ་བོའི་ངོ་བོ་སྟེ། ཞི་བ་དང་བར་མར་གནས་པའི་གདུལ་བྱ་རྣམས་ལ་ཡང་སོ ་སོར་དེའི་ངོ་བོར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེའི་གླུ་གསུངས་པ། ཁྱེད་ཀྱི་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱིའོ། །གར་གྱིས་ཞེས་བྱ་བ་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་གར་བྱས་པ་ནའོ། །གཡོས་པར་ཞེས་བྱ་བ་ནི་འདར་བར་རོ། །མཐོ་རིས་ས་སྟེངས་ས་འོག་བཅས་ཞེས་བྱ ་བ་ནི་ས་བླ་ས་སྟེངས་ས་འོག་རྣམས་སོ། །དོན་ནི་འདི་ཡིན་ཏེ་ཁྱོད་ཀྱིས་གར་མཛད་པས་སྲིད་པ་གསུམ་གཡོས་པར་འགྱུར་གྱིས་ངོ་བོ་དེ་ཐོད་མཛོད་ལ་སངས་རྒྱས་ཀྱི་གཟུགས་སུ་མཛོད་ཅིག་ཅེས་བྱ་བའོ། །ནག་པོ་ནི་རྣམ་པར་འགྱུར་བའོ། །ཉྫཱ་ན་བཅག་པ་འདྲ་ཞེས་བྱ ་བ་ལ་བཅག་པ་ནི་མིག་སྨན་གྱི་ལྡེ་གུ་སྟེ་ཨཉྫཱ་ན་བཅས་པ་དང་འདྲ་བར་མཐོང་བའོ། །ཁྲོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་ཁྲོས་པའི་ཡིད་ཅན་ནོ། །གང་མཛད་ཅེས་བྱ་བ་ནི་བླ་ན་མེད་པའི་གར་མཛད་ཅིག་ཅེས་བྱའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིས་སོ། །རོ་ལངས་ནི? ་རོ་ལངས་ཉིད་དོ། །ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དགའ་བའི་གླུ་གསུངས་པ། མདོག་ནག་ཚད་ནི་ཐུང་བ་ལ་ཞེས་བྱ་བ་ནི་མདོག་ནག་པོ་ཚད་ཐུང་བའོ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་མཐོང་བས་དགའ་བར་གྱུར་པས ་གཟུགས་རྣམ་པ་སྣ་ཚོགས་པ་སྤྲུལ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱངས་ཅན་མ་ཞེས་བྱ་བ་ནི་བདག་རྡོ་རྗེ་དབྱངས་ཅན་མ་ལ་གསོལ་བ་འདེབས་པའོ། །བདེ་ཆེན་ངོ་བོས་ཁྱོད་གར་མཛོད་ཅེས་བྱ་བ་ལ་ཁྱོད་གར་མཛོད་ཅེས་བྱ་བ་ནི་བསྟན་ཟིན་ཏོ། བདེ་ཆེན་ཞེས་བྱ་བ་ནི་བདག ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ངོ་བོ་བདེ་བ་ཆེན་པོའོ། །བཏང་སྙོམས་ཀྱི་གླུ་གསུངས་པ། ཧྲཱི(རྒྱུད་འགྲེལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གཟུང་བ་དང་འཛིན་པའི་ངོ་བོའི་འཁྲུལ་པའོ། །དེ་སྤོང་བར་བྱ་བ་འདི་ཉིད་ནི་བཏང་སྙོམས་ཆེན་པོའོ་ཞེས་བྱ་བའི་དོན་ཏོ། །འདིས་གསང་སྔགས་ཀྱི་ཆེ་བ་ཡང་བསྟན་པར་འགྱུར་རོ། །སྙིང་རྗེས ་ཁྲོས་པའི་དང་སྒྲོལ་གཞེངས་བྱ་བ་ལ་སྙིང་རྗེ་ཁྲོས་པ་ནི་སྙིང་རྗེའི་དབང་གིས་ཁྲོ་བོར་སྤྲུལ་ཞེས་བྱ་བའི་དོན་ཏོ། །དད་པར་གྱུར་པ་དེ་སྒྲོལ་བར་བྱེད་པས་དང་སྒྲོལ་ལོ། །འགྲོ་བས་མཐོང་ན་ཞེས་བྱ་བ་ནི་འགྲོ་བས་གཟུགས་མཐོང་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས ་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པས་ནི་བཟླས་པ་གསུངས་ཏེ། རབ་བཟླས་ན་ཞེས་བྱ་བ་ནི་ཁྱད་པར་ཅན་གྱིས་བཟླས་པ་ནི་རབ་བཟླས་ན་སྟེ། ནང་གི་མ་ནིང་གི་བཟླས་པའི་ངོ་བོའོ། །ཡངས་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་ནོ། །མྱུར་བར་མ་ཡིན་ཞེས ་བྱ་བ་ནི་རྐྱེན་པར་མ་ཡིན་པའོ། །དལ་བར་མ་ཡིན་པ་ནི་ཡི་གེ་རེ་རེ་ནས་དལ་བུས་བརྗོད་པ་མ་ཡིན་པའོ། །རབ་ཏུ་མ་ཡིན་ཞེས་བྱ་བ་ནི་ཐུང་བ་རྣམས་སོ། །ཐུང་བར་མིན་ཞེས་བྱ་བ་ནི་རིང་པོ་རྣམས་ཞེས་བྱ་བ་ནི་ལྷག་མའོ། །ཅུང་ཟད་མི་ཐོས་པར་ཞེས་བྱ་བ་ནི་ཇི ་ལྟར་གཞན་གྱིས་མི་ཐོས་པར་རོ། །ཕྲེང་བ་འདུས་བྱ་བ་གསུངས་པ། མ་ཧེ་མི་དང་ཞེས་བྱ་བ་ལ་སོགས་པ་ལ་སོ་གཉིས་ནི་གླང་པོ་ཆེའོ། །རྟ་ནི་རྟའོ། །བོང་བུ་ནི་ལུང་བོང་ངོ། །རི་བུ་དག་ནི་སོ་སོ་ལ་ཞེས་བྱ་བ་ནི་རི་བུ་སོ་སོ་ལའོ། །ཕྱོགས་གཞན་གསུངས ་པ། མཁས་པས་ཡང་ན་མི་མགོ?་བསྒོམ་ཞེས་བྱའོ། །བཟླས་པའི་གྲངས་ཀྱི་སྦྱོར་བ་གསུངས་པ། ཁྲི་ཙམ་གྱིས་ཤེས་བྱའོ། །འབྱུང་པོ་རྣམས་དང་མཁའ་འགྲོ་མའི་ཞེས་བྱ་བ་ནི་གཉིས་པའི་དོན་གྱི་དྲུག་པའོ། །འཆི་ཞེས་བྱ་བ་ནི་ཚར་གཅད་པའོ།། ་དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། འབྱུང་པོ་ལ་སོགས་པས་བཟུང་བར་ཤེས་པར་བྱས་ནས་དེ་ལ་བཀུག་ནས་བསྒྲུབ་བྱའི་ལུས་ལ་གཞུག་ཅིང་བཅིངས་ལ་སྣ་ཚོགས་རྡོ་རྗེས་མནན་ནས། ཧཱུཾ་ལས་བྱུང་བའི་རྡོ་རྗེ ་རྩེ་ལྔ་པ། གཉིས་ཀྱིས་གློ་གཉིས་ནས་བཅེར་ལ། འོག་ཏུ་འབར་ཞིང་གཡོ་བ་མེའི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱའི་སྙིང་ག་དང་མགྲིན་པར་བལྟས་ལ། ཧཱུཾ་འབར་བ་ལས་བྱུང་བའི་རྡོ་རྗེ་དང་འདྲ་བའི་ཡུངས་ཀར་གྱི་རྒྱལ་པོ་ལ་ལན་བརྒྱ་རྩ་བརྒྱད་བསྔགས ་ནས། ལུས་ངེས་པར་འབིགས་པར་བྱེད་པས་བལྟས་ལ། ང་རྒྱལ་དང་བཅས་པས་སྔགས་བཟླས་ནས་བརྡེགས་ན་ངེས་པར་གྲོལ་བར་འགྱུར་རོ། །ཡང་ན་ལག་པ་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒོམས་ལ་དེས་བཟུང་བའི་ལུས་ལ་འབྱུང་པོ་ལ ་སོགས་བཀུག་ལ། རྡོ་རྗེ་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ། དེའི་འོད་ཀྱིས་བསྲེགས་ཤིང་རང་གི་ལག་པའི་རྡོ་རྗེའི་ཁ་སྦྱོར་གྱིས་བཙིར་ཞིང་མཉེས་ལ་སྔགས་བཟླས་ན་གྲོལ་བར་འགྱུར་རོ། །རྐང་པས་ཀྱང་མཉེ་བར་བྱའོ། །རྩལ་སྤྲོད་པ་ལྟར་སྙིང ་ག་ནས་ཀྱང་མཉེ་ཞིང་མནན་པར་བྱའོ། །ཡང་ན་དེས་ཟིན་པར་འདོད་ན་དེའི་རྣལ་འབྱོར་བྱས་ལ་མར་ངོའི་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བ་ཆུ་དང་བཅས་པས་སྤངས་པའི་གོས་གྱོན་ལ། མདུང་ལ་བསྐྱོན ་པ་འམ། མཚོན་གྱིས་བརྒྱབ་པ་འམ། དབྱངས་པའི་མིའི་ཐོད་པ་ལ་དུར་ཁྲོད་ཀྱི་སོལ་བས། ཧཱུཾ་ལས་བྱུང་བའི་མཆེ་བ་རྣོན་པོ་གཙིགས་པ། ཐོད་པའི་ཕྲེང་བའི་རྒྱན་ཅན། ཁྲོ་བ་དང ་བཅས་པ། སྐྲ་གྱེན་དུ་འབར་བ། ལག་པ་གཡས་པ་བསྒྲེང་བ་ན་གྲི་གུག་རིང་པོ་ཐོགས་པ། ལག་པ་གཡོན་ན་མིའི་མགོ་དང། བསྡིགས་མཛུབ་མཛད་པའི་སྲིན་པོ་བྲིས་ལ། མི ་བསྲེགས་པའི་སོལ་བ་དང། ས་དང་ཐལ་བ་དང། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་རྣམས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་སྔ་མ་བཞིན་དུ། སྔགས་ཏ་ལའི་ལོ་མ་ལ་བྲིས་པར ་བཅུག་ལ། དུག་དང་ལན་ཚྭ་དང་།སྐེ་ཚེ་ལ་སོགས་པས་བྱུགས་པའི་བཟུངས་བརྙན་ཐོད་པ་གཉིས་པར་བཅུག་ནས། གཉི་ག་ཡང་དགུབ་པ་ལ་སོགས་པ་བྱས་ནས། བྲིས་པའི་ཐོད་པ་དེའི་སྟེང་དུ་ཁ་ཐུར་དུ་བསྟན་ནས་བཀབ་ལ་དེས་དེ་བཟུང ་བར་བསམས་ནས་རྐང་པས་མནན་ཅིང་དུར་ཁྲོད་དུ་ནམ་ཕྱེད་དུ་ནམ་ཕྱེད་ན་ཁྲོ་བ་དང་བཅས་པས་ཆེ་གེ་མོ་ཟུང་ཤིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པས་བཟླས་ན་ངེས་པར་དེས་འཛིན་པར་འགྱུར་རོ། །སྦྱོར་བ་འདི་ཉིད་ཀྱིས་རིམས་ལ་སོགས་པས་ཀྱང་འདེབས་པར ་བྱེད་དོ། །དེ་ལ་ཚ་བའི་རིམ་སླ་ནི་དམར་པོ་སྐྲ་དམར་པོ་འབར་བའི་གྱེན་དུ་འགྲེང་བའོ། །གྲང་བའི་རིམས་ལ་ནི་དཀར་བ་དང་གསུས་བ་འཕྱང་བ་སྟེ། གཉི་ག་ཡང་རྐང་པ་གསུམ་པ་མགོ་གསུམ་པ། ལག་པ་གསུམ་པ་ཁྲོ་བ་དང་བཅས་པའོ། །འདི་ཉིད་གསུངས ་པ། གཤིན་རྗེ་གཤེད་རྡོ་རྗེ་སྦྱོར་བ་ཡིས་ཤེས་བྱ་བ་ཡིན་ནོ། །སྔོན་དུ་བསྙེན་པའི་ཆོ་ག་གསུངས་བ། རྣལ་འབྱོར་བདག་ཉིད་འབུམ་བཟླས་ཞེས་བྱ་བ་ལ་སོགས་པ་སྨོས་ཅི་དགོས་ཞེས་བྱ་བ་ནི་འགྲུབ་པ་ཉིད་དུ་ཇི་ལྟར་མི་འགྱུར་ཏེ། འདི་ནི་དེས་ཞེས་བྱ ་བའི་དོན་ཏོ། །བསྒྲུབ་བ་པོའི་གཏོར་མའི་ཆོ་ག་གསུངས་པ་ལ། ཉིན་རེ་འམ་ཞེས་བྱ་བ་ནི་རྟག་ཏུའོ། །ཟླ་རེ་འམ་ཞེས་བྱ་བ་ནི་ཟླ་བ་རེ་རེ་ལ་ཉིན་རེའོ། །ལོ་ནི་རེ་རེ་ཞེས་བྱ་བ་ནི་ལོ་རེ་རེ་ལ་ཉིན་རེའོ། །གཏོར་མ་དྲུག་ཅུ་རྩ་བཞིའི་སྦྱིན་ཞེས་བྱ་བར་སྦྱར་རོ།། ་དུས་ནམ་ཞེ་ན། དུས་བསྟན་པའི་ཕྱིར་གསུངས་པ། དབྱིག་གུ་ཞེས་བྱ་བ་ལ་ཐུན་གཅིག་གི་བརྒྱད་ཆ་ནི་དབྱིག་གུའོ། །དེའི་གྲངས་གང་ཞེ་ན། གསུངས་བ། དྲུག་ཅུ་རྩ་བཞི་ཞེ་བྱ་བར་སྦྱར་རོ། །དོན་ནི་འདི་ཡིན་ཏེ། ཐུན་བརྒྱད་ཀྱིས་མཚན་བའི་ཉིན ་ཞག་གཅིག་ལ། དབྱིག་ཀུ་དྲུག་ཅུ་རྩ་བཞིའོ་ཞེས་ཤེས་བྱ་བ་ནི་དབྱིག་གུའི་སྦྱོར་བ་ལ་བཟོ་བའོ། །དེ་ལ་ཡང་ངོའི་ཚེས་གཅིག་ནས་བརྩམས་ནས་སྣ་གཡོན་པའི་བུག་པ་ནས་ཟླ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེ་ཡང་ཐུན་ཕྱེད་ཁྱབ་པར་གནས་སོ། ། ་དེའི་རྗེས་ལ་ནི་འཕོ་བ་སྟེ། དུན་ཕྱེད་པ་བརྒྱད་ཀྱི་བར་དུ་བྱུང་ནས་ནུས་པར་འགྱུར་རོ། །དེ་བཞིན་དུ་ནུབ་མེ་ཡང་དེ་འདི་དག་ནི་འཕོ་བ་བཅུ་དྲུག་གོ། དེ་ལ་འཕོ་བ་དེ་རེ་རེ་ལ་ཡང་མེ་དང་རླུང་དང་ཆུ་དང་དབང་ཆེན་གྱི་དབྱེ་བས་སྐད་ཅིག་བཞི་ལ་ནི་དབྱིག་གུ་ཞེས་བྱ་བ ་སྟེ། དེ་ལ་གང་གི་ཚེ་སྟེང་དུ་འབྱུང་བ་དེ་ནི་མེ་ཡིན། ལོགས་གཉིས་སུ་འབྱུང་བ་ནི་རླུང་ཡིན། ཐུར་ལ་འབྱུང་བ་ནི་ཆུ་ཡིན། དབུས་ནས་འབྱུང་བ་ནི་དབང་ཆེན་ཡིན་ནོ། །དེ་ལ་གང་གི་ཚེ་དབུས་ནས་གང་ཆེ་སྟེང། གང་ཚེ་ཡང་ནི་བློ་གཉིས་ནས། །གང་ཚེ་འོག ་ཅར་ཁྱབ་པ་ནི། །སྐད་ཅིག་སྐད་ཅིག་རླུང་འབྱུང་བ། །འཕོ་བ་བཞི་ནི་ཤེས་བྱས་ལ། །དབྱིག་གུ་བཞི་དུ་ལྟ་བར་བྱ། །ཇི་ལྟར་དབྱིག་གུ་དབྱི་གུ་བཞིན། །རབ་སྦྱོར་བདག་ཉིད་གཏོར་མ་སྦྱིན། །དེ་བཞིན་དུ་མར་ངོ་ལ་ནི་ཉི་མ་ཞེས་བྱ་བའི་མིང་ཅན་སྣ་ཁུང་གཡས་པ ་ནས་འབྱུང་བར་རིག་པར་བྱའོ། །དེ་ལྟར་ཆོས་གཉིས་དང་གསུམ་གྱི་བར་དུའོ། །དེ་ནས་བཞི་པ་ཡང་ཉི་མ་ནས་ཟླ་བར་རོ། །དེ་ལྟར་ལྔ་པ་དང་དྲུག་པའི་བར་དུའོ། །དེ་ནས་ཡང་ལྡོག་སྟེ། ཚེས་བདུན་དང་བརྒྱད་དང་དགུའི་བར་དུའོ། །དེ་ནས་བཅུ་དང་བཅུ་གཅིག ་དང་བཅུ་གཉིས་ཀྱི་བར་དུའོ། །དེ་ནས་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔའི་བར་དུ་སྟེ། ཟླ་བ་ཕྱེད་གང་ལ་དང་པོ་གང་ནས་བྱུང་བ་དེར་ཐ་མར་ནུས་པར་འགྱུར་རོ། །ཉིན་མོའི་ཇི་ལྟ་བ་དེ་བཞིན་དུ་ནུབ་མོ་ཡང་ངོ། །འདིར་དགེ་བ་དང་མི་དགེ་བའི་ལས་དང། འགྲོ་བ་དང། ་འོད་བ་ལ་སོགས་པའི་ལས་བྱའོ། །དེ་ལས་དང་ཆུ་ལ་དག་པའི་ལས། །མེ་དང་རླུང་ལས་ནག་པོའོ། །ཟླ་བ་ཡང་དག་ཤེས་པར་བྱ། །འོད་རྣོ་བ་ལ་འབྲིང་པོ་ཡིན། །མི་དགེ་གལ་ཏེ་ཉི་མར་བྱས། །དེ་ནི་ངེས་པར་འཆི་བ་སྟེར། །དེ་ཉིད་ཟླ་བར་བྱུང་གྱུར་ན། །ཤིན་ཏུ་སྡུག ་བསྔལ་སྟེར་བ་མིན་ཞེས་བྱ་པ་ཡིན་ནོ། །རྟག་ཏུ་ཅུང་ཟད་ཅི་ཟ་དང་ཞེས་བྱ་བ་ལ་སོགས་བ་ནི་རྣལ་འབྱོར་པའི་བྱ་བ་ཉིད་གསུངས་པ་སྟེ། ཕུང་ཅེས་བྱ་བ་ནི་དང་པོའོ། །འདིས་ནི་ཕྱིའི་གཤིན་རྗེ་གཤེད་ཚིམ་པར ་བྱ་བ་གསུངས་པའོ། །ཡང་ན་རྣལ་འབྱོར་པའི་མཆོག་གི་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་གསུངས་པ་སྟེ། ཕུད་ཅེས་བྱ་བ་ནི་གོང་ན་མེད་པ་དེར་ཇི་ལྟར་འགྱུར་བ་དེ་ལྟ་བུར་གཤིན་རྗེ་གཤེད་རང་རིག་པའི་བདག་ཉིད་ཅན་ལ་ཞེས ་བྱ་བའི་དོན་ཏོ། །ད་ནི་བླ་མ་མཉེས་བར་གྱུར་ན་དངོས་འགྲུབ་འབྱུང་ངོ་ཞེས་བྱ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉེ་པར་འཁོར་བའི་ཁྱད་པར་ཐམས་ཅད་ནི་ཕྲེང་བ་ལ་སོགས་པ་འདུས་བྱ ་བའི་ཁྱད་པར་རོ། །གང་དུ་དེ་ལྟ་བུ་བསྟན་པ་དེ་ཡང་ཉེ་བར་འཁོར་བའི་ཁྱད་པར་ཐམས་ཅད་པ་ཞེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་གཉིས་པའི་བཤད་བའོ།། །། ་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཚོན་ཆའི་རྣམ་པར་དག་པ་སྔོན་དུ་འགྲོ་བའི་ངེས་པའི་ཚུལ་གསུངས་པ་ལ། ཇི་སྙེད་པ་ཞེས་བྱ་བ་ནི་ཚད་ཇི་ཙམ་ཡོད་པའོ། །གང་མ་དགེ་བའི་རྒྱུས་སྡིག་པ་བྱས་པ་ཉིད་ནི་སྡིག་པའོ། །དེ་དག་ཅེས་བྱ་བ་ནི་རྣམ་པ་ཀུན ་ཏུ་གཅིད་ཅིང་འབིགས་པས་གྲི་གུག་གོ་།ཤུགས་ཅན་ནི་རལ་གྲི་སྟེ། ཉོན་མོངས་པ་ཉིད་ཀྱི་དགྲ་ཡིན་པས་རལ་གྲིའོ། །དེས་གཅོད་ཅིང་གཤོག་པར་བྱེད་པའི་ཕྱིར་རོ། །རིང་བའི་ཐོས་པ་བསྒྲུབ་པའི་ཕྱིར་།དེ་ནས་ཤེས་བྱ་བ་ལ་སོགས་པས་རྡོ་རྗེ ་མཁའ་འགྲོ་མའི་སྒྲུབ་པའི་ཐབས་གསུངས་པ་ལ། རིང་པོའི་ཐོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་སོ། །ཀུན་ཏུ་ཞེས་བྱ་བ་མ་ལུས་བའི་རྣམ་བ་ཐོས་པ་ནི་རིང་བའི་ཐོས་པའོ། །དེ་བསྒྲུབ་པ་ནི་རྫོགས་པར་བྱ་བའོ། །དེའི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་བསྒོམ་པར ་བྱའོ་ཞེས་བྱ་བར་སྦྱར་རོ། །ནམ་མཁའ་ཞེས་བྱ་བ་ནི་མཁའ་ཨོ། །དེ་ཉིད་ནི་ཁམས་དེ་ཆོས་ཐམས་ཅད་ནི་རང་བཞིན་ནོ། །དེའི་དབུས་སུ་གཞལ་ཡས་ཁང་སྟེ། དེ་གཏོགས་པ་ནི་དེའི་ཁོངས་སུ་གཏོགས་པར་རོ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ་ཞེས་བྱ ་བསྒོམ་པའོ། །རྩེ་ལྔ་པ་ལ་ཡང་ཞེས་བྱ་བ་ནི་གང་ལ་རྩེ་ལྔ་ཡོད་པ་དེ་ནི་རྩེ་ལྔ་པ་སྟེ། རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །གནས་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་སྟེ། ས་བོན་གྱི་གེ་གནས་ཞེས་བརྗོད་ཅེས་བྱ་བའི་ཚིག་གིས་སོ། །དེའི་སྟེང་དུ་ཞེས་པ་ནི་དེའི་ལྟེ་བའི་དཀྱིལ་དུའོ། །དེ་ཉིད ་གསུངས་པ། ཌཧྲི་ཞེས་བྱ་བ་སྟེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །ནག་པོ་འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའོ། །གཡས་དང་གཡོན་པའི་ཞལ་ནི་དཀར་བ་དམར་བའོ། །ཕྱག་ཏུ་རྡོ་རྗེ་རྣམ་བསྒོམ་བྱ་བ་ནི་ཕྱག་གི་གཙོ་བོ་ནའོ། །གཞན་ནི ་ཕྱག་གཞན་དག་ལ་དགོད་ཅེས་བྱ་བ་ནི་ཕྱག་མཚན་ལྷག་མ་རལ་གྲི་དང། གྲི་གུག་དང། འཁོར་ལོ་དང། པདྨ་དང། ཐོད་པ་རྣམས་ཕྱག་གཞན་དག་ན་སྟེ། ལྷག་མ་ལྔ་བོ་ལ་དགོང་པར་བྱ་བ་སྟེ། བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །སྦྱོར་བའི་དཀྱིལ་འཁོར་ནི ་ཟླ་བའི་དཀྱིལ་འཁོར་རོ། །རལ་གྲི་འཛིན་མ་ཞེས་བྱ་བ་ནི་གང་ལ་རལ་གྲི་ཡོད་པ་དེ་ནི་རལ་གྲི་འཛིན་མའོ། །དཀྱིལ་འཁོར་རིམ་པའོ་ཞེས་བྱ་བ་ནི་ལྷ་མོ་ལྔ་པ་དེ་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །འདིས་ནི་དཀྱིལ་འཁོར་རིམ་པ་གཉིས་པར་བསྟན་པ ་ཡིན་ནོ། །འདི་སྐད་བསྟན་པ་ཡིན་ཏེ། དཀྱིལ་འཁོར་སྔ་མའི་སྣ་ཚོགས་རྡོ་རྗེ་མེད་པ་ལ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤར་གྱི་ཀ་བ་གཉིས་ནི་འཁོར་ལོའི་རང་བཞིན་ནོ། །ལྷོ་གཉིས་ནི་རིན་པོ་ཆེའི་རང་བཞིན་ནོ། །ནུབ་ཀྱི ་གཉིས་ནི་པདྨའི་རང་བཞིན་ནོ། །བྱང་གི་གཉིས་ནི་རལ་གྲིའི་རང་བཞིན་ནོ། །གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །མེ་ལ་སོགས་པའི་མཚམས་བཞི་རུ་ཞེས་བྱ་བ་ནི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུའོ། །ལཱ་སྱེ་མཱ་དཀར་མོ་གར ་བྱེད་པའི་ཚུལ་དང། ཕྲེང་བ་སེར་མོ་ཕྲེང་བ་འཛིན་པའི་ཚུལ་དང། གར་མ་དམར་མོ་གར་བྱེད་པའི་ཚུལ་དང། གླུ་མོ་སྔོ་སངས་གླུ་ལེན་པའི་ཚུལ་ཅན་ཏེ། ལྷ་མོ་ཀུན་ཀྱང་ཕྱག་གཉིས་པ་ཞལ་གཅིག་པ་གཡོན་རྐྱང་བའི་ཞབས། རིན་བོ་ཆེའི་ཕྲེང་བ་འཛིན་པ་ཅུང་ཞིག། ་ཁྲོས་པའི་གཟུགས་ཅན་ནོ། །སངས་རྒྱས་མཁའ་འགྲོ་མ་ནས་བརྩམས་ནས་རལ་གྲི་འཛིན་མ་ཞེས་བྱ་བའི་བར་གྱི་ཕྱག་དང་ཞལ་དང་ཕྱག་མཚན་དང་ཁ་དོག་འཁོར་ལོ་ནི་སྔ་མ་བཞིན་བལྟ་བར་བྱའོ། །ོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བ་ནི་བཅོམ་ལྡན། ་འདས་མ་ལ་བོད་པའོ། །ོཾ་ཀརྨ་ཌཱ་ཀི་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཁའ་འགྲོ་མ་ལའོ། །ོཾ་བུདྡྷ་དཱ་ཀི་ནི་ཞེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་ལ་འབོད་པའོ། །ོམ་རཏན་ཌཱ་ཀི་ནི་ཞེས་བྱ་བ་ནི་རིན་ཆེན་མཁའ་འགྲོ་མ་ལའོ། ལཾ་ལ་སོགས་པ་ནི་ལཱ་སྱེ་ལ་སོགས་པའོ། ་ཨོཾ་མུཏཱ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་སྐྱོང་བ་རྣམས་ལའོ། །དགུག་པ་ལ་སོགས་པའི་སྔགས་ནི་འཁོར་ལོ་སྔ་མའི་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་བསྟན་ཟིན་པ་ཉིད་དོ། །འདི་ལྟ་བུའི་བསྒོམ་པ་ནི་སྔོན་གྱི་བསྙེན་པའི་ཆོ་གའོ། །དེར་ནི་ཞེ་བྱ་བ་ལ་སོགས ་པས་ནི་བསྒྲུབ་པའི་དུས་ཀྱི་བཟླས་པའི་སྔགས་བསྟན་ཏེ། ཨོཾ་ཨཱ་ཀ(རྒྱུད་འགྲེལ་ཉིད་ནི་ཡང་ཕྱག་འཚལ་བ་ལ་སོགས་པ་ཐམས་ཅད་དང། སྟོང་པ་ཉིད་དང། བསྲུང་བ་དང་གུར་གྱི་ནང་དུ་ཆུད་པའི་གཞལ་ཡ་ཁང་མངོན་པར་སྤྲུལ་ལ། དེའི་དཀྱིལ་དུ་ཉི་མ་ལ་གནས་པའི་ཧྲཱི(རྒྱུད་འགྲེལ་དོན་ཏེ། ཕྱག་དྲུབ་པ་སྔ་མ་བཞིན་དུ་མཚོན་ཆ་འཛིན་པ། རྩ་བའི་ཞལ་དང་ལུས་ཐམས་ཅད་སྔོ་བ། གཡས་དང་གཡོན་པའི་ཞལ་དཀར་པ་དང་དམར་བའོ། །ཕྱག་ཏུ་གཏུན་ཤིང་ཞེས་བྱ་བ་ནི་རྡོ་རྗེའི་གནས་སུ་སྟེ། ཕྱག་གཙོ་བོ་གཉིས་པ་ནའོ། ། ་དཀྱིལ་དག་ཏུ་ཞེས་བྱ་བ་ནི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་དཀྱིལ་འཁོར་གྱི་དབུས་སུའོ། །འདི་ནི་ཞེས་བྱ་བ་འཆད་པར་འགྱུར་པའོ། །ཤར་དུ་སྦྱན་མ་ནི་དཀར་མོ་སྟེ། ཞལ་གཡས་དང་གཡོན་སྔོ་བ་དང་དམར་བ། འཁོར་ལོ་དང། རལ ་གྲི་དང། རིན་པོ་ཆེ་དང། པདྨ་འཛིན་པའོ། །ལྷོ་རུ་མཱ་མ་ཀཱི་སྔོན་མོ་ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་བ། རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་པདྨ་བསྣམས་པའོ། །ནུབ་ཏུ་གོས་དཀར་མོ་དམར་མོ་ཞལ་གཡས་དང་གཡོན་སྔོ་པ་དང་དཀར་པ། པདྨ་དང ་རལ་གྲི་དང། འཁོར་ལོ་དང་ནོར་བུ་བསྣམས་པ། བྱང་དུ་སྒྲོལ་མ་སྔོ་བསངས་ཞལ་གཡས་པ་དང་གཡོན་བ་སྔོན་པོ་དང་དཀར་པོ། རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་བསྣམས་བའོ། །ལྷ་མོ་ཀུན་ཀྱང་གཡོན་བརྐྱང་བ་ཁྲོ་བ་དང་བཅས་པའོ། །གྲི་གུག ་དང་ཐོད་བས་འཁྱུད་པའི་ཚུལ་ཅན་ནོ། །མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་མ། མེ་ཏོག་དཀར་པོའི་ཕྲེང་བ་ལག་ཏུ་ཐོགས་པའོ། །སྤོས་ཤེས་བྱ་བ་ནི་སྤོས་མེ་མ་སྤོས་སྣོད་ལག་ཏུ་ཐོགས་པའོ། །མར་མེ་མ་ཞེས་བྱ་བ་ནི་མར་མེ་མ། མར་མེ་ལག་ཏུ་ཐོགས་པའི་ཚུལ ་ཅན་ནོ། །དྲི་ཞེས་བྱ་བ་ནི་དྲིའི་དུང་ཕོར་ཐོགས་པའི་ལག་པའི་ཚུལ་ཅན་ནོ། །མེ་སོགས་མཚམས་སུ་དགོད་ཅེས་བྱ་བ་ནི་མེ་དང། བདེན་བྲལ་དང་རླུང་དང། དབང་ལྡན་གྱི་མཚམས་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །ཐོབ་བ་ལ་སོགས་སྒོ་རུ་སྟེ་ཞེས ་བྱ་བ་ནི་གོ་སླའོ། །འདི་ནི་བཅོམ་ལྡན་འདས་བསྐྱེད་ནས་དཀྱིལ་འཁོར་བ་ཡང་བསྐྱེད་བར་བྱའོ་ཞེས་གསུངས་པ། ཆོ་ག་མཐོང་ནས་ཞེས་བྱ་བ་ལ། འདིར་ཆོ་ག་ནི་འཁོར་ལོ་སྔ་མ་ཉིད་ལྟར་རོ། །རྨི་ལམ་ནི་མཚན་མ་ཉིད་དོ། །དོན་ནི་འདི་ཡིན་ཏེ། རྣལ་འབྱོར་བ ་སྔོན་དུ་བསྙན་བ་བྱས་པ་ལ། བཅོམ་ལྡན་འདས་རྨི་ལམ་གྱི་མཚན་མར་ས་འོག་གི་ཁུང་བུ་སྟོན་པར་འགྱུར་རོ། །དེར་རྡོ་རྗེ་ས་འོག་གི་རྣལ་འབྱོར་པ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་བ་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་གསུངས ་ཏེ། འདིར་ཡང་གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །བདུན་པའི་རྒྱལ་པོ་ཞེས་བྱ་བ་ལ་བདུན་བ་སྟེ་རྟའོ། །དེའི་གཟུགས་ཀྱིས་འདུལ་བའི་རྒྱུད་ལ་རྒྱལ་པོ་ལྟར་བྱེད་བས་བདུན་པའི་རྒྱལ་པོའོ། །དཀྱིལ་འཁོར་སྔ་མ་དང་དེའི་ཁྱད་གསུངས་པ། ཕྱག་གཉིས ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྲན་གྲེའུ་ཁུ་ཚུར་བཅངས་ཤེས་བྱ་བ་ནི་སྲན་གྲེའུ་ཡི་རྡུངས་པ་དང་བཅས་པའོ། །འདི་དག་སྔ་མ་གཉི་གའི་སྔགས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་ཤར་དུ་ཞེས་བྱ་ལ་སོགས་པས་ལྷ ་མོ་དགོད་པ་ནི་གོ་སླའོ། །ཁ་དོག་གི་དབྱེ་བ་ཡང་བསྟན་ཡིན་ཏོ། །སྔགས་འདི་ཡིས་ནི་ཞེས་བྱ་བ་ནི་ཡི་གེ་ཧྲཱི(རྒྱུད་འགྲེལ་ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་ཀྱང་སྤྲུལ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྨྱུག་མའི་གླིང་བུ་ནི་གླིང་བུ་ཉིད་ལ་ཆེད་དུ་བྱེད་པའོ། །པི་ཝང་ནི་པི་ཝང་ཉིད་ལ་ཆེད་དུ་གཏང་བའོ། །རྦ་ཟླུམ་ཡང་དེ་བཞིན་ཏེ། ཁ་ཅིག་པགས་པའི་གཡོགས་པ་ནི་རྔ?་ཟླུམ་མོ། ། ་རྔ་བྲན་ནི་པ་ཏྲ་ཧ་ཆེན་པོ་སྟེ། དེ་ནི་ཁ་གྱེན་དུ་བསྟེན་ནས་བརྡུང་བའོ། །འདི་དག་གི་ཡང་ཁ་དོག་དང་དགོང་པའི་གནས་ནི་གོ་རིམས་བཞིན་ཤེས་པར་བྱའོ། །བ་ལང་རྣ་དང་གླང་པོའི་རྣ་ནི་མིང་གི་དོན་གོ་བར་ཟད་དོ། །གདོང་བཟང་གདོང་ངན་ཞེས་བྱ ་པ་ནི་མིང་དུ་ཆགས་པའི་སྒྲའོ། །ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་སོ། །ཁ་དོག་གི་དབྱེ་བ་ནི་སྔ་མ་བཞིན་ནོ། །འདི་ད་གི་ཕྱག་མཚན་གསུངས་པ་ནི་གཙུན་ཤིང་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྒོ་བཞི་རུ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ། ་ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི་ཞེས་བྱ་བ་ལ། རྟ་མཆོག་གི་སྔགས་དེ་ཉིད་རྡོ་རྗེ་ས་འོག་གི་སྔགས་ཀྱང་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་བསྒོམས་པའི་སྦྱོར་བས་ཅིར་འགྱུར་བ་དེ་གསུངས་པ། ཁམས་གསུམ་ནམ་མཁའ་ཨི་ཁོངས་སུ་རྒྱུ་བ་སྟེ ་ཡོངས་སུ་འཁོར་བའོ། །བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བའི་དོན་ཏོ། །གང་དུ་ས་འོག་ཏུ་འཇུག་པ་ལ་སོགས་པའི་དངོས་གྲུབ་ངེས་པ་བསྟན་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི ་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་གསུམ་པའི་བཤད་པའོ།། །།ད་ནི་ས་བཟུང་བའི་རྗེས་ཐོགས་སུ་ཐིག་གདབ་པ་གསུངས་པ། དེ་ལ་ཞེས་བྱ་བ་ནི་ས་གཟུང་བ་བྱས་པའི་ས་གཞི་པའོ། །འདི་ནི་ཞེས་བྱ་བ་ནི་འཆད་བ ་འགྱུར་བའོ། །སྲད་བུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྲིད་བུའོ། །དེ་བརྐྱང་བའི་ཕུན་སུམ་ཚོགས་པའི་མཆོག་གང་ལ་ཡོད་པ་དེ་ནི་སྲད་བུ་བརྐྱང་བའི་དམ་ཚིག་གི་མཆོག་སྟེ། རྣལ་འབྱོར་པས་སེམས་ཅན་བསྡུ་བར་བྱ་བའི་ཕྱིར་འདའ་བར་མི་བྱ་བ་ཉིད་དོ། །སྲད་བུ ་དེ་ཉིད་མངོན་པར་བསྔགས་བའི་སྔགས་གསུངས་པ། ཨཱ་ཀ་རོ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་འཆད་པར་འགྱུར་བའི་དེ་ཁོ་ན་ཉིད་གསུངས་ཀྱིས་སྤེལ་བ་ཡིན་པར་ཤེས་པར་བྱའོ། །སློབ་མ་རྣམ་པར་སྣང་མཛད་དུ་བསྒོམ་ཞེས་བྱ་བ་ནི་གཏི་མུག་གཤིན ་རྗེ་གཤེད་ཀྱི་གཟུགས་སུ་དམིགས་པར་བྱས་ལ་ཞེས་བྱ་བའི་དོན་ཏོ། །རང་ཉིད་ནི་དཔལ་གཤིན་རྗེ་གཤེད་ཀྱི་གཟུགས་དང་ལྡན་པར་རོ། །ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེ་ཞེས་བྱ་བ་ནི། ཡེ་ཤེས་ནི་ཡཀྵེ་མ་མི་དང་ཞེས་བྱ་བའི་ས་བོན་གྱིས་ངོ་བོའོ། །དེས་བསྐྱེད ་བའི་ལྷའི་བདག་ཉིད་ཅན་གྱི་གཟུགས་ནི་ཡེ་ཤེས་ཀྱི་ཐིག་གོ། དེ་ནི་དྲི་ཞིམ་པོ་ལྔས་བསྒོམ་པ་མཆོག་གོ་།རྩེ་མོ་ནི་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོ་དེ་བཞིན་གཤེགས་བ་རྣམས་སོ། །དེ་ཞུགས་པས་རྩེ་མའི་རྩེ་སྟེ་གཙོ་བོའོ། །དེས་ན་ཡེ་ཤེས་ཐིག་མཆོག་རྩེ ་མོའི་རྩའོ། །ཤིན་ཏུ་མཉམ་པར་བཞག་པས་ཞེས་བྱ་བ་ནི་ཕྱོགས་དང་ས་ལ་མཁས་པ་སྟེ། ཕྱོགས་ཀུན་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་ལ་ཞེས་བྱ་བ་ནི་སོ་ཤིང་བཟའ་བ་ལ་སོགས་པ་ཐམས་ཅད་བསྒྲུབ་གནས་སོ། །འདི་ནི་ཞེས་བྱ་བ་ནི་འཆད ་པར་འགྱུར་བའོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ཞེས་བྱ་བ་ལ་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་དཀྱིལ་འཁོར་ཆེན་པོར་འཇུག་པ་སྟེ། སློབ་མ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་གོ། །དེ་ཉིད་གསུངས་པ། ཨོཾ ་ཨཱ(རྒྱུད་འགྲེལ་ཁྱད་པར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མས་གསང་བའི་དབང་ལ་སོགས་པའི་གསོལ་བ་གདབ་པ་བསྟན་ཏོ། །ཡང་དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་མོ་དགུག་པའོ། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི ་མཚན་ཉིད་དོ། །འདི་དག་ཐམས་ཅད་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྟན་པས་དགྲོལ་བར་མི་བྱའོ། །དཀྱིལ་འཁོར་བསྒྲུབ་པ་གསུངས་པ། དེ་ནས་ཞེས་བྱ་བ་ནི་བྲིས་ཟིན་ནས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཆེན་པོ་རྣམས་ཀྱི་སྙིང་པོ་ནི་འབྱིན ་པའི་སྔགས་སོ། །འདིས་བྱེད་པའི་དོན་གྱི་གསུམ་པ་སྟེ། སྙིང་པོ་ཆེན་པོ་ཡིས་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནི་རང་སྟེ་འཁོར་ལོ་དགོད་ཅེས་སྔ་མ་དང་སྦྱར་རོ། །རང་གི་ཕྱག་རྒྱ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་མཚན་ཉི་དང་ལྡན་པའི་རང་སྣང་བ་དེར་བསྟན ་པའོ། །དོན་ནི་འདི་ཡིན་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབས་ལ། དེར་བློས་རྣམ་པར་གནས་ནས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སྔོན་དུ་འགྲོ་བས་རང་སྣང་བའི་ཆུ་སྐྱེས་སུ་དཀྱིལ་འཁོར་མངོན་པར་སྤྲུལ་ནས། འབྱིན་པའི་སྔགས་ཀྱིས་སྟོན་ལ་གནས་ ་ཇི་ལྟ་བར་བཀོད་དེ། དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གསལ་བར་བྱ་བའི་ཕྱིར་གསུངས་པ། དམ་ཚིག་ཡི་གེ་ཞེས་བྱ་བ་ལ་ཡང་དག་པར་འགྲོ་ཞིང་རྣམ་པར་མི་རྟོག་པ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཐོབ་པར་བྱེད་པས་དམ་ཚིག་ཅེས ་རང་སྣང་བའི་རིག་པ་ལ་བྱའོ། །དེའི་ཡི་གེ་ནི་མི་འགྱུར་ཞིང་ངོ་བོ་ཉིད་ལ་མི་འཕོ་བས་རང་གི་རིག་པའི་ཡེ་ཤེས་ཏེ། དམ་ཚིག་གི་ཡི་གེ་དེས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་སྟེ། ངེས་པར་བསྐྱེད་པར་བ་བྱ་བ་ནི་དཀྱིལ་འཁོར་བསྒྲུབ་པར་བྱའོ། ་དཔལ་གསང་བ་འདུས་པ་ལས་ཀྱང། བྷ་གའི་དཀྱིལ་འཁོར་ཞེས་བྱ་དང། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་པས། །དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས་ཞེས་གསུངས་པས་སོ། །འདི་དག་ནི་དཀྱིལ་འཁོར་གྱི་ཆོ་ག་དང་བླ ་མ་ལས་གསལ་བར་འགྱུར་རོ། །ཤར་དུ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ཁ་དོག་རྫོགས་པར་བྱེད་དོ། །ཕྱག་རྒྱ་དགོད་པ་ཞེས་བྱ་བ་ནི་མཚན་མ་དགོད་པའོ། །ལས་ཀྱི་ཆོ་ག་མཐོང་ནས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཆོ་གར་བསྟན་པའོ། །དཀྱིལ་དུ་ཞེས ་བྱ་བ་ནི་དབུས་ཀྱི་གདན་ལ་རྡོ་རྗེ་བྲི་པའོ། །ཤར་དུ་ནི་འཁོར་ལོའོ། །དེ་ལྟ་བུ་ལ་སོགས་པར་ལྟ་ཞེས་བྱ་བ་ལ། རིན་པོ་ཆེ་དང། པདྨ་དང། རལ་གྲི་རྣམས་ནི་ལྷོ་དང་ནུབ་དང་བྱང་དུའོ། །འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲི་རྣམས་ནི་མེ་དང་བདེན་བྲལ་དང། རླུང་དང ་དབང་ལྡན་རྣམས་སུའོ། །ཐོ་བ་དང་དབྱིག་པ་དང་པདྨ་དང། རལ་གྲི་རྣམས་ནི་ཤར་ལ་སོགས་པའི་སོར་རོ། །ཐོད་པ་བཞི་ནི་མཚམས་བཞིར་བྲི་བར་བྱའོ། །ཕྱག་མཚན་ཀུན་ཏུ་ཞལ་དང་མཚུངས། ཞེས་བྱ་བ་ནི་ཞལ་དང་འདྲ་བ་ནི་ཞལ་དང་མཚུངས་པ་སྟེ་ཞལ ་གྱི་གཙོ་བོ་དང་མདོག་འདྲ་བ་སྟེ། གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་གཙོ་བོ་དང་འདྲ་བའི་ཕྱག་མཚན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ཡིས་ཞེས་བྱ་བ་ལ་སོགས་པས་ནི་གང་གཟར་དང། བླུགས་གཟར་གྱི་ཆེད་བསྟན་ཏེ་གོ་སླའོ། །ད་ནི་རྒྱུད་ཀྱི་ཆེ་བའི་བདག་ཉིད ་དཀྱིལ་འཁོར་དུ་ནི་མ་ཞུགས་དང་ཞེས་བྱ་བ་ལ་སོགས་པས་གསུངས་པ་སྟེ། གཤིན་རྗེ་རྒྱུད་མངོན་གཞོལ་ཞེས་བྱ་བ་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཅིག་ཏུ་མངོན་པར་ཞེན་པའོ། །དོན་ནི་འདི་ཡིན་ཏེ་སྔར་དེ་ལྟ་ཞུགས་པ་དག་ཕྱི་ནས་གཤིན་རྗེ་གཤེད ་ཀྱི་རྒྱུད་རྙེད་པས་ལས་དེ་དང་དེ་ཡོངས་སུ་བཏང་ནས། དེའི་ཡོན་ཏན་རྙེད་པས་འདོད་པའི་དོན་འགྲུབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འགྲུབ་པར་འདི་ལ་ཞེས་བྱ་བ་སྟེ་ཕྱག་རྒྱ་ཆེན་པོའི་ངོ་བོར་ངེས་པར་འགྲུབ་པའོ། །ཡང་ན་ཐམས་ཅད་ཀྱང་ཇི་ལྟར ་གཉིས་སུ་མེད་པའི་རྣལ་འབྱོར་པ་ལ་ནི་དེ་ལྟར་གསུངས་ཏེ། དཔལ་གསང་བ་འདུས་པ་ལས་ཀྱང་མི་བྱ་ནི་རླུང་ཞིག་མེད། །དེ་བཞིན་མི་བཟའ་བའང་ཅུང་ཞིག་མེད། །མི་སྨྲ་བ་ཡང་ཅི་ཡང་མེད། །ཀུན་ཏུ་མི་བསམ་ཅི་ཡང་མེད། །མཉམ ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་བཞག་པ་ཡིན། ཞེས་གསུངས་པས་སོ། །གལ་ཏེ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་པ་ལ་ལྟ་དངོས་གྲུབ་གསུངས་ན། དཀྱིལ་འཁོར་དུ་མ་ཞུགས་པ་དང། དབང་མ་བསྐུར་བ་ལ ་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། ནག་པོས་གསུངས་པའི་ཚིག་བཞིན་དུ། ཞེས་བྱ་བ་སྟེ། ནག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ། །དེའི་ཚིག་ནི་གསུང་ངོ། །དེ་ཡང་གསུངས་པ་སྟེ། རྒྱུད་མ་ལུས་པར་བསྟན་པའི་དབང་བསྐུར ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཆོ་གའི་རྣམ་པས་ཞེས་བྱ་བ་དགོངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་བསྟན་པའི་རྗེས་ཐོགས་སུའོ། །བྱམས་པ་ལ་སོགས་ཀྱིས་ཤེས་བྱ་བ་ནི་བྱམས་པ་ལ་སོགས་པ་གཞན་དག་གིས་ཀྱང་ངོ། །རྡོ་རྗེ ་ངེས་པ་ནི་དབྱེར་མེད་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ངེས་པའོ། །མི་སྨྲ་བར་ནི་སྡོད་པར་གྱུར་ཅེས་བྱ་བ་ནི་རྟོག་པ་མ་ལུས་པ་གསལ་ན་ངག་གི་སྤྱོད་ཡུལ་ལས་འདས་པའི་ཆོས་མངོན་སུམ་དུ་བྱས་པ་དང་ལྡན་པའོ། །ད་ནི་དཀྱིལ་འཁོར་དུ་སློབ ་མ་ངོ་མཚར་དང་ཡིད་ཆེས་པ་སྐྱེད་པའི་ཕྱིར་རྡོ་རྗེ་དབབ་པ་གསུངས་པ། འབྱུང་བ་བཞི་ཞེས་བྱ་བ་ནས་ལྟར་བསིལ་བ་ཞེས་བྱ་བའི་བར་ནི་གོ་སླའོ། །གནས་བཞི་རུ་ནི་ཞེས་བྱ་བ་ནི་མགོ་དང་སྙིང་ག་དང་ལྟེ་བ་དང་རྐེད་པ་རྣམས་སུའོ། །སྦྱོར་བ་ཁྱད ་པར་ཅན་གྱི་དཀྱིལ་འཁོར་གྱི་ཆོ་གར་བསྟན་ཏོ། །འཕར་བར་འགྱུར་ཞེས་བྱ་བ་ནི་ལྟ་བར་འགྱུར་བ་སྟེ། ནམ་མཁའ་ལ་ཞེས་བྱ་བ་ནི་ལྷག་མའོ། །གནོད་སྦྱིན་མོའི་སྒྲུབ་ཐབས་གསུངས་པ། དེ་ནས་ཡང་དག་བཤད་བྱ་ལ། ཞེས་བྱ་བ་ལ་སོགས་པ ་ལ་ཡང་དག་ཅེས་བྱ་བ་ནི་ཡང་པའི་དོན་ཇི་ལྟ་བ་བཞིན་ཏེ། དཀྱིལ་འཁོར་སྤྲུལ་པ་ནི་སྔ་མ་བཞིན་ནོ། །ཕྱག་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཧཱུཾ་ལས་བསྐྱེད་པ་ཞེས་བྱ་བ་ནི་ལྷག་མའོ། །དོན་ནི་འདི་ཡིན་ཏེ། སྔགས་པས་སྔོན་དུ ་བསྙེན་པ་བྱས་ལ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མས་བསྐལ་བའི་སྐུད་པ་ལས་བྱས་པའི་རས་ཁ་ཚར་མ་བཅད་པ་ལ། གནོད་སྦྱིན་མོའི་མངོན་པར་བྲིས་ཏེ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ལང་ཚོ་ལ་བབ་པ། སྒེགས ་པའི་རོ་དང་ལྡན་པ། ཤིང་ཆེན་པོ་དང། མྱ་ངན་མེད་པའི་ཤིང་དང། ཨ་མྲའི་མེ་ཏོག་དང། འབྲས་བུ་དང་བཅས་པ་གང་ཡང་རུང་བ་ཞིག་ལ་ལག་པ་གཡོན་པ་རེག་པ། ལག་པ་གཡས་པ་མཆོག་སྦྱིན་པའོ། །དེའི་མདུན་དུ་མེ་ཏོག་དང། སྦོས ་དང། བཤོས་གཙང་ཕུལ་ལ་རང་གི་རྣལ་འབྱོར་དང་ལྡན་པས་མཚན་མོ་བཟླས་པ་བྱས་བས་ཉི་མ་བདུན་ན་འོང་བར་འགྱུར་འོངས་ནས་ཀྱང་མེ་ཏོག་དྲི་ཞིམ་པོ་དང་ཆུ་གཙང་མའི་ཡོན་ཆབ་འབུལ་བར་བྱའོ། །དེས་འགྲུབ་པར་འགྱུར་ཏེ། མ་དང་སྲིང་མོ ་དང་ཆུང་མའི་ཚུལ་གྱིས་བྱུང་ན་ཇི་ལྟར་རིགས་པ་བཞིན་དུ་ཐ་སྙད་དུ་བྱའོ། །ཡང་ན་དུར་ཁྲོད་ཀྱི་སོལ་བས་མར་ངོའི་གང་ཡང་རུང་བ་ཞིག་ལ་བརྩིག་ངོས་སམ། སྤྲང་ལེབ་ལ་མཚན་མ་སྔ་མ་བཞིན་དུ་བྲིས་ལ། དེ་དགུག་ཅིང་བཅུག་ལ། སྐྱེ་གནས ་ལག་པས་བཀབ་ནས་པར་མ་བཞིན་དུ་གཞན་དང་ཅི་ཡང་མི་སྨྲ་བས་སྔགས་བཟླས་ན་དེ་ནས་ཞག་བདུན་ན་དེ་འོང་བར་འགྱུར་རོ། །འོངས་ནས་སྟོབས་ཀྱིས་ཀྱང་སྒྲུབ་པ་པོ་འདོད་པར་བྱེད་དོ། །བརྩེ་བའི་ཚིག་ཏུ་སྨྲ་བར་བྱེད་དོ། །འཇིགས་པའི་ཚུལ་ཡང་བསྟན་ཏོ།། ་དེ་ལྟ་ན་ཡང་འཇིགས་པར་མི་བྱའོ། །སྨྲ་བར་མི་བྱའོ། །དེ་ལྟ་ན་ཡང་སྦྱོར་བའི་རྗེས་ཐོགས་སུ་འགྲུབ་པར་འགྱུར་རོ། །གང་དང་གང་རྣལ་འབྱོར་པ་འདོད་པ་དེ་དང་དེ་འདོད་པའི་རྩེད་མོ་བྱས་པས་སྟེར་བར་བྱེད་དོ། །དེ་ལྟ་ཡང་མ་གྲུབ་ན་གཤིན་རྗེ་གཤེད ་ཀྱི་རྣལ་འབྱོར་རམ། རལ་གཅིག་མའི་རྣལ་འབྱོར་གྱིས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ལ། ལྕགས་ཀྱུས་སྐྱེ་གནས་ཕུག་ལ་མགུལ་ནས་ཞགས་པས་བཅིངས་ཏེ་བཀུག་ལ། དེའི་མགོ་ལ་གཤིན་རྗེ་གཤེད་བསྐལ་པའི་མེ་དང་འདྲ་བ་བསྒོམ་པར ་བྱའོ། །འོག་ཏུ་ནི་མེའི་དཀྱིལ་འཁོར་རོ། །དེ་ནས་ཁྲོ་དང་བཅས་པས་དེའི་མིང་གི་ཚིག་གི་ཚིག་དང་བཅས་པའི་ཧྲཱི(རྒྱུད་འགྲེལ་བཅན་ཚར་བཅད་པའི་ཕྱིར་།སྦོས་བྱེད་མའི་བསྒྲུབ་ཐབས་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ་ཞེས་བྱ་བ་ལ་འཇིག་རྟེན་གསུམ་ལ་མཚོ་ནུས་པ་ཞེས་བྱ་བ་ནི་སྦོས་པར་བྱེད་པའོ། །འདི་ཡང་སྔ་མ་བཞིན་དུ་བསྲུང་བ་དང་གུར་གྱི་ནང་དུའོ། ། ་སྐུ་མདོག་སེར་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བུའི་ས་བོན་ལས་ཤེས་པར་བྱའོ། །བུ་ཀ་སིའི་ལས་ཞེས་བྱ་བ་ལ། དེའི་ལས་ནི་འདི་ཡིན་ཏེ། ལྕེ་ལ་ཛ་དམར་པོ་བཀོད་ལ་དེའི་འོད་ཀྱིས་བསྒྲུབ་བྱའི་མིང་གར་ཁཾ་དམར་པོ་བསྒོམས་ནས། སྙིང ་ལ་སོགས་པ་ཐམས་ཅད་བཀུག་ལ་རང་གི་ལྟོར་བཅུག་པར་བསམས་ན། བསྟན་པ་བཞིན་དུ་འགྱུར་རོ། །ཐོ་བ་རྒྱས་པ་མངའ་དག་ཅེས་བྱ་བ་ལ་གང་གིས་ཁ་གྱེས་པའི་ཐོ་བ་ནི་ཐོ་བ་རྒྱས་པ་སྟེ། དེ་དང་བཅས་པའི་མདའ་རྣ་བའི་བར་དུ་བཀང་བས་འབིགས ་པའོ་ཞེས་བྱ་བ་ནི་མན་ངག་གོ་།ཕྱག་བཞི་ཕུང་བུ་ལ་བཅིངས་པ་ཞེས་བྱ་བ་ནི་གོ་སླའོ། །མི་སྣང་བར་བྱ་བའི་ཕྱིར། འཇམ་པའི་རྡོ་རྗེའི་སྒྲུབ་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་ཡང་དག་པར་བཤད་པར་བྱ་ཞེས་པ་ནི་སྔ ་མ་བཞིན་ནོ། །མི་སྣང་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་མཐོང་བའི་ལམ་ལས་འདས་པའོ། །དེའི་མེད་ལ་ཞེས་བྱ་བ་ནི་བསྒོམ་པ་རབ་གྱི་མཐར་ཕྱིན་པའི་སྐད་ཅིག་ལ་ཞེས་བྱ་བའི་དོན་ཏོ། །ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གཽ་སླའོ། །འདིར ་ནི་ཕྱག་མཚན་མ་བསྟན་ཏེ། སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་ཕྱག་མཚན་ཡིན་ནོ། །དེར་ནི་གཡས་ན་རལ་གྲི་དང་མདའ་གཡོན་ན་ཨུཏཔ་ལ་སྔོན་པོ་དང་གཞུའོ། །ཕྱག་གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པའོ། །སྔོན་པོ་དང་དཀར་པོ་ནི་གཡས་དང་གཡོན ་པའི་ཞལ་ལོ། །ཤར་དུ་མཛེས་མ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། གཏི་མུག་ལ་སོགས་པའི་ཁ་དོག་དང་ཕྱག་མཚན་དགོད་དོ། །འཁོར་ལོ་ལ་སོགས་ཞེས་བྱ་བ་ཡང་དེ་ཉིད་ལྟར་རོ། །འདིའི་ཁྱད་པར་གསུངས་པ་ནི་ས་བོན་ཡི་གེ་མཾ་ལས་བྱུང་ཞེས་བྱ་བའོ། ། ་དོན་ནི་འདི་ཡིན་ཏེ། ཡི་གེ་མཾ་ལས་བཅོམ་ལྡན་འདས་བསྐྱེད་པ་ན་ཐམས་ཅད་ཀྱང་བསྐྱེད་པར་བྱའོ། །དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས་ཞེས་བྱ་བ་ནི་དབུས་ཉིད་དུ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའི་སྙིང་པོའི་དཀྱིལ་འཁོར་ལ་གནས་པའོ། །ཐམས་ཅད ་གཡོན་བརྐྱང་བ་ཁོ་ནའོ། །སྔོན་གྱི་འཁོར་ལོ་ལས་གདེན་གྱི་ཁྱད་པར་གསུངས་པ། ཟླ་བའི་དཀྱིལ་འཁོར་ཡང་དག་གནས་ཤེ་བྱའོ། །ཕྱིའི་དཀྱིལ་འཁོར་དགོད་པ་གསུངས་པ། འོད་ཟེར་ཅན་དང་ཞེས་བྱ་བ་ལ་སོགས་པ་ལ། མེ་ལ་སོགས་པའི་ཞེས་བྱ་བ ་ནི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་སུའོ། །དེ་དག་གི་ཕྱག་མཚན་གྱི་གཙོ་བོ་རྣམས་གསུངས་པ། མྱ་ངན་མེད་དང་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་གསུངས་བ་ནི་སེར་པོ་ཞེས་བྱ་བ་ལ་སོགས་པའོ། །ཞལ་དང་ཕྱག་གཞན་ནི་སྔ་མ ་བཞིན་ནོ། །ཐོ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་དོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་བསྒོམས་ན། མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཐོང་བའི་ཡུལ་ལས་འདའ་བར་འགྱུར་རོ། །ཡང་ཞེས་བྱ་བ་ནི་གདུལ ་བྱའི་བསམ་པ། དང་སྙིང་རྗེའི་ཁྱད་པར་གྱིས་མཐོང་བར་ཡང་འགྱུར་ཞིང་འདོད་པ་བཞིན་སྤྱོད་པར་ཡང་འགྱུར་རོ། །འདིར་མན་ངག་ནི་འདི་ཡིན་ཏེ། རྣལ་འབྱོར་པ་སམས་བརྟན་པར་འགྱུར་བས་འཇམ་པའི་རྡོ་རྗེའི་སྐུར་བྱས་ལ། བ་སྤུའི་བུ་ག་ཐམས་ཅད ་རུ་མཾ་བཀོད་ན་བསྟན་པ་བཞིན་དུ་འགྱུར་རོ། །གང་དུ་འཇམ་བའི་རྡོ་རྗེ་སྒྲུབ་པའི་ཐབས་གཙོ་བོ་ཉིད་དུ་བསྟན་པའི་རིམ་པར་ཕྱེ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད ་བ་ལས་རིམ་པར་ཕྱེ་བ་བཅུ་བཞི་པའི་བཤད་པའོ།། །།སེམས་ཅན་མངོན་པར་མོས་པར་བྱ་བའི་ཕྱིར་ཆུ་རངས་པར་བྱ་བ་གསུངས་པ། དེ་ནས་ཡང་དག་བཤད་བར་བྱ། ཞེས་བྱ་བ་ལ་སོགས་པ་ལ། འདིར ་ཐམས་ཅད་སྔ་མ་བཞིན་ནོ། །འོན་ཀྱང་སྦྲུལ་དང། རལ་གྲི་དང། འཁོར་ལོ་དང་པདྨ་འཛིན་པ་རྨ་བྱ་ལ་ཞོན་པའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི་ག་སླའོ། །སྒོ་དང་ཞེས་བྱ་བའི་ནི་རྨ་བྱའི་སྒྲོའོ། །ཡལ་ག་ཞེས་བྱ་བ་ནི་འདབ་མ་དང་བཅས་པའི་ཡལ་གའོ།། ་ལྕགས་སྒྲོག་ཅེས་བྱ་བ་ནི་རྡོ་རྗེའི་ལྕགས་སྒྲོག་གོ་།དེ་དག་གི་མདོག་གི་དབྱེ་བ་ནི་གོ་རིམས་བཞིན་དུ་སེར་དང་ཞེས་བྱ་བ་ལ་སོགས་པའོ། །མཁས་པས་ཤེས་བྱ་བ་ནི་ཆུ་རེངས་པར་བྱེད་པའི་ཆོ་ག་ལ་མཁས་པའོ། །དེ་ལ་ཆུའི་རྡུལ་ཕྲ་རབ་རྣམས་ལཾ་མ་ལས ་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་གཟུགས་སུ་བསྒོམས་ལ་དེ་ལ་ཨོཾ་གུ་ལིའི་རྣལ་འབྱོར་གྱི་སྔགས་བཟླས་ཞིང་བཅག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཀུ་རུ་ཀུ་ལི་སྒྲུབ་པའི་ཐབས་ཀྱིས་ཀླུ་འགུགས་པར་བྱེད་པ་གསུངས་པ་འདིར ་ཡང་སྔ་མ་བཞིན་དུ་ཐམས་ཅད་ཡིན་ནོ། །འོན་ཀྱང་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱི(རྒྱུད་འགྲེལ་ཀྱི་ཕྱག་ན་ནི་མཛའ་ཡས་དང། ཏཀྵ་ཀ་དང། རིགས་ལྡན་དང། དུང་སྐྱོང་ངོ། །ཕྱག་གཡོན་པ་རྣམས་ན་ནི་པདྨ་དང། ཀར་གོ་ཏ་དང། ནོར་རྒྱས་ཀྱི་བྱ་དང། པདྨ་ཆེན་པོ་བསྒོམ་པར་བྱའོ། །འདིར་ཡང་རང་གི་སྙིང་གར་བཀོད་པའི་ཧྲཱིའོ། །འོད ་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུར་སྔ་མ་བཞིན་དུ་བཀུག་བས་ཤེས་པར་བྱའོ། །ལྷའི་བུ་མོ་དགུག་པའི་ཕྱིར་རྡོ་རྗེ་ལུས་མེད་བསྒོམ་པ་གསུངས་པ། དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། གསང་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན ་པས་གསང་བའོ། །འདིར་ཡང་དཀྱིལ་འཁོར་ནི་སྔ་མ་བཞིན་ནོ། །མདའ་ནི་འཕང་བའོ། །གཞུ་ནི་གཞུའོ། །ཤར་དུ་དགའ་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱི་ཕྱག་མཚན་ཉིད་ཀྱིས་ཐམས་ཅད་ཀྱང་མཚན་པའོ། །གོ་རིམས་བཞིན ་དུ་ཁ་དོག་གི་ངེས་པ་གསུངས་པ་ནི་སེར་དང་ཞེས་བྱ་བ་ལ་སོགས་པའོ། །དམར་སྐྱ་ཞེས་བྱ་བ་ནི་སྐྱ་རེངས་དང་པོ་དང་འདྲ་བའོ། །མཚམས་རྣམས་ནི་ནང་གི་དཀྱིལ་འཁོར་གྱི་སྟེ། མ་འགག་པ་ལ་སོགས་པ་དགོད་པར་བྱའོ། །ཁ་དོག་གི་དབྱེ་བ་ནི་མེ་ཏོག ་ལ་སོགས་པ་ལྟ་བུའོ། །འདོད་པས་འགྱིད་བ་ལ་སོགས་པའི་ཁ་དོག་ནི་ཐེ་བ་ལ་སོགས་པ་ལྟར་རོ། །ཀུན་ཀྱང་མདའ་དང་གཞུབ་རྣམས་པའོ། །འདིར་ནི་གཤིན་རྗེ་གཤེད་ཉིད་ཀྱི་དབང་བསྐུར་བར་གསུངས་པ་ནི། ལྷ་རྣམས་དེ་དག་ཐམས་ཅད་ཀྱི་ཞེས་བྱ་བ ་ལ་སོགས་པའོ། །བསྒྲུབ་བྱ་དགུག་པའི་དུས་སུ་ཇི་ལྟར་བསྒོམ་པ་གསུངས་པ་ནི། བུད་མེད་ཀྱི་ནི་པདྨ་རུ་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་བསྒྲུབ་བྱ་པདྨའི་གེ་སར་ལ་གནས་པར་རོ། །རྡོ་རྗེ་ལུས་མེད་ལུས་མེད་ཀྱི་ནི་སྔགས་ཏེ་། སྔགས་དང་ལྷར་དབྱེར ་མེད་བར་རོ། །དེ་ཡང་སཱི་ཏ་ཅེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། བསྒྲུབ་བྱ་དགུག་པའི་དུས་སུ་ཇི་སྐད་བཤད་པའི་གནས་སུ་སྔག་བསྒོམ་པར་བྱའོ། །རྣ་བའི་དྲུང་དུ་བཀང་བའི་མངའ་འཕང་བར་བྱ་སྟེ། མྱོས་པར་བྱེད་པ་དང་རྨོངས་པར་བྱེད་པ། འདར་བར ་བྱེད་བ་དང། ལྟུང་བར་བྱེད་པ་དང། རྒྱལ་བར་བྱེད་པའི་མངའ་ལྔས། མགོ་དང། མགྲིན་པ་དང། སྙིང་ག་དང། ལྟེ་བ་དང། གསང་བ་རྣམས་ཕུག་ནས་།སྙིང་བོའི་སྔགས་ཀྱི་འོད་གྱིས་བཀུག་པར་གྱུར་པར་བསམ་པར་བྱའོ། །ཡི་གེ་སཱི་ཏ་ལས ་ཡང་དག་བྱུང་ཞེས་བྱ་བ་ནི་སཱི་ཏ་ལས་སྐྱེས་པའོ། །བསླུས་ཤིང་ཞེས་བྱ་བ་ནི་འདོད་པར་བྱ་བ་ལ་མོས་པས་བྱའོ། །གཡེངས་བ་ནི་མྱོས་པའོ། །མྱོས་ནས་ཞེས་བྱ་བ་ནི་གཡོ་བའོ། །བདེ་བ་འདོད་པ་ནི་འདོད་པ་ལ་ཞེན་པའོ། །བཀུག ་ནས་རྐང་པའི་དྲུང་དུ་བཏུང་བ་གོས་དམར་པོས་ཡོངས་སུ་དཀྲིས་པར་བསམ་པར་བྱའོ། །སྔགས་བཏུབ་གསུངས་པ་དེར་ནི་ཞེས་བྱ་བ་ལ་བསྒོམ་པ་དེ་ལའོ། །ཡི་གེ་ཨོཾ་ནི་རིང་པོར་དྲང་ཞེས་བྱ་བ་ནི། དང་པོར་ཡི་གེ་ཨོཾ་ཉེ་བར་མཚོན་པར་བྱའོ། །ཡི་གེ ་སཱ་ཧཱ་ཐ་མ་རི་སྦྱིན་ཞེས་བྱ་བ་ནི་མཐར་དེ་སྦྱིན་པའོ། །འདི་དག་གི་བར་དུ་ཡི་གེ་སཱི་ཏའི་སྔགས་བརྗོད་པའི་བཟླས་པའོ། །སྔགས་བསྡུས་པ་ནི་འདི་ཡིན་ཏེ། ཨོཾ་ཧྲཱི་སཱི་ཏ་སྭཱ་ཧཱ་ཞེས་བྱ་བའོ། །ཧྲཱི་ཞེས་བྱ་བ་ནི་མན་ངག་ལས་ཤེས་པར་བྱའོ། །ཆེ་གེ ་མོ་ཞིག་བདག་དབང་གྱུར་ཅེས་བྱ་བ་ནི་སྒྲུབ་པའི་དུས་སུ་བསྐུལ་ཚིག་དང་ལྡན་པའོ། །ཐམས་ཅད་དུ་ནི་བསྒོམ་བྱས་ན་ཞེས་བྱ་བ་ནི་རྟག་ཏུའོ། །ཞག་བདུན་བར་དུ་ཞེས་བྱ་བའི་ཚིག་ཡོད་པ་དེར་ནི་བསྒྲུབ་པའི་དུས་སུ་ཉི་མ་བདུན་བསྒོམ་པའོ། །འདིར ་ཅིར་འགྱུར་ཞེ་ན། གསུངས་པ་།འདོད་པ་དེ་འཐོབ་པར་འགྱུར་ཞེས་ཞེས་པའོ། །གང་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས་གསུངས་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ཤྲཱི་དྷཱ་རས་མཛད ་པ་ལས་རིམ་པར་ཕྱེ་བ་བཅོ་ལྔ་པའི་བཤད་པའོ།། །།ད་ནི་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ཧེ་རུ་ཀ་ཆེན་པོ་ཞེས་བྱ་བ་ནི་སེམས ་ཅན་གྱི་ཕུང་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ་།ཧེ་ནི་ཆོས་ཐམས་ཅད་སྒྱུ་དང་བྲལ་བའོ། །ཧ་ནི་ཆོས་ཐམས་ཅད་ཉམས་པ་མེད་པའོ། །ེ་ནི་ཆོས་ཐམས་ཅད་ཚལ་བ་དང་བྲལ་བའོ། །རུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བྲག་ཆ་ལྟ་བུའོ། །ར་ཞེས ་བྱ་བ་ནི་ཆོས་ཐམས་ཅད་དགའ་བ་དང་ལྡན་པའོ། །ུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདེ་བ་དང་ལྡན་པའོ། ། ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། བསྟན་པ་དང ་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པ། བདག་མེད་པའི་རྣམ་པ། རང་གིས་རིག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་འགྲོ་བ་མ་ལུས་པ་ལ་ཕན་པ་ལ་གཅིག་ཏུ་ཞུགས་པ་ནི་བཅོམ་ལྡན་འདས་ཧེ་རུ་ཁ་ཆེན་པོའོ། །དེའི་བསྒྲུབ་པའི་ཐབས་ནི་འདས ་བསྒྲུབ་པར་བྱེད་པས་བསྒོམ་པའི་རིམ་པའོ། །གང་ཞིག་ཤེས་པ་ཞེས་བྱ་བ་ནི་གང་གིས་སྒྲུབ་པའི་ཐབས་ཉམས་སུ་ལེན་པའོ། །མྱུར་དུ་འགྲོ་བ་ཞེས་བྱ་བ་ནི་མྱུར་དུའོ། །རྣལ་འབྱོར་ཞེས་བྱ་བ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལུས་ཅན ་ནི་ཧེ་རུ་ཀ་ཆེན་པོའོ། །གང་ལ་དེ་ཡོད་པ་དེ་ནི་རྣལ་འབྱོར་རོ། །འཁོར་བར་བཅིངས་པ་ལས་ཞེས་བྱ་བ་ནི་འཁོར་བས་ན་འཁོར་བ་སྟེ། རྒྱུན་མི་འཆད་པར་འགྲོ་བ་དྲུག་ཏུ་གནས་པ་སྔོན་དུ་སོང་བ་འཁོར་བའོ། །དེ་ཉིད་ནི་འཆིང་བ་སྟེ་མི་གནས་པའི་མྱ་ངན ་ལས་འདས་པའི་གྲོང་དུ་འགྲོ་བ་འཆིང་བར་བྱེད་པས་འཆིང་བ་སྟེ། དེ་ལྟ་བུ་ལས་གྲོལ་བའོ། །དེ་ཉིད་གསུངས་པ། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔ་མ་ཀུན་དང་འདྲའོ། །ཕྱག་གཉིས་ཤེས་བྱ་བ་ལ་སོགས་པ་ནི་ཁྱད་པར་རོ། །ཕྱེད ་གར་ཞེས་བྱ་བ་ནི་གར་གྱི་ཁྱད་པར་སྟེ། ཕྱེད་ཀྲུང་གི་གར་ཞེས་བྱ་བའི་དོན་ཏོ། །ཕྱག་ཏུ་ཞེས་བྱ་བ་ནི་ཕྱག་གི་གཙོ་བོ་ནའོ། །གཞན་ལ་ཐོད་པ་དགོད་པར་བྱ་ཞེས་བྱ་བ་ནི་ཕྱག་ཡ་གཅིག་ལ་ཐོད་པ་དགོད་པའོ། །ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་འཁོར་ལོ་དང་ན་ཆོས ་དང། མགུལ་རྒྱན་དང། ལག་གདུབ་དང། སྐ་རགས་སོ། །ཕྱག་རྒྱ་འདི་དག་གིས་རྒྱས་བརྟབ་པ་འདི་ལ་ཡོད་པས་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་ཅེས་བྱའོ། །འདི་སྐད་བསྟན་པར་འགྱུར་ཏེ། སངས་རྒྱས་ལྔ་ཉིད་ཕྱག་རྒྱ་ལྔ་ཡིན་ཏེ། དེ་ཡང་དགྱེས ་པའི་རྡོ་རྗེ་ལས། །འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ། །རྣ་ཆ་སྣང་བ་མཛའ་ཡས་དག་།མགུལ་གྱི་ཕྲེང་བ་རིན་པོ་ཆེ། །ལག་གདུབ་རྣམ་སྣང་མཛད་དུ་དྲན། །སྐ་རགས་ལ་ནི་དོན་ཡོང་གནས། །ཕྱག་རྒྱ་འདི་ལྔ་རྣམ་པར་དག་།ཅེས་གསུངས ་པས་སོ། །ཁ་ཊཝཱཾ་ག་ནི་གཡོན་ཕྱོགས་སུ་ཞེས་བྱ་བ་ལ། ཐོད་པ་འཛིན་བའི་ཕྱག་གི་ཕྲག་པ་གཡོན་པར་ཁ་ཊཝཱཾ་ག་འཕྱར་བའོ། །ས་བོན་ཧཱུཾ་ལས་ཡང་དག་འབྱུང་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་ས་བོན་ལས་གང་བྱུང་བའོ། །ཡི་དག་ལ་གནས་ཞེས་བྱ་བ་ནི་རོའི ་སྙིང་གར་གནས་པའོ། །རྟག་ཏུ་དགོང་ཅེས་བྱ་བ་ནི་གད་མོ་རྣམ་པ་བརྒྱད་དང་ལྡན་པའོ། །དབུ་ལ་ཞེས་བྱ་བ་ནི་མགོ་ལའོ། །ཐོད་བ་ཞེས་བྱ་བ་ནི་ཀཾ་ནི་བདེ་བའོ། །དེ་སྐྱོང་བར་བྱེད་པས་ཐོད་པས་ཏེ། །སངས་རྒྱས་ཉིད་ཐོད་པའི་གཟུགས་སུ་གནས་པའོ། །དེའི ་ཕྱིར་སངས་རྒྱས་ལྔ་རུ་རབ་སྦྱོར་བ་ཞེས་གསུངས་པ་ཡིན་ནོ། །མི་བསྐྱོད་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་སྟེ། མ་ལུས་པའི་རྣམ་པར་རྟོག་པས་མི་འཁྲུགས་པས་ན་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །ཆོས་ཀྱི་འཁོར་ལོ་མ་ཞེས་བྱ་བ་ལ་སོགས་པས ་ནི་དཀྱིལ་འཁོར་གྱི་སྙིང་པོའི་ལྷ་མོ་དགོད་པ་བསྟན་ཏོ། །གཏི་མུག་ཐམས་ཅད་ཉེ་བར་འཇོམས་བྱེད་ཅེས་བྱ་བ་ནི་གཏི་མུག་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །བྱ་བ་སྡེ་ནུས་པའི་རྒྱལ་པོ་ཞེས་བྱ་བའི་རིགས་པས་སོགས་པ་ཞེས་བྱ་བའི་སྒྲ ་བར་གྱི་ཚིག་མི་མངོན་པར་བྱས་པའི་བསྡུ་བ་ཡིན་ནོ། །འདི་རྣམས་ཀྱི་ཕྱག་མཚན་གསུངས་པ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རྩིབས་བརྒྱད་པའི་འཁོར་ལོའོ། ། ཤྭད་ཐ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་ངོ། །ཡིད་བཞིན་གྱི་ནོར་བུའི་ཤིང་ནི ་དཔག་བསམ་གྱི་ཤིང་ངོ། །རྡོ་རྗེ་ནི་སྔོན་པོ་རྩེ་ལྔ་པའོ། །ཕྱག་གཡས་ལ་ཞེས་བྱ་བ་ནི་ཕྱག་གཡས་པའི་ཆ་ལའོ། །གཡོན་པ་ལ་ཞེས་བྱ་བ་ནི་གཡོན་པ་ལའོ། །འཁོར་ལོའི་དཀྱིལ་འཁོར་ནི་དབུས་ཀྱི་དཀྱིལ་འཁོར་ཟླུམ་པོ་ལའོ། །དབུས་དེར་སྤྱན་ལ ་སོགས་པ་ལ་ཡང་དགོད་པར་བྱའོ། །དེའི་ཕྱིར་གསུངས་པ། མེ་ལ་སོགས་པའི་མཚམས་བཞིར་རོ་ཞེས་བྱ་བ་ཡིན་ནོ། །ཡིད་དུ་འོང་བ་རྣམས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་ཤིན་ཏུ་ཡིད་འཕྲོག་པའོ། །འཁོར་ལོའི ་ཕྱི་རོལ་ཅེས་བྱ་བ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་གྲུ་བཞི་ལ་ནི་གཤིན་རྗེ་གཤེད་ལ་སོགས་པ་དགོད་དོ། །ཡང་གནས་ངེས་པ་གསུངས་པ། སྒོ་བསྲུངས་ཞེས་བྱ་བ་ལ་སོགས་པ་ལ་ཆོ་གའི་ལས་ནི་མཐོང་བ་ཡིས་ཞེས་བྱ་བ་ནི་ཆོ་གའི་ལས་གསུངས་པའོ། ། ་དེ་ལ་སྤྱན་ལ་སོགས་པ་དམར་མོ་དང། སྔོན་མོ་དང་དམར་མོ་དང་ལྗང་གུས་འཁོར་ལོ་དང། ཨུཏཔ་ལ་དམར་པོ་དང་པདྨ་དམར་པོ་དང་ཨུཏཔ་ལ་སྔོན་པོ་བསྣམས་པའོ། །ཁ་ཅིག་ན་རེ་འཁོར་ལོ་དང། རྡོ་རྗེ་དང་པདྨ་དང། རལ་གྲི་འཛིན་པའོ་ཞེས ་ཟེར་རོ། །གཡོན་པ་ཐམས་ཅད་ན་ཐོབ་པ་བསྣམས་པའོ། །གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་ཐོབ་དང་དབྱིག་པ་དང། པདྨ་དང། རལ་གྲི་བསྣམས་པའོ། །ཁ་ཅི་གན་རེ་འཁྱིལ་པ་ནི་རྡོ་རྗེ་བསྣམས་པའོ་ཞེས་ཟེར་རོ། །འདིར་ཡང་བཅོམ་ལྡན་འདས ་རྫོགས་པས་ཐམས་ཅད་ཀྱང་རྫོགས་པར་འགྱུར་རོ། །གང་དུ་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅུ་དྲུག་པའི་བཤད ་པའོ།། །།ད་ནི་རྒྱུད་མ་ལུས་པ་རབ་ཏུ་གཏོགས་པར་བྱ་བ་ལ་གོ་རིམས་འཆོལ་བའི་སྒྲུབ་ཐབས་ལ་ཐེ་ཚོམ་མེད་པའི་གོ་རིམས་རབ་ཏུ་ཤེས་པར་བྱ་བའི་ཕྱིར་དང། སྤྲོ་བ་དང་བསྡུ་བ་བྱེད་པ་ལ་སོགས་པ་དང། ལས་ཀྱི་ཚོགས་མ་ལུས ་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཞི་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་རིམ་པར་ཕྱེ་བ་དྲིས་པའི་ལན་དང་བཅས་པ་ཉིད་གསུངས་པ། རྣམ་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ལྔ་དག་ལས་རྫོགས་པའི་བཅོམ་ལྡན་འདས་རྡོ་རྗེ ་འཆང་ནི་རྣམ་པ་ལྔ་སྟེ། འདི་ལྟེ་སྟེ། ཨཱ་ལི་དང་ཀཱ་ལི་དང། ཡོངས་སུ་གྱུར་པའི་ཟླ་བ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དང་པོའི་རྣམ་པའོ། །དེ་དག་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་དེ། དེ་གཉིས་པའོ། །དེ་ལས་སྐྱེས་པའི་ཧཱུཾ ་ནི་སོ་སོར་རྟོག་པ་སྟེ་གསུམ་པའོ། །དེ་ལས་སྐྱེས་པའི་རྡོ་རྗེ་ནི་བྱ་བ་ནན་ཏན་ཏེ་བཞི་པའོ། །དེ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཆང་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དེ་ལྔ་པའོ། །བསྒོམ་བྱས་ནས་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་དང ་སྦྱར་རོ། །ཅི་ཞིག་ཅེ་ན། སངས་རྒྱས་གཟུགས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་གཟུགས་ནི་ཆོས་ཐམས་ཅད་ངེས་པར་རྟོག་པ་དང་ལྡན་པས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་གཟུགས་ནི་ལུས་སོ། །དེ་ནས་ཅི་ཞིག ་བྱ་ཞེ་ན། འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་བའོ། །དྲུག་པ་འདི་ནི་གཉིས་པའི་དོན་ཏོ། །མཁས་པ་ནི་བསྒོམ་བྱ་དང། བསྒོམ་པ་པོ་དང། བསྒོམ་པ་ལ་མངོན་པར་ཞེན་པ་མེད་པའོ། །ཇི་ལྟར་ན ་དཀྱིལ་འཁོར་པས་འཁོར་ལོ་ཅན་ཁུ་བའི་རྣམ་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལས་སློབ་པར་བྱེད་ཅེ་ན་གསུངས་པ། གར་དང་གླུའི་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། སེམས་ཅན་མཛའ་ཡས་པའི་དོན་བྱེད་པའི་གར་དང། དེ་སྔོན་དུ་སོང་བའི ་ཡིད་འཕྲོག་ཅིང་གསལ་བ་བྱེད་པའི་ངག་ནི་གླུའོ། །དེ་དག་གི་སྦྱོར་བ་རབ་ཀྱི་མཐར་ཐུག་པ་དུས་རིང་པོར་གོམས་པར་བྱས་པའི་བྱམས་པ་ལ་སོགས་པ་རྣམས། ཅིར་ཙྪ་ཀ་ལ་སོགས་པའི་གཟུགས་ཀྱིས་སྤྲོས་ནས་དེ་དག་གི་འཁོར་ལོ་ཅན་སྐྱེད ་པ་ནི་འཁོར་ལོ་བསྐྱེད་པ་བྱ་སྟེ། འཁོར་ལོ་ཅན་གྱི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་གསུངས་པ་ཙར་ཙི་ཀ་སོགས་གླུ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་ཙར་ཙིཀ་ལ་སོགས་པ་དེ་དག་གི་གླུ་ནི་དབྱངས་སུ་བྱ་བ་ཡིན་ཞིང། ་སྒྲ་དབྱངས་ཡིན་བས་སོ། །དྲུག་ལས་སྐྱེས་སོགས་ཤེས་བྱ་བ་ལ། དྲུག་ལས་སྐྱེས་པ་ནི་གླུའི་ཁྱད་པར་རོ། །དེ་ཉིད་གསུངས་པ། སྙིང་རྗེས་ཁྲོས་པའི་དང་སྒྲོལ་ཞེས་བྱ་བ་ལ་སོགས་པ་སྟེ། དང་སྒྲོལ་བཞེངས་ཤིག་ཅེས་བོད་པ་སྟེ། སྟོང་པ་ཉིད་མཐོང་མཛོད་ཅེས ་བྱ་བར་བསམ་པའོ། །སྙིང་རྗེས་ཁྲོས་པ་ཞེས་བྱ་བ་ལ། སྙིང་རྗེས་ཁྲོས་པ་ནི་སྙིང་རྗེའི་དབང་གིས་འདི་ལྟ་བུའི་གཟུགས་བཟུང་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་འབོད་པའོ། །ཁམས་གསུམ་ཀུན་གྱི་གཏི་མུག་ཅེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་ནི ་འདོད་པ་དང། གཟུགས་དང་། གཟུགས་མེད་པའི་མིང་ཅན་ནོ། །ཀུན་ནི་ལྷག་མ་མ་ལུས་པའོ། །ཁམས་གསུམ་མ་ལུས་པ་དེ་དག་གི་སོལ་ཞེས་བྱ་བ་སྟེ་མེད་པར་བྱེད་པའོ་གཏི་མུག་ནི་རྨོང་པ་སྟེ་མ་རིག་པའོ། །དང་སྒྲོལ་ཞེས་བྱ་བ་ལ་སོགས་པ་ལ། ་བདུད་བཞི་ནི་ཕུང་པོ་དང། ཉོན་མོངས་པ་དང། འཆི་བདག་དང། ལྷའི་བུའི་རྣམ་པར་གཡེང་བྱེད་དེ། དེ་ལས་རྒྱལ་བར་མཛོད་ལ། རྒྱལ་རིགས་ཁྱོད་བཞེངས་ཤིག་པའོ། །རྩོལ་བས་ཞེས་བྱ་བ་ནི་སྙིང་རྗེའི་སེམས་ཀྱིས་སོ། །མ་བཞུགས་ཤེས་བྱ་བ་ནི་ཉོན ་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་གྱི་ཁམས་མངོན་པར་གཟིགས་པས་སྙིང་རྗེའི་སེམས་ཀྱིས་གཡེངས་པའོ། །འཇིག་རྟེན་མགྲོན་པོས་ཞེས་བྱ་བ་ལ་འཇིག་རྟེན་མགྲོན་དུ་བོས་པ་སྟེ། དང་པོ་སངས་རྒྱས་ཉིད་དུ་ཤེས་བྱ་བའི་དོན་ཏོ། །ཅི་སྟེ་བཞུགས ་ཞེས་བྱ་བ་ནི་འདྲུག་པར་འདོད་པའོ། །སྟོང་ཉིད་ཅེས་བྱ་བ་ནི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལའོ། །དང་སྒྲོལ་བཞེངས་ཞེས་བྱ་བ་ནི་དོན་བསྟན་ཟིན་ཏོ། །འཇིག་རྟེན་བསོད་ནམས་ཞེས་བྱ་བ་ནི་འཇིག་རྟེན་པའི་བསོད་ནམས་བསགས་པའི་རྒྱུར་རོ། །ཁྱོད་ནི་ཞེས་བྱ་བ ་ནི་ཅིའི་ཕྱིར་ཁྱེད་ཅེས་བྱ་བའོ། །འདུག་ཅེས་བྱ་བ་ནི་གནས་ནས་པའོ། །སྟོང་པ་ཉིད་ལ་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་རྣམ་པར་བསམས་ནས་སོ། །བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་པོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ངོ་བོ་ལ་འཇིག་རྟེན་མགྲོན་དུ་པོས ་ནས་སོ། །མ་དང་ཕར་གྱུར་པའི་རྡོ་རྗེ་འཆང་གི་སྐུ་སྲིད་པ་བར་མ་རྣམ་པར་དག་པ་ཧོ་གཉིས་ཀྱིས་བརྟེན་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན། ཨོཾ་ཨཱ(རྒྱུད་འགྲེལ་ཇི་ལྟར་སྐར་མངའ་འཕོ་བ་བཞིན་ཞེས་བྱ་བ་ལ། གང་གིས་ཇི་ལྟར་ན་མཁའ་ལ་སྐར་མདའའཕོ་བ་སྟེ། །གཞན་དུ་འགྲོ་བ་ལྟར་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱང་འཇུག་གོ་།དེས་ཅི་འགྱུར་ཞེ་ན་གསུངས་པ། སྙིང་རྗེ་དང་ནི་འདོད་ཆགས་སེམས ་ཞེས་བྱ་བ་ལ་སྙིང་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འབྱིན་པར་འདོད་པའོ། །དེའི་འདོད་ཆགས་ནི་ཞེན་པའོ། །དེ་ཉིད་ནི་སེམས་ཏེ། དེའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ནི་ཁུ་བར་གྱུར་པའོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི་རྡོ་རྗེ་ནི་ཡེ་ཤེས ་ལྔའོ། །དེའི་བདག་ཉིད་འཛིན་པར་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །རང་ཉིད་ཅེས་བྱ་བ་ནི་རང་རང་གི་ངོ་བོས་ཏེ། ཇི་ལྟར་དེའི་རང་གི་ངོ་བོ་གང་ཡིན་པས་དེས་སོ། །འདིས་ནི་ཁུ་བའི་གནས་སྐབས་ན་ཡང་སྙིང་རྗེའི་བདག་ཉིད་དང། ཡེ་ཤེས ་ལྔའི་བདག་ཉིད་མ་སྤངས་པར་འགྱུར་རོ། །དེ་དག་ཀྱང་ཇི་ལྟར་བསྒོམ་པར་བྱ་ཞེས་ཐེ་ཚོམ་ཟ་བ་གསལ་བར་བྱ་བའི་ཕྱིར་དང་པོར་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དང་པོར་ནི་ཐོག་མར་རོ། །རྣལ་འབྱོར་ནི་ཤེས་རབ་དང ་ཐབས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་གཟུགས་སོ། །དེ་ནས་ནི་རྡོ་རྗེ་སྟེ་ཕྱི་ནས་སོ། །རྣལ་འབྱོར་ནི་རྗེས་ཀྱི་རྣལ་འབྱོར་རོ། །དེ་ལས་ཤིན་ཏུ་ཡང་སྦྱོར་བ་ནི་ཤིན་ཏུ་རྣལ་འབྱོར་རོ། །ཐུབ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་རྣམ་པ་ཅན་གྱི་རང་རིག ་པ་ཉིད་ནི་རྣལ་འབྱོར་ཆེན་པོའོ། །རྣལ་འབྱོར་ལ་སོགས་པ་ནི་ཅི་ཞིག་ཅེ་ན། རྡོ་རྗེ་སེམས་དཔའ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རྒྱུ་འཐུན་པ་གང་ཡིན་པ་དེ་དེ་དང་འདྲ་བས་ལྷའི་སྐུ་སྟེ། བདེ་བ་ཆེན་པོ་ནམ་མཁའ་ལས ་བྱུང་བས་རྗེས་ཀྱི་རྣལ་འབྱོར་ཞེས་བསྟན་ཏོ། །ལྷའི་མིག་སོགས་བྱིན་བརླབས་དང་ཞེས་བྱ་བ་ནི། ལྷའི་ཡང་ཡིན་ལ་མིག་ཀྱང་ཡིན་པས་ལྷའི་མིག་སོགས་ཏེ། ཇི་ལྟ་བུ་ཞེ་ན། ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང། མངོན་གྱི་གནས ་རྗེས་སུ་དྲན་པ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཟབ་པ་ཟད་བའི་ཤེས་པའོ། །དེ་དག་གི་བྱིན་གྱིས་བརླབས་པ་ནི་ལྷའི་རྣམ་པར་བསྐྱེད་པའོ། །ལུས་ལ་སོགས་པ་མ་ལུས་པ་བྱིན་གྱིས་བརླབས་པ་བསྟན་པའོ། །སློབ་དཔོན་ནི་བླ་མའོ། །དེ་ཡང། དམ་ཆོས ་ཀློག་པ་འབྱིན་པ་དང། །འཚང་བྱེད་མན་ངག་སྟོན་པ་དང། །དབང་བསྐུར་བ་དང་ལས་བྱེད་པ། །དེ་རྣམས་སློབ་དཔོན་ཞེས་བསྟན་ཏོ། ཞེས་གསུངས་པ་ཡིན་ནོ། །བརྙས་མི་བྱ་ཞེས་བྱ་བ་ནི་དེ་དག་ལ་བརྙས་པར་མི་བྱའོ། །བྱམས་པས་གདུག་པ་ཞེས་བྱ་བ་ནི ་ཆགས་པ་ཉེ་བར་བཅོམ་པའི་བྱམས་པའོ། །དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །སློངས་མོ་ནི་རྒྱུན་མི་འཆད་པའི་ངོ་བོའོ། །རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོའོ། །རྟགས་པར་ནི་དུས་ཐམས་ཅད་དུའོ། །རྟག་ཏུ་ཞེས་བྱ་བ་ནི་མཉམ ་པར་བཞག་པ་འམ། མཉམ་པར་མ་བཞག་པའི་གནས་སྐབས་སུ་ཡང་ངོ། །དམ་ཚིག་ལ་སོགས་བབ?་ནི་འདིས་རང་རིག་བ་ཐོབ་པར་བྱེད་མཉམ་པར་བྱེད་པས་ན་དམ་ཚིག་ནི་ཕྱག་རྒྱའོ། །སོགས་པའི་སྒྲས་ནི་གཟུགས་དང། སྒྲ་དང། དྲི་དང་།རོ ་དང་ན་རེག་བྱའོ། །གནོད་པ་ནི་གནོད་པ་བྱེད་པའོ། །བག་མེད་པ་ནི་ཞེ་སྡང་གིས་རྒྱས་པར་བྱས་བའི་སེམས་སོ། །དཀྱིལ་འཁོར་ནི་འཁོར་ལོ་སྟེ། སློབ་དཔོན་གཙོར་བྱས་པའི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །བདེ་གཤེགས་རྣམས་ནི་བླ་མའོ ་ད་ནི་རྒྱུད་མ་ལུས་པ་དོན་མཉམ་པར་རྟོགས་ནས། །དེ་བཞིན་གཤེགས་བས་བསྟན་པ་འདུས་ན། ལྐོག་ཏུ་གྱུར་པའི་སེམས་ཅན་སེམས་སྤྲོ་བར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་པ་ལ། སེམས ་ཅན་གྱི་ཕུང་པོ་ཆེན་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ། །དགའ་བའི་མཆོག་གང་ལ་ལྷན་ཅིག་སྐྱེས་པའི་མིང་ཡོད་པ་དེ་ནི་མཆོག་ཏུ་དགའ་བའོ། །དེའི་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བའི་ངོ་བོ་སྟེ། ་དེའི་གསུང་ངོ། །མི་སྨྲ་བར་གྱུར་ཅེས་བྱ་བ་ནི་དག་གི་ལམ་ལས་འདས་པའི་ཆོས་ཐོས་པས་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆེད་དུ་འཇོད་པ་ནི་སྙིང་རྗེས་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པ་མངོན་དུ་བྱས ་ནས་བསྐྱེད་པས་བརྗོད་པ་ནི་ཆེད་དུ་བརྗོད་པའོ། ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་བརྗོད་པ་དང་ལྡན་པའོ། །འཁྲུལ་འཁོར་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཆོས་ནི་སྦྱིན་པའི་མཚན་ཉིད་དང ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། ཞི་བ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དང། དངོས་པོ་དང་དངོས་པོ་མེད་པ་དང། ཀུན་རྫོབ་དང་དོན་དམ་པའི་རྣམ་པར་རྟོག་པ་མ་ལུས་པ ་ནུབ་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་གདུག་པ་ཅན་གཞུག་པའི་ཕྱིར་ཤིན་ཏུ་ཁྲོས་ཤིང་འཇིགས་པ་མཛད་པ་ཡང་ངོ་མཚར་བའོ། །ེ་མའོ་མྱ་ངན་ལས་འདས་པ་མཆོག་ཅེས་བྱ་བ་ནི་གང་ལ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ ་མཆོག་ཡོད་པའི་མྱ་ངན་ལས་འདས་པ་ལ་དེ་སྐད་ཅེས་བྱ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་པའི་དོན་ཏོ། །རྣམ་པར་མི་རྟོག་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་ཞེས་བྱ་བ་ཡང་ངོ་མཚར་རོ། །ཆོས་ཐམས་ཅད་ཀྱི ་རང་བཞིན་གྱི་དེ་ཁོ་ན་ཉིད་གསུངས་ནས་མ་རྟོགས་པའི་ངོ་མཚར་ཆེ་བ་ཡང་གསུངས་པ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་ལྟ་བུར་གནས་སུ་ཟིན་ཀྱང། གང་འཁོར་བ་ན་འཁོར་བ་ཡང་ངོ་མཚར་ཆེའོ། །གལ་ཏེ་དོན་དམ་པར་རང་བཞིན་གྱི་དོན ་ཕུན་སུམ་ཚོགས་པ་ལྟ་བུ་ངོ་མཚར་ཆེ་བར་འགྱུར་རོ། ཡང་ཀུན་རྫོབ་ཏུ་ཇི་ལྟར་ཡིན་ཞེ་ན། གསུངས་པ། ཨེ་མའོ་འདི་ནི་རབ་ཏུ་མཚར་ཞེས་བྱ་བ་ལ་སོགས་པ་ལ་ཉེས་པ་གང་དེ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་ནི་འཁོར་བའི་རྒྱུ་ཡིན་པའི ་ཕྱིར་སྐྱོན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱི་ངོ་བོའོ། །དེའི་ཡོན་ཏན་ཞེས་བྱ་བ་ནི་དོན་དམ་པ་རྫོགས་པར་བྱ་བའི་ཕྱིར། ཡོན་ཏན་དུ་བྱེད། གོམས་པར་བྱེད་པས་ཡོན་ཏན་ཏེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས ་པའི་ངོ་པོའོ། །འགྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །དོན་ནི་འདི་ཡིན་ཏེ། ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་བསྡུས་པའི་བློས་ནི་ཉེས་པ་ཡང་ཡོན་ཏན་གྱི་ངོ་བོར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡང་ངོ་མཚར་བའོ། །དེ་སྐད་དུ་ཡང། ཇི་ལྟར་བ་ཚའི་རྒྱ ་མཚོ་རུ། །ཆུ་ཡི་ཐིགས་པ་ཞུགས་ན་ནི། །ཚ་བར་འགྱུར་ཞིང་འོ་མར་ནི། །ཞུགས་པས་དེ་ཡང་བདུད་རྩིར་འགྱུར། ཞེས་གསུངས་པ་དང། ཚུལ་ཁྲིམས་བསྔགས་པའི་མདོ་ལས་ཀྱང། མི་མཁས་སྡིག་པ་ཅུང་ཟད་བྱས་ཀྱང་འོག་ཏུ་འགྲོ། མཁས་པས ་ཆེན་པོ་བྱས་ཀྱང་དེ་ཡི་གནོད་པ་སྤོང། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིད། །དེ་ཉིད་སྣོད་དུ་བྱས་ན་སྟེང་ནི་འཕྱོ་བར་འགྱུར་ཞེས་གསུངས་པས་སོ། །དེ་ལྟ་བུའི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། རྣམ་པ་གང་གིས་བརྟག་པ་མ་ལུས་པ ་སྤོང་པ་དེ། རབ་ཏུ་བསྟན་པ་ནི་དངོས་པོ་མ་ཡིན་ཞེས་བྱ་བ་ལ་འབྱུང་བར་འགྱུར་བར་དངོས་པོའོ། །དེ་མ་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །རང་དང་གཞན་དང་གཉི་ག་ལས་སྐྱེ་བར་མི་རིགས་པས་སོ། །དེ་ལ་ཕྱོགས་དང་པོ་ལ་ནི་དེ་ལས་དེ་སྐྱེ་ན་ཁྱད་པར ་ཅུང་ཟད་ཀྱང་མེད་པས། ས་བོན་ལས་ས་བོན་ཉིད་སྐྱེ་ན། མྱུ་གུ་ལ་སོགས་པ་མེད་པར་འགྱུར་རོ། །འོན་ཏེ་ས་བོན་ཉིད་མྱུ་གུའི་ངོ་བོར་གྱུར་ཏོ་ཞེ་ན། མ་ཡིན་ཏེ་མྱུ་གུའི་དབྱིབས་དང། ཁ་དོག་དང། རོ་དང། ནུས་པ་མ་གྱུར་པ་རྣམས་གཞན ་མ་ཡིན་པས་མྱུ་གུ་མ་ཡིན་ནོ། །འོན་ཏེ་སྟོན་གྱི་ས་བོན་གྱི་ངོ་བོ་ཡོངས་སུ་བཏང་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཞན་དང་གཞན་ཡིན་ན། ཇི་ལྟར་ན་དེ་ཉིད་ཡིན་དེ་ལྟར་ན་ཡང་ངོ་ཞེ་ན། ཨེ་མའོ་ཡོངས་སུ་གྱུར་པས་སྨྲ་བ་ལ་མཁས་པ ་ཡིན་ཏེ། བདག་ཉིད་ཉམས་ནས་ནུས་པ་མེད་པས་བསྐྱེད་དོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ཡང་མི་རིགས་ཏེ། དེ་ལྟ་ན་ནི་ཀོ་ཏྲ་བའི་ས་བོན་ལས་སཱ་ལུའི་མྱུ་གུ་འབྱུང་བར་ཐལ་བར་འགྱུར་རོ། །རང་གི་རྒྱུན་བསྐྱེད་པའི་སྟོབས་ཀྱིས་སོ་ཞེ་ན། དེ་ལྟ་ན་ནི་སཱ་ལུའི ་ས་བོན་ལས་སཱ་ལུའི་མྱུ་གུ་བསྐྱེད་པའི་ནུས་པ་མེད། གཞན་ཡིན་པའི་ཕྱིར་རོ། །འོན་ཏེ་རྒྱུན་གཅིག་ཉིད་ཇི་ལྟར་གཞན་དུ་འགྱུར་ཞེ་ན། དེ་ལྟ་ན་ཡང་ས་བོན་དང་མྱུ་གུ་དག་ཁྱད་པར་ཅི་ཡང་མེད་དོ། །དེ་མེད་པས་གཅིག་ཉིད་ཡིན་ནོ་གཅིག་ཉིད་ཡིན་པ་ལ ་གཞན་མེད་པས་སྐྱེ་བ་ཡང་མེད་དེ། །མང་པོ་སྨྲ་ཅི་དགོས། གསུམ་པ་ཡང་མི་རིགས་ཏེ་བདག་དང་གཞན་ནི་ཤིན་ཏུ་ཡང་འགལ་བའི་ཕྱིར་རོ། །དེ་ཡང་མྱུ་གུ་ནི་རང་གི་ངོ་བོས་འབྱུང་བའི་དངོས་པོ་མེད་ལ། གཞན་གྱི་ངོ་བོ་ནི་ས་བོན་ཏེ། ཡོད་པ ་ཡིན་ན་ཇི་ལྟར་ན་གཉི་ག་ལས་ཡིན། འོན་ཏེ་སྐྱེ་བར་འགྱུར་བའི་མྱུ་གུ་ལ་གཞན་ས་བོན་འཐོབ་པ་ཡོད་པས་ངེས་ན་ཅུང་ཞིག་ནི་གཞན་ལས་སྐྱེ་བ་ཡོད་པར་འགྱུར་རོ་ཞེ་ན། སྐྱེ་བཞིན་པའི་རང་གི་ངོ་བོ་ནི་ཡོད་པ་མ་ཡིན་པས་དེ་ཉིད་ནི་གཞན་ཡིན་ཏེ། ་གཞན་དུ་ན་ཇི་ལྟར་སྐྱེ་བཞིན་པར་བསྟན་པར་བྱ། གལ་ཏེ་དེ་ལྟ་ཡིན་ནོ། ས་བོན་གཞན་གྱི་ཅི་ཞིག་བྱ་སྟེ། རང་ཉིད་དེ་ལས་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པར་ཡོད་པ་ཉིད་དུ་མི་རིགས་སོ། །གང་མེད་པ་དེ་ནི་སྐྱེ་བར་མི་རིགས་ཏེ། ཇི་ལྟར་རི་བོང ་གི་རྭ་བཞིན་ནོ། །འདི་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱས་པར་རང་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་ཞེས་བྱ་བ་ལ་སོགས་པས་དབུ་མའི་རབ་ཏུ་བྱེད་པ་ལས་བསྟན་པ་ཡིན་ནོ། །འདིའི་དོན་ནི་དེ་ཉིད་ལས་རིག་པར་བྱའོ། །གཞུང་མངས ་པའི་འཇིགས་པས་མ་བརྗོད་དོ། །མེད་ཅེས་བྱ་བ་ལ་བསྒོམ་པར་བྱ་བས་ན་བསྒོམ་བྱ་སྟེ། ཡང་དང་ཡང་དུ་སེམས་ལ་བསྒོམ་པའོ། །དེ་ཡང་འདི་ལྟ་བུའི་ཁྱད་པར་ཅན་གྱི་མ་སྐྱེས་པ་ལ་མེད་དོ། །དངོས་པོ་བསྒོམ་པ་འདི་དག་བཀག་པས་བསྒོམ ་པ་པོ་གསལ་པོར་བཀག་པ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ་སྤྱིར་དངོས་པོ་དང་དེ་ལ་བརྟེན་པའི་བསྒོམ་པ་བཀག་ནས་ཁྱད་པར་དུ་ཁམས་ལ་སོགས་པའི་སྒོ་ནས་གསུངས་པ། ཁམས་མ་ཡིན་ཞེས་བྱ་བ་ལ་མདོར་ན་ཁམས་བཅོ་བརྒྱད་ནི ་ཁམས་སོ། །འདི་ལྟ་སྟེ་གཟུགས་ཀྱི་ཁམས་དང། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་དང། ཆོས་དང། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང། ་ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་མིག་ལ་བརྟེན་ཅིང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། སྔོན་པོ་ལ་སོགས་པར་སྣང་བའོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང ་ཡིད་ལ་བརྟེན་ཏེ་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་སུ་སྣང་ཞེས་བྱ་བའོ། །དེ་ལ་གཟུགས་དང་མིག་དག་གཅིག་དང་དུ་མ་ལ་སོགས་པར་མི་རིགས་པས་གཉི་ག་ཡང་མེད་པ་ཡིན་ནོ། །དེ་ན་དེ་ལ་བརྟེན་པའི ་རྣམ་པར་ཤེས་པ་ཡང་མེད་དོ། །དེ་བཞིན་དུ་ཇི་སྲིད་རྣམ་པར་ཤེས་པའི་བར་དུའོ། །དེ་ཡང་ཤེས་བྱ་མེད་པས་ཤེས་པའང་བཀག་པ་ཡིན། བདེ་བས་སངས་རྒྱས་ཉིད་ནི་འཐོབ་པ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཁམས་རྣམས་བཀག ་ནས་གང་དུ་འདི་དག་ཐམས་ཅད་ནུབ་པར་འགྱུར་བའི་བག་ཆགས་མ་ལུས་པའི་རྟེན་དུ་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་དགག་པའི་ཕྱིར་གསུངས་པ། རྣམ་ཤེས་མིན་ཞེས་བྱ་བ་སྟེ། དགོངས་པ་ནི་འདི་ཡིན་ཏེ། ཡུལ་རྣམས་སྔ ་མ་བཞིན་བཀག་པས། གང་གི་ཕྱིར་ཡུལ་ཅན་བཀག་པར་འགྱུར་རོ། །གཞན་ཡང་དཔེས་དོན་གང་གསལ་པོར་བྱ་བའི་ཕྱིར་ནམ་མཁའ་ཨི་དཀྱིལ་དང་མཚུངས་པ་ཉིད་ཅེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཉམ་པ་ཉིད་ནི་མཚུངས ་པ་སྟེ། ངོ་བོ་ཉིད་གཅིག་ཅེས་བྱ་བའི་བར་དུའོ། །ཇི་ལྟར་ནམ་མཁའ་མ་སྐྱེས་མི་འགག་པ། མ་བྱས་པ། མི་འགྱུར་བ། ཀུན་ཏུ་མི་གནས་པ། རྣམ་པར་མི་གནས་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དང་མཚུངས ་པའི་གནས་ཉིད་ནི་དཀྱིལ་ཏེ་བསྡུ་བའོ། །ཡང་ནམ་མཁའ་ཨི་དཀྱིལ་དང་མཚུངས་པར་ཐིམ་པར་གྱུར་ཅིང་མཚུངས་པར་གྱུར་པས་དེ་ལྟར་རོ། །དེ་ལྟར་ཁྱད་པར་ཅན་ཡིན་ན་ཡང་བདག་ལ་སོགས་པ་བརྟགས་པ་ཞི་བར་བྱ་བའི་ཕྱིར་གསུངས་པ། ནམ ་མཁའ་ལྟ་བུར་ཞེས་བྱ་བ་ལ། ནམ་མཁའ་ཇི་ལྟ་བ་དེ་ལྟ་བུར་བདག་མེད་པ་སྟེ། འདས་ཤིང་བྲལ་བའི་བདག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཅེས་བྱ་བ་ནི་མཚོན་པ་སྟེ། བདག་དང་སེམས་ཅན་དང། སྲོག་དང། གསོ་བ་དང། ་སྐྱེས་བུ་དང། གང་ཟག་དང། ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང། རིག་པ་པོ་ལ་སོགས་པ་སྤངས་པའོ། །འདི་ཤེས་བྱ་བ་ནི་འདི་ཉིད་དོ། །ཆོས་འདི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་ཆོས་རྣམས་ནི་བདེ་བ་ཆེན་པོ་སྟེ། རྟོག་པ་མ ་ལུས་པ་ཟད་པའི་ཕྱིར་བདེ་བའོ། །ཡང་ས་ལ་སོགས་པའི་སྒོ་ནས་གསུངས་པ། ས་ཡང་མ་ཡིན་ཆུ་ཡང་མིན། ཞེས་བྱ་བ་ལ་སོགས་པ་ལ་ས་ཡང་མ་ཡིན་ཞེས་པ་ནི། སའི་ངོ་བོའི་རྫས་མ་ཡིན་ནོ། །ཆུ་མིན་ཞེས་བྱ་བ་ནི་ཁུ་བའི་ངོ་བོ ་མིན་པའོ། །མེ་མིན་ཞེས་བྱ་བ་ནི་དྲོ་བ་ཡང་མ་ཡིན་པའོ། །རླུང་མིན་ཞེས་བྱ་བ་ནི་འཕེལ་བ་དང། རྒས་པ་དང་གཡོ་བ་མ་ཡིན་པའོ། །ནམ་མཁའ་མིན་ཞེས་བྱ་བ་ནི་མེ་དང་འདྲ་བར་བརྟགས་པའི་དངོས་པོ་ཐམས་ཅད་སྲེག་པར་བྱེད་པས་ནམ་མཁའ་ ་གལ་ཏེ་ཐམས་ཅད་དུ་དངོས་པོ་མེད་ན་དེའི་ཕྱིར་ཇི་ལྟར་ན་གཤིན་རྗེ་གཤེད་བསྐྱེད་པ་ཡིན་ཞེ་ན། གསུངས་པ། རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས་ཞེས་བྱ་བ་ལ། རྡོ་རྗེ་ནི་རྨི་ལམ་དང་གཟུགས་བརྙན་དང་སྒྱུ་མ་ལྟར་ཆོས་ཐམས་ཅད་སྟོང་པའོ། །དེ་ཡང ་རྣམ་པ་ཀུན་གྱི་མཆོག་ལྟན་པ། །སྟོང་པ་རྡོ་རྗེར་བརྗོད་པར་བྱ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་ཉིད་སྔོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཨོ། །དེའི་སྦྱོར་བ་ཁྱད་པར་ཅན་རྟེན་ཅིང་འབྲེལ་པར་འབྱུང་བའི་བསམ་གྱིས་མི་ཁྱབ་པ་ནི། རྡོ་རྗེ་སེམས ་དཔའ་ཨི་སྦྱོར་བ་ཡིས་ཤེས་བྱ་སྟེ། བསྐྱེད་པ་འདི་ལ་རབ་ཏུ་གནས་པའོ། །དེ་དག་བསམ་གྱིས་མི་ཁྱབ་པ་ཡིན་ཡང་དངོས་པོས་ཉིད་དུ་ནི་ཡོད་དོ་ཞེས་ཐེ་ཚོམ་ཟ་བ་གསལ་བའི་ཕྱིར། དངོས་པོ་ཐམས་ཅད་དངོས་མེད་བཤད་ཅེས་བྱ་བ་གསུངས་ཏེ། ཇི ་ལྟར་དངོས་པོ་འདི་དག་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བས་སོ་སོར་སྣང་བ་དེ་བཞིན་དུ་དངོས་པོར་བརྗོད་པར་མི་བྱ་ཞིང། དངོས་པོར་བརྗོད་པར་བྱ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་རྟེན་གང ་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཇི་ལྟར་བྱ། ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ནི་དངོས་པོ་འདི་དག་ཉིད་དངོས་པོ་མེད་པར་འགྱུར་རོ་ཞེས་ཐེ་ཚོམ་ཟ་བ་གསལ་བའི་ཕྱིར། དངོས་པོ་མེད ་ཅེས་གྲགས་པ་ཞེས་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དེ་དངོས་པོ་མེད་པར་གྲགས་ཏེ། དངོས་པོ་མེད་པར་ངོ་བོར་མི་རྟོག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་རྣལ་འབྱོར་པ་ཤེས་རབ་དང་ཐབས་ལ་སྙོམས་པར ་ཞུགས་པའི་རྣལ་འབྱོར་ཉིད་དུ་ཇི་ལྟར་འབྲེལ་ཞེ་ན། དེའི་ཕྱིར་གསུངས་པ། ཆང་པ་མ་ཡིན་ཞེས་བྱ་བ་ལ་ཆང་པ་ནི་མེད་པའོ། །རྟག་པ་མེད་པ་ཞེས་བྱ་བ་ལ་རྟག་པ་ནི་ཐེར་ཟུག་གོ་།འང་གི་སྒྲས་ནི་རྟག་པ་ཡང་མི་རྟག་པ་དང། རྟག ་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དེ་ལ་ཅུང་ཟད་ཀྱང་བསམ་དུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །ཕྱག་དང་ཞལ་གྱི་སྒོ་ནས་གསུངས་པ། ཡན་ལག་མེད་ཅིང་ཁ་གདོང་མེད་ཅེས་བྱ་བ་ལ་སོགས་པ་ལ་ཕྱག་དང་ཞལ་ལ ་སོགས་པའི་རྟག་པ་ཡང་མི་རྟག་པའོ། །བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་རིག་པའི་ངོ་བོ་ཡིན་པའི་ཕྱིར་དགོངས་པའོ། །དེ་ཉིད་གསུངས་པ། མཆོག་ཏུ་དགའ་བའི་མཚན་ཉིད་དོ་ཞེས་བྱ་བ་ལ། མཆོག་ནི་བདག་དང་གཞན་གྱི ་དོན་ཕུན་སུམ་ཚོགས་པའོ། །དགའ་བ་གང་ལ་དེ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་སྟེ། ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་བདེ་བ་ཆེན་པོའི་ངོ་བོའོ། །དེ་ཉིད་ཀྱི་མཚན་ཉིད་གང་ཡིན་པའི་ཕྱག་དང་ཞལ་ལ་སོགས་པ་ནི་མཆོག་ཏུ ་དགའ་བའི་མཚན་ཉིད་དོ། །འདིས་མཚོན་པར་བྱེད་པས་སོ། །དེ་ཡང་སེམས་ཀྱི་འཇུག་པའི་ཇི་སྙེད་པ། །མགོན་པོ་གཟུགས་ཀྱང་དེ་ཉིད་དེ། །ཆུ་གཞན་རླབས་ཀྱང་གཞན་ནམ་ཅི། །སྲིད་དང་ཞི་བ་འདྲེས་པའི་གཟུགས་ཞེས་གསུངས་པས ་སོ། །ད་ནི་མདོར་བསྡུས་ནས་འདི་དག་རྟག་པ་ཉིད་བསལ་བར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་མེད་པར་འགྱུར། ཞེས་བྱ་བ་གསུངས་ཏེ། རྟག་པའི་དངོས་པོ་ཡོད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། ཐོག་མ་བར་དང་མཛའ་ ་སྤངས་པས་ཞེས་བྱ་བ་གསུངས་ཏེ། ཐོག་མ་ནི་དང་པོའི་ཆའོ། །གཉི་གའི་བར་དུ་ནི་དབུས་སོ། །མཛའ་ནི་ལྷག་མའི་ཆ་སྟེ། དེ་སྤངས་པས་སོ། །དོན་ནི་འདི་ཡིན་ཏེ། རིམ་པ་མེད་པའི་གཟུགས་གཅིག་པུ་ལ་ཐོག་དང་བར་དང། མཛའ་ཨི ་དབྱེ་བ་མེད་དེ། རྡུལ་ཕྲ་རབ་ཏུ་མ་ཆ་ཤས་མེད་པའི་ཕྱིར། དམིགས་པར་མི་འགྱུར་ཏེ། བསགས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་བརྗོད་པ་བསྟན་ནས། ད་ནི་རྡོ་རྗེ་ཙར་ཏསྩི་ཀ་ལ་སོགས ་བའི་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དྲི་མེད་ཅེས་བྱ་བ་ནི་དངོས་པོ་ལ་སོགས་པར་རྟོག་པའི་དྲི་མ་མ་ལུས་པར་སྤངས་པའི་ཕྱིར་དྲི་མ་མེད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་སྟེ། ཅི་ཞིག་ཡིན་ཞེ་ན། གསུངས་པ། མཆོག་ཏུ་དགའ་ ་བ་ཞེས་བྱ་བ་སྟེ། དོན་བསྟན་ཟིན་ཏོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་ཞེས་བྱ་བ་ལ་བསོད་ནམས་དང་སྡིག་པ་དང་འབྲེལ་བ་མེད་པ་སྟེ། ཡང་དག་པའི་འབྲེལ་པ་མ་མཐོང་བས། རྣམ་པར་མི་རྟོག་པ་ཡང་དག་པར་རིག་པ་ཉིད་ཀྱི ་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཡང་དག་པའི་འབྲེལ་པ་མེད་པས་འགྲོ་བའི་དོན་བྱ་བ་ཡང་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད། ཅེས་བྱ་བ་ལ་སྙིང་རྗེ་གང་གིས་རོ་མཉམ་པར་བྱས་པའི་སེམས་འདིའོ། ། ་ཡོད་པ་ནི་གནས་པའོ། །ཀུན་ཀྱང་ནི་བསོད་ནམས་དང་སྡིག་པ་དང་འབྲེལ་པའི་སྐྱེ་བ་ལ་སོགས་པའོ། །བདེན་པར་ཞེས་བྱ་བའི་ཚིག་ཡོད་པར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །སྡིག་པ་ལ་སོགས་པ་འདི་དང། ཀུན་རྫོབ་དང། དོན་དམ་པ ་གཉིས་ཀྱི་དོན་ཅི་ཞེ་ན། མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་ཞེས་བྱ་བ་གསུངས་ཏེ། གཅིག་པུ་ནི་གཅིག་ཉིད་དོ། །གཏེར་ཆེན་ཞེས་བྱ་བ་ནི་རིམ་པ་རྣམས་ཀྱིས་ངེས་པར་བོད་པའོ། །ཡང་ན་གཏེར་ནི་བདག་དང་གཞན་གྱི་དོན་ཕུན་སུམ ་ཚོགས་པ་གང་ལ་ཡོད་པ་དེ་ནི་གཏེར་ཆེན་པོའོ། །དེ་ཉིད་ཀྱང་ཡིན་ལ་མི་བདེན་པ་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་དོན་ཡིན་ཏེ། མགོན་པོ་དེ་བཞིན་ཉིད་དོ། །དགའ་བ་ལ་སོགས་པ་དབྱེ་བའི་སྒོ་ནས་གསུངས་པ། མཆོག་ཏུ་དགའ་པ་འདིའི ་ངོ་བོ་ཞེས་བྱ་བ་ལ་དགའ་བ་ལས་ཁྱད་པར་དུ་འཕགས་པའི་དགའ་བའི་བདེ་བ་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་པའོ། །དེ་ལྟ་བུའི་མཆོག་ཏུ་དགའ་བ་ཡང་ཅི་ཞིག་ཅེ་ན། འདིའི་ངོ་བོ་ནི་ཞེས་བྱ་བ་གསུངས་ཏེ། ལྷག་པར་བདེ ་བའི་ངོ་བོ་སྟེ། ལྷག་པར་འགྱུར་བའི་བདེ་བ་ཞེས་བྱ་བའི་བར་དུའོ། །བདེ་བ་ཆེན་པོའི་དངོས་ཞེས་བྱ་བ་ནི་རང་གི་རིག་པའི་འགྲོ་བའི་དོན་བྱེད་པའི་བདེ་བ་ནི་བདེ་བ་ཆེན་པོའོ། །དངོས་ཞེས་བྱ་བ་ནི་ངོ་བོའོ། །དེའི་ཕྱིར་བདེ་བ་ཆེན་པོའི་དངོས་ཞེས ་བྱའོ། །ཆོས་རྣམས་ངོ་བོ་ཞེས་བྱ་བ་ལ་དངོས་པོའི་ཚོགས་མ་ལུས་པ་འཛིན་པས་ཆོས་ནི་ནམ་མཁའ་སྟེ། ནམ་མཁའ་ཨི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དེ་ལའོ། །སྤུན་ཞེས་བྱ་བ་དང། ཧེ་ཞེས་བྱ་བ་ནི་སྤུན་ཟླའོ་ཞེས་འབོད་པའོ། །བསོད་ནམས ་མེད་ཅིང་སྡིག་པ་མེད་ཅེས་བྱ་བ་ནི་བསོད་ནམས་དང་སྡིག་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། ཞེས་གསུངས་ཏེ། སྐྱེ་བ་དང་འཇིག་པ་དེ་དག་གི་ངོ་བོ་མེད་པའོ། །ཡང་ན་ངོ་བོ་ཞེས་བྱ་བ་གནས་པ་སྟེ། སྐྱེ་བ་མེད་པ་དང། འཇིག ་བ་མེད་ཅེས་བྱ་བའི་དོན་ཏོ། །གང་དུ་བྱང་ཆུབ་ཀྱི་སེམས་བསྟན་པ་དེ་ལ་དེ་སྐད་བརྗོད་དོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་བདུན་པའི་བཤད་པའོ།། །། ་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་ལ་འཇུག་པའི་གཏམ་རྒྱུད་གསུངས་ཏེ། དེའི་དུས་ཞེས་བྱ་བ་ལ་སོགས་པ་ལ། བདུད་ཆེན་པོ་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བ་ལ་བདུད་ནི་ཕུང་པོ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གང་གིས་མཆོག་ཏུ ་རྒྱལ་བར་བྱེད་པ་ནི་ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས་སོ། །དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་བྱས་པའོ། །ཉིད་ཀྱི་སྐུ་དང་གསུང་ཐུགས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཁུ་བའོ། །ངེས་བར་ཕྱུང་ཞེས་བྱ་བ་ནི་རང་རང་གི་ངོ་བོས ་ངེས་པར་སྤྲོས་བའོ། །ངེས་པར་ཕྱུར་ནས་ཀྱང་ཞེས་བྱ་བ་ནི་སྤྲོས་པས་སོ། །གང་མཛད་པ་དེ་གསུངས་པའོ། །ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ཉིད་ནི་རིམ་པར་ཕྱེ་བ་དང་པོར་དེ་ནས་ཞེས་བྱ་བ་ལ་སོགས་པར་སྨོས་ནས་བཤད ་པ་ཡིན་ནོ། །དེའི་དུས་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་བཞུགས་པའི་ཚེའོ། །ཇི་ལྟར་ན་རྣམ་པ་གང་གིས་སོ། །ཐོས་པས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །སྐད་ཅིག་ལ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །གཟུང་བ་ནི་དོན་དང་གཞུང་དག་གོ་། ་དོན་གཟུང་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པའོ། །བསྡུས་ནས་ཞེས་བྱ་བ་ནི་གཞན་ལ་བསྟན་པའོ། །ལེགས་པར་རབ་ཏུ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བར་དུ་དགའ་བས་རབ་ཏུ་བསྔགས་པའོ། །ཡིད་ལ་བྱས་སོ་ཞེས་བྱ་བ་ནི་གཞན་དག་ལའོ། །དེ་སྐད་ཅེས་བྱ ་པ་ནི་བསྟན་པའི་རྒྱུད་མ་ལུས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་སུ་གཏོགས་པའི་གཞལ་ཡས་ཁང་དུ་འདི་སྐད་གསུངས་སོ། །ཞེས་བྱ་བར་བསྟན་ཏོ། །དེའི་ཚེ?་གཤིན་རྗེ་གཤེད་ཀྱི་ཚོགས་དཔག་ཏུ་མེད་པ་དང། བདག་གིས་ཐོས་ཤེས ་དང་པོའི་ཚིག་དང་སྦྱར་བའོ། །གསང་བ་ཆེན་པོ་ནི་གནོད་སྦྱིན་ནོ། །དེ་དག་གི་བདག་པོ་ནི་གསང་བ་པ་ཆེན་པོའི་བདག་པོ་སྟེ་ཕྱག་ན་རྡོ་རྗེའོ། །རྡོ་རྗེའི་རིགས་ནི་ཞེ་སྡང་གི་རིགས་སོ། །དེའི་གཙོ་བོ་ནི་ཞེ་སྡང་དེར་དེ་དག་ཁྱེར་བར་བྱེད་པས་རྡོ་རྗེ་རིགས་ཀྱི་གཙོ་བོ་སྟེ། ་ན་ཌ་ཀུ་བེ་རའི་ཡབ་པོ། །རྐང་པ་དང་བཅས་པའི་འབུམ་དུ་བརྗོད་པས་ན་དེའི་ཕྱིར་འདི་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྟེ། ཡང་དག་པར་འབད་པས་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །ུ་རྒྱན་གྱི་ཡུལ་ནས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི། ཨུ་རྒྱན་ན་གནས ་པའི་རྣལ་འབྱོར་མས་ཕྱུང་ནས་རབ་ཏུ་སྤྲོས་ཞེས་བྱའོ། །དེའི་ཕྱིར་རྐང་པ་དང་བཅས་པའི་འབུམ་པ་ལས་ཞེས་གསུངས་པའོ། །རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་རྙེད་ནས་ཐོབ་ཅེས་བྱ་བ་སྟེ། བཅོམ་ལྡན་འདས་ལས་ཞེས་བྱ་བའི་དོན་ཏོ། །དཔལ་གཤིན ་རྗེ་གཤེད་ནག་པོའི་དཀའ་འགྲེལ། ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅོ་བརྒྱད་པའི་བཤད་པ་རྫོགས་སོ།། །། ་པཎྜི་ཏ་ཆེན་པོ་ཤནྟ་བྷ་དྲ་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ། ཞུས་ནས་གཏན་ལ་ཕབ་པ།། །།འདི་ནི་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བའི་བཀའ་ ་དྲིན་གྱི་ཉེ་བར་འཚོ་བ་དྷ་རྨཱ་ཀཱིརྟི་དྷ་དྲས་ལན་གཉིས་སུ་ཞུས་སོ།། (།།དགྲ་ནག་གི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་སྒྲོན་མ་ཞེས་བྱ་བ་རཏན་ཀ་ར་ཤཱནྟིས་མཛད་པ་བཞུགས་སོ།།)་རྒྱ་གར་སྐད་དུ། ཤྲཱི་ཀྲིཥྞ་ཡ་མཱ་རི་མ་ཧཱ་ཏནྟྲ་རཱ་ཛཱ་པཉྩི་ཀ ་