CLOSE WINDOW

N1564: tha ma'i mchod pa'i cho ga
Wyliee-texts based on the ACIP/ALL Input

གཅིག་རྣམ་པར་བསྒོམས་ནས་ནི། །རྡོ་རྗེའི་སྡུབས་སུ་ངེས་པར་བཅུག་ནས་ནི། །དེ་ནི་མེ་དང་འདྲ་བར་བསྒོམ་པར་བྱ། །དེ་རྗེས་མཉམ་གཞག་སེམས་ཀྱིས་དེ་ཡི་ནི། །སྙིང་གར་གཞག་པའི་ཤེས་པ་རབ་འབར་བ། །རྡོ་རྗེ་རྩེ་ནས་རླུང་གིས་བསྐྱོད་པ་ཡི། །འབར ་བ་རྣམས་ཀྱིས་ཀུན་ཏུ་བསྐྱོད་པར་བྱ། །མེ་ཡི་འོད་ཟེར་གྱིས་ནི་རེག་པ་ཡི། །དངུལ་གྱི་བཞིན་དུ་དེ་ནི་འཕར་བར་བསྒོམ། །སྟེང་གི་སྒོ་ནས་རྣམ་པར་གྲོལ་བ་འམ། །ཡང་ན་རྣམ་ངག་སངས་རྒྱས་ཞིང་དུའོ། །གལ་ཏེ་ཤེས་པའམ་གཞན་དག་མཐོང་ན་ནི། །འཁོར་བའི་རྒྱ་མཚོ་རུ་ནི་ལྟུང་བར་འགྱུར ་དེ་ཕྱིར་སྟེང་སྒོ་ཡི་ནི་ལམ་ནས་སུ། །དེ་ཡི་སྟེང་དུ་འཕོ་བ་བྱ་བ་ཡིན། །སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ། །མཛོད་སྡུ་ནས་ནི་གཟུགས་ཀྱི་ཁམས་སུ་གྲགས། །མིག་གཉིས་ནས་ནི་མི་ཡི་འགྲོ་བ་ཉིད། །རྣ་བ་དག་ནས་གྲུབ་པའི་ལྷ་རུ་སྐྱེ། །སྣ་བུག་དག་ནས་གནོད་སྦྱིན་ཉིད་དུ་སྟེ། ཁ ་ནི་དྲི་ཟ་རུ་ནི་ངེས་བར་འགྲོ་།ལྟེ་བ་ནས་ནི་འདོད་པའི་ཁམས་ཀྱི་ལྷ། །ཁུ་བའི་སྦུབས་ནས་ཡི་དགས་འགྲོ་པར་རོ། །ཆུ་ཡི་ལམ་ནས་དུང་འགྲོའི་སྐྱེ་གནས་སུ། །བཤད་པའི་ལམ་ནས་དམྱལ་བའི་འགྲོ་བར་ནི། །ཐེ་ཙོམ་མེད་པར་འགྲོའོ་དེ་ཡི་ཕྱིར། །ལམ་ངན་དག་ནི་རྣམ་པར་སྤང་བར་བྱ། ། ་དེ་ནས་དེ་ཐར་པའི་གྲོང་ཁྱེར་དུ་བཞག་པའི་ཕྱིར་།དེའི་མདུན་དུ་ཞི་བའི་སྦྱིན་སྲེག་ཏུ་གསུངས་པའི་ཆོ་ག་ཡོངས་སུ་ཚང་བས་སམ། རྫས་གཅིག་པའི་སྦྱིན་སྲེག་བཤད་པའི་ཆོ་གས་ཤི་འབྲེལ་གྱིས་བྱིན་པའི་ཡོ་བྱད་རྣམས་དང། རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་སྦྱིན་སྲེག་བྱའོ། ་དེའི་རྗེས་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་བཀླག་བར་བྱའོ། །དེའི་རྗེས་ལ་ཐམས་ཅད་བསྡུས་ཏེ་ཤི་བདག་ལ་ཡོན་བླང་བར་བྱའོ། །ཤི་བདག་གིས་ཀྱང་རང་གིས་འབྱོར་པ་དང་རྗེས་སུ་མཐུན་པར་གོས་དང་རྒྱན་དང་མ་ལ་སྟན་དང་ཞིང་དང་ཁྱིམ་དང་བྲན? ་དང་བྲན་མོ་ལ་སོགས་པའི་ཡོན་གུས་པས་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ནས་རོ་བསྲེགས་པའི་མི་རྣམས་བོས་ཏེ་ཡི་གེ་གསུམ་བཟླས་པའི་ཚངས་སྐུང་གདགས་པར་བྱའོ། །དེ་རོ་ཁྱེར་བ་རྣམས་འཇིག་རྟེན་བསྐོར་བ་རྣམས་སུ་ལྷག་པར་མོས་པར་བྱ་སྟེ། གདུགས་ཁྱེར་བ་ནི་ལྷ་རྒྱལ་ལོ། །རྔ་ཡབ ་ཐོགས་པ་ནི་ཚངས་པའོ། །རལ་གྲི་ཐོགས་པ་ནི་ཁྱབ་འཇུག་གོ་།བསྟོད་པ་འདོན་པ་ནི་བདེ་བྱེད་དོ། །རོའི་ལས་བྱེད་པ་ནི་གཤིན་རྗེའོ། །བུམ་པ་ཐོགས་པ་ནི་ཆུ་ལྷའོ། །དགང་བཟར་བླུགས་གཟར་ཐོགས་པ་ནི་མེ་ལྷའོ། །བཟའ་བ་དང་སྟོན་མོ་ཐོགས་པ་ནི་བདེན་བྲལ་ལོ། །བ་དན་ཐོགས་པ་ནི་རླུང་ལྷ་སྟེ། ། ་གཞན་ཡང་ལྷ་དང་མི་རྣམས་ཀྱང་ལྷག་པར་མོས་པའོ། །དེ་ནས་ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ཏེ། རང་གི་དགེ་བ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ་ལྡང་བར་བྱའོ། །ལངས་ནས་ཀྱང་རྡོ་རྗེ་སློབ་དཔོན་རྡོ་རྗེ་འཛིན་པའི་རང་བཞིན་སངས་རྒྱས་ཐམས་ཅད་བསྐྱེད་མ་སྤྱན་གྱི་སྔགས་དང། ་ངན་སོང་སྦྱོང་པའི་རྒྱུད་ལས་གསུངས་པའི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་སྔགས་བཟླ་བཞིན་དུ་སྔོན་དུ་འགྲོ་བར་བྱའོ། །ལམ་དུ་ཡང་ནི་འཇིག་རྟེན་སྐྱོང་རྣམས་ཀྱིས། །རི་ནི་ཁུར་གྱིས་བཏེག་སྟེ་ཁྱེར་བ་དང། །ཀུན་ནས་བསྟོང་པ་བྱེད་བཞིན་ལྷ་རྣམས་ཀྱི། །མཆོད་པ་ཡང་ནི་རྒྱུན་དུ་བྱེད་པ ་བལྟ། །སྣ་ཚོགས་ཏུང?་རྒྱའི་སྒྲ་དང་བཀྲ་ཤིས་ཀྱི། །ཚིགས་བཅད་དང་ནི་རྡོ་རྗེ་བླུ་རྣམས་ཀྱིས། །དྲིལ་བུ་དང་ནི་ཆ་ལང་ཏིང་ཏིང་ཅག་།གླིང་བུ་པི་ཝང་སྒྲ་དང་རྗེས་མཐུན་པར། །ཉེ་བར་སྤྱོད་པ་ལྔ་ཡི་མཆོད་པ་དང། །བླ་རེ་གོས་ངང?་པ་དན་གདུགས་དད་ནི། །འཁོར་མང་ལྡན་པས་པ་ཡི་གནས་སུ་ནི།། ་དལ་རྩེ་ཁྱེར་ཏེ་ཕྱིན་ནས་དེ་རུ་ནི། །འོ་མ་ཅན་གྱི་ཤིང་ནི་སྐམ་པོ་ཡིས། །ལེགས་པར་རྣམ་པར་བཀྲིས་ཏེ་བརྩིགS་པར་བྱ། །དེ་ཡི་སྟེང་དུ་དེ་ནི་བཞག་ནས་སུ། །བུམ་པའི་ཆུ་ཡིས་བསང་བར་བྱ་བ་ཡིན། །དེ་ནས་སྦྱིན་སྲེག་མི་ཡིས་ནི། །ཡོངས་སུ་སྤང་བར་བྱ་བ་སྟེ། །ཇི་ལྟར་ཐལ་བར་གྱུར་གྱི་བར། ། ་ཤི་འབྲེལ་མཉམ་པར་བཞག་བས་བསྲུང། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །མདོ་སྡེ་སྔ་མ་བཞིན་དུ་བཀླག་།ཏིང་ཏིང་ཅག་ཅག་ཅང་ཏེའུ་ཡི། །རྗེས་འགྲོ་རྡོ་རྗེ་གླུ་ཡང་བླང། །དེ་ནས་འགྲོ་བ་ལ་ལ་དག་གོལ་བའི་ལམ་ལ་སྦྱར་ཡང་མི་དགེ་བ་ཤིན་ཏུ་མང་བ་སྟོབས་ཆེ་བས་ལམ་ངན་པ་ནས ་སོང?་ནས། དེ་ནས་དེ་ཡང་ངན་པའི་འགྲོ་བ་ཡོངས་སུ་སྦྱང་བའི་ཕྱིར་ཉི་མ་དེ་ཉིད་ནས་བརྩམས་ཏེ་ཉི་མ་བརྒྱད་དུ་ངན་སོང་སྦྱོང་བའི་རྒྱུད་ནས་གསུངས་པའི་ཆོ་གས་ངན་སོང་ཡོངས་སུ་སྦྱོང་བ་ལ་རིམ་པས་བྱའོ། །དེ་ལ་ཇི་སྲིད་རུས་པ་མ་འོངས་པ་དེ་སྲིད་གོས་ལ་དེའི་མིང་སྨོས་པ་སྔན་དུ་འགྲོ་བས་ཆོ་གའོ།། ་འོངས་པ་ནི་དེའི་དུས་པ་འམ་གོས་ལ་ཉིན་ཞག་བརྒྱད་པའི་བར་དུ་བྱ་སྟེ། དེ་ཡང་ལྷོའི་ཆར་ཁྲུ་གང་བའི་སྟེགས་བུ་གྲུ་བཞི་པ་བྱས་ཏེ། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་ཏེ་བའི་རྣཾ་ལྔས་ཀྱང་ཀུན་ཏུ་བསང་བར་བྱའོ། །དེ་ཡང་དཀྱིལ་འཁོར་ཅན ་ངན་དཀར་པོས་ནི། །ཉེ་བར་བྱུགས་ཏེ་མེ་ཏག་རྣམས་ཀྱིས་ནི། །མཛེས་པར་བྱས་ནས་དེ་སྟེང་བུམ་པ་ནི། །མཚན་ཉིད་ལྡན་པ་རྣམ་པར་དགོང་བྱ་སྟེ། །སྨན་དང་ཡལ་གནོར་བུ་དྲི་བཟང་དང། །འབྲུ་རྣམས་ལྔ་དང་ཡང་དག་ལྡན་པར་ནི། །མགྲིན་པ་སྔོན་པོའི་གོས་ཀྱིས་བཀྲིས་ནས་ནི། །གདུགས ་དང་བ་དན?་བཙུགས་ཏེ་ཉེ་སྤྱོད་ནི། །ལྔ་དང་བཅས་པས་དྲི་བཟང་གིས་གདུགས་ཤིང། །བསྟི་གནས་ཀྱི་ནི་ཆུ་ཡིས་དགང་བྱ་ཞིང། །ཀུ་ཤ་ཡི་ནི་སྟན་ལ་བཞག་བྱ་སྟེ། །ལྟོ་འཕྱེ་རིགས་ཀྱི་བདག་པོའི་མཚན་མས་ནི། །དེ་ནི་ཡིག་གསུམ་དང་སྤེལ་རྩ་བ་ཡི། །ས་བོན་གྱིས་ནི་ལྷག་གནས་? ་བ་སྟེ། །སྔགས་པས་ཡང་ན་ཁྲུས་ཀྱི་སྔགས་ཀྱིས་ནི། །ལན་གྲངས་བརྒྱ་དང་རྩ་བརྒྱད་བཟླས་ནས་སོ། །དེ་ནས་མདུན་དུ་རྡུལ་ཚོན་དཀར་པོ་ཡིས། །ལྟེ་བར་བཅས་ཤིང་མུ་ཁྱུད་འོད་དང་བཅས། །འཁོར་ལོ་རྩིབས་བརྒྱད་བྲིས་ནས་མེ་ཏོག་ནི། །དཀར་པོས་མཛེས་པར་རྣམ་པར་སྤྲས་ནས་ནི། །དེ་ཡི ་དབུས་བཞག་སྣོད་ནི་སྟོང་པ་ཡི། །སྟེང་དུ་བུག་པ་དང་བཅས་ཁམ་སྐྱོང་བཞག། དེ་རྗེས་དེ་ཡི་རུས་པ་ཁམ་སྐྱོང་དེར། །ལྷག་མ་མེད་པར་ཡང་ནི་བཞག་པར་བྱ། །ཏིང་འཛིན་གསུམ་དང་ལྡན་པས་འདི་ལ་ནི། །ཕྱིར་བཟློག་ཆོ་ག་ཡང་ནི་བྱ་བ་ཡིན། །ཡུངས་ཀར་མེ་ཏོག་ཡང་དག་ལྡན ་པ་ཡིས། །རིམ་བཞིན་གསང་སྔགས་རྡོ་རྗེའི་ཚིག་བརྗོད་པས། །དེ་ཡིས་རུས་པ་འམ་ཡང་ན་གོས་སམ་ནི། །དེ་ཡི་མིང་ལ་ཡང་ནི་བརྡེག་པར་བྱ། །དེ་ནས་སྔགས་ཀྱི་ཚིག་རྣམས་བསྟན་པ་ནི། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ན་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨ་པར? ་ཅི་བྷསྨིཾ?་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲུཾ་བི་ཤོ་དྷ་ཡ་ཨ་བ་ར་ཎཱི་ནི་ཧཱུཾ་ཕཊ། ཨོཾ་ཛཝ་ལ་ཛཝ་ལ། དྷ་ཀ་དྷ་ཀ། ཧ་ན་ཧ་ན། ཨ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར། ཨཱ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ཧ་ར་ཧ་ར་སརྦ་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ། སརྦ་ཨ་བ་ར་ཎཱ་ནི་སཕོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲི?་ཏ་བྷྲི་ཏ་སརྦ་ཨ་པ་ར་ཎཱ་ནི་ཧཱུཾ ་ཕཊ། ཨོཾ་ཏྲ་ཏ་ཏྲ་ཏ་སརྦ་ཨ་པ་ར་ཎཱ་ནི་ཏྭཾ་ཧཱུཾ་ཕཊ། ཨོཾ་ཚིནདྷ་ཚིནདྷ་སརྦ་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་རག་ག་ཏི?་ཧེ་ཏུཾ?་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ག་ཏ་ཏ?་ཏུཾ་ཧཱུཾ་ཕཊ། ཞེས་བྱ་བ་ནི་རུས་པ་ལ་སོགས་པ་ལ་བརྡེག་པའི་སྔགས་སོ། །དེ་ནས་ལྷག་གནས? ་བྱས་པའི་བུམ་པའི་ཆུས་དེའི་རུས་པ་ལ་སོགས་པ་བརྗོད་བཞིན་དུ་བཀྲུ་བའི་སྔགས་ནི་ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་སཾམྱ?་ཀསཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོདྷ་ན་སརྦ་པཱ་པའི་ཤོདྷ་ནེ་ཤུདྡྷེ་བི་ཤུ་དྡྷེ་སརྦ་ཀརྨ་ཨ་བར་ན་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་བྱ་བ་ནི་དུས་པ་ལ ་སོགས་པ་བཀྲུ་བའི་སྔགས་སོ། །མེ་ཏོག་གཏོར་ཏེ་སྔགས་བརྗོད་པས་ལམ་བསྟན་པར་བྱ་བ། །སྔགས་ནི་ཨོཾ་རཏནེ་རཏནེ་རཏན་སཾ་བྷ་གེ་རཏན་ཀཾ?་ར་ནེ་རཏན་མཱ་ལ་བི་ཤུདྡྷ་ཤུདྡྷ་ཡ། སརྦ་པཱ་བ་ཧཱུཾ་ཏྲ་ཊེ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགས་སོ། །དེ་ནས་མེ་ཏོག་ཆུ་ནང་དུ་དོར་དེ་ལམ་སྦྱང?་བར་བྱའོ། །སྔགས་ནི་ཨོཾ་པདམེ་པདམེ ་མཧཱ་པདམེ་པདམེ་སཾ་བྷ་བེ་སུ་ཁ་བ་ཏི་གཙྪ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགས་སོ། །སྔགས་ཀྱི་ཚིག་དེ་དང་དེ་མ་བསྐུལ་བའི་ཚིག་སྤེལ་བར་བྱའོ། །ལམ་སྦྱངས་པའི་སྔགས་ཀྱིས་མེ་ཏོག་གི་ཆར་དབབ་པར་བྱའོ། །མཉམ་པར་བཞག་པར་བྱའོ། །བཀྲ་ཤིས་ཀྱི་ཚོགས་སུ་བཅད་པ་ལེན་ནམ། །ལེན ་དུ་གཞུག་པར་བྱའོ། །དེ་ལྟར་ཉིན་རེ་བཞིན་དུ་ཐུན་གསུམ་མམ་གཅིག་ཏུ་བྱའོ། །དེ་བཞིན་དུ་ཡང་དག་པར་མཆོད་དེ། །ཇི་ལྟར་བསྟན་པའི་ཆོ་ག་ཐམས་ཅད་བསྡུ་པར་བྱའོ། །དེ་ལ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་བཞེད་པའི། །སངས་རྒྱས་རྣམ་དག་བློ་ལྡན་ཉེས་པའི་ཆོགས་དང་བྲལ། །ཤེས ་དང་ཡན་ལག་འདུས་པས་མཛེས་པའི་བདེ་བའི་བདག། བཀྲ་ཤིས་དེ་ཡིས་ཁྱད་རྣམས་ལ་ནི་དབང་མཆོག་བསྐུར། །བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ། །དེ་ཡིས་བསྟན་བའི་དམ་ཆོས་བླ་ན་མེད་བདག་མེད། །འཇིག་རྟེན་གསུམ་ལ་རབ་ཏུ་གྲགས་པ་ཡི། །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི ་དབང་མཆོག་བསྐུད། །བཀྲ་ཤིས་གང་ཞིག་རབ?་མཆོག་དམ་ཆོས་རྟག་ཏུ་འཛིན། །བཟང་པོའི་སར་ཞུགས་སངས་རྒྱས་སྲས་པོ་ཚོགས་ཀྱི་མཆོག་།རྣམ་པ་ཀུན་ཏུ་སེམས་ཅན་དོན་མཛད་བཀྲ་ཤིས་གང། །བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དེ་དག་རུས་པ་འཁྲུད? ་པའི་དུས་སུ་ཡང་གདོན་ནམ་འདོན་དུ་གཟུག་གོ་།དེ་ལ་གཤེགས་སུ་གསོལ་བའི་ཚིག་ནི། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སླར་ཡང་འབྱོན་པར་མཛད་པའི་ཕྱིར། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །མུ:ཞེས ་བྱས་སོ། །དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཐམས་ཅད་བསྡུའོ། །འབྱོར་པ་ཡོད་ན་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞེངས་ཏེ། ཇི་ལྟར་བཤད་པའི་ཆོ་གས་བསྒྲུབ་པར་བྱའོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་ཤི་བདག་ལ་ཡོན་བླང་བར་བྱའོ། །ངེས་ཀྱང་འབྱོར་པ་དང ་མཐུན་པར་དབུལ་ཏེ། །བཀྲུས་པའི་གོས་ཀྱང་སློབ་དཔོན་ཉིད་ལ་དབུལ་བར་བྱའོ། །འདིར་གསུངས་པ་གཤིན་པོ་ལ་དམིགས་གང་ཅུང་ཟད། །རྩ་ལག་རྣམས་ཀྱིས་སློབ་དཔོན་སྦྱིན། །དེ་ཡིས་མཐོ་རིས་ལམ་འགྲོ་བའི། །རྒྱགས་སུ་དེ་ལ་བྱིན་ཞེས་བྱ། །སྦྱིན་པ་དེ་ཡིས་དེ་ངེས་པར། །བདེ་བ་ཅན་གྱིས་རུ ་འགྲོ། སྟེང་དི་ལུས་ལྷ་ན་བྱེད་པ་ནི། །དེ་ལ་དེ་ལྟར་ཀུན་བྱས་ན། །ངན་སོང་ཐམས་ཅད་སྤངས་ནས་ནི། །ངེས་པར་བདེ་བ་ཅན་དུ་འགྲོ་།དེ་རྗེས་དེ་རུས་རྣམ་སྦྱང་བ། །ཞིབ་མོར་རྡོ་ལ་བརྟགས་ནས་ནི། །ཤིན་ཏུ་རྒྱ་ཆེ་ཆུ་བོ་ལ། །མཆོད་པ་བྱས་ཏེ་བསྐུར་བར་བྱ། །ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་པོའི་རྩེ ་ལ་འཛེགས་ནས་སུ། །ཤིན་ཏུ་ཤུགས་དྲག་མཐུན་པ་ཡི། །རླུང་ལ་དེ་ནི་བཀུར་བར་བྱ། །གལ་ཏེ་བདེ་སྟེར་བདེ་ལྡན་བཞིན་དུ་ཤིན་ཏུ་ཡང། །དྲག་པའི་ལས་ཀྱི་དབང་གིས་མ་སེད་ནའང། །ངེས་པར་འདི་ནི་ངན་པའི་འགྲོ་བ་སྤངས་ནས་སུ། །སུམ་ཅུ་པའི་གནས་སུ་ཡང་ནི་འགྲོ་བར་འགྱུར། །དཔལ་ལྡན ་བཟང་པོའི་ཞབས་ཀྱི་པདྨ་ལས་ཐོབ་ཐ་མའི་ཆོ་གའི་མན་ངག་གིས། །ཐ་མའི་ཆོ་གའི་སྒྲུབ་བ་འདི་ནི་དཔལ་ལྡན་གསང་བ་འདུས་པའི་གཞུང་དུ་བྱས། །གང་ཞིག་དཔལ་ལྡན་གསང་བ་འདུས་པར་མ་བསྟན་ཕྲིན་ལས་དེ་ཡི་ཁ་བསྐོང་ནི། །གང་ཞིག་དཔལ་ལྡན་ངན་སོང་སྦྱོང་པའི་རྒྱུད་ལས་གསུངས་པའི་ཆོ་ག ་ལ་ནི་བརྟེན། །ཐ་མའི་ཆོ་གའི་མིང་གི་རྣམ་གྲངས་གཤིན་པོ་བདེ་བར་གཤེགས་པའི་གནས་ལ་འགོད་པ་ཞེས་བྱ་བ། པཎྚི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གང་གྱི་མཁན་བོ་དཔལ་ཕྱོགས་དབང་དགའ་བྱེད་ཀྱི་ཞལ་སྔ་ནས་དང། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀིརྟིས་བསྒྱུར ་