| Wylie | e-texts based on the ACIP/ALL Input |
དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྤྱོད་པའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང?་བའི་ཆོ་ག་དཔལ་སྟེང?་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞབས་ཀྱིས?་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་ཏནྟྲ་ཏ་ཨུཌ་ཌཧཱི་ཏྱ་ལོ་ཙ་ནཱ་ཡཱ་དུརྒ་ཏི་ཤོ་དྷ་ན་བི་དྷི། བོད་སྐད་དུ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱད་ལས་ཕྱུང་བ་སྤྱན་པའི་ངན་སོང་སྤྱོད? ་བའི་ཆོ་ག་།བཅོམ་ལྡན་འདས?་མ་འཕགས་པ་དཔལ་ལྡན་སྤྱན་མ་ལ་ཕྱག་འཚལ་ལོ། །ལྷ་མོ་སྤྱན་མ་ཞེས་བྱ་གཞན་དོན་ལ། །དགྱེས་པ་ཤི་བ་སོས་བྱེད་ལ་བཏུད་ནས་།ཤི་བ་འཚོ་བར་བྱེད་པའི་སྦྱོར་བ་ལས། །ཤི་བ་མཐོ་རིས་སྤྱར་བ་བཤད་པར་བྱ། །ཤི་བའི་བདག་ཉིད་རབ་དབེན་པར། །དལ་འབྱོར་ཉེར ་སྤྱོད་ཀུན་ལྡན་པ། །མེ་ཏོག་དཀར་པོའི་དབུ་རྒྱན་འཆང། །དྲི་ཡང་དཀར་པོས་བྱུགས་ཤིང་ཞི། །གོས་དང་རྒྱན་ཡང་དཀར་བ་དང། །དང་པོར་ཡང་ན་དེར་མོས་པས། །རྡོ་རྗེ་རྡོ་རྗེ་དྲིལ་བཟུང་སྟེ། །འཇམ་ཞིང་མཐོ་བའི་སྟན་འདུག་ལ། །ཙན་དན་དཀར་སོགས་དྲི་དང་ནི། །བདུད་རྩི་ལྔ་ནི་ཆུང་ལྡན་པས། །ཀུན་ཏུ ་དཀྱིལ་འཁོར་ཉེར་བྱུགས་ལ། །མེ་ཏོག་དཀར་པོས་མཛེས་པར་བྱ། །ཡོན་ཆབ་སོགས་སྔགས་སྭཱཧཱ་མཛའ་། །ཡང་དག་བསྐུལ་བྱེད་བཟླ་བར་བྱེད། །སྙིང་གའི་ཟླ་བར་ས་བོན་ནི། །གཉུག་མ་བལྟས་ནས་གནས་སོགས་བསྲུང། །དེ་ལ་གནས་དང་བདག་དང་རྣལ་འབྱོར་སྲུང་བའི་སྔགས ་ནི། ཨོཾ་ཨཱ:བི་གྷྣཱཾ?་ཏྲ་ཀྲིཏ་ཧཱུཾ་ཞེས་པའོ། །ཡང་ན་ན་མ:སམནྟ་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་ཆོ་ག་རིགས་པས་ཆོག་བཞིན། །སྤྱན་མའི་རྣལ་འབྱོར་རབ་ཏུ་བྱས་ནས་ནི། །སྙིང་གའི་ས་བོན་གཉུག་མ་དེ་ལས་ནི། །གྲུབ་པ་ཡང་ནི་ཡང་དག་སྤྲོ་བར་བྱ། །དེ་ཡིས་འཇིག་རྟེན་ཕ་རོལ་སོང་བ ་ཡི། །ཤེས་པ་དང་ཞིང་ཆགས་པ་དགུག་པར་བྱ། །ཡང་ན་ཆོས་ཀྱི་སྒོ་ཡི་རྣམ་པ་ནི། །མར་མེ་རླུང་གིས་གཡོ་བ་མེད་པ་བཞིན། །བཀུག་ནས་དེ་ཡི་ཤེས་པའི་རོ་ཡིས་ནི། །སྤྱི་བོ་ནས་ནི་སྙིང་གར་གཞུག་པར་བྱ། །དེ་རྗེས་འདུག་པ་ལངས་ནས་ནི། །དེ་ནི་ཤེས་པ་ལྡན་པར་བལྟ། །དེ་ཡི་འོད ་ཕྲེང་འབར་བ་?་སྙིང་གཏི་མུག་དགའ་མ་གཞུག། དེ་ལུས་སྟོང་པར་བྱས་ནས་ནི། །རྣམ་པར་ཤེས་པ་ལྷག་མར་བལྟ། །དེ་རྗེས་མོ་ཧ་ར་ཏི་བརྗོད། །དེ་ནི་སྤྱན་མའི་རྣམ་པར་བསྒོམ། །དེ་ཡི་མིག་སོགས་ལུས་སོགས་ལ། རྣམ་པ་ཀུན་ཏུ་བྱིན་བརླབས་བྱ། །སྙིང་གའི་ཡེ་ཤེས་ལྷ་ཡིན་ནི། །སྙིང་གར ་ཟླ་གནས་རྩ་སྔགས་རྒྱལ། །ལྷ་སྤྲིན་བདུད་རྩིའི་འོད་ཟེར་གྱིས། །ལག་པ་དང་བཅས་བཀྲུ་བར་བྱ། །རང་གི་ལུས་ལས་སྤྲོས་པས་ནམ་མཁའ་ཨི་དཀྱིལ་འཁོར་མ་ལུས་པ་ཁྱབ་པའི་འོད་སྤྲོས་པས་སྡུས་ནས་འོད་ཀྱི་གོང་བུ་ལྟ་བུ་ལས་སྤྱན་མའི་སྤྲིན་དང་དེའི ་སྔགས་བཟླས་པའི་ཆུས་གང་བ་དང་དབང་བསྐུར་བའི་ཚུལ་གྱིས་བཀྲུས་ནས་ཀྱང་དེ་བཞིན་དུ་དབང་བསྐུར་བ་བྱ་སྟེ། མགོ་ལ་དབུ་རྒྱན་བྱིན། ལག་པ་གཉིས་ལ་རྡོ་རྗེ་དང་དྲིལ་བུའོ། །དེའི་རྗེས་ལ་སྔགས་པས་ཀུ་ཤའི་རྩེ་མོ་རྡོ་རྗེ་རྩེ་གཅིག་པ་རྣོན་པར་བསྒོམས་ལ། ་དེར་བཅུག་པ་ལྟ་བུར་རྡོ་རྗེའི་བུག་པར་བཅུག་ནས་དེའི་རྗེས་ལ་སེམས་མཉམ་བར་བཞག་པས་དེའི་སྙིང་གར་བཀོད་པའི་ཤེས་པ་རྣམ་པར་གསལ་བ་ཡང་དག་པར་སྐུལ་ཞིང་རྡོ་རྗེའི་འོད་ཟེར་རླུང་གིས་ཕྱུང་བ་འབར་བ་འོད་ཟེར་སྙིང་གནས་ཕྱུང་བས་རེག་པས་དངུལ་ཆུ་ལྟ ་བུར་གྱུར་པར་བསམ་མོ། །སྟེང་གི་ལམ་ནས་བྱུང་སྟེ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་གྲོལ་བའོ། །གལ་ཏེ་ཤེས་པ་ལམ་གཞན་དུ་འགྲོ་ན་འཁོར་བའི་རྒྱ་མཚོར་ལྟུང་ངོ། །དེ་ཡི་ཕྱིར་སྟེང་གི་ལམ་དུ་དེ་འཕོ་བར་བྱའོ། །མགོ་བོ་ལས་ནི་གཟུགས་མེད་དུ་འགྲོའོ། །མཛེད ་སཱུ?་ནས་གཟུགས་ཁམས་ཤེས་བྱ་བར་རོ། །མིག་གཉིས་ལས་ནི་མི་ཉིད་དུའོ། །རྣ་བ་གཉིས་ལས་ནི་གྲུབ་པའི་ལྷའི་འགྲོ་བར་རོ། །སྣ་བུག་གཉིས་ནས་ནི་གནོད་སྦྱིན་ཉིད་དུའོ། །ཁ་ལས་ནེ?་དྲི་ཟར་འགྲོའོ། །ལྟེ་བ་ལས་ནི་འདོད་པའི་ལྷར་རོ། །ཁུ་བའི་རྩ་ལས་ནི་ཡི་དགས ་ཀྱི་འགྲོ་བར་རོ། །གཅི་བ་ལས་ནི་ལྷ་མ་ཡིན་ནམ་བྱོལ་སོང་གི་སྐྱེ་གནས་སོ། །བཤང་ལམ་ལས་ནི་དམྱལ་བའི་འགྲོ་བར་རོ། །ཡེ་ཤེས་དམན་པས་འགྲོ་བས་ན་དེའི་ཕྱིར་ལམ་ལ་དགའ་བས་སྤང་བར་བྱའོ། །དེའི་ཕྱིར་དེ་ཐར་པའི་གྲོང་ཁྱེར་དུ་བཞག་པར་བྱ་པའི་ཕྱིར་ཞི ་པའི་སྦྱིན་སྲེག་གསུངས་པའི་ཆོ་ག་ཡོངས་སུ་རྫོགས་པས་སམ། རྫས་གཅིག་བསྲེག་བའི་ཕྱོགས་སུ་གསུངས་པའི་ཆོ་གས་མཆོད་སྦྱིན་པས་སྦྱིན་པ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་ཉེ་བར་འཁོ་བས་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེS་ཀྱི་མེ་ལ་ཞི་པའི་སྦྱིན་སྲེག་བྱའོ། །ཡང་དེའི་ཚེ་ཤེས་རབ? ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་བོའི་མདོ་ལྔ་ཀླག་པར་བྱའོ། །དེའི་རྗེས་ལ་ཐམས་ཅད་བསྡུས་ནས་མཆོད་སྦྱིན་བྱེད་པ་ལ་ཡོན་བསླང་ངོ། །མཆོད་སྦྱིན་བྱེད་པས་ཀྱང་རང་གི་འབྱོར་པ་དང་རྗེས་སུ་འཚམ་པའི་གོས་དང་རྒྱན་དང་མལ་སྟན་དང་ཁྱིམ་དང་ཞིང་དང་ཁོལ་? ་དང་ཁོལ་མོ་ལ་སོགས་པའི་ཡོན་སློབ་དཔོན་ལ་གུས་པ་དང་བཅས་པས་དབུལ་ལོ། །དེ་ནས་ཤི་བ་འདུ་བྱེད་པའི་སྐྱེ་བོ་རྣམས་ཀྱིS་ཡི་གེ་གསུམ་བརྗོད་ཅིང་མཆོད་ཕྱིར་ཐོགས་བཅིང་ངོ། །དེ་ནས་རོ་ཁྱེར་བ་རྣམས་འཇིག་རྟེན་སྐྱོང་བ་རྣམས་སུ་མོས་ཏེ། གདུགས་འཛིན་པ་ནི་ལྷའི་རྒྱལ་པོ ་དང། རྔ་ཡབ་འཛིན་པ་ནི་ཚངས་པ་དང། རལ་གྲི་འཛིན་པ་ནི་ཁྱབ་འཇུག་དང། བསྟོད་པ་འདོན་བ་བདེ་བྱེད་དང། དབུ་རྒྱན་འཛིན་པའི་བྱ་བ་བྱེད་པ་གཤིན་རྗེ་དང། བུམ་པ་འཛིན་པ་ཆུ་ལྷ་དང། དགང་གཟར་དང་བླུགས་གཟར་འཛིན་པ་མེ་ལྷ་དང། བཟའ་བ་དང་སྟོན་མོ་འཛིན་པ་བདེན་བྲལ་དང ་བ་དན་འཛིན་པ་རླུང་ལྷ་དང། གཞན་རྣམས་ནི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་མོས་པ་བྱའོ། །དེ་ནས་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ནས་རང་གི་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ་ལྡང་བར་བྱའོ། །ལངས་ནས་ཀྱང་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཆང་གི་རང་བཞིན ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པས་སྤྱན་མའི་སྔགས་སམ། ངན་སོང་ཡོངས་སུ་སྤྱོད་པའི་རྒྱུད་ལས་གསུངས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྔགས་བཟླ་ཞིང་མདུན་ནས་འགྲོའོ། །རོ་ཡང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་དྲང་པོར་ཁྱེར་བཞིན་པས་ཉེ་བར་དགའ་བས ་བསྟོད་པ་བྱེད་བཞིན་པ་དང་ལྷ་དང་མི་རྣམས་ཀྱིས་མཆོད་པར་བལྟའོ། །བརྡུང་དཀྲོལ་སྣ་ཚོག་སྤའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་དང། རྡོ་རྗེའི་གླུ་ལ་སོགས་པ་དྲིལ་བུ་དང་འཁར་རྔ་དང་ཏིང་ཏིང་ཤག་དང། གླིང་བུ་དང་པི་ཝང་གི་སྒྲ་རྗེས་སུ་འབྲང་བས་ཉེ་བར་སྤྱོད ་པ་ལྔའི་མཆེད་པ་དང། བ་དན་དང་གོས་ནམ་མཁའ་ལྡིང་བ་དང། ཀུན་ཏུ་བགོ་བ་མང་ལྡན་པ། །དལ་གྱིས་ཕ་ཡི་གནས་ཐོབ་བྱ། །དེར་ནི་བུད་ཤིང་འོ་ཅན་སྐམ། །དགེ་བའི་སེམས་ཀྱིས་བཀོད་ནས་ནི། །དེ་སྟེང་ལེགས་པར་བཞག་ནས་ནི། །བུམ་པ་འཛིན་པས་བཀྲུ་བར་བྱ། །དེ་ནས་ཆོ་ག་དང།?་ ་ལྡན་བས། །མེ་ཡིས་ཡོངས་སུ་གསལ་བར་བྱ། །ཅི་སྲིད་ཐལ་བར་འགྱུར་བར་དུ། །དེ་སྦྱིན་བྱེད་པས་མཉམ་གཞག་པས། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །མིང?་ནི་སྔོན་བཞིན་ལེགས་པར་ཀླག་།མཁར་བསིལ་ཌ་རུའི་རྗེས་འགྲོ་བའི། །རྡོ་རྗེའི་བླུ་ནི ་ལེན་དུ་གཞུག་།ཡང་ན་སྐྱེ་བོ་འགའ་ཞིག་གིས་གྲོལ་བའི་ལམ་མ་ཡིན་པ་ལ་སྦྱང་བས་མི་དགེ་པ་ཕྱི་དང་ཅིག་ཤོས་སྟོབས་དང་ལྡན་པས་ལམ་ངན་པར་འགྲོ་བར་འགྱུར་རོ། །དེའི་ཕྱིར་རང་ཡང་ལམ་ལོག་པར་འགྲོ་བ་སྤངས་ལ། ཉི་མ་དེ་ནས་བརྩམས་ཏེ་ཉི་མ་བརྒྱད ་ལ་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་གས་ངན་སོང་སྦྱོང་བ་ལ་སོགས་པའི་བྱ་བའི་རིམ་པས་བྱའོ། །དེར་ཇི་སྲིད་དེའི་རུས་པ་བླང་པ་དེ་སྲིད་དུ་དེའི་གོས་ལ་དེའི་མིང་བརྗོད་པ་སྔོན་དུ་འགྲོ་བའི་བྱ་བས་བྱའོ། །བླངས་ནས་ཇི་སྲིད་ཉི་མ་བརྒྱད་ཀྱི་བར་དུ ་གོས་དེར་རུས་པ་བྱའོ། །དེ་ཡང་ལྷའི་ཆར་སྟེགས་གྲུ་བཞི་པ་ཁྲུ་གང་ཙམ་ལ་བའི་ལྕི་པ་མ་ལྷུང་བས་བྱུག་པ་བྱས་པ་ལས་བྱུང་བས་བངས་པར་བྱའོ། །དེར་ཉེ་བར་བྱུགས་ནས་དཀྱིལ་འཁོར་བྱུགས་པཱི་དྲི་མ་མེ་ཏོག་ལ་གནས་པར་བྱའོ། །དེའི་སྟེང་དུ་བུམ་པ་མཚན ་ཉིད་དང་ལྡན་པ་དགོད་དེ། སྨན་དང་ཡལ་ག་དང་ནོར་བུ་དང་དྲི་དང་འབྲུ་ལྔ་དང་ཡང་དག་པར་ལྡན་པ་གདུགས་དང་བ་ངན་གྱིས་བརྒྱན་པ། མགྲིན་པར་གོས་སྔོན་པོ་དང་ལྡན་པ། ཉེ་བར་སྦྱོང་པ་ལྔ་དང་བཅས་པ། ལེགས་པར་གདུགས་པ། འབབ་སྟེགས་ཀྱི་ཆུ་དང་ལྡན ་པ། ཀུ་ཤེ་འཁྱིལ་པ་བྱས་པའི་གདན་ལ་གནས་པ། རིགས་ཀྱི་བདག་པོའི་རྟགས་ཀྱིས་མཚན་པ་རྒྱ་ཆེན་པོ་ལྷག་པར་གནས་པར་བྱས་ལ། ཡི་གེ་གསུམ་དང་ལྡན་པའི་རྩ་བའི་ས་བོན་གྱི་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཀྲུའོ། །དེ་ནས་ཡང་མདུན་དུ ་འབྲས་དཀར་བཏགས་པས་ལྟེ་བ་དང་བཅས་པ་མུ་ཁྱུད་ལེགས་པར་འབར་བ་དང་བཅས་པའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་མེ་ཏོག་དཀར་པོས་དགོང་པར་བྱས་ནས། དེའི་དབུས་སུ་བུམ་པ་སྟོང་པའི་སྟེང་དུ་ཁམ་ཕོར་བུམ་པ་ཅན་བཞག་།དེའི་རྗེས་ལ་ཁམ་ཕོར་དེར ་དེའི་དུས་པ་མ་ལུས་པ་བཞག་གོ་།ཏིང་ངེ་འཛིན་གསུམ་བསྒོམས་པས་ཕྱིར་བཟློག་ཀྱང་བྱའོ། །དོན་གྲུབ་མེ་ཏོག་དང་བཅས་པས་རིམ་པས་རིགས་རྣམས་ཤིས་པའི་ཚིག་བརྗོད་པ་དང་བཅས་པས་དེའི་མིང་དམ་རུས་པ་ལ་ངེས་བརྡེག་པར་བྱའོ། །དེ་ནས་སྔགས་ཀྱི་ཚིག་རྣམས་སུ་འགྱུར ་པ་ནི། །ོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་བི་ཤོ་དྷ་ན་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨཱ་བ་ར་ཎཱ་ནི་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲུ་བྷྲུཾ་བི་ནཱ་ཤཱ་ཡ་ཨཱ་བར་ཎཱ་ནི་ཛཾ་ཧཱུཾ་ཕཊ། ཨོཾ་དྷྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་རཱ་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛཝ་ལ་ཛཝ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན ་ཨཱ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཏཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་སརྦ་ཨཱ་བ་ར་ཎཱ་ནི་སཕོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྭཱ་ཊ་ཏྲཱ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཚིནད་ཚིནད་སརྦ་ཨཱ ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱག་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཞེས་པ་ནི་རུས་པ་ལ་སོགས་པ་ལ་མེ་ཏོག་བརྡེག་པའི་སྔགས་སོ། །དེ་ནས་ལྷག་པར་གནས་པར་བྱས་པའི་བུམ ་པའི་ཆུས་དེའི་རུས་པ་སོགས་བརྗོད་ཅིང་བཀྲུའོ། །སྔགས་ནི། ཨོཾ་ན་མོ་བྷ་ག་བཱ་ཏ་སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ན་ར་ཛ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརཧ་ཏེ། སམྱཀསཾ?་བུདྡྷ་ཡ། ཏཏྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ། ཤུདྡྷེ་བིཤུགདྷེ་སརྦ་ཨཱ་བ་ར་ནཱ་ནི་བི་ཤུདྡྷེ་སྭཱ་ཧཱ། ་ཞེས་བྱ་བ་ནི་རུས་པ་ལ་སོགས་པ་བཀྲུ་བའི་སྔགས་སོ། །དེ་ནས་མེ་ཏོག་གཏོར་ཞིང་སྔགས་བཟླས་ལ་ལམ་བསྟན་པར་བྱའོ། །སྔགས་ནི། ཨོཾ་རཏནེ་རཏནེ་སཾ་བྷ་བེ། རཏན་ཀི་ར་ཎེ། རཏན་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུཾ་ཏྲཱ་ཊ། ལམ་བསྟན་པའི་སྔགས་སོ། །དེ་ནས ་མེ་ཏོག་དང་ཆུ་གཏོང་ཞིང་ལམ་རྣམ་པར་སྦྱང་བར་བྱའོ། །སྔགས་ནི། ཨོཾ་པདམེ་པདམེ། པདམོཏབྷ?་བེ། སུ་ཁཱ་བ་ཏྱཾ། གཙྪ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་རྣམ་པར་སྦྱང་བའི་སྔགས་སོ། །སྔགས་ཀྱི་ཚིག་དེ་དང་དེ་ལ་བསྐུལ་ཚིག་སྦྱར་བར་བྱའོ། །ལམ་སྦྱང་བའི་སྔགས་ཀྱིས་མེ་ཏོག ་གི་ཆར་དབབ་པར་བྱའོ། །གླུ་མཁན་བཀྲ་ཤིས་ཚིགས་བཅད་ནི། །མཉམ་པར་བཞག་པས་གླུར་བླང་བྱ། །ཐུན་གསུམ་མམ་ནི་ཐུན་གཅིག་ཏུ། །དེ་བཞིན་ཉིན་རེ་བཞིན་དུ་བྱ། །ཇི་སྐད་གསུངས་པའི་ཆོ་ག་བཞིན། །མཆོད་ནས་ཐམས་ཅད་བསྡུ་བར ་བྱ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་གཅིག་ཏུ་ཕན་མཛད་ཅིང། །སངས་རྒྱས་སྐྱོན་རྣམས་སྤངས་པ་རྣམ་པར་དག་པ་རྟོགས་གྱུར་པ། །ཤེས་རབ་ཡན་ལག་ལ་འཁྱུད་བདེ་བ་མཛེས་པའི་བདག་ཉིད་ཅན། །དེ ་ཡིས་ཁྱོད་ལ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག་།བཀྲ་ཤིས་གང་ཞིག་དེ་ཡིས་གསུངས་པའི་དམ་པ་ཆོས་ཀྱི་མཆོག་།བླ་ན་མེད་པ་ལྷ་དང་ལྷ་མིན་གྱིས་མཆོད་ཅིང། །འཇིག་རྟེན་གསུམ་དུ་བདག་མེད་རབ་ཏུ་རྟོགས་པ་འགྱུར་ངེས་ལ། །དེ་ཡིས་ཁྱོད་ལ ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག་།བཀྲ་ཤེས་གང་ཞིག་དམ་ཆོས་རབ་མཆོག་རྟག་ཏུ་འཛིན་མཛད་པ། །ས་ཡི་དམ་པར་སོན་པ་རྒྱལ་བའི་སྲས་ཚོགས་ལེགས་པ་རྣམས། །སེམས་ཅན་ཕན་པར་མཛད་ལ་མཁས་པ་ཤིན་ཏུ་བཀྲ་ཤིས་པ། །དེ་ཡིས་ཁྱོད་ལ ་དབང་བསྐུར་མཆོག་གི་བཀྲ་ཤིས་འབྱུང་བར་ཤོག་།ཅེས་བྱ་བའོ། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་དག་རུས་པ་བཀྲུ་བའི་དུས་སུ་ཡང་གླུར་བླང་བ་འམ་བླང་དུ་གཞུག་གོ་།དེ་ལ་གཤེགས་སུ་གསོལ་པའི་སྔགས་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་འབྱོན་པར་མཛད་སླང་དུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུ:ཞེས་པའོ། །དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ནས་ཐམས་ཅད་བསྡུའོ། །འབྱོར་པ་ཅི་ཡོད་པས་ངན་སོང་ཡོངས་སུ་སྤྱོད་བའི་དཀྱིལ་འཁོར་ཆོ་ག ་ཇི་ལྟ་བས་བྲིས་ནས་ཇི་སྐད་གསུངས་པའི་ཆོ་ག་རྣམས་བྱའོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་བདག་ལ་ཡོན་སླང་པར་བྱའོ། །ངེས་ཀྱང་འབྱོར་པ་དང་རྗེས་སུ་འཚམ་པ་རབ་ཏུ་དབུལ་ལོ། །བཀྲུས་ནས་གོས་སློབ་དཔོན་ལ་དབུལ་ལོ། །ཇི་སྐད་དུ། རོ་ལ་དམིགས་ནས་གཉེན ་རྣམས་ཀྱིས། །སློབ་དཔོན་ལ་ནི་གང་བྱིན་པ། །དེ་ནི་མཐོ་རིས་ལ་བཞག་པས། །དེ་ལ་བྱིན་པར་ཤེས་པར་བྱ། །ཉི་མ་བདུན་ནས་རབ་བཤད་པའི། །དེ་ཡིS་ཅི་འདོད་ནོར་དབུལ་བྱ། །དེ་ལ་བྱིན་པས་ངེས་པར་ནི། །བདེ་བ་ཅན་དུ་མཆོད་པར་འགྱུར། །གང་ཕྱིར་བསམ་གཏན་བྱ་པ་ཀུན། །ཆོ་གས་ལུས? ་ནི་སྟེང་བྱས་ནས། །སྡིག་པ་མ་ལུས་སྤངས་ནས་ནི། །བདེ་བ་ཅན་དུ་ངེས་པར་གནས། །དེ་རྗེས་དེ་ཡི་རུས་པ་རྣམ་དག་པ། །ཕྱེ་མ་ཤིན་ཏུ་ཞིབ་པར་བྱས་ནས་ནི། །མཆོད་པས་ཡང་དག་མཆོད་ནས་འབབ་ཆུ་ནི། །ཤིན་ཏུ་རྒྱ་ཆེར་རབ་ཏུ་དོར་བར་བྱ། །ཡང་ནས་འཛིན་ཆེན་པོ་མཐོ་བ་ཡི། །སྟེང་གི་རྩེ ་མོ་ལ་ནི་བསླད་ནས་སུ། །རླུང་གི་ཤུགས་ནི་ཡོངས་སུ་རྒྱུ་བ་ན། །དེ་དང་རྗེས་སུ་མཐུན་པར་འཕྱར་བར་བྱ་།ཤིན་ཏུ་དྲག་པོའི་ལས་ཀྱི་དབང་གིས་ནི། །གལ་ཏེ་བདེ་སྟེར་བདེ་བ་ཅན་ནི་མ་ཐོབ་ཀྱང། །འདི་ཡིས་ངན་སོང་རྣམས་ནི་ཡོངས་སྤངས་ཏེ། །སུམ་ཅུ་རྩ་གསུམ་གནས་སུ་འགྲོ་བར་ངེས། །དཔལ ་ལྡན་བཟང་པོའི་ཞབས་ཀྱི་པདྨ་ལས། །ཐོབ་པཱི་གདམས་ངག་ཤིན་ཏུ་འདོད་པ་ནི། །དཔལ་ལྡན་གསང་བ་འདུས་པ་ལས་བྱུང་བ། །ཤིན་ཏུ་ཡིད་འོང་ཆོ་ག་བྱས་པ་ནི། །གང་ཞིག་དཔལ་ལྡན་གསང་འདུས་མ་རྫོགས་པ། །དཔལ་ལྡན་ངན་སོང་ཡོངས་སུ་སྦྱོང་བ་ཡི། །རྒྱུད་ལས་གསུངས་པའི་ལས ་གང་ཡོད་པ་ཡིས། །ལས་དེ་ཡོངས་སུ་རྫོགས་པར་བྱས་པ་ཡིན། །ཤི་བ་བདེ་འགྲོར་སྦྱར་བའི་ཆོ་ག་ཤིན་ཏུ་འདོད་པ་མཆོག་ཏུ་གྱུར་པ་ཞེས་བྱ་བའི་མིང་ཅན་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞབས་ཀྱིས་མཛད་པ་རྫོགས་སྟོ།། །།རྒྱ་གར་གྱི་མཁན་པོ་ཨ་བ་དྷཱུ་ཏི ་བཾ?་རོ་ཅ་ན?་བཛྲའི་ཞལ་སྔ་ནས་རང། བོད་ཀྱི་ལོ་ཙཱ་བ་ཁམས་པ་ལྡི་རི་ཆོས་ཀྱི་གྲགས་པས་བསྒྱུར་བའོ།། །།རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པའི་སྒྲུབ་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། ཏནྟྲ?་རཱ་ཛ་ཤྲཱི་གུ་ཧཡ་ས་མ་ཛ་ཊཱི་ཀ་།བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ ་